06 Jan 2016
4 min 46 sec
Video Overview
Creators:
Tibetan & Himalayan Library
This is a video of Takdo from Topden Township in Chentsa singing a song called "People from the High and the Low Lands." This song is part of a collection of folk songs from the Rebgong cultural area.
འདི་ནི་སྟོད་སྨད་ཀུན་གྱི་མི་ཀུན་མི་རྒྱུད་དེད་ན་ཡོངས་ཁུངས་གཅིག་ཡིན་པ་བརྗོད་ཡོད།
གླུ་འདིའི་ནང་དོན་གཙོ་བོ་ནི་སྟོད་ཀྱི་རི་དང་སྨད་ཀྱི་རི་ཚང་མ་རི་རྒྱུད་དེད་ན་གཅིག་ཡིན་པ་དང་སྟོད་ཀྱི་ཆུ་དང་སྨད་ཀྱི་ཆུ་ཚང་མ་ཆུ་མགོ་གཅིག་ཡིན་པ། སྟོད་ཀྱི་མི་དང་སྨད་ཀྱི་མི་ཚང་མ་མི་རྒྱུད་དེད་ན་གཅིག་ཡིན་པ་བརྗོད་ཡོད།
- ༼ཨོ་ཡེ་་་ལྡོང་གི་ལ་ལ་ཡེ་་་་ལ་མོ་ལ་ལ་་་་ཡང་ལེན༽
- འདི་སྟོད་ཀྱི་རི་དང་སྨད་ཀྱི་རི།།
- རིར་རི་མིང་བཏགས་ན་རི་གཉིས་རེད།།
- འདིའི་རི་རྒྱུད་དེད་ན་རི་གཅིག་རེད།།
- ༼ཨོ་ཡེ་་་ལྡོང་གི་ལ་ལ་ཡེ་་་་ལ་མོ་ལ་ལ་་་་ཡང་ལེན༽
- འདི་སྟོད་ཀྱི་ཆུ་དང་སྨད་ཀྱི་ཆུ།།
- ཆུར་ཆུ་མིང་བཏགས་ན་ཆུ་གཉིས་རེད།།
- འདིའི་ཆུ་མགོ་དེད་ན་ཆུ་གཅིག་རེད།།
- ༼ཨོ་ཡེ་་་ལྡོང་གི་ལ་ལ་ཡེ་་་་ལ་མོ་ལ་ལ་་་་ཡང་ལེན༽
- འདིའི་སྟོད་ཀྱི་མི་དང་སྨད་ཀྱི་མི།།
- མིར་མི་མིང་བཏགས་ན་མི་གཉིས་རེད།།
- འདིའི་མི་རྒྱུད་དེད་ན་མི་གཅིག་རེད།