Skip to main content Skip to search
07 Jun 2018
6 min 13 sec
Video Overview
Creators: 
penchela, Ugyen Phunthso

Ap Dorji of Balung village sings the song that is performed in the evening when the archers and dancers return to the temple for the evening programs during the annual Lodha. The song  describes an archery range and it also describes about the decorum of the marchang. The lead singer gives instruction on where the arrows and bows should be kept. They had a tradition that the bows should be held by a lady kneeling beside the marchang container. 

༉  གླུ་གཞས་འདི་ དར་དཀར་ན་རྫོང་ཁག་ བ་ལུང་གཡུས་ཚན་གྱི་ ལོ་ལྟར་རྐྱབ་སྲོལ་ཡོད་པའི་ལོ་མདའ་འདི་མཇུག་བསྡུ་སྟེ་ ཕྱི་རུ་ལོག་སྟེ་ལྷ་ཁང་ནང་འགྱོ་བའི་སྐབས་འཐེནམ་ཨིནམ་ད་ འདི་ནང་འབའ་སྐྱོར་གྱི་ མིང་ཁག་མ་འདྲཝ་སྦེ་ཡོད་པའི་སྐོར་ལས་དང་ མར་ཆང་བཅའ་སྒྲིག་གི་སྐོར་ལས་བཤད་པ་རྐྱབ་མས། ཞབས་བྲོའི་རྩིས་དཔོན་འདི་གིས་ མདའ་དང་གཞུ་འདི་ ག་ཏེ་བཞག་དགོཔ་ཨིན་ནའི་ངོ་སྤྲོད་འབདཝ་ཨིནམ་ད་ གཞུ་འདི་མར་ཆང་ལྷོད་ཀྱི་སྦོ་ལོགས་ཁར་སྡོད་མི་ བུམོ་འདི་གིས་བཤེད་དགོཔ་ད་ སྐད་འཐེན་མི་འདི་ གཡུས་ཚན་འདི་ནང་ ཞབས་བྲོའི་མཁས་མཆོག་ཅིག་ཨིན་མི་ ཨཔ་རྡོ་རྗེ་ཨིན།

Transcript search
No results found for this search
0 of 0
  • ཨཔ་རྡོེ།
    Ap Dorji: ཏེ་དེ་ལས་ མར་ལས་ནཱ་ཁྱིམ་ན་འོངམ་ད་
  • ཨཔ་རྡོེ།
    Ap Dorji: ཨ་ལེགས་སོ་ལེགས་སོ། དཔལ་ཆགས་པ་ལེགས་སོ། བཀྲ་ཤིས་པར་ལེགས་སོ། གཡང་ལ་ཆགས་པ་ལེགས་སོ།
  • ཨཔ་རྡོེ།
    Ap Dorji: ཨ་ལེགས་སོ་ལེགས་སོ། ཉིམ་སུ་ཉིམ་རེ་ཐོག་ལུ་ཕྱག་མདའ་གནང་སྟེ་འོ་བརྒྱལ་རུང་། ཐུགས་རུ་ང་དང་ཕྲག་དོག་མ་མཛད་པར། ཞིཝ་བྱང་ཆུབ་ཧང་ལས་བསྒོམ་སྟེ། དཔལ་ཆགས་པ་ལེགས་སོ།
  • ཨཔ་རྡོེ།
    Ap Dorji: ཨ་ལེགས་སོ་ལེགས་སོ། ཉིམ་སུ་ཉིམ་རེ་ཐོག་ལུ་ཕྱག་མདའ་གནང་སྟེ་འོ་བརྒྱལ་རུང་་་་་ ཉིམ་སུ་ཉིམ་རེ་ཐོག་ལུ་ཕྱག་མདའ་གནང་འོ་བརྒྱལ་རུང་། ཕྱྭ་དང་ཧུ་གི་སྟེང་ལུ་འབྱོན་དགོ་དགོ། ངེའི་སྐྱེས་པ་དམངས་ལུ་ཞུགས་མ་བཅུག ནུམོ་སུ་ནུབ་མོའི་རེ་ཐོག་ལུ། ཟ་མོའི་གསུང་ལ་བསྡུ་སར་འབྱོན་དགོ་དགོ། གསུང་ལུ་ལྷག་ཆད་ཞུགས་མ་བཅུག དཔལ་ཆགས་པ་ལེགས། དེ་ལས་ནཱ་སྒོ་ཁར་ལྷོད་འོང་ལགས། དེ་ལས་ནཱ་སྒོ་ཁར་ལྷོདཔ་ཅིགན་སྒོ་ཁ་ལས་ ཏེ་ཁོང་མར་མདའ་རྩེདཔོ་ཚུ་འོག་ལས་བཞག་སྦེ་ གཞས་དཔོན་ཡར་ལྟག་ལས་སྒོ་ཁར་བསྒུགས་སྦེ་
  • ཨཔ་རྡོེ།
    Ap Dorji: ཨ་ལེགས་སོ་ལེགས་སོ། ཤར་ལས་ཤར་གྱི་དངོས་གྲུབ་བྱིན་རླབས་བསྣམས་ཏེ་བྱོན་ཡི་ག ལྷོ་ལས་ལྷོ་གི་དངོས་གྲུབ་བྱིན་རླབས་བསྣམས་ཏེ་འབྱོན་དགོ་གོ། བྱང་ལས་བྱང་གྱི་དངོས་གྲུབ་བྱིན་རླབས་བསྣམས་ཏེ་འབྱོན་དགོ་གོ། ཤར་ལས་ཤར་གྱི་དངོས་གྲུབ་བྱིན་རླབས་བསྣམས་ཏེ་འབྱོན་དགོ་གོ། མི་ནོར་ཟས་སུ་འཛོམས་པའི་དངོས་གྲུབ་བྱིན་རླབས་བསྣམས་ཏེ་འབྱོན་དགོ་གོ།
  • ཨཔ་རྡོེ།
    Ap Dorji: ཁྱོད་ཐུགས་རུ་ང་དང་ཕྲག་དོག་མ་མཛད་པར། ཞིཝ་བྱང་ཆུབ་ཧ་ལས་བསྒོམ་སྟེ། དཔལ་ཆགས་པ་ལེགས།
  • ཨཔ་རྡོེ།
    Ap Dorji: ཨ་ལེགས་སོ་ལེགས་སོ། བཀའ་ཆེ་བ་བླ་མའི་དཀོན་མཆོག་འབྱོན། བར་འབྲུག་པས་བསྟེན་མི་ཆོས་སྲུང་འབྱོན། སྐྱེས་པས་སྒྲུབ་པའི་དགྲ་ལྷ་འབྱོན་དགོ་གོ། ཁྱོད་ཐུགས་རུ་ང་དང་ཕྲག་དོག་མ་མཛད་པར། ཉིན་སུ་ཉི་མའི་ར་ཐོག་ལུ། ཕྱག་མདའ་གནང་སྟེ་འོ་བརྒྱལ་རུང་། ཕྱག་མདའ་གནང་སྟེ་འོ་བརྒྱལ་རུང་། ཐུགས་རུ་ང་དང་ཕྲག་དོག་མ་མཛད་པར། ཞིཝ་བྱང་ཆུབ་ཧ་ལས་བསྒོམ་འདི། ལྷ་ཁང་ལྡེབས་རིས་ནང་ལུ།མར་ཆང་བཞེས་པ་འབྱོན། ཟེརཝ་ཅིག་ལོག་ནང་ན་འཛུལ་འོང་ལགས།
  • ཨཔ་རྡོེ།
    Ap Dorji: ནང་ན་འཛུལ་སྦེ་ དེ་ལས་ ཨ་ལེགས་སོ་ལེགས་སོ། ཁྲོ་ཅུང་གསེར་གྱི་གཡང་ཁྲོ་ནང་།ཡར་འ་ནཱི་ཁྲོ་ཅུང་ནང་ ཆང་སྦང་ཆང་བཀལ་བཞག་འོང་བ་ལགས། གཡང་ཁྲོ་ནང་། ངེ་དངུལ་གྱི་ཆང་བཤོ་དཔག་སྟེ་བཞག་ཡོད་དགོ། གསེར་གྱི་ཀུ་ཅུང་དཔག་སྟེ་བཞག་ཡོད་ལ། གཡང་སྒྲོ་མདའ་འདེ་ལྷོང་སྟེ་བཞག་ཡོད་ལ། ཁྱོད་ཐུགས་རུ་ང་དང་ཕྲག་དོག་མ་མཛད་པར། ཞིཝ་བྱང་ཆུབ་ཧ་ལས་བསྒོམ་སྟེ། ཨ་མར་ཆང་བཞེས་པར་བྱོན།
  • ཨཔ་རྡོེ།
    Ap Dorji: ཨ་ལེགས་སོ་ལེགས་སོ། དེ་ལས་ང་བཅས་ཨ་ནཱི་བྲེ་ བཀང་སྦེ་བཞག་འོང་བ་ལགས། ཤོ་བཏབ་སྦེ་ འ་ནཱ་ མདའ་འདི་ མདའ་འ་ནཱ་བཀལ་དགོ་ལ།
  • ཨཔ་རྡོེ།
    Ap Dorji: ཏེ་གཞུ་འདི་ཧེ་མ་འབད་བ་ཅིན་ ཏེ་མདའ་འདི་འ་ནཱ་བྲེ་ནང་བཀལ་ ཏེ་ཨམ་སྲུ་གཅིག་འ་ནཱ་ཙོག་ཙོ་འབད་སྡོང་འོང་ལགས། འ་ནཱི་ཨམ་སྲུ་དེ་གིས་ གཞུ་འདི་ཨམ་སྲུ་དེ་གིས་ལེན་འབད་སྦེ་ འ་ནཱི་སྦེ་ཨིན་ལགས།
  • ཨཔ་རྡོེ།
    Ap Dorji: ཨ་ལེགས་སོ་ལེགས་སོ། སྐྱེས་པའི་མདའ་ཁ་གཡས་ལས་བཞག ཟབ་མོའི་གཞུ་ཆ་གཡོན་ལས་བཞག ཐུགས་རུ་ང་དང་ཕྲག་དོག་མ་མཛད་པར། ཞིཝ་བྱང་ཆུབ་ཧ་ལས་བསྒོམ་སྟེ། སྒེར་གི་བ་ལུང་གདངས་ར་ལུ། ཆེཝ་འགོ་ལས་ཡལ་མ་བཅུག ཆུངམ་ཕངམ་ལས་ཤོར་མ་བཅུག བ་མོ་རྐྱེན་གྱིས་རྐྱབ་མ་བཅུག ང་བཅས་ང་བཅས་་་་ གེ་སར་འཛོམས་པའི་འཛོམས་ཤུལ་ལུ། ཁྱོད་ལྷ་དང་དཔལ་གྱིས་འཁྱམས་ན་འཁྱམ། འདྲེ་དང་འགོ་མ་འཁྱམས་མི་བཅུག ཨ་མར་ཆང་བཞེས་པར་འབྱོན་ཟེར་ ཏེ་ད་ འ་ནཱིམ་ཅིག་སྦེ་མཇུག་བསྡུཝ་ཨིན་ལགས།། །།