Skip to main content Skip to search
06 Jul 2018
6 min 34 sec
Video Overview
Creators: 
Rinchen Dorji

88 year old Loday of Tsangkha Village narrates his youth. At eighteen, he joined the national army, where he served for three years before being asked to join the guard of Second King Jigme Wangchuck at Kinga Rabten Palace in Trongsa. Over his lifetime he has witnessed major developmental changes, and expresses his belief that life is much easier now--people don’t have to walk miles to conduct work,  let alone carry heavy loads for miles, as they did when serving the second king. Ap Loday served the king until his resignation after His Majesty passed away on 30th March 1952 in Kinga Rabten palace.

༉  ཀྲོང་གསར་རྫོང་ཁག་ སྟང་སི་སྦྱིས་རྒེད་འོག་ ཚང་ཁ་གཡུས་ཚན་ལས་ སྐྱེས་ལོ་ ༨༨ ལངས་མི་ཨ་རྒས་བློ་གྲོས་ཆོས་བཟང་གིས་ ཁོ་ར་གཞོནམ་སྦེ་སྡོད་པའི་བསྒང་གི་ལོ་རྒྱུས་ཚུ་སླབ་ཨིནམ་ད་ ཁོ་གིས་ སྐྱེས་ལོ་ ༡༨ ལངསམ་ད་ དམག་མི་ནང་འཛུལ་ཞུགས་འབད་དེ་ ལོ་ངོ་གསུམ་གྱི་རིང་ དམག་མི་སྦེ་ཕྱག་ཞུ་ཞིནམ་ལས་ ཀྲོང་གསར་ཀུན་དགའ་རབ་བརྟན་ཕོ་བྲང་ནང་ མི་དབང་འབྲུག་རྒྱལ་གཉིས་པ་འཇིགས་མེད་དབང་ཕྱུག་གི་ཕྱག་ཕྱིད་ཞུ་ནུག ཁོ་གིས་འབད་བ་ཅིན་ དེ་བསྒང་དང་ད་རེས་ནངས་པའི་བར་ན་ རྒྱལ་ཁབ་གོང་འཕེལ་གྱི་ཐད་དུ་ གནམ་མེད་ས་མེད་ ཡར་དྲགས་སོང་ཡོདཔ་ལས་ ད་རེས་ནངས་པར་འདི་ རང་ག་དགའ་ས་སྣུམ་འཁོར་ནང་འཛུལ་འགྱོ་ནི་དང་ གཞན་ཡང་ལཱ་ག་ཅིའི་ཐད་ལས་འབད་རུང་འཇམ་ཏོང་ཏོ་འདུག་ ཟེར་ཨིནམ་ད་ དེ་བསྒང་འབད་བ་ཅིན་ ག་ཏེ་འགྱོ་དགོ་རུང་ སྒལ་ཏོ་ཁར་ཁུར་ཆ་འབག་སྟེ་དཀའཝ་སྤྱད་དེ་འགྱོ་དགོ་ ཟེར་ཨིན་མས། ཨཔ་བློ་གྲོས་ཆོས་བཟང་འདི་ མི་དབང་ཞིང་གཤེགས་མཆོག་ སྤྱི་ལོ་ ༡༩༥༢ སྤྱི་ཟླ་ ༣ པའི་ཚེས་ ༣༠ ལུ་ དགོངས་པ་རྫོགས་ཞིནམ་ལས་ ལཱ་གཡོག་ལས་དགོངས་ཞུ་སྦེ་སྡོད་ནུག

Transcript search
No results found for this search
0 of 0
  • བློ་གྲོས་ཆོས་བཟང་
    Lodroe Chozang: ང་རའི་ངོ་སྤྲོད་ཅིག་ཞུ་བ་ཅིན་ ང་ར་གཡུས་འབད་བ་ཅིན་ཀྲོང་གསར་ཚང་ཁ་ལས་ཨིན། དེ་ལས་སྐྱེས་ལོ་འབད་བ་ཅིན་བརྒྱད་ཅུ་གྱ་བརྒྱད་ལངས་སོ་ཡི། ང་ར་ལོ་ན་ཚོད་རྒས་སོང་སྟེ་འབད་རུང་ རིན་ཆེན་དང་ཅིག་ཁར་དྲི་བ་དྲིས་ལན་འབད་ནི་གི་གོ་སྐབས་ཐོབ་ནི་འདི་གིས་ ང་གནམ་མེད་ས་མེད་སེམས་དགའ་ཡི་ཟེར་ཞུ་ནི་ཨིན།
  • བློ་གྲོས་ཆོས་བཟང་
    Lodroe Chozang: འདི་དང་ཅིག་ཁར་ ངེའི་མི་ཚེའི་གནས་སྟངས་ཀྱི་སྐོར་ལས་ དུམ་གྲ་ཅིག་ཞུ་བ་ཅིན་ ཧེ་མ་ང་ལོ་བཅོ་བརྒྱད་ཀྱི་སྐབས་ལུ་དམག་མི་འབད་ཕྱག་ཞུ་ཡི། དེ་ལས་འགོ་བཟུང་སྟེ་ལོ་གསུམ་གྱི་རིང་ལུ་ དམག་མི་ནང་སྡོད་ཞིནམ་ལས་ ཀུན་དགའ་རབ་བརྟན་ལུ་འབྲུག་རྒྱལ་གཉིས་པ་གི་ཕྱག་ཞུ་མི་འབད་སྡོད་པའི་སྐབས་ལུ་ ཕར་ཚུར་འགྲོ་འགྲུལ་ལེ་ཤ་ར་འབད་ཡི། ད་རིས་ནངས་པ་འདི་ ཧེ་མ་དང་ཕྱདཔ་ད་གཱ་རི་ལམ་(སྣུམ་འཁོར་ལམ་)ཡོད་ནི་འདི་གིས་ མི་ཚུ་ཕར་ཚུར་འགྱོ་བའི་སྐབས་ ག་ནི་བ་ཉམས་དགའ་བས། ཧེ་མ་འབད་བ་ཅིན་ རྐང་ཐང་འགྱོ་དགོཔ་ལས་ དཔོན་དང་ཅིག་ཁར་དཔོན་[གྲན་སྒྲིག་?]ནང་ཞུ་སྟེ་ཕྱག་ཞུ་མི་ཚུ་གིས་འབག་འགྱོ་དགོཔ་ཨིན། དཔོན་སྤ་རོ་ལས་འབད་སྤྱི་མི་ཐང་ཁ་ལུ་བྱོན་པའི་སྐབས་[གྲན་སྒྲིག་?]ནང་ཞུ་སྟེ་འབག་འགྱོ་དགོཔ་ལས་ གནམ་མེད་ས་མེད་དཀའཝ་སྤྱད་ཅི། དེ་ལས་དེ་བསྒང་སྒྲིག་ཚ་དྲག་འབདཝ་ལས་ དཔོན་དང་མཇལ་བའི་སྐབས་མིག་ཏོ་ཡང་ཕར་ཚུར་བལྟ་མ་ཆོགཔ་ཨིན། དེམ་ཅིག་གི་བར་ན་ དཔོན་དགོངས་པ་རྫོགས་ཞིནམ་ལས་ ང་ར་གི་གཡུས་ཁར་འོང༌སྟེ༌སྡོད༌ཅི༌ ཟེར༌ཞུ༌ནི༌ཨིན།