Skip to main content Skip to search
28 Jun 2018
9 min 24 sec
Video Overview
Creators: 
Yeshi Wangchuk, Lhakpa

Tshering, from Sarmeth, Tang, is the appointed paper-maker. From the age of 20, he has served in this role at Jakar Dzong. He has served at Jakar Dzong and as a carpenter in Taba, Thimphu to help build the Army camp located there. He also has been a shepherd in Dechen Pelri, Bumthang. After that, the fourth king awarded him land in Chamkhar under the national welfare program (kidu). In 2016 this information was recorded during the occasion of Chojam Rabney.

 སྟང་གསར་སྨད་ལས་ ཚེ་རིང་ཁོ་རང་  སྟང་དྲུང་འོག་གི་ རྒེད་འོག་ལས་ འདེལ་བཟོཔ་སྦེ་བཏོན་ཏེ་གིས་ ལོ་ཁལ་གཅིག་ལས་ རྒྱ་གར་རྫོང་ནང་ལུ་ འདེལ་བཟོཔ་སྦེ་ཐོན་ཡི་ཟེར་ཨིན་པས། ཁོ་གིས་ ཡར་ལུ་ ཤོག་ཀུ་བཟོ་མི་གི་ བཟོཝ་སྦེ་ ཕྱག་ཕྱིད་ཞུ་ཡོདཔ་མ་ཚད་ ཐིམ་ཕུག་རྟ་བབས་ལུ་ དམག་མི་གི་ དམག་ཁང་རྐྱབ་མིའི་ བཟོཝ་སྦེ་ ཕྱག་ཞུ་ཡོདཔ་མ་ཚད་ བུམ་ཐང་བདེ་ཆེན་དཔལ་རི་ཐང་ལུ་ ལུག་འཚོ་མི་སྦེ་ ཕྱག་ཞུ་བའི་ཤུལ་ལུ་ མི་དབང་མངའ་བདག་རིན་པོ་ཆེ་ འབྲུག་རྒྱལ་ ༤ མཆོག་གི་ཞབས་སར་ལས་ ལྕམ་མཁར་ལུ་ སའི་སྐྱིད་སྡུག་ཞུ་ཐོག་ ད་ལྟོ་ བུམ་ཐང་ལྕམ་མཁར་ལུ་སྡོད་དེ་འདུག ཁོ་རའི་མི་སྒེར་གྱི་ ལོ་རྒྱུས་ཀྱི་སྒྲ་བཟུང་དེ་ཡང་ སྤྱི་ལོ་ ༢༠༡༦ ལོའི་སྐྱོ་བྱམས་རབ་གནས་ཀྱི་སྐབས་ལུ་ འབད་ཡོདཔ་ད་ དེ་ཡང་ དང་ཕུའི་འདེལ་ཤོག་བཟོ་ཐངས་ཀྱི་སྐོར་ལས་ ལོ་རྒྱུས་བཤད་བཅུག་པའི་ཞོར་ཁར་ལུ་ ཁོ་རའི་མི་སྒེར་ ལོ་རྒྱུས་ཀྱི་སྒྲ་བཟུང་ཡང་ དེ་བསྒང་འབད་ཡོདཔ་ད་ དེ་ཡང་ རབ་གནས་འགོ་མ་བཙུགསཔ་པའི་ ཉིནམ་གཅིག་གི་ཧེ་མ་སྒྲ་བཟུང་འབད་ཡི། ཚེ་རིང་གིས་ ཆུང་ཀུའི་བསྒང་ལས་ ག་ཅི་ར་འབད་ཡི་ག་ ང་བཅས་ཀྱིས་ སྒྲ་བཟུང་འབད་མི་དེ་གིས་ ཤུལ་ལས་ ཁོ་གི་ མི་བརྒྱུད་དང་ ཁོ་གི་སྐོར་ལས་ ལེགས་ཤོམ་སྦེ་ ཧ་གོ་ནི་ལུ་ ཕན་ཐོགས་སྦོམ་འོང་།

Transcript search
No results found for this search
0 of 0
  • ཚེ་རིང་ Tshering
    ང་ར་སྐྱེས་ས་འདི་ སྟང་གསར་སྨད་ལས་ཨིན། ཏེ་ སྟང་དྲུང་འོག་གི་ རྒེད་འོག་གི་ ཏེ་ འདེལ་བཟོཔ་སྦེ་བཏོན་ཏེ་གིས་ ང་ཏེ་ ལོ་ཁལ་གཅིག་ལས་ ཏེ་ རྒྱ་གར་རྫོང་ནང་ལུ་ འདེལ་བཟོཔ་སྦེ་ཐོན་ཏེ་ཡོད་ལགས།
  • ཚེ་རིང་ Tshering
    ཏེ་ འདི་ལུ་ ཤོག་ཀུ་བླུག་ནི་གི་ ཏེ་ ང་གིས་ བཟོ་བོ་སྦེ་ ཐོན་ཡི་ལགས། ཏེ་ བཟོཝ་ད་འདི་ཁར་ལུ་ རྒྱུ་ཆ་འདི་ ང་བཅས་ ཁལཔ་དམངས་ཁར་ལས་ བསྡུ་བསྡུཝ་ཨིན་པས་ ཏེ་ བདག་འཛིན་འདི་ སྒོ་ར་བ་གིས་ འབདཝ་མས་ལགས།
  • ཚེ་རིང་ Tshering
    ཏེ་ ཤོག་ཀུ་བླུག་ནི་འདི་ ལྷམ་པ་གཉིས་ཡོད་ལགས་ ཏེ་ ལཱ་འབདཝ་ད་ལུ་ དང་པ་ར་ ཤོག་ཀུ་མི་སེར་ལས་ ཤིང་གི་པགས་ཀོ་འདལ་ལེན་ཞིནམ་ན་ལས་ ཏེ་ སྒོ་ར་བ་(སྒར)གིས་ འཇལ་ཁ་བཏབ་སྟེ་གིས་ ཁལ་གཅིག་དང་ གང་གང་རེ་ ཏེ་ ལེན་དགོ།
  • ཚེ་རིང་ Tshering
    དེ་ལས་ འདི་གི་བཙོ་ནི་གི་ རྒྱུ་ཆས་འདི་ གོ་ཐལ་ཤིང་བཙུགས་བཙུགས་པའི་གི་ ཐབ་ཁ་ལས་ཐལཝ་ ཏེ་ བྲེ་ཁལ་གཅིག་དང་གང་གང་རེ་ ང་བཅས་མི་སེར་ལས་ བརྒྱུད་དགོ་ལགས།
  • ཚེ་རིང་ Tshering
    ཏེ་ བདག་འཛིན་འདི་ སྒོ་ར་བ་གིས་འབད་ ཏེ་ ལཱ་འདི་ང་བཅས་ བཟོ་བོ་གིས་འབད་ ཏེ་ འུར་ལཱ་འདི་ མི་སེར་དམངས་ལས་ ཏེ་ སྐོར་རྐྱབ་ཏེ་གིས་ ཁལཔ་རེ་རེ་ལས་ ཞག་གཅིག་དང་ ཉིནམ་རེ་རེ་འབད་ཞིནམ་ན་ལས་ སྐོར་རྐྱབ་སྟེ་གིས་ ལཱ་འབད་དགོ་ལགས།
  • ཚེ་རིང་ Tshering
    ཏེ་ འ་ནཱི་གི་ ལཱ་འགོ་བཙུགསཔ་ད་ལུ་ ཏེ་ དང་པ་ར་ཁོང་ར་ ཡར་སྒོ་ར་བ་གི་ནང་ལས་ ཤོག་ཀུ་སྐམ་ལེན་ཞིནམ་ན་ལས་ ཆུ་སྦང་ཉིནམ་གཅིག་ དེ་ལས་ ཆུ་སྦང་ཞིནམ་ན་ལས་ ཏེ་ ཚར་གཅིག་ཟི་(སེལ་) ཉིནམ་གཉིས།
  • ཚེ་རིང་ Tshering
    དེ་ལས་ བཙོ་ཉིནམ་གསུམ། དེ་ལས་ བརྡུངས་བླུགས་འབདཝ་ད་ ཉིནམ་བཞི་ ལྔ་འབདཝ་ད་ ཏེ་ ཉིནམ་རེ་རེ་ལུ་ ཚར་ཤོག་འབད་བ་ཅིན་ ལེབ་ཁལ་བཞི་བཞི་རེ་ སྒོ་ར་བ་ལུ་རྩིས་ཕུལ་དགོ།
  • ཚེ་རིང་ Tshering
    ཏེ་ བཀའ་འགྱུར་གྱི་ ཤོག་ཀུ་འབད་བ་ཅིན་ ཉིནམ་གཅིག་ལུ་ ཁལ་དྲུག་དྲུག་རེ་ཤོག་ལེབ་ཁལ་དྲུག་དྲུག་རེ་ སྒོ་ར་བ་ལུ་ རྩིས་སྤྲོད་དགོ་ལགས་ ཏེ་ འ་ནཱི་བླུགས་ཏེ་གིས་ བྱ་དཀར་རྫོང་ནང་ལུ་ ལོ་བརྒྱད་སྡོད་ཅི་ལགས།
  • ཚེ་རིང་ Tshering
    ལོ་བརྒྱད་ལས་རྫོགས་ཞིནམ་ནང་ལས་ དེ་ལས་ ཏེ་ ཕར་ཐིམ་ཕུག་ལས་ ཞབས་ཀྱིས་བཀའ་གནང་སྟེ་གིས་ ཏེ་ ཆོས་འབུམ་དང་ འདི་ཚུ་བཞེངས་ནི་གི་ཤོག་ཀུ་ དཀྱི་དུམ་(??) དཀྱི་དུམ་འདི་ གནང་ཡི་ལགས་ཕར་ལས།
  • ཚེ་རིང་ Tshering
    དཀྱི་དུམ་རྫོང་ཁག་རེ་རེ་ལས་ འ་ནཱི་དཀྱི་དུམ་གནངམ་ད་ལུ་ ནཱམ་བཱར་(ཨང་)དང་པ་འདི་ ང་བཅས་བུམ་ཐང་གི་ འཐོན་སོང་ནུག་ལགས་ ཏེ་དེ་སྦེ་འབད་ཞིནམ་ན་ལས་ ལོ་གཅིག་ཤོག་ཀུ་ དུམ་ཕར་རྩིས་ཕུལ།
  • ཚེ་རིང་ Tshering
    དེའི་ཤུལ་མ་འདི་ ང་བཅས་བཟོ་བོ་ཕར་ཤོག་ཀུ་བླུག་ནི་ཕར་འབོ་སྟེ་གིས་ ཏེ་ཕར་ཞབས་ཀྱིས་ བཀའ་གནང་སྟེ་གིས་ ཕར་འབོ་ ཏེ་ ང་བཅས་བདག་འཛིན་འབད་མི་འདི་ རྩིས་བློན་འབརཔ་ཆོས་རྗེ་ཨིན་པས་ལགས།
  • ཚེ་རིང་ Tshering
    ཏེ་ ཤོག་ཀུ་གི་ བདག་འཛིན་འབད་མི་འདི་ བཀའ་འགྱུར་སློབ་དཔོན་སྦེ་སྡོད་ནུག་ལགས་ ཆོས་ཀྱི་བདག་འཛིན་འབད་མི་འདི་ ཏེ་ རྩིས་འ་ནཱི་ཁར་ཕུལ་བའི་ལགས་ ཏེ་ གཉེར་ཚང་འདི་ ཐིམ་ཕུག་གཉེར་ཆེན་ན་ལས་ ལེན་ཏེ་ཟ་བའི་ལགས།
  • ཚེ་རིང་ Tshering
    ཏེ་ འ་ནཱི་འབད་ཞིནམ་ན་ལས་ ཕཱི་ནང་ལུ་ ལོ་བརྒྱད་སྐོར་ཆ་ཅིག་ཕར་ ཏེ་ ཤོག་ཀུ་བླུགས་ཅི་ལགས་ ཏེ་ ཤོག་ཀུ་ནཱ་བླུགས་པ་གི་མ་ཚད་པ་ལུ་ དགུན་འདི་མར་ ཐིམ་ཕུག་ལུ་ རྩིས་བློན་གྱིས་འཁྱིད་དེ་གིས་ ལོ་གཉིས་མར་ རས་ཤོག་བླུགས་ཅི་ལགས།
  • ཚེ་རིང་ Tshering
    ཏེ་མར་ལས་འཐོན་ ཏེ་ ཤོག་ཀུ་བླུགས་ ཡུདཔ་ཅིག་མཇུག་བསྡུ་འབད་ཞིནམ་ན་ལས་ ཏེ་ ལཱ་ཚར་གཅིག་ མཇུག་བསྡུ་ཡི་ལགས་ ལཱ་མཇུག་བསྡུ་ཞིནམ་ན་ལས་ ཏེ་ ང་བཅས་རང་རང་སར་གྱི་ གཡུས་ཁར་བཏང་ད་ཡི་ལགས།
  • ཚེ་རིང་ Tshering
    བཏངམ་ད་ལུ་ ཏེ་ ང་དེ་བསྒང་ལས་ ཏེ་ ལོ་བརྒྱད་འབད་བའི་བསྒང་ལས་ ཏེ་ ཨ་ལུ་ཚུ་ཆུང་ཀུ་བཏོན་སྦེ་ འཐོན་ཡི་ལགས་ ཏེ་ ཨ་ལུ་གོ་མ་ཆོད་པ་ འགོ་དང་པ་གི་ ཨ་ལུ་དྲུག་ཤི་སོང་ཡི་ལགས།
  • ཚེ་རིང་ Tshering
    ཏེ་ འདི་ལས་ང་གིས་ ད་ཨ་ལུ་ག་དེ་སྦེ་ གསོ་ག་ཟེར་ཏེ་ ཏེ་ ང་ཚ་གྱང་ལངས་སྡོད་པའི་བསྒང་ལས་ ཏེ་ཕར་ འཆམ་རྐྱབ་མི་དང་ ཞབས་བྲ་རྐྱབ་མི་གི་ སློབ་དཔོན་དྭངས་ཆུཔ་ སློབ་དཔོན་ཆོས་སྐྱིད་རྡོ་རྗེ་གིས་ ཏེ་ ལོ་བཏོན་སྟོན་དེ་གིས་ ཏེ་ འ་ནཱེ་སྦེ་ རྩིས་དཔྱད་རྐྱབ་དགོ་ཟེར་ཏེ་གི་ ཁོ་གིས་ གསུངསམ་མས་ལགས།
  • ཚེ་རིང་ Tshering
    ཏེ་ ཏེ་ང་གིས་ རྩིས་དཔྱད་ག་ཏེ་རྐྱབ་ཟེར་བ་ཅིན་ ཡངན་མཐོ་ས་ལུ་སྐྱེལ་དགོ་ ཡངན་ཟཔ་ཁྱི་དང་ འདི་ཚུ་ལུ་སྐྱེལ་དགོ་ཟེར་ གསུངས་དེས་ལགས་ ཏེ་ ག་དེ་སྦེ་འབད་ནི་ཟེར་བ་ དེ་འབདན་ཁྱོད་ར་གྲ་སྒྲིག་རྐྱབ།
  • ཚེ་རིང་ Tshering
    ང་གིས་ ཨ་ཞེ་ལུ་ཞུ་གེ་ཟེར་ཏེ་གིས་ ཁོ་གིས་གསུངས་དེས་ ཏེ་ ཨ་ཞེ་བསོད་ནམས་ཆོས་སྒྲོན་ལུ་ སྐྱིད་སྡུག་ཞུ་ཡི་ལགས་ ཏེ་ བུ་གཉིས་ བུ་གསུམ་དེ་ རྩིས་དཔྱད་དེ་ ཨ་ཞེ་བསོད་ནམས་ཆོས་སྒྲོན་གྱིས་ བཞེས་ཅི་ལགས།
  • ཚེ་རིང་ Tshering
    བཞེས་ཞིན་ན་ལས་ ཏེ་ ཨེ་སི་ཀུ་ལི(སློབ་གྲྭ)ནང་ཡང་ ཨ་ཞེ་གིས་ བཀའ་གནང་ ཏེ་ ཕར་དང་ཚུར་འགྱོ་རུང་ ཏེ་ འུར་ལཱ་ དོས་གླ་འདི་ རྫོང་ཁག་ག་ཏེ་འབད་རུང་ར་ རྫོང་བདག་ནང་ལས་ཞུ།
  • ཚེ་རིང་ Tshering
    སློབ་གྲྭ་ག་ཏེ་བཙུགས་རུང་ར་ ཨ་ལུ་གསུམ་འདི་ ཏེ་ ལྟོ་ཐོབ་འབད་དེ་གིས་བཀའ་གནང་ བཀའ་ཤོག་གནང་སྟེ་སྦེ་ ཏེ་ཕར་ཨ་ཞེ་གི་ཕྱག་ཞུ་ ཨ་ཞེ་གི་གཟིམ་ཅུང་ ཕར་ཀ་ཝང་བྱང་ས་ལུ་ གཟིམ་ཅུང་རྐྱབ།
  • ཚེ་རིང་ Tshering
    ཏེ་ ཕར་བཟོ་བོ་གི་གྲས་ཁར་ བཀའ་གནང་སྟེ་གིས་ ཕར་བཟོ་བོ་འབད་ཡི་ལགས་ ཏེ་ ཕར་གྱི་གཟིམ་ཅུང་བསྒྲུབས་ཞིནམ་ན་ལས་ ཏེ་ ནཱ་སྡེ་ཁག་གསུམ་པ་གི་ དྲག་ཤོས་ཀིབ་ཅུ་ དྲག་ཤོས་དཀར་མདོག
  • ཚེ་རིང་ Tshering
    དྲག་ཤོས་ནོརབུ་ཚེ་རིང་ དེ་ཚུ་གིས་ ཨ་ཞེ་ལུ་ ཞུ་ཞིན་ན་ལས་ ཏེ་ནཱ་དམག་ཁང་ བཟོ་བོ་མི་ལངས་པས་ཟེར་དེ་གིས་ ང་བཅས་བཟོ་བོ་དྲུག་ ཕར་ལས་འཐོན་ཏེ་ ནཱ་སྡེ་ཁག་གསུམ་པ་གི་ དམག་ཁང་རྐྱབ་སྡོད་ཅི་ལགས།
  • ཚེ་རིང་ Tshering
    ཏེ་ ཕཱི་ནང་ལས་ དམག་ཁང་རྐྱབ་ ཐོབ་ཞིནམ་ནང་ལས་ ཏེ་ སྡེ་ཁག་གསུམ་པ་གི་ ཡར་རྟ་འབབ་ལས་ཡར་ ཁོང་ནོར་ཁྱིམ་བཟུམ་ དེམ་ཅིག་གི་ ཁྱིམ་སྦོམ་ཅིག་རྐྱབ་ཅི་ལགས་ ཡི་ནང་བཟོ་བོ་སྦེ་སྡོད།
  • ཚེ་རིང་ Tshering
    ཏེ་ ཡི་ནང་ལས་དགོངསམ་ཞུ་ ཏེ་ ང་ནཱ་ཨ་ཞེ་གིས་ ཏེ་ ལཱ་ཅིག་གཡོག་ཅིག་ ཞུ་དགོ་པས་ཟེརཝ་ད་ལུ་ ཏེ་ མར་ཆུ་ཁ་ལུ་ ལཱ་རྒྱབ་སྦེ་སོང་ཟེར་ ཏེ་ བཀའ་གནང་དེས་ ད་ང་ཨ་ལུ་ཚུ་དང་ཆ་སྟེ་གཅིག་ཁར་ མི་ལྕོགས་པས་ཟེར་འབད་བ་ཅིན།
  • ཚེ་རིང་ Tshering
    ཏེ་ཁྱོད་ག་ཏེ་འགྱོ་ནི་ཟེར་ བཀའ་གནང་དེས་ ཏེ་ ང་བུམ་ཐང་ལུང་པ་ ད་ལྟོ་ཨང་རྒས་ ཨའི་འདི་ཨང་རྒས་འགྱོ་སྟེ་ཡོད་ ཏེ་ ཕ་མའི་དྲིན་ལན་མི་འབྱོར་བས་ ང་བུམ་ཐང་ལུང་པ་ ཕྱག་ལཱ་ཅིག་ཡོདན་ བཀའ་དྲིན་ཆེཝ་མས་ཟེར་ ཞུ་བ་ཅིན།
  • ཚེ་རིང་ Tshering
    ཏེ་ མར་བདེ་ཆེན་དཔལ་རི་ཐང་ལུ་ མགྱོནམ་ཁྱིམ་ཡོད་པའི་ མར་སོང་ཟེར་ བཀའ་གནང་དེས་ལགས་ མར་ལྷོད་བཱན་ ཏེ་མགྱོནམ་ཁྱིམ་འདི་ ཀེན་སཱལ(ཆ་མེད)ཡར་སོང་ནུག ཏེ་ ལུག་གི་ ཌེའུ་ཊི(སྲུང་རྒྱབ)སྦེ་ཟེར་ མར་གྱི་མེ་ནེ་ཇཱར(འཛིན་སྐྱོང་པ་) གིས་ དེ་སྦེ་སླབ།
  • ཚེ་རིང་ Tshering
    ཏེ་མར་ ཉིན་མ་ཁོང་གི་ ཕཱ་ནེསི་(རྩིས་)གྱི་ལཱ་རེ་ ཨ་ཙི་རེ་འབད་དགོ་པས་ ཏེ་ ཉིན་གྲངས་ཀྱི་གླ་ལེན་ ཕྱི་རུ་ནུབ་མོ་ ཏེ་ལུག་གི་ སྲུང་རྒྱབ་སྦེ་འབད་དེ་ ལོ་དགུ་སྡོད་ཅི་ལགས།
  • ཚེ་རིང་ Tshering
    ཏེ་ མི་ནང་ལས་ ཐོནམ་དནི་ ཏེ་ ང་ལུ་སྡོད་པའི་ས་མེད་ ཁྱིམ་ནང་ལསནི་ ང་ར་ཕར་ཕྱི་ཁར་ལུ་ ཡུན་རིང་སོང་ཞིནམ་ནང་ལས་ ང་ལུ་ག་ནི་ཡང་མ་ཐོབ་ལགས་ སྡོད་སར་ས་ཡང་མེད།
  • ཚེ་རིང་ Tshering
    བཙུགས་ མགུ་བཙུགས་ས་གི་ཁྱིམ་ཡང་མེད་ ཏེ་ སྤང་ནང་གུར་སྤུབས་སྦེ་ ཏེ་ ཞབས་ཀྱི་སྐྱིད་སྡུག་གནང་སྟེ་གིས་ ལྕམ་མཁར་ལུ་ ཏེ་ སའི་སྐྱིད་སྡུག་གནང་མི་བསྒང་ལས་ ཏེ་ གཟིམ་དཔོན་རྡོ་རྗེ་རྒྱལ་མཚན་གྱིས།
  • ཚེ་རིང་ Tshering
    ཕཱི་ནང་ བཀའ་ཤོག་གནང་མི་འདི་ ཏེ་ ཞབས་ཀྱི་བཀའ་དང་འཁྲིལ་ཏེ་གིས་ ཏེ་ ས་ཅིག་ང་ར་ཞུ་ཚིག་བཙུགས་སྦེ་ ཕཱི་ནང་ལས་ སྐྱིད་སྡུག་ཐོབ་ཅི་ལགས་ ས་ཨེ་ཀར་གསུམ་ ཏེ་ འདི་གི་འབད་དེ་ ཏེ་ ནཱ་སྡོད་ཡི་ལགས།
  • ཚེ་རིང་ Tshering
    ཁྱིམ་རྐྱབ་ ཕད་ཏ་ཀོ་ཏ (ཕྱེད་དག་ཀོ་དག)ཅིག་རྐྱབ་སྦེ་སྡོད་ཡི་ལགས་ད་ ཧེ་ཧེ་་་། ཏེ་ ད་རུང་ཁྱིམ་གཅིག་ཁར་ལུ་ བུམོ་གཉིས་ཀྱི་ བུམོ་དྲུག་ཡོད་ལགས་ བུ་གཅིག་ བུམོ་སྦོམ་ཤོས་འདི་ལུ་ བུམོ་གསུམ་ བུ་གཅིག།
  • ཚེ་རིང་ Tshering
    བུམོ་ཆུང་ཤོས་འདི་ལུ་ བུམོ་གསུམ་ གཉིས་ཟླཝ་ཉིམ་སྐྱེས་ཞིནམ་ལས་ ཤི་སོང་ཡི་ལགས་ ཧ་ཧ་་་། ཏེ་ བུམོ་གཞན་ བུམོ་གཅིག་ལུ་ བུམོ་ལྔ་ཡོད་ ཏེ་ གཉིས་ཤིཝ་ད་གསུམ་ཡོད་ལགས།
  • ཚེ་རིང་ Tshering
    ཏེ་ བུམོ་གཉིས་འབདཝ་ད་ བུམོ་དྲུག་ཡོད་ལགས་ད་ ད་ལྟོ་ནཱ་ ཧ་ཧ། སྟང་ལུ་བཟུང་སྟེ་ཡོད་ལགས་ད་ ཧ་ཧ་ཧ་་་།
  • ཞིབ་འཚོལ་བ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk ནཱ་ཨ་པ་ཁྱོད་ར་ད་ ཨའི་འདི་ནཱ་ལས་ཨིན་མས་སྨོ་ལགས?
  • ཚེ་རིང་ Tshering
    ཨིན་ལགས།
  • ཞིབ་འཚོལ་བ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ཏེ་ ཨ་པ་འདི་འབད་བ་ཅིན་ ག་ཏེ་ལས་ཨིན་ན?
  • ཚེ་རིང་ Tshering
    ཨ་པ་ཡར་ འགམ་གླིང་ཟེར་ས་ལས་ཨིན་ལགས་ སྟང་ལས་ར་ཨིན་ལགས། སྐྱེས་ས་སྦོམ་ས་ ནཱ་ར་ཨིན་ལགས།