Video Overview
གླུ་དབྱངས་འདིའི་ནང་དུ་ཨུདྤལ་ དམར་པོ་དང་སེར་པོ། སྤོན་པོ་བཅས་ཀྱི་སྐྱེ་ཡུལ་དང་སྐྱེ་བའི་དུས་ཚོད་ངོ་སྤྲོད་བྱས་ཡོད།།
- དགའ་སྐྱིད།ཤར་རི་རྒྱལ་རི་བོའི་རི་མགོ་ན།།
- རས་སེར་པོ་ཁ་རེ་རླུང་གིས་བསྐྱོད།།
- དེ་ལྷ་དར་རེད་ན་ཀླུ་དར་རེད།།
- དེ་ལྷ་དར་ཀླུ་དར་གཉིས་ཀ་མིན།།
- དབྱར་འགོ་མའི་ཨ་ཤོག་ལྕང་ཤོག་རེད།།
- ཤར་རི་རྒྱལ་རི་བོའི་རི་རྐེད་ན།།
- རས་དམར་པོ་ཁ་རེ་རླུང་གིས་སྐྱོད།།
- དེ་ལྷ་དར་རེད་ན་ཀླུ་དར་རེད།།
- དེ་ལྷ་དར་ཀླུ་དར་གཉིས་ཀ་མིན།།
- དབྱར་འབྲིང་མའི་ཤེའུ་ལུ་སྒོ་དར་རེད།།
- ཤར་རི་རྒྱལ་རི་བོའི་རི་ཞོལ་ན།།
- རས་སྔོན་པོ་ཁ་རེ་རླུང་གིས་བསྐྱོད།།
- དེ་ལྷ་དར་རེད་ན་གླུ་དར་རེད།།
- དེ་ལྷ་དར་ཀླུ་དར་གཉིས་ཀ་མིན།།
- དབྱར་ཐ་མའི་ཤེའུ་སྔོན་རྒས་སྔོན་རེད།།