Video Overview
Sangay Choden from Radhi Gewog, Tashigang, sings an old Boedra song entitled Norbu Rigi Tsemoru (On the Peak of a Precious Hill). This song describes the construction of a golden temple, with a golden moon and sun, and a golden statue of Vajrapani. Then a turquoise temple is built, with a turquoise moon and sun, and a turquoise Tara. Finally, a bronze temple is built with a bronze moon and sun, and a bronze conch shell. For water offerings and prayers, Norbu Zangpo will take the responsibility. The composer and origin of the song are unknown. It is performed during special occasions, ceremonies and celebrations. It is performed in a circular formation with around five to twenty dancers.
བཀྲིས་སྒང་རྫོང་ཁག་ རདྷི་རྒེད་འོག་ ལས་ཨིན་མི་ སངས་རྒྱས་ཆོས་སྒྲོན་གྱི་ འབོད་སྒྲ་རྙིངམ་ ནོར་བུ་རི་གི་ཚེ་མུ་རུ་ ཟེར་མི་འདི་འཐེན་ནུག། གླུ་གཞས་འདི་ཡང་ གསེར་གྱི་ཉིམ་དང་ཟླཝ་ལས་ གསེར་གྱི་ལྷ་ཁང་བཞེངས་བའི་སྐོར་དང་ ནང་རྟེན་འབད་ ཕྱག་ན་རྡོ་རྗེའི་གསེར་གྱི་སྐུ་ བཞེངས་བའི་ སྐོར་ལས་ བཤདཔ་ཨིན་མས། དེ་ལས་གཡུ་གི་ཉིམ་དང་ཟླཝ་ལས་ གཡུའི་ལྷ་ཁང་དང་ ལྷ་ཁང་གི་ ནང་རྟེན་འབད་ གཡུའི་རྫེ་བཙུན་སྒྲོལ་མ་བཞེངས་བའི་ སྐོར་ལས་བཤདཔ་ཨིན་མས། མཇུག་ར་ ཟངས་ཀྱི་ཉིམ་དང་ཟླཝ་ལས་ ཟངས་ཀྱི་ ལྷ་ཁང་དང་ ནང་རྟེན་འབད་ ་བཞེངས་བའི་ སྐོར་ལས་བཤདཔ་ཨིན་མས། མཆོདཔ་འཕུལ་ནི་དང་ཁ་ཐུན་གཏང་ནི་འདི་ ནོར་བུ་བཟང་པོ་གི་ འགན་ཁུར་ཨིན་མས། ཞབས་ཁྲ་འདི་བོད་སྒྲ་ རྙིངམ་གཅིག་ཨིནམ་ལས་ ཞབས་ཁྲ་འདི་གི་རྩམ་པ་པོ་དང་ དེའི་འབྱུང་ཁུངས་འདི་ ངོས་བཟུང་མེདཔ་ཨིན་མས། ཞབས་ཁྲ་འདི་ དགའ་སྟོན་དང་རྟེན་འབྲེལ་ ག་ཅི་བཟུམ་ཡོད་རུང་ དེའིསྐབས་ཁྲབ་ནི་ ཡོདཔ་ཨིན། ཞབས་ཁྲ་འདི་ མི་ལྔ་དང་ཉི་ཤུ་བར་ན་ སྒོར་སྒོམས་འབད་ ཁྲབ་སློལ་ཡོདཔ་ཨིན།
- Radhi
- Trashigang
- སངས་རྒྱས་སྒྲོན་ Sangay Chodenནོར་བུ་རི་གི་ལ་རྩེ་མོ་རུ་ལ། །
- སངས་རྒྱས་སྒྲོན་ Sangay Chodenང་ཚོ་གསེར་གྱི་མཆོད་རྟེན་ལ་ཆ་གཅིག་བཞེངས། །

- སངས་རྒྱས་སྒྲོན་ Sangay Chodenརྩེ་མོ་གསེར་གྱི་ལ་ཉིན་ཟླ་བཀལ་ནས་ཅིག་བཞེངས། །
- སངས་རྒྱས་སྒྲོན་ Sangay Chodenནང་དུ་གསེར་སྐུ་ཕྱག་ན་ལ་རྡོ་རྗེ་བཙུགས་ནས་བཞེངས། །

- སངས་རྒྱས་སྒྲོན་ Sangay Chodenམཆོད་རྟེན་འདི་ནས་ལ་ཡོན་ཆབ་ཕུལ་ནས་ཅིག་བཞེངས། །
- སངས་རྒྱས་སྒྲོན་ Sangay Chodenའདི་ཡང་ཚོང་དཔོན་ནོར་བུ་ལ་བཟང་པོ་རེད། །

- སངས་རྒྱས་སྒྲོན་ Sangay Chodenནོར་བུ་བཟང་པོ་ལ་མངའ་ཐང་གོང་ལས་ཅིག་ཡ། །
- སངས་རྒྱས་སྒྲོན་ Sangay Chodenནོར་བུ་བཟང་པོ་འཛམ་གླིང་ལ་ས་ཐག་བསྐོར། །

- སངས་རྒྱས་སྒྲོན་ Sangay Chodenནོར་བུ་རི་གི་ལ་སྐེད་པ་རུ་ལ། །
- སངས་རྒྱས་སྒྲོན་ Sangay Chodenང་ཚོ་གཡུ་ཡི་མཆོད་རྟེན་ལ་ཆ་གཅིག་བཞེངས། །

- སངས་རྒྱས་སྒྲོན་ Sangay Chodenརྩེ་མོ་གཡུ་ཡི་ཉིན་ཟླ་བཀལ་ནས་ཅིག་བཞེངས། །
- སངས་རྒྱས་སྒྲོན་ Sangay Chodenནང་དུ་གཡུ་ཡི་སྒྲོལ་མ་ལ་བཙུགས་ནས་བཞེངས། །

- སངས་རྒྱས་སྒྲོན་ Sangay Chodenམཆོད་རྟེན་འདི་ནས་ལ་མར་མེ་ཕུལ་ནས་ཅིག་བཞེངས། །
- སངས་རྒྱས་སྒྲོན་ Sangay Chodenའདི་ཡང་ཚོང་དཔོན་ནོར་བུ་ལ་བཟང་པོ་རེད། །
- སངས་རྒྱས་སྒྲོན་ Sangay Chodenའདི་ཡང་ཚོང་དཔོན་ནོར་བུ་ལ་བཟང་པོ་རེད། །
- སངས་རྒྱས་སྒྲོན་ Sangay Chodenནོར་བུ་བཟང་པོ་ལ་མངའ་ཐང་གོང་ལས་ཅིག་ཡ། །
- སངས་རྒྱས་སྒྲོན་ Sangay Chodenནོར་བུ་བཟང་པོ་འཛམ་གླིང་ལ་ས་ཐག་བསྐོར། །
- སངས་རྒྱས་སྒྲོན་ Sangay Chodenནོར་བུ་བཟང་པོ་འཛམ་གླིང་ལ་ས་ཐག་བསྐོར། །
- སངས་རྒྱས་སྒྲོན་ Sangay Chodenནོར་བུ་རི་གི་ལ་རྩ་བ་རུ་ལ། །
- སངས་རྒྱས་སྒྲོན་ Sangay Chodenང་ཚོ་དུང་གི་མཆོད་རྟེན་ལ་ཆ་གཅིག་བཞེངས། །

- སངས་རྒྱས་སྒྲོན་ Sangay Chodenརྩེ་མོ་དུང་གི་ཉིན་ཟླ་བཀལ་ནས་ཅིག་བཞེངས། །
- སངས་རྒྱས་སྒྲོན་ Sangay Chodenནང་དུ་དུང་དཀར་གཡས་འཁྱིལ་ལ་བཙུགས་ནས་བཞེངས། །

- སངས་རྒྱས་སྒྲོན་ Sangay Chodenམཆོད་རྟེན་འདི་ནས་ལ་བདུག་སྤོས་ཕུལ་ནས་ཅིག་བཞེངས། །
- སངས་རྒྱས་སྒྲོན་ Sangay Chodenའདི་ཡང་ཚོང་དཔོན་ནོར་བུ་ལ་བཟང་པོ་རེད། །
- སངས་རྒྱས་སྒྲོན་ Sangay Chodenའདི་ཡང་ཚོང་དཔོན་ནོར་བུ་ལ་བཟང་པོ་རེད། །
- སངས་རྒྱས་སྒྲོན་ Sangay Chodenནོར་བུ་བཟང་པོ་ལ་མངའ་ཐང་གོང་ལས་ཅིག་ཡ། །
- སངས་རྒྱས་སྒྲོན་ Sangay Chodenནོར་བུ་བཟང་པོ་འཛམ་གླིང་ལ་ས་ཐག་བསྐོར། །
- སངས་རྒྱས་སྒྲོན་ Sangay Chodenནོར་བུ་བཟང་པོ་འཛམ་གླིང་ལ་ས་ཐག་བསྐོར། །
- སངས་རྒྱས་སྒྲོན་ Sangay Chodenལགས་སོ་ལགས།། །།