Video Overview
Wangmo knew this account of the Jagar Shargi Maja from oral transmission. He was the main sponsor of the Lama. This zhey was performed during the consecration. She had to perform the zhey by herself. Dung was everywhere in the country, including at Ngang Lhakhang. Samthang Dung was from the lineage of Jakar Sangay Dorji. In the past, the Dung was so powerful, with much land and tax revenue.
ལོ་རྒྱུས་འདི་ ངག་རྒྱུན་ཐོག་ལས་དང་ ཁོ་ར་ཡང་ གཞས་རྐྱབ་མི་ཨིནམ་ལས་བརྟེན་ ཤེས་ནུག། བསམ་ཐང་དུང་འདི་ ཧེ་མ་ལས་རང་ བླམ་གྱི་སྦྱིན་བདག་གརྩོ་བོ་ཅིག་འབད ་ཨིན་མས། ད་རེས་ནང་པ་ཡང་ དུང་བརྒྱུད་པ་ཚུ་འབད་ ངང་ལྷ་ཁང་རབས་གནས་སྐབས་ གཞས་འདི་ ཁོ་གི་རང་ རྐྱབ་དགོཔ་ཨིན་མས། ད་རེས་ནང་པ་ཡང་ བསམ་ཐང་དུང་འདི་ ངང་ལྷ་ཁང་གི་ རབས་གནས་ གནང་པའི་སྐབས་ལུ་ གཞས་རྐྱབ་མི་འདི ་ཁོང་རང་ཨིན་མས། དེ་ཡང་ དང་ཕུག་ལས་རང་ ཁོ་གི་རྐྱབ་ནི་འདི་གིས་ ད་རེས་ནང་པ་ ཁྲལ་བཟུམ་ཅིག་འབད་ འགྱོ་འདི་འདུག། དུང་ཟེར་མི་འདི་ འབྲུག་རྒྱལ་ཁབ་ ག་ཏེ་ཡང་འདུག། འདི་བཟུམ་འབད ངང་ལྷ་ཁང་ལུ་ཡང་ ཡོདཔ་ཨིན་མས། བསམ་ཐང་དུང་འདི་ རྒྱ་དཀར་ཚོང་དཔོན་ སངས་རྒྱས་རྡོེ་རྗེ་ཟེར་མི་གྱིས་ བརྒྱུད་པ་ཨིནམ་མས། དུང་འདི་ ཧེ་མ་འབད་གནམ་མེད་ས་མེད་ ཤུག་ཅན་ཅིག་ཨིན་མས། དེ་ཡང་ ཁོ་ལུ་ས་ཞིང་ཡོདཔ་མ་ཚད་ ཁྲལ་ཡང་བཏབ་ནི་འདི་གིས་ ཨིན་མས།
- དབང་མོ་ Wangmoརྒྱ་གར་ལ་ཤར་གྱི་རྨ་བྱ། །རྨ་བྱ་ལ་མགུ་ཏོ་རང་ལེགས། ལེགས་རྒྱལ་བའི་རིགས་ལྔ་ཅིག་འདྲ་སོང། །
- དབང་མོ་ Wangmoའཁྱམས་པའི་ལ་འཁྱམས་ལུགས་མ་ཤེས། །ཨོ་ལོ་འདི་འདི་རང་འཁྱམས་དགོ །
- དབང་མོ་ Wangmoརྒྱ་གར་ལ་ཤར་གྱི་རྨ་བྱ། །རྨ་བྱ་ལ་མིག་ཏོ་རང་ལེགས། །ལེགས་གསེར་གྱི་ཕུད་ཅུང་ར་འདྲ་སོང། །
- དབང་མོ་ Wangmoརྒྱ་གར་ལ་ཤར་གྱི་རྨ་བྱ། །རྨ་བྱ་ལ་གྱིབ་མ་རང་ལེགས། །ལེགས་སྤང་གཤོང་བདེ་མོ་ཅིག་འདྲ་སོང་། །
- དབང་མོ་ Wangmoརྒྱ་གར་ལ་ཤར་གྱི་རྨ་བྱ། །རྨ་བྱ་ལ་རྐང་པ་རང་ལེགས། །ལེགས་རླུང་གི་འཁོར་ལོ་ཅིག་འདྲ་སོང་། །
- དབང་མོ་ Wangmoརྒྱ་གར་ལ་ཤར་གྱི་རྨ་བྱ། །རྨ་བྱ་ལ་མཇུག་མ་རང་ལེགས། །ལེགས་དར་ཚོགས་སྣེ་ལྔ་ཅིག་འདྲ་སོང་། །
- དབང་མོ་ Wangmoཡ་ལགས་སོ།
- ཡེ་ཤེས་དབང་ཕྱུག་ Yeshi Wangchukཨ་ནཱི་འདི་ཡང་ ཨའི་ལས་ལྷབ་ལྷབ་ཨིན་ན་ལགས?
- དབང་མ་ོ Wangmoཨིན་ལགས་ ང་རའི་ཨའི་ལས་རང་།