Skip to main content Skip to search
29 Dec 2015
4 min 13 sec
Video Overview
Creators: 
Tibetan & Himalayan Library

This is a video of Zungbum Thar from Badzong, Amdo singing "At the Peak of the World Mountain." This song is part of a collection of folk songs from the Rebgong cultural area.

གླུ་འདི་ནི་རྟེན་འབྲེལ་མཚོན་པའི་ཨ་མདོའི་ཡུལ་གྱི་དམངས་གླུ་ཞིག་ཡིན།

འདི་ནི་རྟེན་འབྲེལ་མཚོན་པའི་གླུ་ཞིག་ཡིན་ལ། འདིའི་ནང་དུ་དང་པོ་དབུས་ལ་འགྲོ་བའི་བན་ཆུང་ཉིས་འགྲོ་ནི་ཆོས་ཀྱི་དོན་དུ་དབུས་ལ་འགྲོ་བ་དང་། རྨ་ཆུ་སྔོན་མོའི་འགྲམ་ན་བུ་མོ་ཉིས་འགྲོ་ཞིག་འགྲོ་བ་གཙང་ཆུ་བཅུ་བའི་དོན་རེད། དེ་གཉིས་ཀ་རྟགས་དང་རྟེན་འབྲེལ་བཟང་ཞེས་པའི་དོན་ཡིན།

Transcript search
No results found for this search
0 of 0
  • ༼ ཡེ་་་་་ལ་ལ་མོའི་ཡང་འགྲོ་་་་་ཨ་ཟིན་ཁོ། ཡང་ཡ་རེ་ལེན། ༽
  • སྟོད་འཛམ་གླིང་རི་རྒྱལ་གོང་ཞོལ་གསུམ། ། ༼ ལ་ལ་མོའི་ཡང་འགྲོ་་་་་ཨ་ཟིན་ཁོ། ཡང་ཡ་རེ་ལེན། ༽
  • སྟོད་འཛམ་གླིང་རི་རྒྱལ་གོང་མ་ན། ། ༼ ལ་ལ་མོའི་ཡང་འགྲོ་་་་་ཨ་ཟིན་ཁོ། ཡེ་་་ཡ་རེ་ཡང་ལེན། ༽
  • གསེར་སེར་པོའི་འཁོར་ལོ་ཉིས་འཁོར་ཞིག ། ༼ ལ་ལ་མོའི་ཡང་འགྲོ་་་་་ཨ་ཟིན་ཁོ། ཡེ་་་ཡ་རེ་ཡང་ལེན། ༽
  • གན་བསྐོར་བའི་བན་ཆུང་ཉིས་འགྲོ་ཞིག ། ༼ ལ་ལ་མོའི་ཡང་འགྲོ་་་་་ཨ་ཟིན་ཁོ། ཡེ་་་ཡ་རེ་ཡང་ལེན། ༽
  • གན་བསྐོར་དོན་ཡང་ཕྱི་མའི་འགྲོ་དོན་རེད། ། ༼ ལ་ལ་མོའི་ཡང་འགྲོ་་་་་ཨ་ཟིན་ཁོ། ཡེ་་་ཡ་རེ་ཡང་ལེན། ༽
  • གླུ་བར་མོ་བཀྲ་ཤིས་གཡང་ནས་འཇོག ༼ ལ་ལ་མོའི་ཡང་འགྲོ་་་་་ཨ་ཟིན་ཁོ། ཡེ་་་ཡ་རེ་ཡང་ལེན། ༽
  • སྟོད་འཛམ་གླིང་རི་རྒྱལ་ཞོལ་མ་ན། ། ༼ ལ་ལ་མོའི་ཡང་འགྲོ་་་་་ཨ་ཟིན་ཁོ། ཡེ་་་ཡ་རེ་ཡང་ལེན། ༽
  • གཡུ་སྔོན་པོ་ཆུ་མགོ་གཡས་འཁྱིལ་རེད། ། ༼ ལ་ལ་མོའི་ཡང་འགྲོ་་་་་ཨ་ཟིན་ཁོ། ཡེ་་་ཡ་རེ་ཡང་ལེན། ༽
  • གན་བཅུ་བའི་བུ་མོ་ཉིས་འགྲོ་རེད། ། ༼ ལ་ལ་མོའི་ཡང་འགྲོ་་་་་ཨ་ཟིན་ཁོ། ཡེ་་་ཡ་རེ་ཡང་ལེན། ༽
  • གན་བཅུ་དོན་གཙང་ཆུའི་ཇ་དོན་རེད། ། ༼ ལ་ལ་མོའི་ཡང་འགྲོ་་་་་ཨ་ཟིན་ཁོ། ཡེ་་་ཡ་རེ་ཡང་ལེན། ༽