Skip to main content Skip to search
15 Dec 2011
8 min 20 sec
Rating
0
No votes yet
Video Overview
Creators: 
Unknown

A tangka painter in Lhasa goes to the tailor's shop and picks up a brocade for a tangka he painted for a client.

Show More

  • ཐང་ཁའི་སྦྱིན་བདག
    ཨོ་ལོའེ། ཟེར།
  • ཐང་ཁ་འཚེམ་མཁན།
    ཨོ་ལོའེ།
  • ཐང་ཁའི་སྦྱིན་བདག
    གོས་ཆེན་དེ་ཚར་སོང་ངས།
  • ཐང་ཁ་འཚེམ་མཁན།
    འོང་།
  • ཐང་ཁའི་སྦྱིན་བདག
    ཨ་ལས་་་ འདི་ཡིན་པ་རེད། རེད་པ།
  • ཐང་ཁ་འཚེམ་མཁན།
    འོང་ལ། ཞལ་ཐང་དེ་ཡིན་ལ།
  • ཐང་ཁའི་སྦྱིན་བདག
    འོང་ད། ཡག་པོ་ཞེ་པོ་ཞིག་བྱུང་ཤག ཞལ་རས་ཁོ་ར་༿ཁོ་རང་༾ཡག་པོ་ཞིག་འདུག་ག་དེ། 
  • ཐང་ཁའི་སྦྱིན་བདག
    རྒྱ་གར་དེ་ཚོ་འདི།
  • ཐང་ཁ་འཚེམ་མཁན།
    འོང་་་ རྒྱ་གར་དེ་ཏིག་ཙ་༿ཏོག་ཙམ་༾ཞིག་གི།
  • ཐང་ཁའི་སྦྱིན་བདག
    ཏོག་ཙ་༿ཏོག་ཙམ་༾དེ་བྱས་ཡོད་པའི་བཟོ་འདྲ།
  • ཐང་ཁ་འཚེམ་མཁན།
    འདི་་་རྒྱ་མིའི་དེ་ནི་རྦད་དེ་དེ་རེད་ཤག འགྱིག་རྐྱང་རྐྱང་བྱས། ཨེ་འདྲས་༿འདི་འདྲས་༾ཟེར་བྱས་བཞག་དུས་འགང་ག་༿ཚང་མ་༾འབྱར་འགྲོ་གིས།
  • ཐང་ཁའི་སྦྱིན་བདག
    འདུག་ཟེ་བཞག་བཞག་ག
  • ཐང་ཁ་འཚེམ་མཁན།
    འོང་་་
  • ཐང་ཁའི་སྦྱིན་བདག
    འོ་ཐུགས་ཆེ། ད་ཡིན་ན་ཡག་པོ་ཞེ་པོ་བྱས་ཤག
  • ཐང་ཁ་འཚེམ་མཁན།
    ཚོས་གཞི་ག་འདྲས་བྱུང་ཡོད་ན། ཚོས་གཞི་མཚུངས་པོ་ཞིག་འདུག་ག
  • ཐང་ཁའི་སྦྱིན་བདག
    འོང་་་ ལན་པོ་ཞེ་པོ་ཅིག་བྱུང་ཤག
  • ཐང་ཁ་འཚེམ་མཁན།
    ཨ་ནི་་་ མེ་ཏོག་བཞི་བཞི་བསྒྲིགས་བཞག་ག་བྱས་ཡོད།
  • ཐང་ཁའི་སྦྱིན་བདག
    འོང་འདུག
  • ཐང་ཁ་འཚེམ་མཁན།
    ཨེ་་་མེ་ཏོག་དེ། མེ་ཏོག་འདི་ལ་འདུག་ཟེ་ལྟ་དུས་ཁ་ཤས་འདུག་ཟེ། མེ་ཏོག་ཁ་ཤས་མར་ཡོད་པའི་བཟོ་འདྲ་ཡར་ཡོད་པའི་བཟོ་འདུག་ག ད་མེ་ཏོག་དེའེ་རྒྱུགས་ཕྱོགས་དེ།
  • ཐང་ཁའི་སྦྱིན་བདག
    ཨ་་་ འོ་ཐུགས་ཆེ། ད་ཡིན་ན་ཡག་པོ་ཞེ་པོ་ཅིག་བྱུང་ཤག ཚོས་གཞི་དེ་ཚོ་ཡའི་ཡག་པོ་ཅིག་བྱུང་ཤག ཐང་ཀ་ཐང་ཐང་ཡག་པོ་ཞེ་པོ་བྱས་ཤག
  • ཐང་ཁ་འཚེམ་མཁན།
    འོ་ཨོང་་་ ཐང་ཀ་ཆེ་ཆུང་ཡའི་༿ཡང་༾ཡག་པོ་ཞིག་ཆགས་སོང་། 
  • ཐང་ཁའི་སྦྱིན་བདག
    མནོ་་་༿ལགས་སོ༾།
  • ཐང་ཁ་འཚེམ་མཁན།
    ད་ལྟ་ཁྲོམ་མར་ཚོ་ཡིན་ན་ཡང་ཆུང་ཆུང་དེ་འདྲས་རེད་འདུག་ག
  • ཐང་ཁའི་སྦྱིན་བདག
    འོ་དེ་གོས་ཆེན་དེ་གྱད་༿དེ་ཚོ་༾ཆུང་ཆུང་ཞེ་པོ་ཅིག་ཆགས་འགྲོ་གི་འདུག་ག
  • ཐང་ཁ་འཚེམ་མཁན།
    འདི་གྱད་༿འདི་ཚོ་༾མ་གཞི་དེ་ཚོ་འགང་ག་ལོགས་༿ཚང་མ་༾ལྷུག་ཤིག་ཤིག་གཅིག་ཡའི་༿ཡང་༾བརྒྱབ་ཀྱི་མི་འདུག་ག
  • ཐང་ཁའི་སྦྱིན་བདག
    འོང་ལ།
  • ཐང་ཁ་འཚེམ་མཁན།
    ཆུང་ཆུང་ཞིག་བརྒྱབ།
  • ཐང་ཁའི་སྦྱིན་བདག
    འཇའ་ཁོ་ར་ཆུང་ཆུང་ཞེ་པོ་ཅིག་དེ་བྱེད་ཀྱི་འདུག་ག
  • ཐང་ཁ་འཚེམ་མཁན།
    ཡང་ཨ་ནི་་་རྒྱུགས་པ་དེ་ནི་སྐྱོབ་འབྱར་གཅིག་ཡའི་༿ཡང་༾གློད་ཀྱི་མ་རེད། དེ་གྱད་༿དེ་ཚོ་༾འཚེམ་བུ་བརྒྱབ། འདའི་༿འདིར་༾འཚེམ་བུ་བརྒྱབ། ཨ་ནི་་་འདི་འདྲས་བཏོན་ཆོག་ཆོག
  • ཐང་ཁའི་སྦྱིན་བདག
    འོ་རེད་འདུག་ག་ལ། འོ་ཐུགས་ཆེ། ད་ཡིན་ན་ཡག་པོ་ཞེ་པོ་ཞིག་བྱུང་ཤག ཐུགས་རྗེ་ཆེ། ཨོང་འོང་་་ ཐུགས་ཆེ་ད་རྒྱབ་ཤ་དེ་ཚོ་ཡའི་ཡག་པོ་ཞེ་པོ་བྱུང་ཤག
  • ཐང་ཁ་འཚེམ་མཁན།
    འོང་་་ རྒྱབ་ལོགས་ལ་ནི་ལྷུག་ཏིག་ཙ་༿ཏོག་ཙམ་༾ཞིག་འདུག་ཟེ་བཞག་ཡོད། ཡང་ཁ་ཤས་ཀྱིས། ཁ་ས་འདའི་༿འདིར་༾གཅིག་སླེབས་བྱུང་། འདའི་ལྟ་ཙ་༿ལྟ་ཙམ་༾འདྲ་ཞིག་བྱས། འོང་འོང་་་ སྔོན་མའི་འཚེམ་སྟངས་བཙེམས་ཤག་ཟེར་གྱིས།
  • ཐང་ཁའི་སྦྱིན་བདག
    འོང་ལས་སེ།
  • ཐང་ཁ་འཚེམ་མཁན།
    ཧ་ཧ་་་། སྤོ་བོ་ལགས་གཅིག་སླེབས་བྱུང་ང་། སྨན་རྩིས་ཁང་གི་སྤོ་བོ་ལགས་གཅིག ཨ་ནི་་་ཁོང་རྣམ་ཚོས་ཞལ་ཐང་ལ་གོས་ཤམ་བསྐྱོན་གནང་གི་ཡོད་པ་འདྲ། འོང་འོང་ཟེར། འདུག་ཟེ་ལྟ་ཙ་༿ལྟ་ཙམ་༾འདྲ་ཞིག་བྱས། འོང་འོང་་་སྔོན་མའི་འཚེམ་སྟངས་བཙམས་ཤག་ཟེར།
  • ཐང་ཁའི་སྦྱིན་བདག
    ཨོང་་་ ད་ཡག་པོ་ཞེ་པོ་བྱུང་ཤག འོ་ཐུགས་ཆེ། ད་ཐང་ཀ་དེ་ཡག་པོ་ཞེ་པོ་ཞིག་དགོ་༿དགོས་༾ཡོད་ཟེར། ཁོང་ཚོས་གོས་ཆེན་དང་གཅིག་གི་ཐང་ཀ་ཁོ་རང་རྦད། ཞེ་པོ་ཅིག་བཟོ་དགོ་༿དགོས་༾ཡོད་ཟེར།
  • ཐང་ཁ་འཚེམ་མཁན།
    ག་གའི་༿ག་པར་༾བསྣམ་ཡས་རས།
  • ཐང་ཁའི་སྦྱིན་བདག
    ཨོང་་་ འདི་སྨན་རྩིས་ཁང་ལ་གཅིག་ཡོའོ་རེད༿ཡོད་རེད་༾། དེ་འོང་། དེའི་ཡ་དེ་བྱས་འདུག་ག
  • ཐང་ཁ་འཚེམ་མཁན།
    ལས་སེ།
  • ཐང་ཁའི་སྦྱིན་བདག
    འོ་དེའི་ཨ་ནི་་་ འོ་ཐུགས་ཆེ་གནང་། སྐུ་ཅི་༿སྐུ་མཁྱེན་༾ ཨ་ནི་་་འདའི་༿འདིར་༾ག་ཚད་ཙ་ཅིག་༿ཙམ་ཞིག་༾འཐོབ་ཡོད་ན། གཅིག་རྩིས་ཤིག་སྐྱོན་རོགས་གནང་། ཆོས་ལགས།
  • ཐང་ཁ་འཚེམ་མཁན།
    ལས་སེ།
  • ཐང་ཁའི་སྦྱིན་བདག
    དེ་གྱད་༿་དེ་ཚོ་༾གོས་ཆེན་དང་། 
  • ཐང་ཁ་འཚེམ་མཁན།
    གོས་ཆེན་ད། གོས་ཆེན་འབྲིང་ག་དེ་རེད་པ། མ་གཞི་ཁ་སང་དེས་ཞུས་པ་ཡིན། ད་གོས་ཆེན། དེ་གོས་ཆེན་ལ་ཡ། ཨོང་་་
  • ཐང་ཁའི་སྦྱིན་བདག
    ཁ་ལ་ག་ཚོད།
  • ཐང་ཁ་འཚེམ་མཁན།
    ཁ་ལ་ཡ་དེ་རེད་ཤག་ཨེ་་་ ངོ་ཤེས་པ་བརྒྱུད་བྱས། ཁ་ལ་ཡ་བརྒྱ་དང་བཅུ་མེད་ལྔ་ལ་རྒྱབ་པ་རེད།
  • ཐང་ཁའི་སྦྱིན་བདག
    ཨ་ལས།ལས་སེ།
  • ཐང་ཁ་འཚེམ་མཁན།
    གཞན་དེ་ཚོ་ཁ་གང་ལ་བརྒྱ་དང་ཨེ། བཞི་ཅུ་བྱེད་ཉན་༿མཁན་༾དེ་རེད་འདུག་ག
  • ཐང་ཁའི་སྦྱིན་བདག
    ཨ་ལས།ལས་སེ། ཨོང་་་འོ་ཐུགས་ཆེ།
  • ཐང་ཁ་འཚེམ་མཁན།
    འོང་དེ་རེད་ཤག ཨ་ནི་ཨོང་དེ། སེར་པོ་དེ་ཁ་གསུམ་བྱས། དམར་མོ་༿དམར་པོ་༾ཁ་གང་བྱས།
  • ཐང་ཁའི་སྦྱིན་བདག
    ལས་སེ།
  • ཐང་ཁ་འཚེམ་མཁན།
    ཨ་ནི་་་ལྷག་མ་ཏིག་ཙ་༿ཏོག་ཙམ་༾ཞིག་བསྡད་སོང་།
  • ཐང་ཁའི་སྦྱིན་བདག
    འོང་། ལྷག་མ་ད། དེ་ད་ད་ག་དེ་བྱེད་་་་ འོང་། དེ་ད་དེ་གནང་མི་དགོས། འོ་ཐུགས་ཆེ།
  • ཐང་ཁ་འཚེམ་མཁན།
    ཡ་ད་ཨ་ནི་་་ ཨོང་་་ འགང་ག་༿ཚང་མ་༾བཙེམ་གླ་དང་འགང་ག་བསྡོམས་ནས་འདི། ཨོང་་་བཞི་བརྒྱ་དགུ་བཅུ་གོ་གསུམ། འཐོབ་ཀྱི་འདུག་ད་ཤིང་དང་དེ་གྱད་༿དེ་ཚོ་༾འགང་ག་ལོགས་༿ཚང་མ་༾བསྡོམས་བྱས།
  • ཐང་ཁའི་སྦྱིན་བདག
    ཨོང་་་ རྒྱབ་ཤ་འདའི་ཡ་༿འདི་ལ་༾ཀུང་ཁྲི་གཉིས་ཡིན་པ་འདྲ་རེད་པས་ལ།
  • ཐང་ཁ་འཚེམ་མཁན།
    འོང་ལ། རྒྱབ་ཤ་ཀུང་ཁྲི་དོ་རེད། འོང་ལ།
  • ཐང་ཁའི་སྦྱིན་བདག
    ཀུང་ཁྲི་རེ་རེར་སྒོར་མོ་ལྔ་ལྔ་བྱས། བཅུ་བྱས་རེད་པ།
  • ཐང་ཁ་འཚེམ་མཁན།
    སྒོར་མོ་ལྔ་ལྔ་བྱས། བཅུ་བྱས། སྐུད་མཐའ་སྒོར་མོ། སྐུད་མཐའ་དེ་རེད། དེ་གྱད་༿དེ་ཚོ་༾ སེ་ཤན་དཀར་པོ་དང་སྔོན་པོ་དེ་རྒྱབ། འོ་དེ་གྱད་བྱས། ཐང་ཤིང་། ཐང་ཤིང་གཉིས། མགོ་དེ་མགོ་ཤིང་དང་འཕྲེད་ཤིང་དེ་བྱས།
  • ཐང་ཁའི་སྦྱིན་བདག
    སྒོར་མོ་བདུན་བྱས་རེད་པ།
  • ཐང་ཁ་འཚེམ་མཁན།
    འདི་བཙེམ་གླ་དེ་བྱས།
  • ཐང་ཁའི་སྦྱིན་བདག
    བཙེམ་གླ་བཞི་ཅུ་ཐམ་པ་བྱས་རེད་པ། བསྡོམས་པས་དྲུག་ཅུ་བྱས།
  • ཐང་ཁ་འཚེམ་མཁན།
    ཨ་ནི་་་གོས་ཆེན་ལ་ཡ། ཨེ་་་བཞི་བརྒྱ་སུམ་ཅུ་སོ་གསུམ་བྱས། ཁྱོན་བསྡོམས་ནས། ཁྱོན་བསྡོམས་ནས་བཞི་བརྒྱ་དགུ་བཅུ་གོ་གསུམ་ཐོབ་ཤག
  • ཐང་ཁའི་སྦྱིན་བདག
    ཨ་ལས་་་ལས་སེ།
  • ཐང་ཁ་འཚེམ་མཁན།
    འགང་ག་བསྡོམས་ནས། ཁྱོན་བསྡོམས་ཁོ་རང་།
  • ཐང་ཁའི་སྦྱིན་བདག
    ལགས། འོ་ཐུགས་ཆེ་གནང་། སྐུ་ཅི་༿མཁྱེན༾།
  • ཐང་ཁ་འཚེམ་མཁན།
    གོས་ཆེན་གི་འདི་ཡིན་ལ།
  • ཐང་ཁའི་སྦྱིན་བདག
    ལགས། ལགས།
  • ཐང་ཁ་འཚེམ་མཁན།
    བཞི་བརྒྱ་སུམ་ཅུ་སོ་གསུམ་དེ།
  • ཐང་ཁའི་སྦྱིན་བདག
    ལགས། འོ་ཐུགས་ཆེ་སྐུ་ཅི་༿མཁྱེན་༾ ད་ཡག་པོ་ཞེ་པོ་བྱུང་ཤག ཐུགས་ཆེ། འདི་གཅིག་བསྒྲིལ་རོགས་ཞིག་གནང་རོགས་གནང་། སྐུ་ཅི་༿མཁྱེན་༾ འོ་ཐུགས་ཆེ།
  • ཐང་ཁའི་སྦྱིན་བདག
    མར་ཕབ་ག་ལགས།
  • ཐང་ཁ་འཚེམ་མཁན།
    བཞུགས་ཨ། ཕབ་གནང་ནའི་འགྲིག་ག
  • ཐང་ཁའི་སྦྱིན་བདག
    ཐུགས་ཆེ། 
  • ཐང་ཁ་འཚེམ་མཁན།
    ད་ལྟ་ཁྲོམ་དེ་ཚོ་ལ་འདི་གྲས་གཅིག་ཡའི་༿ཡང་༾ཡོའོ་༿ཡོད་༾མ་རེད།
  • ཐང་ཁའི་སྦྱིན་བདག
    འོ་མི་འདུག་ག་ལ།
  • ཐང་ཁ་འཚེམ་མཁན།
    རྦད་དེ་ཐེར་ཐེར་ཁོ་རང་རེད།
  • ཐང་ཁའི་སྦྱིན་བདག
    འོང་ལ།
  • ཐང་ཁ་འཚེམ་མཁན།
    ཚོང་ཐུབ་ཙམ་ཞིག་རེད་ཤག ད་ཕ་གའི།
  • ཐང་ཁའི་སྦྱིན་བདག
    ཁོང་རྣམས་ཚོ་གཞན་དག་ཚོགས་ལ་ཕེབས་སོང་ངས།
  • ཐང་ཁ་འཚེམ་མཁན།
    འོང་ལ།
  • ཐང་ཁ་འཚེམ་མཁན།
    སྒྲོལ་མ་འབུམ་བདུན་བསགས་ཀྱི་ཡོད་རེད། བསྡད་རེས། ཁོ་ཚོ་བཞི་པོ་དེ་གྱད་བསྡད་རེས་བསྡད་རེས་བྱེད་༿གྱིས་༾ཟེར།
  • ཐང་ཁའི་སྦྱིན་བདག
    ཨ་ལས། ལས་སེ།
  • ཐང་ཁའི་སྦྱིན་བདག
    འཕྲེད་ཐང་དང་དེ་གཉིས་གཉིས་ལའི་༿ལ་ཡང་༾གོས་ཆེན། ཨེ་་་འགྲོ་ཡས་ཀྱི་མང་ཉུང་ཁྱད་པར་ཡོའོ་༿ཡོད་༾རེད་པས་ལ།
  • ཐང་ཁ་འཚེམ་མཁན།
    ཨོང་་་ སྤྱིར་བཏང་འཕྲེད་ཐང་འགྲོ་ཆེ་བའི་བཟོ་འདྲ་ཞིག་ཡོའོ་རེད་༿ཡོད་རེད༾།
  • ཐང་ཁའི་སྦྱིན་བདག
    ཨ་ལས། ལས་སེ།
  • ཐང་ཁ་འཚེམ་མཁན།
    འཕྲེད་ཐང་ཆེན་པོ་ཡིན་བཞིན། འགྲོ་ཆེ། འགྲོ་ཆེ་བ་ཡོའོ་རེད་༿ཡོད་རེད་༾ཏིག་ཙ་༿ཏོག་ཙམ་༾གཞུང་ཐང་ལས།
  • ཐང་ཁའི་སྦྱིན་བདག
    ཨོང་་་ ད་ལྟ་ཡངའཕྲེད་ཐང་གཅིག་ཡོད་པ་ལ།
  • ཐང་ཁ་འཚེམ་མཁན།
    ལས་སེ།
  • ཐང་ཁའི་སྦྱིན་བདག
    འོ་དེ་ཡ། ཁ་ཏི་འདའི་༿འདིར་༾ག་ཚོད་རེད་འདུག་ལ། གོས་ཆེན།
  • ཐང་ཁ་འཚེམ་མཁན།
    ཨོང་་་ ཁ་ཏི། ཟེར་ཡས་བྱས་ན། དེ་ཟག་༿ཟེར་༾མ་རེད་པས། ཁ་ལ་བརྒྱ་དང་བཞི་ཅུ་ཟག་༿ཟེར་༾མ་རེད་པས། ཏིག་ཙ་༿ཏོག་ཙམ་༾ཡང་ཏིག་ཡོད་ཟེར།
  • ཐང་ཁའི་སྦྱིན་བདག
    དེ་འདྲས་འདྲ་ཞིག་གཅིག་ཟེར་ནི་ཟེར། བརྗེད་ཤག་ད།
  • ཐང་ཁ་འཚེམ་མཁན།
    བརྒྱ་དང་ཉི་ཤུ་ཙ་ཞིག་བྱེད་ཀྱི་མེད་འགྲོ།
  • ཐང་ཁའི་སྦྱིན་བདག
    ལས་སེ།
  • ཐང་ཁ་འཚེམ་མཁན།
    ཅོག་ཁྱེད་རང་གི་མཇལ་དར་དེ།
  • ཐང་ཁའི་སྦྱིན་བདག
    ལགས། འོ་ཐུགས་ཆེ།
  • ཐང་ཁའི་སྦྱིན་བདག
    ད་གའི་སྒང་ནས་ཚུར་བཏུམ་པའི་བཟོ་འདྲ་ཞིག་བྱས་བཞག་དགོས་མན་འགྲོ། ཨ་ལས་་་འདུག་ཟེ་བྱས་བྱས། འོ་ད་ཡག་པོ་ཞེ་པོ་ཅིག་བྱུང་ཤག་ལ། བརྩེམས་་་ གཞན་དེ་ཚོ་གཅིག་ད། འདའི་ད་ག་ཟེར་དེ་བྱས་བཞག་གི་འདུག་ག་ལ། ད་ད་རེས་དེ།
  • ཐང་ཁ་འཚེམ་མཁན།
    ད་ཁུངས་མཐུག་ལ། ཁ་ས་སྤོ་བོ་ལགས་དེས་ལྟ་ཙ་༿ཙམ་༾འདྲ་ཞིག་བྱས། འོང་འོང་སྔོན་མའི་བརྩེམས་སྟངས་བརྩེམས་ཤག ཟེར་ག་བྱེད་ཀྱིས།
  • ཐང་ཁ་འཚེམ་མཁན།
    ཁྲོམ་གྱི་དེ་གྱད་ཨ་འདྲས་༿འདི་འདྲས་༾བྱེད་ཀྱི་འདུག་ག་ལ། ཨོང་་་ རྦད་་་ནང་ལོགས་རྒྱབ་ཤ་དེ་རྦད་ཡུག་གཅིག་ཁོ་རང་རྒྱབ།
  • ཐང་ཁའི་སྦྱིན་བདག
    འོ་རེད་ཤག ཨ་ནི་་་འདིའི་དཀྱིལ་དེ་ནས་མར་དབྲལ་ཙ་༿ཙམ་༾བྱས།
  • ཐང་ཁ་འཚེམ་མཁན།
    རྒན་ལགས་འདི་ཕར་ཙ་ཞིག་འཐེན་རོགས་གནང་།
  • ཐང་ཁའི་སྦྱིན་བདག
    ཐུགས་ཆེ། ད་ཡིན་ན་ཡག་པོ་ཞེ་པོ་ཅིག་བྱུང་སོང་།
  • ཐང་ཁའི་སྦྱིན་བདག
    འོ་ཐུགས་ཆེ། ད་འགྲིག་སོང་། རྩེ་གྲ་༿ཡག་ཤོས་གྲས་༾བྱས།
  • ཐང་ཁ་འཚེམ་མཁན།
    དཀྱིལ་འདའི་༿འདིར་༾རས་བསེ་ ཕྱག་མ་འཆང་ལ།
  • ཐང་ཁའི་སྦྱིན་བདག
    འོང་། ལས་སེ་ འོང་། ཐུགས་ཆེ། ད་ཡིན་ན་ཡག་པོ་ཞེ་པོ་བྱུང་། འོ་ཐུགས་ཆེ་གནང་སྐུ་ཅི་༿མཁྱེན་༾།
  • ཐང་ཁ་འཚེམ་མཁན།
    འོང་།
  • ཐང་ཁའི་སྦྱིན་བདག
    ཨ་ལེ་བཞུགས་ཨོའོ།
  • ཐང་ཁ་འཚེམ་མཁན།
    འོང་།
  • ཐང་ཁའི་སྦྱིན་བདག
    འགྲོ་གི་ཡིན་ད། ཨ་ལས་འདི་ཅིག་དེ་བྱས།