Video Overview
This song talks about a peacock, a young man, and a young lady to express happiness about life.
གཞས་འདི་ལས་རྨ་བྱ་དང་སྟག་ཤར།སྨན་ཆུང་བུ་མོ་སོགས་བརྗོད་དེ་དེང་གི་འཚོ་བ་གསར་བའི་བདེ་སྐྱིད་བརྗོད་ཡོད།
ལྷ་སྤྲིན་སྔོན་མོའི་ནང་གི།གཡུ་འབྲུག་ཟེ་བ་ཅན་པོ།།གསུང་སྐད་ལྷང་ལྷང་སྒྲོག་དུས།།རྨ་བྱའི་སེམས་པ་དགའ་སོང་།།སྒྱུར་ཡ།སྒྱུར་ཡ།རྨ་བྱས་ཟློས་གར་སྒྱུར་འགྲོ།རྟ་མཆོག་འཕུར་ཤེས་གོང་གི།སྟག་ཤར་གཟི་བརྗིད་ཅན་པོ།།རྩལ་དྲུག་ལྡེམ་ལྡེམ་ངོམ་དུས།།ཕ་མའི་སེམས་པ་དགའ་སོང་།།སྒྱུར་ཡ།སྒྱུར་ཡ།རྨ་བྱས་ཟློས་གར་སྒྱུར་འགྲོགནས་མཆོག་པོ་ཏ་ལ་ནས།།འཕགས་མཆོག་བྱིན་རླབས་ཅན་པོ།།དད་པས་ཡང་ཡང་འཇལ་དུས།།བོད་པའི་སེམས་པ་དགའ་སོང་།།སྒྱུར་ཡ།སྒྱར་ཡ།རྨ་བྱས་ཟློས་གར་སྒྱུར་འགྲོ།གཉན་པོ་གཡུ་རྩེའི་འདབས་ནས།།སྟག་ཤར་གཞོན་ནུའི་གར་སྟབས།།སྨན་ཤར་བུ་མོའི་གཞས་ཆུང་།།ངེད་ཅག་སེམས་པ་དགའ་སོང་།།སྒྱུར་ཡ།སྒྱུར་ཡ།རྨ་བྱས་ཟློས་གར་སྒྱུར་འགྲོ།ཁ་བ་རི་བོའི་ལས་དབང་།།རླུང་རྟ་སྟག་སེང་ཁྱུང་འབྲུགགོང་ནས་གོང་དུ་འགྲོ་བའི།།རྟེན་འབྲེལ་ཡང་ཡང་འགྲིོག་སོང་།།སྒྱུར་ཡ།སྒྱར་ཡ།རྨ་བྱས་ཟློས་གར་སྒྱུར།རྨ་བྱས་ཟློས་གར་སྒྱུར།
通过以孔雀和青虎,以及年轻的姑娘为主题,歌颂了当代的幸福生活。
青云间,青纹猛龙,响彻天地,孔雀欢喜,跳吧,跳吧,跳起孔雀之舞;骏马上,威武青年,多姿多展,父母欢喜,跳吧,跳吧,跳起孔雀之舞;布达拉,圣尊观音,虔诚朝圣,藏人欢喜,跳吧,跳吧,跳起孔雀之舞;年宝玉则,男子善舞,女子善歌,我们欢喜,跳吧,跳吧,跳起孔雀之舞;雪域命运,犹如经幡,蒸蒸日上,善缘和合,跳吧,跳吧,跳起孔雀之舞。