Skip to main content Skip to search
14 Jun 2018
3 min 15 sec
Video Overview
Creators: 
Sonam Tobgye

This boedra song is a praise to beloved spiritual masters. The lyrics describe the greatness of masters by using metaphors; their bodies are like a meadow, their faces like the cresent moon, and their voices are like the sound of Lhasa’s golden trumpet. By singing the praises to a master, it is demonstration devotion to him. Devoting oneself to a master is considered an important component of a Buddhist practitioner’s path.

༉  མོང་སྒར་རྫོང་ཁག་ འབྲས་སྤུངས་རྒེད་འོག་ལས་ ཞབས་བྲོའི་སྡེ་ཚན་ཅིག་གིས་ ལྷ་ས་པོ་ཏོ་རྩེ་ལ་ཟེར་མི་བོད་སྒྲ་འདི་འཁྲབ་དོ་ཡོདཔ་ཨིན། གླུ་དབྱངས་འདི་རང་གི་དད་པ་ཡོད་པའི་བླམ་ལུ་བསྟོད་པའི་གླུ་ཅིག་ཨིན། གླུ་དབྱངས་འདི་གིས་ རང་གི་དད་པ་ཡོད་པའི་བླ་མའི་སྐུ་གཟུགས་ལུ་ སྙན་ངག་གི་ཚིག་ དཔེར་ན་ སྤང་གཤོང་དང་ཟླཝ་ ལྷ་སའི་གསེར་དུང་གི་སྒྲ་ཚུ་ བླ་མའི་སྐུ་གཟུགས་ ཞལ་རས་དང གསུངས་སྐད་ཚུ་ལུ་དཔེ་སྦྱར་སྟེ་བསྟོད་པ་རྐྱབ་སྟེ་འདུག ནང་པའི་ཆོས་ཉམས་སུ་བླངས་མི་ཚུ་གིས་ ནང་པའི་ཆོས་འབད་ནི་ཟེར་ དམ་བཅའ་འབད་ཡོད་པ་ཅིན་ ནང་ཆོས་སྦྱང་བརྩོན་འབད་དེ་ རྟོགས་ལྡན་ལུ་འགྱུར་ནིའི་དོན་ལུ་ དགེ་བའི་བཤེས་གཉེན་ཚུ་ལུ་ མོསགུས་བསྐྱེད་དགོཔ་འདི་མེད་ཐབས་མེདཔ་ཅིག་ཨིནམ་ལས་བརྟེན་ བླམ་ལུ་མོས་གུས་བསྐྱེད་དེ་བསྟོད་པ་རྐྱབ་ཨིན་པས།

Transcript search
No results found for this search
0 of 0
  • WEBVTT
  • Drepung gewog dancers: ལྷ་ས་སྤོ་ཏོ་རྩེ་ལས། །རྩྭ་རི་སྨྱུག་མ་འཁྲུངས་ཡོད་ཞེས་པའི་སོ་ཡ། །རྩྭ་རི་སྨྱུག་མ་འཁྲུངས་ཡོད་ཞེས་པའི་སོ་ཡ། ། རྩྭ་རི་སྨྱུག་མ་མ་རེད། །ངེད་ཚོ་བླ་མའི་ཞལ་རས་(སྐུ་གཟུགས་)ཞེས་པའི་སོ་ཡ། །ངེད་ཚོ་བླ་མའི་སྐུ་གཟུགས་ཞེས་པའི་སོ་ཡ། །
    འབྲས་སྤུངས་རྒེད་འོག་ཞབས་ཁྲཔ་
  • Drepung gewog dancers: ལྷ་ས་སྤོ་ཏོ་རྩེ་ལས། །དཀར་གསལ་ཟླ་བ་ཤར་ཡོད་ཞེས་པའི་སོ་ཡ། །དཀར་གསལ་ཟླ་བ་ཤར་ཡོད་ཞེས་པའི་སོ་ཡ། ། དཀར་གསལ་ཟླ་བ་མ་རེད། །ངེད་ཚོ་བླ་མའི་ཞལ་རས་ཞེས་པའི་སོ་ཡ། །ངེད་ཚོ་བླ་མའི་ཞལ་རས་ཞེས་པའི་སོ་ཡ། །
    འབྲས་སྤུངས་རྒེད་འོག་ཞབས་ཁྲཔ་
  • Drepung gewog dancers: ལྷ་ས་སྤོ་ཏོ་རྩེ་ལས། །གསེར་གྱི་རྒྱ་གླིང་འཕུ་ཡོད་ཞེས་པའི་སོ་ཡ། །གསེར་གྱི་རྒྱ་གླིང་འཕུ་ཡོད་ཞེས་པའི་སོ་ཡ། ། གསེར་གྱི་རྒྱ་གླིང་མ་རེད། །ངེད་ཚོ་བླ་མའི་གསུང་སྐད་ཞེས་པའི་སོ་ཡ། །ངེད་ཚོ་བླ་མའི་གསུང་སྐད་ཞེས་པའི་སོ་ཡ།། །།
    འབྲས་སྤུངས་རྒེད་འོག་ཞབས་ཁྲཔ་