Video Overview
Drongbu Tséring Dorjé gives a lecture on Buddhist logic.
- ་
- ་
- ་
- ་
- བྲོང་བུ་ཚེ་རིང་རྡོ་རྗེཨ་ནི་་་ད་ལྟ་ཤེར་རྟོགས་རིག་པ་ཟེར་ཡ་གི་ཐ་སྙད་དེ་ཆ་མཚོན་པ་ཡིན་ན་1987གི་ལོ་ངས་བཟོས་རྒྱོ་གི་ཐ་སྙད་ཅིག་རེད།
- བྲོང་བུ་ཚེ་རིང་རྡོ་རྗེདེ་ཐ་སྙད་དེ་བཟོ་དགོས་ཡ་གི་རྒྱུ་མཚན་ཡིན་ན་ག་རེ་རེད་ཟེར་ན་ང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་གི་ནང་ལ་འགྲོ་རྩིས་གི་སྒང་ལ་ད་ལྟ་བོད་རང་གི་ཨ་ནང་པ་སངས་རྒྱས་ཆོས་ལུགས་གི་མཚན་ཉིད་ལ་སོགས་པ་མང་པོ་ཞིག་སྦྱངས་བཞག་ཡོད་པ་རེད།
- བྲོང་བུ་ཚེ་རིང་རྡོ་རྗེད་ལྟ་དེ་བྱས་དྲའི་སྒང་ལ་ང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་་་་་་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་གི་ནང་ལ་བསྡད་དྲའི་སྒང་ལ་ངས་གཙོ་བོ་ག་རེ་སྦྱངས་པ་རེད་ཟེར་ན་ཨ་ད་ལྟ་རྒྱ་ཡིག་གི་སྒང་ནས་ཨ་ནི་ད་ལྟ་ཤེར་རྟོགས་རིག་པ་སྦྱངས་པ་རེད།
- བྲོང་བུ་ཚེ་རིང་རྡོ་རྗེཤེར་རྟོགས་རིག་པ་སྦྱངས་དྲའི་སྒང་ལ་ག་རེ་རེད་ཟེར་ན་ཐོག་མ་ཐོག་མ་ངའི་སེམས་པ་ནང་ལ་ད་ལྟ་རྒྱ་ཡིག་གི་སྒང་ནས་བྲིས་རྒྱོ་གི་ད་ལྟ་གི་ཕི༹་ལོ་སི་ཕི༹་ཟེར་ཡ་ད་་་་་བོད་གི་ད་ལྟ་གི་ནང་པ་སངས་རྒྱས་གི་ཟེར་ཡ་གི་ནང་དོན་རིག་པ་ཟེར་ཡ་དེ་གཉིས་པ་ར་དེར་འབྲེལ་བ་ག་རེ་ཡོད་མེད་དང་དེ་གཉིས་པ་ར་དེ་འགལ་བ་ག་རེ་ཡོད་མེད་དེའི་སྒང་ལ་ངའི་བསམ་བློ་མང་ཙམ་བཏང་དེའི་སྒང་ནས་རྦད་དེ་ཞིབ་འཇུག་བྱས་ཡ་ད་དེའི་སྒང་ལ་དཔྱད་པ་གཏང་ཡའ་དེ་བསམ་བློ་བཏང་པ་ཡིན།
- བསམ་བློ་བཏང་དྲའི་སྒང་ལ་ག་རེ་རེད་ཟེར་ན་ག་དུས་ཡིན་ནའང་ང་་་་ང་་ངའི་བསམ་པ་ནང་ལ་ག་རེ་རེད་ཟེར་ན་ང་ཚོ་གི་ད་ལྟ་ནང་དོན་རིག་པ་ཡིན་ནའང་འདྲ་ལྷག་པར་དུ་ད་ལྟ་མཚན་ཉིད་རིག་པ་གི་ཐ་སྙད་ཅིག་ཡོད་པ་རེད་པ་མཚན་ཉིད་རིག་པ་གི་མཚན་ཉིད་དེ་གིས་ད་ལྟ་ནུབ་ཕྱོགས་གི་ཕི༹་ལོ་སི་ཕི༹་ཟེར་ཡ་དེ་ཐ་སྙད་དེ་མཚོན་ཐུབ་ཀྱི་མེད་པའི་ཟོལ་ཙིག་ཨཻན་་་་་་་་་འདྲ་གི་ཟོལ་ཙིག་ག་དུས་ཡིན་ནའང་ངའི་བསམ་བློ་ནང་ང་ཡོང་གི་འདུག
- བྱས་ཙང་དེ་བྱས་དྲའི་གི་སྒང་87ལོ་ཆིག་སྟོང་དགུ་བརྒྱ་རྒྱ་ཅུ་གྱ་བདུན་གི་ལོ་ཨཻན་ནེ་ངས་ད་ལྟ་གི་ནུབ་ཕྱོགས་གི་ཕི༹་ལ་སེ་ཕི༹་ཟེར་ཡ་དེའི་ནང་དོན་དེ་ག་རེ་ཡིན་མིན།
- ཡང་སྙིང་དེའི་ནང་ལོག་ན་ག་རེ་བཤད་གི་ཡོད་མེད་་་ཨ་་་་ད་ལྟ་བོད་ཀྱི་མཚན་ཉིད་རིག་པ་ཟེར་ཡ་བཏགས་སྟངས་དེ་་་་ཐ་སྙད་དེ་བཏགས་སྟངས་སྒང་ང་བསམ་བློ་བཏང་།
- ཐོག་མ་ཐོག་མ་དེ་ག་རེ་རེད་བཟེ་ན་ཤེས་རབ་རིག་པ་བཟེ་བཏགས་པ་རེད་།དེ་་་ཨཻ་་་ལོ་གཅིག་ལྷག་འགྲོ་བཟི་གི་སྒང་ཤེས་རབ་རིག་པ་ཟེར་དྲའི་སྒང་ཡང་ད་ལྟ་གི་ནུབ་ཕྱོགས་གི་ཤེར་རྟོགས་རིག་པ་ཟེར་ཡ་གི་་་་་་ད་ལྟ་གི་ཕི༹་ལ་སི་ཕི༹་ཟེར་ཡ་གི་ཐ་སྙད་དེ་ཆ་ཚང་ཅིག་ཡོང་ག་ཨི་་ཨཻ་་་མེད་པའི་ཟོལ་ཙིག
- ལྷག་པར་དུ་ཀེ་རེ་སི་གི་ད་ལྟ་གི་ང་ཚོ་གི་ད་ལྟ་ཕི༹་ལ་སི་ཕི༹་དེའི་ནང་དོན་ཆ་ཚང་ཅིག་ཡོང་ཐུབ་གི་མི་འདུག་ཨ་་་་།
- བྱས་ཙང་དེ་བྱས་དྲའི་སྒང་ང་རེས་་་་་་་་་་ངས་ག་རེ་བཏགས་པ་རེད་ཟེར་ན་ཤེར་རྟོགས་རིག་པ་ཟེ། བྱས་ཙང་ཤེར་རྟོགས་རིག་པ་ཟེར་ཡ་དེའི་ནང་དོན་གཙོ་བོ་ག་རེ་རེད་ཟེར་ན། ཤེར་ཟེར་ཡ་དེ་ཤེས་རབ་ཀྱི་དོན་དག་བྱས་། ཤེས་རབ་ཀྱིས་རྟོགས་དགོས་པའི་རིག་པ་དེ་ལ་ཤེར་རྟོགས་རིག་པ་བཏགས་པ་རེད།
- བྱས་ཙང་དེ་བྱས་དྲའི་སྒང་ལ་ངའི་སེམས་པ་དག་དག་བྱས་གི་བསམ་གི་འདུག་་་ག་རེ་རེད་ཟེར་ན་རྒྱུ་མཚན་གཙོ་བོ་གཅིག་ག་རེ་རེད་ཟེར་ན་ཤེས་རབ་ཁོ་རང་ཆ་མཚོན་པ་ཡིན་ནའང་ཤེས་རབ་རང་ཉིད་ག་རེ་རེད་བཟེ་ན་ཤེས་པ་ཡོད་པ་ཅིག་རེད་པ།བྱས་ཙང་དེ་ག་རེ་རེད་ཟེར་ན་ང་ཚོ་གི་ཐ་སྙད་དེ་བཏགས་སྟངས་འགྲིག་བསྡད་བྱ་བསམ་གི་འདུག་
- དེ་ག་རེ་རེད་ཟེར་ན་ང་ཚོ་གི་དཔེར་ན་མཚན་ཉིད་རིག་པ་བཟེ་ན་་་ཨང་་་མཚན་ཉིད་རིག་པ་ཟེར་ཡ་དེ་མཚན་ཉིད་ཟེར་དྲའི་སྒང་ང་དངོས་པོ་མཚན་ཉིད་ཟེར་དྲའི་སྒང་ང་བྱ་དངོས་གི་རང་བཞིན་དེ་སྒང་ང་འགྲོ་རྩིས་སྒང་ང་བྱས་ཙང་དག་དག་ཅིག་ཡོང་ཐུབ་གི་མི་འདུག་
- མཚན་ཉིད་དེ་ཐ་སྙད་དེ་་་་་་་བྱས་ཙང་ངས་མཚན་ཉིད་རིག་པ་ཟེར་ཡ་དེ་ཕ་གཡུག། ད་ལྟ་གི་ཤེར་རྟོགས་རིག་པ་ཟེར་ཡ་དེ་བཏགས་དགོས་ཡ་གི་རྒྱུ་མཚན་དེ་རེད་། རྒྱུ་མཚན་གཞན་དག་ཅིག་ག་རེ་རེད་ཟེར་ན་་་་དེ་་་མི་རིགས་ཅིག་ཡིན་པ་ཡིན་ན་ཁོ་རང་གི་རིག་གནས་དེ་འཕེལ་རྒྱས་འགྲོ་དགོ་ཡ་ད་།རིག་གནས་དེ་འཕེལ་རྒྱས་གི་ཁྲོད་ནས་ལྷག་པར་དུ་འཕེལ་རྒྱས་དེ་ལ་བརྟེན་ནས་གསར་གཏོད་བྱེད་དགོ་ཡ་དེ་ད་ལྟ་གི་རིག་གནས་འཕེལ་རྒྱས་གི་ནང་ལོག་གི་ཆོས་ཉིད་ཅིག་རེད་བསམ་གྱི་འདུག་།
- ང་ཚོ་བོད་ལ་ཆ་མཚོན་པ་ཡིན་ན་ག་རེ་རེད་ཟེར་ན་རྒྱ་གར་གི་སངས་རྒྱས་ཆོས་ལུགས་བོད་ལ་དར་་་་་དེ་བོད་ལ་དར་ནས་ལོ་ངོ་ཆིག་སྟོང་སུམ་རྒྱ་ལྷག་འགྲོ་གི་ཡོད་པ་རེད་། དེའི་ནང་ལོག་ལ་ལྷག་པར་དུ་བསྟན་པ་ཕྱི་དར་ནས་མགོ་བཙུགས་ཏེ་ག་རེ་རེད་ཟེར་ན་བོད་གི་བོད་རང་གི་ས་གནས་རང་བཞིན་གི་ག་རེ་རེད་ཟེར་དགོ་ན་བོད་བརྒྱུད་གི་ནང་བསྟན་ཆོས་ལུགས་ཟེར་ཡ་གི་ལམ་ཁ་ཞིག་ལ་ཕྱིན་ཡོད་པ་རེད་།
- དེ་མ་ཟད་དཔེ་ན་གྲུབ་མཐའ་ལ་ཆ་མཚོན་པ་ཡིན་ན་བཀའ་གདམས་་་བཀའ་གདམས་པ་། ཞི་གཅོད་། ཨ་ནི་དག་ག་ནང་བཞིན་གི་བཀའ་བརྒྱུད་པ་། རྙིང་མ་། དག་ག་ནང་བཞིན་གི་དུས་རབས་བཅོ་ལྔ་པ་ནང་ང་དགེ་ལུགས་པ་བྱུང་བ་རེད་། ཡིན་ནའང་དགེ་ལུགས་པ་བྱུང་ནས་དུས་རབས་བཅོ་ལྔ་བ་ནས་དུས་རབས་ཉི་ཤུ་བ་ཝི་པ་ར་དེ་ལོ་ངོ་ལྔ་བརྒྱ་ཙམ་གྱི་རིང་དེ་ག་རེ་རེད་ཟེ་ན་ནང་པ་སངས་རྒྱས་དབེ་རིག་གནས་ཡིན་ན་འང་འདྲ་། དེ་་་་དག་ག་ནང་བཞིན་གྱི་གཞན་དག་བོད་ལ་ཡོད་རྒྱོ་བོན་པོའི་རིག་གནས་གཞན་དག་ཡིན་ནའང་འདྲ་། ག་རེ་རེད་བཟེ་ན་བསམ་བློ་རང་བཞིན་དང་གྲུབ་མཐའ་རང་བཞིན་གི་སྒང་ནས་་དར་སྤེལ་བྱུང་ཡོད་པ་མ་རེད་།
- བྱས་ཙང་དེ་བསམ་བློ་བཏང་དྲའི་ག་རེ་རེད་བཟེ་ན་ང་ཚོ་ད་ལྟ་རིག་གནས་ཟེར་ཡ་དེ་འཛམ་གླིང་གི་ས་ཆ་ག་ག་པ་ཁྱབ་གདལ་ཕྱིན། ག་ས་ག་པ་འཕེལ་རྒྱས་འགྲོ་དུས་གི་སྒང་འདིར་ཨཻན་ནི་ང་ཚོ་གི་བསམ་བློ་གཏོང་དགོ་ཡ་ག་རེ་རེད་ཟེར་ན་ང་ཚོ་གི་དུས་རབས་དང་འཚམ་པ་གི་ཐ་སྙད་ཅིག་བེད་སྤྱོད་བཏང་། ཨཻན་ནེ་དེ་ལ་བརྟེན་ནས་ཨཻན་ནེ་བོད་ཀྱི་རིག་གནས་དེ་འཕེལ་རྒྱས་གཏང་དགོས་བསམ་གྱི་འདུག
- བྱས་ཙང་དེ་བྱས་དྲའི་སྒང་ང་ད་ལྟ་གི་ཤེར་རྟོགས་རིག་པ་བཏགས་ཡ་གི་རྒྱུ་མཚན་གཉིས་པ་དེ་རེད་། བྱས་ཙང་དེ་བཏགས་ནས་ད་ལྟ་བར་དུ་ང་རས་བསམ་བློ་བཏང་པ་ཡིན་ན་ལོ་བཅུ་ལྷག་་་་བཅུ་ལྷག་འགྲོ་གི་ཡོད་པ་རེད། དེའི་ནང་ལོག་དེ་ང་ཚོ་བོད་ནང་ཆ་མཚོན་པ་ཡིནའང་འདྲ་། ཕྱི་རྒྱལ་ཡིན་ན་ཆ་མཚོན་པ་ཡིན་ན་་་འ་འདྲ་། ང་མང་པོ་ཅིག་གི་ད་ལྟ་ཤེར་རྟོགས་རིག་པ་ཟེར་ཡ་གི་ཐ་སྙད་དེ་ག་རེ་རེད་ཟེར་གི་འདུག་ ངས་ད་ལན་རྒྱག་དྲའི་སྒང་ང་ད་ལྟ་་་་ད་ལྟ་དེ་ཕྱི་རྒྱལ་གི་ཕི༹་ལ་སི་ཕི༹་དེ་རེད་། ང་རས་གི་དེ་་་་་་་་་་་་་ཡིན་ནའང་རྒྱུ་མཚན་དེ་ང་རས་གསལ་པོ་ཅིག་བཤད་ཡ་བྱུང་ཡོད་པ་མ་རེད་།
- ཡིན་ནའང་ངའི་རྩོམ་ཡིག་མང་པོ་ཅིག་གི་ནང་ཤེར་རྟོགས་རིག་པ་ཟེར་དགོ་གི་རྒྱུ་མཚན་དེ་ངས་མང་པོ་ཅིག་བཤད་ཡོད་པ་རེད་། བཤད་ཡོད་པ་རེད་ད་་་་་་་་བྱས་ཙང་ང་ཚོས་གསལ་པོར་བཤད་པ་ཡིན་ན་ད་ལྟ་གི་ཤེར་རྟོགས་རིག་པ་ཟེར་བ་དེས་ག་རེ་མཚོན་གི་ཡོད་པ་རེད་ཟེར་ན་དུས་རབས་ཀྱི་འགྱུར་བ་ཅིག་མཚོན་གི་ཡོད་པ་རེད་ད་། དེའི་ནང་ལོག་དེ་་་་་་་་་་དཔེ་ན་བོད་ལ་ག་རེ་ཆ་མཚོན་པ་ཡིན་ན་སྔོན་མ་ཤེར་རྟོགས་རིག་་་་་་་་་་ཕི༹་ལ་སི་ཕི༹་གི་གོ་དོན་དེ་མེད་པ་མ་རེད་།
- ད་ལྟ་དེ་མིའི་ཤེས་རབ་གི་སྙིང་པོ་དེ་ད་ང་ཚོས་བསམ་བློ་ལ་ཟེར་གི་ཡོད་པ་རེད་ད་། ཕྱོགས་གཅིག་ནས་་་་་་་ཕྱོགས་གཅིག་ནས་་་་་་གཞན་དག་ཅིག་ནས་ང་ཚོ་དེ་རིག་པའི་གཞུང་ལུགས་གི་དབང་དུ་བཏང་ནས་ཞིབ་འཇུག་བྱས་དྲའི་སྒང་ང་དེའི་མྱིང་ང་ཤེར་རྟོགས་རིག་པ་ཟེར་གི་ཡོད་པ་རེད་པ། བྱས་ཙང་ཨཻན་འདྲ་ཅིག་བྱས་དྲའི་སྒང་ང་དེ་ང་ཚོ་གི་དུས་རབས་འདིའི་ནང་ང་ག་རེ་རེད་ཟེར་ན་ཤེར་རྟོགས་རིག་པ་བཏགས་པ་རེད་།
- མཚན་ཉིད་རིག་པ་དེ་ད་ལྟ་གི་་་་་་་་་་་་་་་་་་ད་ལྟ་གི་མཚོན་ཐུབ་གི་ཡོད་པ་མ་རེད་པ། ཐ་སྙད་དེ་་་་་་་མཚོན་མ་ཐུབ་དྲའི་བྱ་ཙང་ཐ་སྙད་དེ་བེད་སྤྱོད་བཏང་པ་རེད་། འདི་འདྲ་ཅིག་རེད་། དེའི་རྒྱུ་མཚན་་་་་་་་ཨཻ་ཧིན་་་་་་ད་ལྟ་གི་དེའི་ནང་ང་མིའི་མང་པོ་ཅིག་གིས་མ་གོ་ཡ་རྒྱུ་མཚན་དེ་གཙོ་བོ་ཅིག་ག་རེ་རེད་བཟེར་ན་བོད་རིགས་གིས་ནུབ་ཕྱོགས་ཤེར་རྟོགས་རིག་པ་ཟེར་ཡ་དང། ཡང་ན་ཤེར་རྟོགས་རིག་པ་ཟེར་ཡ་ཐ་སྙད་དེ་ཁོ་རང་ཚོ་གི་དང་ལེན་བྱེད་ཐུབ་གི་མེད་ཡ་གི་རྒྱུ་མཚན་དང་ཡང་ན་དེ་ངས་བྱས་ན་ང་རང་གི་སྐྱོན་རེད་མི་འདུག་བསམ་གི་མི་འདུག
- དེ་ག་རེ་རེད་ཟེར་ན་ང་ཚོ་འཛམ་བུ་གླིང་གི་རིག་གནས་ས་ཁྱབ་རྡོ་ཁྱབ་། འཛམ་བུ་གླིང་གི་རིག་གནས་ཕ་ཚུར་རྦད་དེ་དར་གི་ཡོད་པ་རེད་ལ་དེའི་ནང་ལོག་ལ་ད་ལྟ་ང་ཚོ་གི་རིག་གནས་གི་རྨང་གཞི་ཅིག་ཡོད་པ་རེད་པ་།རིག་གནས་གི་རྨང་གཞི་དེ་ག་རེ་རེད་ཟེར་ན་སྐྱོ་པོ་སྐྱོ་པོ་རེད་། དེ་ག་རེ་རེད་ཟེར་ན་ང་ཚོ་ད་ལྟ་བོད་རང་གི་རིག་གནས་དེ་ཡག་པོ་བཅས་ཞིབ་འཇུག་བྱེད་ཐུབ་གི་མེད་པ་དེའི་སྒང་ང་ག་ར་ཨེརེད་ཟེ་ན་ད་ལྟ་ཕྱི་རྒྱལ་གི་རིག་གནས་དེ་བསྡུ་ལེན་བྱེད་ཡ་དེ་གལ་ཆེན་པོ་ཅིག་ལ་ཐུག་བསྡད་ཡོད་པ་རེད་པ།
- བྱས་ཙང་། ང་ཚོས་དེའི་སྒང་ང་ཤུགས་རྒྱག་ཐུབ་གི་མི་འདུག བྱས་ཙང་དེ་བྱས་དྲའི་སྒང་ང་དཔེར་ན་དེའི་ནང་ལོག་ལ་ཤེར་རྟོགས་རིག་པ་ཟེར་ཡ་གི་ཐ་སྙད་ཅིག་ཡོང་དྲའི་གི་སྒང་ང་ཡང་ཐ་སྙད་དེ་ཁོ་རང་ཚོ་གི་བསམ་བློ་གཏོང་དགོས་ཀྱི་ཡོད་པ་རེད་།ལྷག་པར་དུ་མིའི་མང་ང་ཅིག་གིས་ངའི་ཐ་སྙད་དེ་བཟོ་དྲའི་སྒང་ང་ཐ་སྙད་དེ་ཡག་པོ་ཅིག་བཟོ་ཐུབ་ཡོད་པ་མ་རེད་།དཔེར་ན་ཤེར་རྟོགས་རིག་པ་ཟེར་བ་དེ་མ་རེད་།ཤེས་རྟོགས་རིག་པ་རེད་།ཤེས་་་་་་་་་་་་་རྟོགས་་་་་དེ་ལ་ས་བཞག་རྒྱོ་ཡོད་པ་མ་རེད་།ར་ད་བཏགས་རྟ་ན་རོ་རྟོ་ག་བཞག་རྟོག་འབྲི་དགོས་གི་རེད་།དེ་ཧ་གོ་གི་ཡོད་པ་མ་རེད་།ཨཻན་འདྲ་གི་ཟོལ་་་་་་མང་པོ་ཅིག་ཡོང་གི་ཡོད་པ་རེད་ད་།ཡིན་ན་འང་ང་རས་གི་ལྟོས་འདྲའི་སྒང་ངས་ཐ་སྙད་དེ་བསྡུས་བཞག་ཡོད་པ་རེད་།ཤེར་ཕྱིན་་་་་ཕར་ཕྱིན་ཟེར་ཡ་དེ་ཤེར་ཕྱིན་ཟེར་ཡ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཤེར་ཕྱིན་བཟེ་བསྡུས་པ་ནང་བཞིན་།ཤེས་རབ་ཟེར་ཡ་དེ་ཤེར་ཟེར་ཡ་དེའི་ནང་ང་བསྡུས་བཞག་ཡོད་པ་རེད་།རྟོགས་ཟེར་ཡ་དེ་ཧ་གོ་དགོས་གི་ཡོད་པ་རེད་དེ་།བྱས་ཙང་དེ་ཧ་གོ་ཡ་གི་ཆེད་དུ་ཐ་སྙད་དེ་བཏགས་བཞག་ཡོད་པ་རེད་།བྱས་ཙང་དེ་བྱས་འདྲའི་སྒང་ང་ད་ལྟ་གི་ལོ་འདི་ཡིན་ན་ལྷ་ས་ངས་ག་འདྲ་ཡིན་ན་ཧ་གོ་གི་མི་འདུག་་་་་་་་་་་་་་་་་ཡིན་ནའང་ཨ་མདོ་གི་ས་ཆ་མང་པོ་ཅིག་ནས་་་་་་་ལྷག་པར་དུ་ནུབ་བྱང་མི་རིགས་སློབ་གྲ་ཆེན་མོ་གི་དགེ་རྒན་དང་སློབ་ཕྲུག་མང་པོ་ཅིག་གིས་ག་རེ་རེད་ཟེར་ན་ད་ལྟ་ཤེར་རྟོགས་རིག་པ་ཟེར་དེ་དང་ལེན་བྱས་གི་ཡོད་པ་རེད་།དེ་ག་རེ་རེད་ཟེར་ན་ཁོ་རང་ཚོའི་རྩོམ་ཡིག་གི་ནང་ན་ཡེ་མང་པོ་ཅིག་བེད་སྤྱོད་གཏོང་གི་འདུག་གདའ་།ཡིན་ནའང་ག་རེ་རེད་ཟེ་ན་དངོས་གནས་དྲང་གནས་གི་ཐ་སྙད་དེས་ག་རེ་མཚོན་གི་ཡོད་པ་རེད་་་་་་་་་་་་་དེ་ད་ལྟ་ང་བཟོ་གི་་ནུབ་བྱང་མི་རིགས་སློབ་གྲ་ཆེན་མོ་གི་དགེ་རྒན་དང་སློབ་མ་ཀ་ཀུན་་་་་ཞིབ་འཇུག་བྱེད་ཐུབ་གི་ཡོད་པ་མ་རེད་།བྱས་ཙང་ཐ་སྙད་དེས་དངོས་གནས་དྲང་གནས་གི་མཚོན་པ་དེ་དུས་རབས་གི་རིག་གནས་གི་འགྱུར་བ་ཅིག་གདའ་་་་་་་་་་།དུས་རབས་གི་མིའི་ཅིག་ཡོད་པ་རེད་པ་དེའི་སྤོབས་པ་ད་།ཁོ་རང་གིརིག་གནས་གི་ག་རེ་རེད་ཟེར་ན་འགྱུར་བ་ཅིག་དེ་མཚོན་གི་ཡོད་པ་རེད་ད།
- དཔེ་ན་ག་རེ་སྔོན་མ་གི་ལོ་རྒྱུས་སྒང་ནས་ད་ལྟ་བརྡ་རྙིང་པ་གི་ནང་ཏར་ཀ་ཟེར་ཡ་ད་ དག་ག་གཏན་ཚིགས་རིག་པ་ཟེར་ཡ་ད། དེ་ནས་རྟོག་གེ་རིག་པ་ཟེར་ཡ་ད་། དེ་ནས་ཚད་མ་རིག་པ་ཟེར་ཡ་ད་། དེ་ནས་ནང་དོན་རིག་པ་ཟེར་ཡ་ད་། ལྷག་པར་དུ་དུས་རབས་བཅོ་བརྒྱད་པ་གི་ནང་ཐོན་དྲའི་ནང་ག་རེ་རེད་ཟེར་ན་ནང་པ་སངས་རྒྱས་གི་རིག་གནས་དེ་ཕྱོགས་གཉིས་ནས་སྤྱི་སྡོམ་བྱས་་་་་་ག་རེ་རེད་ཟེར་ན་མདོ་དང་སྔགས་གཉིས་ཀྱི་ཀྱང་བསྡུས་པ་རེད་། བྱས་ཙང་མདོ་སྔགས་གཉིས་སྦྱོར་ལོ་ཆ་ཡིན་པ་ཡིན་ན་ག་རེ་རེད་ཟེར་ན་ད་ལྟ་གི་མིའི་ཤེས་རབ་གི་སྙིང་བཅུད་་་་་་སྙིང་པོ་དེ་རེད་ཟེར་གི་ཡོད་པ་རེད་།