Skip to main content Skip to search
15 Dec 2011
2 min 1 sec
Video Overview
Creators: 
David Germano

A woman requests a high quality Manjushri tangka from a Barkor artist.

绘制唐卡时,一般要找可靠的画师,他们会按主人的要求,将唐卡的大小尺寸及材料用好后,加工制作。 找当地的画师画唐卡。

Transcript search
No results found for this search
0 of 0
  • དགེ་ཕྲུག
    ཡར་ཕེབས།
    yar phebs/
    Come in.
  • ཕུར་སྒྲོན
    ཆེ་མོ་བོ་ལགས་བཞུགས་ཨ་ཡོད།
    che mo bo lags bzhugs a yod/
    Is the master in?
  • དགེ་ཕྲུག
    འོང་། བཞུགས་བཞག
    'ong /_bzhugs bzhag
    Yes, he is.
  • ཕུར་སྒྲོན
    ལགས་འོང་།
    lags 'ong /
    Ok.
  • ཕུར་སྒྲོན
    ཆེ་མོ་བོ་ལགས། ང་འདིར་སྐྱབས་མཇུག་ཞིག་ཞུ་ཡག་ཡོད་པའི།
    che mo bo lags/_nga 'dir skyabs mjug zhig zhu yag yod pa'i/
    Master, I have a request for you.
  • ཆེ་མོ་བོ་ལགས
    ལགས་འོང་། ག་རེ་ཡིན་ན། འོང་། ཞབས་བཀྱག་གནང་དགོས་འོང་།
    lags 'ong /_ga re yin na/_'ong /_zhabs bkyag gnang dgos 'ong /
    What is it? I...hmm...please have a seat.
  • ཕུར་སྒྲོན
    དེ་ཡིན་པའི་ནི་ད་ལོ་ཏོག་ཙམ་བདེ་པོ་མིན་འདུག་གཟུགས་པོ།
    de yin pa'i ni da lo tog tsam bde po min 'dug gzugs po/
    This is what it is; I have not been healthy this year.
  • ཆེ་མོ་བོ་ལགས
    ལགས་སོ།
    lags so/
    Hmm.
  • ཕུར་སྒྲོན
    ཨ་ནི་ཅིག་ཅང་ངེ་ཅོང་ངེ་ན་གི་འདུག་ག་ནི། སྨན་རྩིས་ཁང་ལ་རྩིས་གཅིག་བཤར་པ་ཡིན་ལགས། 
    a ni cig cang nge cong nge na gi 'dug ga ni/_sman rtsis khang la rtsis gcig bshar pa yin lags/_
    Ok, then, I am getting all these diseases and so I asked for an astrological reading at the Tibetan Astro-Medical Hospital.
  • ཆེ་མོ་བོ་ལགས
    ལགས་སོ་འོང་།
    lags so 'ong /
    Hmm.
  • ཕུར་སྒྲོན
    རྩིས་ཅིག་ཤར་པ་ཡིན་པའི་ཨ་ནི་འོང་། འཇམ་དཔལ་དབྱངས་ཀྱི་སྐུ་གཅིག་བཞེངས་ཟེར་འབབ་སོང་ལགས།
    rtsis cig shar pa yin pa'i a ni 'ong /_'jam dpal dbyangs kyi sku gcig bzhengs zer 'bab song lags/
    ...and the astrology done for (me) it indicated (me) to make an image of Manjushri.
  • ཆེ་མོ་བོ་ལགས
    ཨ་ལས། ལགས་འོང་ལགས་སོ།
    a las/_lags 'ong lags so/
    Ok...hmm.
  • ཕུར་སྒྲོན
    ཨ་ནི་ཆེ་མོ་བོ་ལགས་ཀྱི་ངའི་ཐུགས་རྗེས་གཟིགས་ངར་སྐུ་གཅིག་ཨ་ནི་ཆེན་པོ་མིན་འཇམ་དཔལ་དབྱངས་ཀྱི་སྐུ་གཅིག་མགྱོགས་ཙམ་ཅིག་བཞེངས་རོགས་གནང་ཞུ་དགོས་འདུག་ཨ་ནི་གང་འདྲས་གནང་གི་ཡོད་ན།
    a ni che mo bo lags kyi nga'i thugs rjes gzigs ngar sku gcig a ni chen po min 'jam dpal dbyangs kyi sku gcig mgyogs tsam cig bzhengs rogs gnang zhu dgos 'dug a ni gang 'dras gnang gi yod na/
    So, please master, I would like to ask you to make an image, an image of Manjushri quckly, how would that be?
  • ཆེ་མོ་བོ་ལགས
    ལགས་སོ་ལགས། ཨ་ནི་སྐུ་ཆེ་ཆུང་གང་འདྲ་ཞིག་དགོས་ཀྱི་ཡོད་ན་ཐང་ཁའི་ཆེ་ཆུང་འདི།
    lags so lags/_a ni sku che chung gang 'dra zhig dgos kyi yod na thang kha'i che chung 'di/
    Well, what size would you like to have? The size of this tangka?
  • ཕུར་སྒྲོན
    སྐུ་འོང་ཁྲུ་གང་བྱས་པ་ཞིག་བྱུང་ན་འགྲིག་ག་ལགས་འོང་ལགས་སོ་ལགས།
    sku 'ong khru gang byas pa zhig byung na 'grig ga lags 'ong lags so lags/
    A forearm length long image will do.
  • ཆེ་མོ་བོ་ལགས
    ལགས་སོ། ཁྲུ་གང་རེད་པཱ་ལགས།
    lags so/_khru gang red pA lags/
    Ok, one forearm length, right?
  • ཕུར་སྒྲོན
    ཁྲུ་གང་བྱས་པ་ཞིག་བྱུང་ན་འགྲིག་པ་ལགས།
    khru gang byas pa zhig byung na 'grig pa lags/
    Yes, a forearm length long statue will do.
  • ཆེ་མོ་བོ་ལགས
    ལགས་སོ། ལགས་འོང་ལགས་འོང་། ལགས་སོ།
    lags so/_lags 'ong lags 'ong /_lags so/
    Hmm...allright...ok.
  • ཆེ་མོ་བོ་ལགས
    ཨ་ནི་གསེར་གང་འདྲ་ཞིག་བཏང་དགོས་ཡོད་ན་ཡང་།
    a ni gser gang 'dra zhig btang dgos yod na yang /
    Then, what kind of gold would you like (me) to use?
  • ཕུར་སྒྲོན
    ཨ་ནི་འོང་གསེར་གང་ཡག་ཡག་ཞིག་བསྒྲོན་རོགས་གནང་། 
    a ni 'ong gser gang yag yag zhig bsgron rogs gnang /_
    Please, use the best possible gold.
  • ཆེ་མོ་བོ་ལགས
    ལགས་སོ།
    lags so/
    Ok.
  • ཕུར་སྒྲོན
    གསེར་གང་ཡག་ཡག་ཞིག ཐུགས་རྗེས་གཟིགས།
    gser gang yag yag zhig_thugs rjes gzigs/
    The best possible gold, please.
  • ཆེ་མོ་བོ་ལགས
    ལགས་འོང་ལགས་འོང་། ལགས་སོ།
    lags 'ong lags 'ong /_lags so/
    Allright. Ok.
  • ཕུར་སྒྲོན
    ཨ་ནི་འོང་གཅིག་ག་རེ་གང་ཡག་ཡག་ཞིག་བྱེད།
    a ni 'ong gcig ga re gang yag yag zhig byed/
    Hmm...use the best possible (gold and)...
  • ཆེ་མོ་བོ་ལགས
    ལགས་སོ། ལགས་འོང་ལགས་འོང་།
    lags so/_lags 'ong lags 'ong /
    Hmm...allright.
  • ཕུར་སྒྲོན
    ཨ་ནི་འོང་སྩོལ་ར་གཅིག ཐུགས་རྗེ་གཟིགས།
    a ni 'ong stsol ra gcig_thugs rje gzigs/
    Ok and then...hmm...make it fast, please.
  • ཆེ་མོ་བོ་ལགས
    ལགས་སོ། ལགས་འོང་ལགས་འོང་།
    lags so/_lags 'ong lags 'ong /
    Ok. Allright.
  • ཕུར་སྒྲོན
    ཡང་འདི་ མགྱོགས་ཙམ་མ་བྱས་ན།
    yang 'di _mgyogs tsam ma byas na/
    ...and this one, if not done fast enough...
  • ཆེ་མོ་བོ་ལགས
    ལགས་སོ། འོང་རེད་ལགས།
    lags so/_'ong red lags/
    hmm...right.
  • ཕུར་སྒྲོན
    ཡང་དེ་ཏག་ཏག་བསྡད་ཀྱི་མིན་འདུག
    yang de tag tag bsdad kyi min 'dug
    and that is really not going to work.
  • ཆེ་མོ་བོ་ལགས
    ཏག་ཏག་རེད་ལགས།
    tag tag red lags/
    That's right.
  • ཕུར་སྒྲོན
    ལགས་འོང་།
    lags 'ong /
    Yes.
  • ཆེ་མོ་བོ་ལགས
    ང་རྣམ་ཚོ་རྩིས་སྨན་རྩིས་ཁང་ནས་བཤར་གྱོག་རེད་པས་ལགས།
    nga rnam tsho rtsis sman rtsis khang nas bshar gyog red pas lags/
    You had your astrology done from the Tibetan Astro-Medical hospital?
  • ཕུར་སྒྲོན
    ལགས་འོང་ལགས།
    lags 'ong lags/
    Yes.
  • ཆེ་མོ་བོ་ལགས
    ཨ་ལས། ལགས་སོ། སྨན་རྩིས་ཁང་ནང་རྩིས་བཤར་ན་ཡག་པོ་འབབ་ཀྱི་འདུག་གཱ་ལགས།
    a las/_lags so/_sman rtsis khang nang rtsis bshar na yag po 'bab kyi 'dug gA lags/
    Oh. Ok. If you do it at the Tibetan Astro-Medical Hospital the astrology works well, doesn't it.
  • ཕུར་སྒྲོན
    ལགས་འོང་།
    lags 'ong /
    Yes.
  • ཆེ་མོ་བོ་ལགས
    གཞན་མ་ཞིང་དེ་ཞག་རྩིས་བཤར་མཁན་མང་པོ་བྱས། ཧ་ཧ།
    gzhan ma zhing de zhag rtsis bshar mkhan mang po byas/_ha ha/
    Otherwise,there are many astrologers these days. Ha ha.
  • ཕུར་སྒྲོན
    ད་ག་རེད་པཱ་ འོང་དེ་འདྲ་འདུག་གཱ
    da ga red pA _'ong de 'dra 'dug gA
    That is right. Its like this isn't it?
  • ཆེ་མོ་བོ་ལགས
    ལགས་འོང་ལགས་སོ།
    lags 'ong lags so/
    Yes, yes.
  • ཕུར་སྒྲོན
    ཁག་གཅིག་ཆུ་བསིལ་འཁྲུངས་བྱས། 
    khag gcig chu bsil 'khrungs byas/_
    Some have had some shady incidents.
  • ཆེ་མོ་བོ་ལགས
    འོང་ལགས། ཧ་ཧ། ཨ་ནི་ངས་གང་ལྟར་གང་རྒྱས་རྒྱས་ཅིག་དེ་ཞུས་ཆོག 
    'ong lags/_ha ha/_a ni ngas gang ltar gang rgyas rgyas cig de zhus chog_
    Yes, ha ha. Anyhow, I will do my best and I will make it as elaborate as possible.
  • ཕུར་སྒྲོན
    ལགས་འོང་ལགས་སོ་ལགས།
    lags 'ong lags so lags/
    Allright.
  • ཆེ་མོ་བོ་ལགས
    ཨ་ནི་ཡང་ང་རྣམ་ཚོ་ཡང་ཚུར་གཟིགས་གཟིགས་ཀག་གནང་ཕེབས་ད།
    a ni yang nga rnam tsho yang tshur gzigs gzigs kag gnang phebs da/
    And how about if you come here to see it as well?
  • ཕུར་སྒྲོན
    ཨ་ནི་འོང་ང་ཐག་ཉེ་པོ་ཡིན། 
    a ni 'ong nga thag nye po yin/_
    Ok, and I live nearby.
  • ཆེ་མོ་བོ་ལགས
    ལགས་སོ།
    lags so/
    Ok.
  • ཕུར་སྒྲོན
    ད་གར་བར་བསྐོར་ནང་ལ་ཡིན་ལགས།
    da gar bar bskor nang la yin lags/
    I live in the Barkor.
  • ཆེ་མོ་བོ་ལགས
    ལགས་སོ།
    lags so/
    Ok.
  • ཕུར་སྒྲོན
    ཨ་ནི་ཚུར་བཅར་གྱི་ཡིན་ལགས།
    a ni tshur bcar gyi yin lags/
    ...and, i will come by here.
  • ཆེ་མོ་བོ་ལགས
    ལགས་འོང་ལགས་འོང་། ལགས་སོ།
    lags 'ong lags 'ong /_lags so/
    Allright. Ok.
  • ཕུར་སྒྲོན
    ཨ་ནི་དེ་བྱས་བྱས་གང་ཡག་ཡག་གཅིག་དང་གང་སྩོལ་སྩོལ་ཅིག་གནང་རོགས་གནང་།
    a ni de byas byas gang yag yag gcig dang gang stsol stsol cig gnang rogs gnang /
    Ok. Please, make it as best as you can and as fast as you can.
  • ཆེ་མོ་བོ་ལགས
    ལགས་སོ། ལགས་འོང་ལགས་འོང་། ཨ་ནི་དེ་བར་པ་རུར་ཚུར་ཕེབས་དང་། ཨ་ནི་ ངས་གང་ལྟར་གང་མགྱོགས་པ་ཅིག་དང་གང་རྒྱས་པ་ཞིག་དེ་ཞུས་ཆོག་ལགས། 
    lags so/_lags 'ong lags 'ong /_a ni de bar pa rur tshur phebs dang /_a ni _ngas gang ltar gang mgyogs pa cig dang gang rgyas pa zhig de zhus chog lags/_
    Ok. Allright. Come around here whenever you have time. And i will do as best as i can and as fast as i can.
  • ཕུར་སྒྲོན
    ལགས་འོང་ལགས་སོ།
    lags 'ong lags so/
    Ok.
  • ཆེ་མོ་བོ་ལགས
    ལགས་སོ། ལགས་འོང་།
    lags so/_lags 'ong /
    Ok.
  • ཕུར་སྒྲོན
    ལགས་འོང་། ཨ་ནི་ཐུགས་རྗེ་གནང་།
    lags 'ong /_a ni thugs rje gnang /
    Allright. Thank you then.
  • ཆེ་མོ་བོ་ལགས
    ལགས་འོང་ལགས་འོང་།
    lags 'ong lags 'ong /
    Allright.
  • ཕུར་སྒྲོན
    བཞུགས་གདན་འཇགས་དགོས།
    bzhugs gdan 'jags dgos/
    Goodbye.
  • ཆེ་མོ་བོ་ལགས
    ལགས་འོང་ལགས་འོང་། ཨ་ལས་ཕེབས་འོ།
    lags 'ong lags 'ong /_a las phebs 'o/
    Allright. Goodbye.
  • ཕུར་སྒྲོན
    འོང་།
    'ong /
  • ཆེ་མོ་བོ་ལགས
    འོང་།
    'ong /