Skip to main content Skip to search
09 Feb 2017
4 min 39 sec
Video Overview
Creators: 
Yeshi Wangchuk, Penchela, Rinchen Dorji, Yeshi Wangchuk

In this video, Mikthoe, an ex-monk from Paro Dratshang, tells the story of his life, discussing at the same time the changes in society he witnessed over the years. He was sent to Paro Dzong as a young monk at the age of five. At the dzong, Mikthoe served in different positions until he disrobed. Just before he quit monastic life, the Je Khenpo asked him to serve as caretaker of Kichu Temple at Paro. However, due to his advanced age, he was forced to reject the invitation. He lives now with his niece, and dedicates his time to chanting mantras.

 

སྤ་རོ་གྲྭ་ཚང་གི་ དགེ་སློང་བགྲེསཔ་ཅིག་ཨིན་མི་ བསོད་ནམས་སྒྲོལམ་གིས་ ཁོ་རའི་མི་ཚེའི་ གནས་སྟངས་ཀྱི་སྐོར་ལས་དང་ ཁོ་རའི་ཚེ་གང་ལུ་ འགྱུར་བ་ཚུ་ ག་ཅི་ར་འོང་གའི་སྐོར་ལས་ བཤདཔ་ཨིན་པས། ཏེ་ཁོ་གིས་ ལོ་ལྔ་དེ་ཅིག་ལས་ གྲྭ་ཚང་འཛུལ་བཞུགས་འབད་དེ་ དགོངས་ཞུ་མ་འབད་བའི་ཧེ་མ་ གོ་གནས་ལེ་ཤ་ཅིག་ནང་ ཕྱག་ཕྱིད་ཞུ་ཡི་ཟེར་མས། ཏེ་ཁོ་གིས་འབད་བ་ཅིན་ གྲྭ་ཚང་ལས་དགོངས་ཞུ་འབད་དགོ་མི་འདི་ སྐྱབས་རྗེ་རིན་པོ་ཆེ་མཆོག་ལས་ སྤ རོ་སྐྱིད་ཆུ་ལྷ་ཁང་གི་ དཀོན་གཉེར་འབད་དགོཔ་སྦེ་ བཀའ་ཕེབས་རུང་ ཁོ་རའི་ན་ཚོད་ཀྱིས་ ཕྱག་ཕྱིད་ཞུ་མ་ཚུགས་ཟེར་མས། ཏེ་ད་རེས་ནངས་པ་ ཁོ་ར་ཚམོ་དང་གཅིག་ཁར་ མ་ཎི་བགྱང་སྡོདཔ་ཨིན་ཟེར་མས། 

 

Transcript search
No results found for this search
0 of 0
  • བསོད་ནམས་སྒྲོལམོ་
    ཧེ་མ་ལས་ཏེ་ནཱ་སྤ་རོ་གྲྭ་ཚང་ནང་འཛུལ་སོང་ཡི་ལགས།ཡར་གྲྭ་ཚང་ནང་འཛུལ་སྦེ་་ཡར་གྲྭ་ཚང་ནང་ལུ་ཏེ་ཡར་ནཱེམ་ཡར་གྱི་ནཱེམ་ཕོག་རིམ་པ་འདི་ཆ་མཉམ་མར་ལས་ཡར་མེ་གཉེར་ལས་འགོ་བཟུང་ཏེ་སྤྱི་དཔོན་གཉེརཔ་དམངས་གཉེརཔ་ཆ་མཉམ་མར་ལས་ད་ཏེ་ཨ་ནཱེ་སྦེ་འབད་ཚར་ཡི་ལགས།
  • བསོད་ནམས་སྒྲོལམོ་
    འབད་དེ་སྦེ་ཏེ་ཡར་ སྒོ་རི་ནང་སོང་ཏེ་སྒོ་རི་རྫོང་དཔོན་འབད་སྦེ་ཏེ་སྒོ་རི་རྫོང་དཔོན་འབད་དེ་ཏེ་ཡར་ལས་ཏེ་ལོ་ང་ར་གི་ལོ་གྲངས་འདི་ཚང་སྦེ་ཏེ་རྗེ་འཕྲིན་ལས་ལྷུན་གྲུབ་ཞིང་གཤེགས་འདི་གིས་ ཏེ་ནཱེམ་ཁྱོད་ར་ ཏེ་ད་ཡར་ སྐྱིད་ཆུ་དཀོན་གཉེར་སོང་ཟེར་ཏེ་ངེའི་ཨ་ཞང་ལུ་བཀའ་གནང་ཡི།
  • བསོད་ནམས་སྒྲོལམོ་
    ཏེ་སྐྱིད་སྐྱིད་ཆུ་དཀོན་གཉེར་སྦེ་སོང་ཟེརཝ་ད་ཏེ་ནཱ་ཡོད་རུང་མེད་རུང་ ང་ར་དང་ངེའི་ངེའི་ཨ་ཞེམོ་ ནཱ་སྲིདམོ་འདི་ཏེ་དེ་ལས་ ང་གི་ཧེ་མ་ཏེ་ཨ་རྒས་སློབ་དཔོན་གཅིག་ཡོད་གཤགས་སོ་སྦེ་ང་བཅས་ཕི་ནང་ལུ་ མི་བཞི་དེ་ཅིག་ལས་མེད་ལགས།
  • བསོད་ནམས་སྒྲོལམོ་
    ཏེ་ད་ཡར་གྱི་འདི་ལྕོགས་གྲུབ་མེད་ང་གི་ད་འབད་མི་ཚུགསཔ་ཟེར་དབའེ་ཏེ་ང་བཅས་ཏེ་སྐྱིད་ཆུ་དཀོན་གཉེར་གུ་ལྷོདཔ་ད་སྒོ་རི་ནང་གར་དྲགས་འདི་འབད་ཚུགས་ ཏེ་ཡར་གྱི་སྐྱིད་ཆུ་གི་འདི་ཏེ་ ཨེང་་བྱག་འོག་འཐུ་ནི་འདི་ ཡར་སྒོ་རི་ནང་ལུ་བཞག་དགོ་པས།
  • བསོད་ནམས་སྒྲོལམོ་
    སྒོ་རི་ནང་ལས་འཐུ་མི་འདི་ ཏེ་གསལ་ཚུགས་མི་འདི་ཏེ་ ཡར་ལས་ ཕྱི་མཚམས་དང་འདྲཝ་ཅིག་སྦེ་ གཅིག་ཕྱི་ལས་བཟོ་ནི་མས་ ཏེ་ནཱི་འབད་ཚུགས་ཡ་ཁྱོད་ཟེར་ ཏེ་ང་མི་ལཱ་མེད་པའི་ཏེ་ འདིའི་ནང་དོན་ཉིད་ལས་ ཡར་གྱི་འདི་ཏེ་དཀོར་ལས་དཀོར་མས་ ཏེ་ང་ཨ་ནཱི་ ཕྱག་ཕྱིད་མི་འབྱོར་ནི་མས་ཟེར་ཏེ་རྗེས་ལུ་ཞུ་སྦེ།
  • བསོད་ནམས་སྒྲོལམོ་
    ཏེ་ཨིན་ན་དེ་འབདན་ཏེ་ བཟའ་ས་མ་འགྱོན་ཏེ་ བཞག་ད་ནི་མམ་ཟེར་ཏེ་ནཱི་བསྒང་ ད་ལྕོགས་གྲུབ་ཡོད་རུང་མེད་རུང་ ང་ལུ་ཏེ་བཀའ་ཤོག་གཅིག་ཞུ་གནང་ད་ང་ད་གཡུས་ཁ་ལུ་ང་ད་ད་གྲྭ་ཚང་ལྷན་ཚོགས་ནང་ཡར་བཅར་སྦེ་ང་འབད་མི་ཚུགས་པས་ཟེར།
  • བསོད་ནམས་སྒྲོལམོ་
    ཏེ་བཀའ་ཤོག་ཅིག་ཞུ་གནང་ཟེརཝ་ད་འ་ཏེ་བཀའ་ཤོག་འབད་མི་དགོ་ད་ཁྱོད་ར་ཏེ་དགོངས་ཡངས་ཡར་སོང་དགོངས་ཡངས་འབད་སྡོད་ཟེར་ཏེ་རྗེ་གིས་ ང་ཨ་ནཱེ་སྦེ་བཀའ་གནང་སྦེ་ཏེ་ང་ཨ་ནཱེ་་སྦེ་གཡུས་ཁ་ལུ་ཏེ་ནཱ་དགོངས་ཡངས་སྦེ་ཏེ་འ་ནཱེ་སྦེ་ང་ར་སྲིདམོ་འདི་ཚུ་དང་ང་ར་ནཱ་ཚངམོ་གཅིག་ཡོད་ཏེ་འ་ནཱ་ཏེ་ང་ར་ནཱ་ཁོང་དང་ཅིག་ཁར་སྦེ་འ་ནཱེ་སྦེ་མ་ཎི་རེ་བགྱངས་སྦེ་ཏེ་དེ་སྦེ་སྡོད་དོ་ལགས་ ལཱ་འདི་ག་ནི་ཡང་མེད་འབད་བ་ང་ལཱ་འབད་མི་ཚུགས་པས།
  • ཡེ་ཤེས་དབང་ཕྱུག་
    ཧེ་མ་རྫོང་ནང་ལུ་ ད་བཞུགས་བཞུགས་ནུག་པ་ལགས་རྫོང་རྫོང་ནང་བཞུགསཔ་ད་ལུ་ད་ད་ལྟོ་དང་ཧེ་མ་གི་བར་ན་ལུ་ད་སྒྲིག་ར་འབད་རུང་དེ་ལསན་རྫོང་ནང་གི་ད་ཨཱ་དཀྱིལ་ཆོག་གི་ད་ཆོ་ག་གི་ཕྱག་ལེན་འབད་ཐངས་དང་ག་ཅིག་ད་ག་ཨ་ནཱི་ཚུ་ལགས་ཆོས་ཕྱོགས་ཀྱི་རིམ་པ་འདི་ཚུ་ ག་དེ་སྦེ་ར་འདུག་ལགས་ཧེ་མ་གི་དང་ད?
  • བསོད་ནམས་སྒྲོལམོ་
    ཨཱ་ད་ད་ནི་ཞུ་སྟེ་ ད་ཏེ་གནམ་མེད་ས་མེད་གླིང་འགྱུར་མས་མེན་ན་ལགས་ཏེ་ད་འབུམ་སྡེ་ལས་འབད་ཏེ་ སྤའོ་་་་ནཱེ་བསྒང་འབདཝ་ད་ ང་བཅས་གྱལ་ཁ་སྡོད་དགོ་ཚེས་བཅུ་དགུན་ཟླ་འདི་བ་ཛ་(ཆུ་ཚོད་)༡༡ལས་བཞེངས་བརྡ་ཕུལ་དགོ་པས་ལགས།
  • བསོད་ནམས་སྒྲོནམོ/Sonam Dem: ཚེས་བཅུ་ཡང་ བ་ཛ་(ཆུ་ཚོད་)༡༡ལས་ བཞེངས་བརྡ་ཕུལ་དགོ་དགུན་ཟླ་ཡང་བ་ཛ་(ཆུ་ཚོད་)༡༡ལས་བཞེངས་བརྡ་ཕུལ་དགོ་ལགས་དེ་བསྒང་ཡར་འབདཝ་ད་ཨའོ་གྱལ་ཁ་ལུ་གཉིད་སྡུག་རྐྱབ།
  • བསོད་ནམས་སྒྲོལམོ་
    ང་བཅས་ཆུང་སུ་ཅིག་འབད་སྦེ་ཏེ་ནཱི་ཨ་ནཱི་མགོནམ་གཉིསཔ་དེ་དང་ཏེ་དེ་ལས་ཏེ་ཟླཝ་༤པའི་གི་མ་ཎི་ཞག་བདུནམ་ཞག་བཅོ་ལྔ་ཡོད་ལགས་མ་ཎི་ཞག་བདུནམ་ཟེར་ཏེ་དེ་ལས་ཟླཝ་༧པའི་གི་ནཱེམ་ཟླཝ་༤པའི་ནང་མ་ཎི་ཞག་བདུནམ་ཞག་བཅོ་ལྔ་ཨ་ནཱི་ ཞག་བདུནམ་ཟེར་སླབ་པའི་ ཞག་བཅོ་ལྔ་ཡོད།
  • བསོད་ནམས་སྒྲོལམོ་
    ཟླཝ་༧མའི་ནང་ལུ་ཏེ་མི་འཁྲུགཔ་ཞག་བདུནམ་དེ་ཡང་ཞག་བཅོ་ལྔ་ཡོད་ལགས།འ་ནཱེ་ཚུ་འབད་བའི་བསྒང་ལས་འབདན་ཏེ་དྲོ་པ་བ་ཛ་(ཆུ་ཚོད་)བཞི་ལས་བརྒལ་བཞེངས་བརྡ་ཕུལ་མི་དགོ་ལགས།
  • བསོད་ནམས་སྒྲོལམོ་
    ད་འ་ནཱི་ཚུ་གོ་བ་ཅིན་ནེ་བསྒང་ཏེ་སྤ་ལགས་ཏེ་ཨ་ཙིག་གྱལ་ཁ་ཚར་ཁ་མ་ཚུདན་སྐུ་དྲུང་གིས་ཏེ་ ཕྱེ་འཐག་སྟེ་འཐག་ཏེ་གྱལ་ཁ་ལུ་འདྲན་འདྲ་མ་ལྷོད་པ་ཅིན་ཏེ་ད་རེས་ད་ ནཱེ་སྦེ་མིན་འདུག་མེན་ན་ད་ཡར་ལུ་ད་ནཱེ་བསྒང་ང་བཅས་རྫོང་ནང་འབད་ཚུགས་རུང་མ་ཚུགས་རུང་ནཱེམ་ཟླཝ་བཞི་པའི་གི་ནཱེམ་ཚོང་འདུས་བརྒྱ་ཚར་འདི་གྲོལ་ཞིནམ་ན་ཏེ་ཕྱ་རི་བཀབ་ཆོག
  • བསོད་ནམས་སྒྲོལམོ་
    ཏེ་ཟླཝ་གསུམ་པའི་ཞབས་དྲུང་སྐུ་མཆོད་འདི་གྲོལཝ་ཅིག་ཏེ་ཕྱ་རི་འདི་ཡང་བཀབ་མི་ཆོག་དེ་ལསན་ཏེ་སྤ་་་རྫོང་ནང་ལས་ཡར་གྱང་སྟེ་
    ཏེ་ང་བཅས་སྟོད་རྩེ་ཟེརན་གྱོན་ནི་མེད་ལགས་ཏེ་ཨ་ནཱེ་སྦེ་ གོ་ལ་སྲབ་འཕྲོས་འཕྲོས་ ཨ་ནཱེ་སྦེ་ཨིན།
  • བསོད་ནམས་སྒྲོལམོ་
    ད་ཏེ་རྫོང་ནང་ཨིན་པས་ཏེ་ལགས་སྟོད་རྩེ་གྱོན་དགོ་རུང་ལྷམ་བཙུགས་འགྱོ་དགོ་རུང་དོརམ་ད་ཏེ་ཨའུ་ད་རྫོང་ནང་ད་ཏེ་ད་འདི་མེན་པས་མནོཝ་བཏངམ་མས་མྱ་ལགས།
  • བསོད་ནམས་སྒྲོལམོ་
    ཏེ་ཨ་ཙི་ཅིག་ཨ་ནཱེ་སྦེ་ག་ར་རང་ཏེ་ ཏེ་རྟ་དཀརཔོ་སྤང་འཁྱམས་སྦེ་ ནཱེ་སྦེ་སྡོད་ཏེ་ཏེ་ཡར་གྱི་རྫོང་ནང་གི་སྒྲིག་བལྟ་བ་ཅིན་ སྒྲིག་ལམ་རྣམ་གཞག་འདི་ད་ དང་ཕུག་གི་ཧེ་མ་འབདན་ཏེ་རྗེ་དཔལ་ལྡན་སེང་གེ་གིས་ ཏེ་འ་ནཱེ་སྦེ་དེ་བསྒང་སྐབས་ཏེ་ རོགས་ཨ་ནཱེ་འབད་བའི་ལོ་རྒྱུས་སླབ་འབད་ཚེ་ཏེ་ ད་ནཱི་བཟུམ་རྒྱུད་སྲུང་འབད་ ནཱི་རྒྱུས་མེད་རུང་ ང་མནོ་བསམ་ནཱེ་སྦེ་ འཆརཝ་མས་ལགས།ཨ་ཙི་ད་རེས་འབད་བ་ཅིན།