Video Overview
གནམ་མེད་ས་མེད་ཅིག་ དར་ཁྱབ་མ་འགྱོ་བའི་གླུ་གཞས་ ཕུག་དབུས་ཀྱི་རྡོ་རྗེ་བྲག་ལ། ཟེར་མི་འདི་ ག་གིས་བརྩམས་གནང་གནངམ་ཨིན་ན་མི་ཤེས་པས། གླུ་གཞས་འདི་གི་ཚིག་ལུ་བལྟ་བ་ཅིན་ ལྷ་ཁང་གཅིག་བཞེངས་ཚར་ཞིནམ་ལས་ ལྷ་ཁང་གི་བསྟོད་པ་བཟུམ་ཅིག་འབད་ཕུལ་བའི་གླུ་གཞས་ཅིག་ཨིན་པས། ཞབས་བྲོ་འདི་ བུ་ལི་མཆོད་པ་མཇུག་བསྡུ་ཞིནམ་ལས་ ཤེས་རྒྱུན་ལས་སྡེ་གིས་འབད་ ཕབ་བཟུང་འབད་ཡོདཔ་ད་ ཞབས་བྲོ་རྐྱབ་མི་ཡང་ བུ་ལི་གཡུས་ཀྱི་གཡུས་མི་ཆ་ཁྱབ་ཨིན་པས།
- Buli
- བུ་ལི་གི་གཡུས་མི་Villagers of Buli: ཕུག་ཡས་ཀྱི་རྡོ་རྗེ་བྲག་ལ། །ཕུག་ཡས་ཀྱི་རྡོ་རྗེ་བྲག་ལ་ལ། །སྟེང་དུ་གདུགས་དང་ཡ་ལ་རྒྱལ་མཚན་ལ། ། སྟེང་དུ་གདུགས་དང་ཡ་ལ་རྒྱལ་མཚན། ། གཅིག་ཤང་ཤང་། གཉིས་ཝང་ཝང་། གསུམ་དང་ལེགས་མོ་ལེགས་མོ་ལེགས་མོ་ལེགས་མོ་ས་ལ་བསྒྲིགས་བཞག་ཡོད། གཅིག་ཤང་ཤང་། གཉིས་ཝང་ཝང་། གསུམ་དང་ལེགས་མོ་ལེགས་མོ་ལེགས་མོ་ལེགས་མོ་ས་ལ་བསྒྲིགས་བཞག་ཡོད།
- བུ་ལི་གི་གཡུས་མི་Villagers of Buli: ཕུ་གྲོ་(ཀྲེ)ཡ་ལ་དཀར་ཅུང་ལ་མ་གཏོགས། །ཕུ་གྲོ(ཀྲེ)ཡ་ལ་དཀར་ཅུང་ལ་མགཏོགས་ལ། ། གཞན་གྱིས་ཆགས་ས་ཡ་ལ་མིན་འདུག་ལ། །གཞན་གྱིས་ཆགས་ས་ཡ་ལ་མིན་འདུག ། གཅིག་ཤང་ཤང་། གཉིས་ཝང་ཝང་། གསུམ་དང་ལེགས་མོ་ལེགས་མོ་ལེགས་མོ་ལེགས་མོ་ས་ལ་བསྒྲིགས་བཞག་ཡོད། གཅིག་ཤང་ཤང་། གཉིས་ཝང་ཝང་། གསུམ་དང་ལེགས་མོ་ལེགས་མོ་ལེགས་མོ་ལེགས་མོ་ས་ལ་བསྒྲིགས་བཞག་ཡོད།
- བུ་ལི་གི་གཡུས་མི་Villagers of Buli: བར་དུ་ཡ་ལ་མཆོད་བཤམ་ལ་ཁྲ་མོ། །བར་དུ་ཡ་ལ་མཆོད་བཤམ་ལ་ཁྲ་མོ་ལ། ། གཞན་གྱིས་བཞུགས་ས་ཡ་ལ་མིན་འདུག་ལ། །གཞན་གྱིས་བཞུགས་ས་ཡ་ལ་མིན་འདུག ། གཅིག་ཤང་ཤང་། གཉིས་ཝང་ཝང་། གསུམ་དང་ལེགས་མོ་ལེགས་མོ་ལེགས་མོ་ལེགས་མོ་ས་ལ་བསྒྲིགས་བཞག་ཡོད། གཅིག་ཤང་ཤང་། གཉིས་ཝང་ཝང་། གསུམ་དང་ལེགས་མོ་ལེགས་མོ་ལེགས་མོ་ལེགས་མོ་ས་ལ་བསྒྲིགས་བཞག་ཡོད།
- བུ་ལི་གི་གཡུས་མི་Villagers of Buli: མཚན་ལྡན་ཡ་ལ་བླ་མའི་ལ་མ་གཏོགས། །མཚན་ལྡན་ཡ་ལ་བླ་མའི་ལ་མ་གཏོགས་ལ། །གཞན་གྱིས་བཞུགས་ས་ཡ་ལ་མིན་འདུག་ལ། །གཞན་གྱིས་བཞུགས་ས་ཡ་ལ་མིན་འདུག ། གཅིག་ཤང་ཤང་། གཉིས་ཝང་ཝང་། གསུམ་དང་ལེགས་མོ་ལེགས་མོ་ལེགས་མོ་ལེགས་མོ་ས་ལ་བསྒྲིགས་བཞག་ཡོད། གཅིག་ཤང་ཤང་། གཉིས་ཝང་ཝང་།གསུམ་དང་ལེགས་མོ་ལེགས་མོ་ལེགས་མོ་ལེགས་མོ་ས་ལ་བསྒྲིགས་བཞག་ཡོད།
- བུ་ལི་གི་གཡུས་མི་Villagers of Buli: མར་གྱི་ཡ་ལ་རྡོ་གཅལ་གྱི་འོག་ལ། །མར་གྱི་ཡ་ལ་རྡོ་གཅལ་གྱི་འོག་ལུ་ལ། །གཞན་གྱིས་འཛུལ་ས་ཡ་ལ་མིན་འདུག་ལ། །གཞན་གྱིས་འཛུལ་ས་ཡ་ལ་མིན་འདུག ། གཅིག་ཤང་ཤང་། གཉིས་ཝང་ཝང་། གསུམ་དང་ལེགས་མོ་ལེགས་མོ་ལེགས་མོ་ལེགས་མོ་ས་ལ་བསྒྲིགས་བཞག་ཡོད། གཅིག་ཤང་ཤང་། གཉིས་ཝང་ཝང་། གསུམ་དང་ལེགས་མོ་ལེགས་མོ་ལེགས་མོ་ལེགས་མོ་ས་ལ་བསྒྲིགས་བཞག་ཡོད།
- བུ་ལི་གི་གཡུས་མི་Villagers of Buli: སྦལཔ་དང་ཡ་ལ་སྦུལ་གྱིས་ལ་མ་གཏོགས། །སྦལཔ་དང་ཡ་ལ་སྦུལ་གྱིས་ལ་མ་གཏོགས་ལ། ། གཞན་གྱིས་འཛུལ་ས་ཡ་ལ་མིན་འདུག་ལ། །གཞན་གྱིས་འཛུལ་ས་ཡ་ལ་མིན་འདུག ། གཅིག་ཤང་ཤང་། གཉིས་ཝང་ཝང་། གསུམ་དང་ལེགས་མོ་ལེགས་མོ་ལེགས་མོ་ལེགས་མོ་ས་ལ་བསྒྲིགས་བཞག་ཡོད། གཅིག་ཤང་ཤང་། གཉིས་ཝང་ཝང་། གསུམ་དང་ལེགས་མོ་ལེགས་མོ་ལེགས་མོ་ལེགས་མོ་ས་ལ་བསྒྲིགས་བཞག་ཡོད།