Skip to main content Skip to search
09 Dec 2014
4 min 36 sec
Rating
0
No votes yet
Video Overview
Creators: 
Yeshi Wangchuk

ཕུན་ཚོགས་དོན་གྲུབ་ཀྱིས་འབད་བ་ཅིན་ ད་ལྟོ་རྡོའི་རྩིགཔ་སྒོར་སྒོར་སྦེ་ མཇལ་ནི་ཡོད་མི་འདི་ པད་མ་གླིང་པ་མགར་བཟོ་གནང་ས་ཨིན་པས། ཁོ་གི་ལོ་རྒྱུས་དང་འཁྲིལཝ་ད་ གཏེར་སྟོན་པད་མ་གླིང་པ་དབུ་གུར་ནང་བཞུགས་པའི་སྐབས་ གུ་རུ་རིན་པོ་ཆེ་དངོས་སུ་སྦེ་བྱོན་ཏེ་ གསུང་གྲོས་གནང་གནངམ་ གཡུས་སྒོའི་མི་ ཨམ་ཚེ་དབང་སྐྱིད་ཀྱིས་ མཇལ་མཇལཝ་ཨིན་ཟེར་ ཨིན་པས། དེ་མ་ཚད་ པད་མ་གླིང་པའི་ཕྱག་བཟོ་ བུམ་པ་དང་དྲིལ་བུ་ ཁུ་ལེ་བཟོ་ནི་གོ་ལང་འདི་ཚུ་ཡང་ ད་ལྟོའི་བར་ན་ཡང་ཡོད་ ཟེར་ཨིན་པས།

 

Show More

  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    འ་ནཱི་འདི་ གཏེར་བཏོན་པདྨ་གླིང་པ་ མགར་བའི་གི་ ཕྱག་ལཱ་མཛད་ས་གི་ མགར་ཚང་ཟེར་མི་འདི་ ནཱི་ཨིན་པས་ཟེར་ ཞུ་ནི་སྦེ་ཨིན་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    གཏེར་བཏོན་པདྨ་གླིང་པ་འདི་ དབུ་གུར་སྤུབས་ཏེ་གིས་ ཏེ་ འ་ནཱ་བཞུགས་པའི་གི་རིང་ལུ་ དེ་ལས་ ཟངས་མདོག་དཔལ་རི་ལས་ གུ་རུ་རིན་པོ་ཆེ་ དགེ་བཤེས་ཀྱི་ རྣམ་པ་ཅིག་ལུ་སྤྲུལ་ཏེ་ ནཱ་ལུ་བྱོན་ནུག་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    དེ་ལས་ རྫོགས་པ་ཆེན་པོ་གི་གདམས་ངག་ མཁའ་འགྲོ་གི་ ལུང་བསྟན་འདི་ཚུ་ག་ར་ འདི་ནཱ་ལུ་ཏེ་ གསུངས་ཞིནམ་ན་ལས་ ཏེ་ གཏེར་བཏོན་པདྨ་གླིང་པ་ལུ་ དེ་སྦེ་གསུངས་ནུག་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    ཁྱོད་ དུས་རྙིང་སྙིགས་མ་ལྔ་བདོ་ལུ་ཏེ་ ཆོས་འདི་ ག་ཅི་རང་སྤེལ་ཏེ་གིས་འབད་རུང་ མཁའ་འགྲོ་གི་ བཀའ་དང་བསྟུན་ཏེ་ སྤེལ་དགོ་ཟེར་ དེ་སྦེ་ གསུངས་གནང་ནུག་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    དེ་ལས་ འ་ནཱེ་སྦེ་ གསུང་པའི་བར་ན་ལུ་ བར་ཡོང་ལས་ ཨའི་ཚེ་དབང་སྐྱིད་ཟེར་མི་དེགིས་ དགེ་བཤེས་ཅིག་དང་ གཏེར་བཏོན་པདྨ་གླིང་པ་ གསུང་གྲོས་གནང་ས་ མོ་གིས་མཇལ་ནུག་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    དེ་ལས་ གཡུས་ཁ་གི་ ཉེ་འདབས་ཀྱི་ མི་འདི་ཚུ་ལུ་ དབའེ་ ད་འབདན་ གཏེར་བཏོན་པདྨ་གླིང་པ་འབད་སར་ མགྱོནམ་ཅིག་ལྷོད་ཅི་ ང་བཅས་ར་ མགྱོནམ་གྱི་ ཁ་བཟང་ལུ་ འགྱོ་གེ་ཟེར་ ཁོང་ག་ར་ ཉེ་འབདས་ཀྱི་ ཨམ་འདི་ཚུ་
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    ལ་ལུ་གིས་ ཆུམ་འབག་ ལ་ལུ་གིས་ ཀར་བརྔོ་བརྔོཝ་ དེར་མ་གི་ནང་ལུ་འབག་ ལ་ལུ་གིས་སྒོང་རྡོག་འབག་ ནཱི་ཚུ་ག་ར་ འབག་ཞིནམ་ན་ མཛརཝ་འདི་ཚུ་ འབག་ཞིནམ་ན་ལས་ སིང་ཆང་ ཨ་རག་འདི་ཚུ་ འབག་ཞིནམ་ན་ལས་ གཏེར་བཏོན་པདྨ་གླིང་པ་ བཞུགས་སར་ ནཱ་བཅར་ནུག་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    ཏེ་ ནཱ་བཅར་པའི་བསྒང་ལུ་ དབུ་གུར་གྱི་ སྦོ་ལོགས་ཁར་ལྷོདཔ་ཅིག་ ཏེ་ གུ་རུ་རིན་པོ་འདི་ན་རང་ ཡལ་སོང་ནུག་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    དེ་ལས་ ཨམ་ཚེ་དབང་སྐྱིད་ཟེར་མི་དེ་གིས་ དབའེ་ ད་ལྟོ་ཡོད་མི་ མགྱོནམ་འདི་(དང)གུ་རུ་རིན་པོ་ཆེ་འདི་ གཏེར་བཏོན་པདྨ་གླིང་པ་འདི་ ཉི་མའི་ཟེར་ལ་འཛེག་སྟེ་གིས་སྦེ་ གསུང་གྲོས་གནང་བཞུགས་ནུག་ཟེར་ཨིན་པས་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    ད་དེ་ལས་ ཨམ་ཚེ་དབང་སྐྱིད་ཀྱིས་ ཁྱོད་ ག་དང་གཅིག་ཁར་ གསུང་གྲོས་གནངམ་སྨོ་ཟེར་ ད་ལྟོ་ཡོད་མི་གི་ མགྱོནམ་འདི་ ག་ཏེ་ཡར་སོང་ཡི་ག་ཟེར་ ག་སྨོ?ཟེར་ ཞུ་བའི་གི་ལན་ལུ།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    གཏེར་བཏོན་པདྨ་གླིང་པ་གིས་ གུ་རུ་རིན་པོ་ཆེ་ཨིནམ་འདྲས་ཟེར་ དེ་སྦེ་ཞུ་ནུག་ལོ། དེ་ལས་ ཨམ་ཚེ་དབང་སྐྱིད་ཟེར་མི་འདི་ ཡ་ ང་བཅས་ཆ་ཁྱབ་ཟེར་ ད་གཡུས་འདི་ནང་ལུ་སྐྱེས་ཏེ་ ལྷ་བཟང་ནུག་ཟེར་ སྐལ་པ་བཟང་ནུག་ཟེར།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    དེ་ལས་ བཛྲ་གུ་རུ་འདི་ཚུ་བགྱངས་ གསོལ་འདེབས་འདི་ཚུ་ བགྱངས་ཞིནམ་ན་ལས་ དད་པ་འདི་ སྙིང་ཐག་པ་ལས་རང་ ཏེ ་ སེམས་ནང་ན་ལས་རང་ དད་པ་བསྐྱེད་དེ་ ཏེ་ གུ་རུ་རིན་པོ་ཆེའི་ གསོལ་འདེབས་ཕུལ་ཞིནམ་ན་ལས་ ཆོས་སེམས་ ཧེ་མ་ལས་ལྷག་སྟེ་ དེ་སྦེ་འགྱུར་ཡར་སོང་འདུག་ཟེར་ ཞུ་ནི་སྦེ་ཨིན་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    ད་ལྟོ་ ནཱ་གཏེར་བཏོན་པདྨ་གླིང་པ་ འ་ནཱི་ནང་ལུ་ བཞུགས་པའི་སྐབས་ལུ་ ང་བཅས་ར་ སེམས་ཅན་གྱི་ སེམས་ཅན་སངས་རྒྱས་ནི་གི་དོན་ལུ་ བུམ་པ་ཅིག་དང་ རྡོ་རྗེ་དང་ དྲིལ་བུ་ དེ་མ་ཚད་ ང་བཅས་ར་ ཁུ་ལི་ བཟོ་ནི་གི་ ཨ་ནཱི་ སྒོ་ལང་ཟེར་མི་འདི་
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    གནམ་མེད་ས་མེད་ རྩ་ཆེ་ཏོག་ཏོ་འདི་ ཀེ་ཇི་ ༢ དང་ གཱརམ་ ༧༠༠ འདུག་ལགས། འ་ནཱི་སྒོ་ལང་འདི་ ཏེ་ ང་བཅས་ གཡུས་ཁར་ར་འདུག་ལགས་འ་ནཱི། འ་ནཱི་ཡང་ ནཱ་བཞུགས་པའི་བསྒང་ལུ་
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    ཏེ་ གཏེར་བཏོན་པདྨ་གླིང་པ་གིས་ བརྡུངས་བཞག་སྟེ་ དེ་སྦེ་འདུག་ཟེར་ ཞུ་ནི་སྦེ་ཨིན། འ་ནཱི་ བརྡུངས་བཞག་དགོ་མི ་ཁུངས་འདི་ཡང་ ག་ཅི་སྨོ་ཟེར་བ་ཅིན་ ཏེ་ ཁུ་ལི་ བཟོ་བཟའ་བ་ཅིན་འདི་ ཏེ་ ང་བཅས་ར་ ངན་སོང་གསུམ་ནང་ མི་ལྷུང་ནི་གི་དོན་ལུ་
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    ཞིང་ཁམས་ནང་ སྐྱེ་ནིའི་དོན་ལུ་ སེམས་ཅན་དུད་འགྲོ་ ག་ཅི་རང་ཨིན་ཏེ་གི་འབད་རུང་ ཨ་ནཱི་ ཟས་འདི་ ཁ་ལ་རེག་པ་ཙམ་གྱིས་ རྣམ་མཁྱེན་སངས་རྒྱས་ཀྱི་ གོ་འཕང་འཐོབ་ནི་གི་དོན་ལུ་ ཏེ་ ཐུགས་ཀྱི་ དགོངས་བཞེད་དེ་སྦེ་ཨིན་པས་ཟེར་ ཞུ་ནི་སྦེ་ཨིན་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    ཏེ་ བུམ་འདི་ཡང་ ཏེ་ ང་བཅས་ར་ བུམ་པ་གི་ཁྲུས་ཆུ་ནང་ལས་ ཁྲུས་ཆུ་འཐུངམ་ཅིག་ ཁ་ལ་རེག་པ་ཙམ་གྱིས་ བྱོལ་སོང་གི་ དུད་འགྲོ་གི སྐྱེསཝ་མི་ལེན་ མཐོ་རིས་ལྷའི་མི་དང་ གོ་འཕང་འཐོབ་ནི་གི་དོན་ལུ་ ད་ ཚེ་ད་རེས་ ང་བཅས་ར་ སྡོད་པའི་རིང་ལུ་ ཁོག་པ་ནང་ལུ་དུག་ དུག་ལྔ་དུག་གསུམ་ ག་ར་ཞི་ནི་གི་དོན་ལུ་ ཏེ་ བུམ་ནང་གི་ ཏེ་ བུམ་པ་ བཟོ་གནང་དགོ་པའི་རྒྱུ་མཚན་ འདི་ཨིན་པས་ཟེར་ ཞུ་ནི་སྦེ་ཨིན་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    དྲིལ་བུ་འདི་ཡང་ ང་བཅས་ར་ ཆོས་རྔ་ཆེན་པོ་སྒྲ་ཡི་ནས། །སྡུག་བསྔལ་སེམས་ཅན་མཐར་བགྱིད་ཤོག །ཟེར་ ཨ་ནཱི་ དྲིལ་བུ་གི་ སྒྲ་ཐོས་པ་ཙམ་ཅིག་གིས་ ཏེ་ ང་བཅས་ར་ མཇལ་བ་ཐམས་ཅད་ཀྱིས་ མཐོང་གྲོལ་ཨིན་པས། བཏགས་ཐམས་ཅད་ཀྱིས་ བཏགས་གྲོལ་ཨིན་པས། གསུང་ཐོས་པ་ཙམ་ཅིག་གིས་ དྲིལ་བུ་གི་གསུང་ཐོས་པ་ཙམ་ཅིག་གིས་ ཁམས་གསུམ་ འཁོར་བ་ནང་གནས་པའི་ སེམས་ཅན་ཐམས་ཅད་ རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་ འཐོབ་ནི་གི་དོན་ལུ་ དེ་སྦེ་ཏེ་ ཨ་ནཱ་བརྡུངས་ཏེ་ བཞག་དགོ་མི་གི་ ཏེ་ གཏེར་བཏོན་པདྨ་གླིང་པ་གི་ ཐུགས་ཀྱི་དགོངས་བཞེད་འདི་ དེ་སྦེ་ཨིན་པས་ཟེར་ ཞུ་ནི་སྦེ་ཨིན་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    འ་ནཱི་གི་ འ་ནཱི་གི་ མགར་ཚང་འདི་ ང་བཅས་ སྔོན་མར་ག་ཨིནམ་ཅིག་ བཅོ་ཁ་ཡང་མ་རྐྱབ་ ག་ནི་ཡང་མ་འབད་ལགས། སྔར་ལྟར་དུ་རང་སྦེ་ ཏེ་ ང་བཅས་ རྡོ་ཅིག་རང་མ་འཐུཝ་འབད་ དེ་སྦེ་བཞག་ཡི་ཟེར་ ཞུ་ནི་སྦེ་ཨིན་ལགས།
  • ཕུན་ཚོགས་དོན་གྲུབ་/Phuntsho Dendup:
    སྐལ་པ་བཟང་པོ་འདི་ཚུ་ ནཱ་ལྕགས་བརྡུང་བརྡུངས་པའི་གི་ ཧེ་མ་གི་ ཨ་ནཱི་ ལྕགས་རོ་འདི་ཚུ་ཡང་ རོགས་ཨ་ནཱི་ འཐོབ་ནི་གི་ ལུང་བསྟན་ཅན་འདི་ཚུ་གིས་འདི་ ཨ་ནཱེ་སྦེ་ འཐོབ་པའི་ སྲོལ་འདུག་ཟེར་ ཞུ་ནི་སྦེ་ཨིན་ལགས།