Skip to main content Skip to search
09 Feb 2016
4 min 53 sec
Video Overview
Creators: 
Duptho, Chimi Wangmo

“A Peacock Born in India” is a very popular song in Bhutan. Its lyrics vary from one region to the other, but all the versions are sung to the same tune. The song speaks about birds from India, Tibet and Bhutan. The lyrics say that peacocks are born in India and suffer with the heat in the region; cranes are born in Tibet; and pigeons in Bhutan. This song probably derives from travel observations within the context of a very active trade relationship between Bhutan and these two other countries in the past.

 

བོད་སྒྲའི་གླུ་གཞས་རྙིང་ཤོས་ཅིག་ཨིན་མི་ རྒྱ་ལུ་སྐྱེས་པའི་རྨ་བྱ། །གསུང་ལ་ཨེ་མོ་རུ་རུ། ཟེར་མི་འདི་ བཀྲ་ཤིས་གཡང་རྩེ་རི་བྱུང་ལས་ འཆང་གླུ་གིས་འཐེན་ཏེ་འདུག གླུ་གཞས་འདི་ ཡོངས་གྲགས་ཅན་གྱི་གླུ་གཞས་ཅིག་ཨིན་རུང་ འཆང་གླུ་གིས་འཐེན་མི་འདི་ གླུ་གཞས་ཀྱི་གཞི་གཅིག་ཨིན་རུང་ སྐྱེས་ཡང་རྒྱ་ལུ་སྐྱེས་སོང་། །སྦོམ་ཡང་རྒྱ་ལུ་སྦོམ་སོང་། །ཟེར་མི་འདི་ སྐྱེས་ཡང་རྒྱ་ལུ་སྐྱེས་ཤོག །སྦོམ་ཡང་རྒྱ་ལུ་སྦོམ་ཤོག །ཟེར་འཐེནམ་མ་ཚད་ གླུ་གཞས་ནང་ག་ཡོད་མི་འདི་གི་མཇུག་འདི་བཀོ་བཞག་སྦེ་ ད་རུང་ཐེབས་ འབྲུག་ལུ་སྐྱེས་པའི་འབྲུག་གཡུས་ཟེར་ ལེའུ་ཐེབས་ཅིག་ཡང་བཙུགས་ཏེ་འཐེན་ནི་འདུག།

 

Transcript search
No results found for this search
0 of 0
  • འཆང་གླུ།
    རྒྱ་ལུ་སྐྱེས་པའི་རྨ་བྱ་གསུང་ཡང་ལ་ཨེ་མོ་རུ། །སྭོ་ཡ་ལ་ སྐྱེས་ཡང་རྒྱ་ལུ་སྐྱེས། །སྭོ་ཡ་ལ་ སྐྱེས་ཡང་རྒྱ་ལུ་སྐྱེས། །
  • འཆང་གླུ།
    སྐྱེས་ཡང་ལ་རྒྱ་ལུ་སྐྱེས་ཤོག་གསུང་ཡང་ལ་ཨེ་མོ་རུ། །སྭོ་ཡ་ལ་ སྦོམ་ཡང་རྒྱ་ལུ་སྦོམ་ཤོག །སྭོ་ཡ་ལ་ སྦོམ་ཡང་རྒྱ་ལུ་སྦོམ་ཤོག །
  • འཆང་གླུ།
    སྦོམ་ཡང་ལ་རྒྱ་ལུ་སྦོམ་ཤོག་གསུང་ཡང་ལ་ཨེ་མོ་རུ། །སྭོ་ཡ་ལ་ རྒྱ་འདི་ཚད་པས་གང་སོང་། །སྭོ་ཡ་ལ་ རྒྱ་འདི་ཚད་པས་གང་སོང་། །
  • འཆང་གླུ།
    རྒྱ་འདི་ལ་ཚད་པས་གང་སོང་གསུང་ཡང་ཨེ་མོ་རུ། །སྭོ་ཡ་ལ་ སྨན་ཆེན་ག་བུར་དྲན་སོང་། །སྭོ་ཡ་ལ་ སྨན་ཆེན་ག་བུར་དྲན་སོང་། །
  • འཆང་གླུ།
    བོད་ལུ་སྐྱེས་པའི་ཁྲུང་ཁྲུང་གསུང་ཡང་ཨེ་མོ་རུ། །སྭོ་ཡ་ལ་ སྐྱེས་ཡང་བོད་ལུ་སྐྱེས། །སྭོ་ཡ་ལ་ སྐྱེས་ཡང་བོད་ལུ་སྐྱེས། །
  • འཆང་གླུ།
    སྐྱེས་ཡང་བོད་ལུ་སྐྱེས་ཤོག་གསུང་ཡང་ཨེ་མོ་རུ། །སྭོ་ཡ་ལ་ སྦོམ་ཡང་བོད་ལུ་སྦོམ་སོང་། །སྭོ་ཡ་ལ་ སྦོམ་ཡང་བོད་ལུ་སྦོམ་སོང་། །
  • འཆང་གླུ།
    སྦོམ་ཡང་བོད་ལུ་སྦོམ་ཤོག་གསུང་ཡང་ཨེ་མོ་རུ། །སྭོ་ཡ་ལ་ བོད་འདི་ཁ་བ་གང་སོང་། །སྭོ་ཡ་ལ་ བོད་འདི་ཁ་བ་གང་སོང་། །
  • འཆང་གླུ།
    འབྲུག་ལུ་སྐྱེས་པའི་འབྲུག་ཡུལ་གསུང་དང་ཨེ་མོ་རུ། །སྭོ་ཡ་ལ་ སྐྱེས་ཡང་འབྲུག་ལུ་སྐྱེས་སོང་། །སྭོ་ཡ་ལ་ སྐྱེས་ཡང་འབྲུག་ལུ་སྐྱེས་སོང་། །
  • འཆང་གླུ།
    སྐྱེས་ཡང་ལ་འབྲུག་ལུ་ཤོག་གསུང་ཡང་ཨེ་མོ་རུ། །སྭོ་ཡ་ལ་ སྦོམ་ཡང་འབྲུག་ལུ་སྦོམ་སོང་། །སྭོ་ཡ་ལ་ སྦོམ་ཡང་འབྲུག་ལུ་སྦོམ་སོང་། །
  • འཆང་གླུ།
    སྦོམ་ཡང་འབྲུག་ལུ་སྦོམ་ཤོག་གསུང་ཡང་ཨེ་མོ་རུ། །སྭོ་ཡ་ལ་ འབྲུག་གི་རྣམ་པ་སྣ་ཚོགས། །སྭོ་ཡ་ལ་ འབྲུག་གི་རྣམ་པ་སྣ་ཚོགས། །
    ལ་སོགས་ལགས། །