Skip to main content Skip to search
15 Dec 2011
2 min 22 sec
Rating
0
No votes yet
Video Overview
Creators: 
David Germano

A woman who has requested a Manjushri tangka comes to the artist's home to check its progress and make arrangements to have the brocade frame made.

Show More

  • ཆེན་མོ་བ།
    ཨོའོ་ལོས། ཡར་ཕེབས་ཤོག
    Hello? Please come in.
  • ཕུར་སྒྲོན།
    ཨོའོ་ལོས། ཆེན་མོ་བ་ལགས་བཞུགས་གདན་འཇགས་ཨ་ཡོད།
    Hello? Is the master in?
  • ཆེན་མོ་བ།
    ལགས་ཡོད། 
    Yes.
  • ཕུར་སྒྲོན།
    ལགས་འོང་།
    Ok.
  • ཆེན་མོ་བ།
    ཡར་ཕེབས་དང་ཏིག་ཙ་།
    Come in.
  • ཕུར་སྒྲོན།
    ང་འོང་།
    I, uh...
  • ཆེན་མོ་བ།
    ཨ་ལས་ལགས་འོང་ལགས་སོ། འཁྲུངས་རྟགས་དེ་ཡིན་ནོ་ལགས་འོང་།
    I see, yes, it is about the birth representation.
  • ཕུར་སྒྲོན།
    འོང་འཁྲུངས་རྟགས།
    Yes, the birth representation.
  • ཕུར་སྒྲོན།
    དེ་གྲུབ་གནང་ཨ་ཡོད་བསམས་བྱས་ལགས།
    I was wondering if it was finished?
  • ཆེན་མོ་བ།
    ལགས་འོང་།
    Yes,
  • ཕུར་སྒྲོན།
    ལགས་འོང་།
    Ok.
  • ཆེན་མོ་བ།
    ད་འགའ་ཆེན༼མང་ཆེ་བ༽་བྱས་སོང་ལགས།
    Now it is mostly finished.
  • ཕུར་སྒྲོན།
    ལགས་འོང་ལགས།
    Ok.
  • ཆེན་མོ་བ།
    ད་མགྱོགས་པོ་ཡོད་ལགས།
    It will be (done) soon.
  • ཕུར་སྒྲོན།
    ཨ་ལས་འདི་རེད་རེད་པས་ལོ།
    I see, is this it?
  • ཆེན་མོ་བ།
    ལགས་འོང་ལགས།
    Yes.
  • ཕུར་སྒྲོན།
    ལགས་འོང་ལགས་སོ།
    Ok.
  • ཕུར་སྒྲོན།
    དཔེ་ཡག་པོ་བྱུང་གནང་བཞག་ལགས།
    It has turned out very good.
  • ཆེན་མོ་བ།
    ལགས་འོང་ལགས།
    Yes.
  • ཕུར་སྒྲོན།
    ཐུགས་རྗེ་གནང་། ཁྲུ་གང་རེད་པཱ་ལོ།
    Thank you. Is this the length of a forearm?
  • ཆེན་མོ་བ།
    ལགས་འོང་ལགས།
    Yes.
  • ཕུར་སྒྲོན།
    ཁྲུ་གང་།
    One forearm.
  • ཆེན་མོ་བ།
    ད་རྐྱང་ཁྲུ་གང་བཟོ་འདྲ་ཅིག༼ཞིག༽་རེད།
    It is like one full length of a forearm.
  • ཕུར་སྒྲོན།
    ལགས་སོ། ལགས་སོ། ལགས་སོ། ཐུགས་རྗེ་གནང་ད།
    Yes, yes, yes, thank you!
  • ཆེན་མོ་བ།
    ལགས་འོང་། ད་སྣང་དག་མེད་ལགས།
    Ok, you're welcome.
  • ཕུར་སྒྲོན།
    ལགས་འོང་།
    Ok.
  • ཆེན་མོ་བ།
    ད་འདི་གས་ཞལ་གསེར་བཏང་ས་འདི་གས་འདི་བྱས་ལ།
    These are the areas for applying gold.
  • ཕུར་སྒྲོན།
    ལགས་སོ་ལགས་སོ།
    Yes, ok.
  • ཆེན་མོ་བ།
    འདི་གས་གང་ག་ད་གསེར་བཏང་ས་རེད་ལ།
    These are all for applying gold.
  • ཕུར་སྒྲོན།
    ལགས་སོ་ལགས་འོང་ལགས།
    Ok, ok.
  • ཆེན་མོ་བ།
    ཨ་ནི་རྒྱས་པོ་བྱས་སོང་ན། སྣང་དག་མེད་ལགས།
    And if it becomes elaborate, it doesn't matter.
  • ཕུར་སྒྲོན།
    ལགས་འོང་ལགས་སོ། 
    Yes, ok.
  • ཕུར་སྒྲོན།
    ལགས་འོང་ལགས་སོ།
    Yes, yes.
  • ཆེན་མོ་བ།
    གསེར་དང་འདི་ཚོ་གང་ཅིའི་ཐད་ལ་འདི་མེད་ལགས།
    Gold and the others, in all respects, I don't have here.
  • ཕུར་སྒྲོན།
    ཐུགས་རྗེ་གནང་། སྐུ་གཅིག༼སྐུ་མཁྱེན༽་ད་གང་ཡག་ཡག་ཅིག
    Thank you. Please, make it as best you can.
  • ཆེན་མོ་བ།
    ལགས་འོང་ལགས་སོ་ལགས། ལགས་འོང་ལགས་འོང་།
    Yes, ok.
  • ཕུར་སྒྲོན།
    ཨ་ནི་འོང་། ག་དུས་ཟེ་གྲུབ་ཡོང་ལོ།
    And, uh, when will it be finished?
  • ཆེན་མོ་བ།
    འོང་ཉིན་མ་གསུམ་ཙམ་ནས་གཟིགས་གག་ཕེབས་དང་།
    Uh, come to check in about three days.
  • ཕུར་སྒྲོན།
    ལགས་འོང་ལགས་སོ། ལགས་འོང་ལགས་སོ། 
    Ok, ok.
  • ཆེན་མོ་བ།
    ཉིན་མ་གསུམ་ཙམ་ནས་ཕལ་ཆེར་ཏག་ཏག་བྱེད་ཀྱི་རེད་ལགས།
    In about three days, it should be done.
  • ཕུར་སྒྲོན།
    ལགས་སོ། ལགས་སོ།
    Yes, ok.
  • ཆེན་མོ་བ།
    ད་སྤྱིར་བཏང་གི་སྤྱན་འབྱེད་དང་གསེར་བཏང་ཡག་དང་དེ་འདྲ་རེ་ཞིག་མ་བཞིན༼མ་གཏོགས༽།
    So except for some general applying of gold and working on the eyes,
  • ཆེན་མོ་བ།
    གཞན་མང་ཆེ་བ་རེ་ཞིག་ཚར་སོང་ལགས།
    most of the other basic work is already finished.
  • ཕུར་སྒྲོན།
    ལགས་འོང་ལགས་སོ། ལགས་འོང་ལགས་སོ་ལགས།
    Yes, ok.
  • ཆེན་མོ་བ།
    ད་སྤྱིར་བཏང་ཉིན་མ་གསུམ་ནས་ཕེབས་ན་ཏག་ཏག་རེ་ཅིག་༼བཟོ་འདྲ་ཅིག༽གནང་གི་རེད།
    So, generally if you come in three days, it should be perfectly fine.
  • ཕུར་སྒྲོན།
    ལགས་འོང་ལགས་སོ། ལགས་འོང་ལགས་སོ།
    Ok, ok.
  • ཆེན་མོ་བ།
    ལགས་འོང་ལགས།
    Yes.
  • ཕུར་སྒྲོན།
    ཐུགས་རྗེ་གནང་། འོ་ད་ཡག་པོ་ཞེ་པོ་བྱུང་བཞག
    Thank you. Oh, it has turned out great.
  • ཆེན་མོ་བ།
    ལགས་འོང་།
    Yes.
  • ཕུར་སྒྲོན།
    ཐུགས་རྗེ་གནང་།
    Thank you.
  • ཕུར་སྒྲོན།
    ཨ་ནི་འོང་གོས་བཤམས་སྒྲོན་ཡག་དེ་གང་འདྲ་ཟེ་བྱེད་དགོས་ཀྱི་ཡོད་ན་ལོའོ།
    And,... How should we do the brocade border?
  • ཆེན་མོ་བ།
    འོང་གོས་བཤམས་བརྒྱབ༼རྒྱག༽་ས་འདི་ང་རྣམ་ཚོར་ངོ་མཁྱེན་པ་མེད་ན་ཨ་ནི་ཡང་།
    Uh, if you (pl.) don't know any place that does the brocade border,
  • ཆེན་མོ་བ།
    ང་ཚོའི་འདི་བར་འདི་འོང་ཡང་འདི་ངོ་ཤེས་པ་ཡོད་རེད་པ་ལགས།
    We here know (some places).
  • ཕུར་སྒྲོན།
    ལགས་འོང་ལགས་སོ།
    Ok.
  • ཆེན་མོ་བ།
    ང་ཚོ་དུས་རྒྱུན་རྟག་པར་རེ་བཞིན་སྐྱེལ་ཙང་།
    Since we are always taking (thangkas there).
  • ཕུར་སྒྲོན།
    ད་ང་འོང་འདི་བར་ད་དྲག་ག་རེ་ཅིག་༼བཟོ་འདྲ་ཅིག༽དགོས་རེད་པ་ལགས།
    So, I need one that is kind of better here.
  • ཆེན་མོ་བ།
    འོང་རེད་ལགས། 
    Oh yes.
  • ཕུར་སྒྲོན།
    གཞན་ཆག་གི་ཆིག་གེ་ད་མང་པོ་འདུག་ག་ལགས།
    There are a lot of infererior ones, aren't there.
  • ཆེན་མོ་བ།
    འོང་རེད་ལགས།
    Oh yes.
  • ཕུར་སྒྲོན།
    འོང་ད་དྲག་ག་རེ་ཅིག༼བཟོ་འདྲ་ཅིག༽་ངོ་ཤེས་པ་རེ་ཟེར་མེད།
    So I don't know any better ones,
  • ཕུར་སྒྲོན།
    ཨ་ནི་ང་རྣམ་ཚོ་འདི་བར་ཡང་རྟག་པར་སྐུ་ཐང་བཞེང་གནང་ཙང་། ཐུགས་མཁྱེན་པ་ཡོད་ན་ཨ་ནི་ངར་ཕྱག་རོགས་ཅིག་གནང་རོགས་གནང་ཞུ་ཡག་ཡིན།
    and since you (pl.) make thankas all the time here, if (you) have anybody whom (you) know then please help me.
  • ཆེན་མོ་བ།
    ལགས་འོང་ལགས་སོ། 
    Yes, ok.
  • ཆེན་མོ་བ།
    ལོའོ་ལོའོ། 
    Yes, yes.
  • ཕུར་སྒྲོན།
    ལགས་འོང་ལགས།
    Ok.
  • ཆེན་མོ་བ།
    ཕ་གིར་མཉམ་ལས་ཅིག་ཡོད་རེད་ལགས།
    There is a cooperation there.
  • ཕུར་སྒྲོན།
    ལགས་འོང་ལགས་སོ་ལགས།
    Ok.
  • ཆེན་མོ་བ།
    ང་ཚོ་ཕ་གིར་བཙུག་ཏེ་ཕ་གིར་སྐྱེལ་གྱི་ཡོད་རེད་ལགས།
    We take (things) over there all the time.
  • ཕུར་སྒྲོན།
    ལགས་འོང་ལགས་སོ་ལགས།
    Ok, ok.
  • ཆེན་མོ་བ།
    ཕ་གིར་ད་གོས་ཆེན་ད་རབ་འབྲིང་གང་ག་རེ་ཅིག་༼བཟོ་འདྲ་ཅིག༽ཡོད་རེད་ལགས།
    There they have the best, average, all kinds of brocades.
  • ཕུར་སྒྲོན།
    ལགས་འོང་ལགས་སོ། ལགས་འོང་ལགས་སོ་ལགས།
    Yes, ok. Yes, yes.
  • ཆེན་མོ་བ།
    ཨ་ནི་འོང་ང་རྣམ་ཚོ་དེ་དུས་མཉམ་པོ་ཕར་ཐད་ན་ཕར་ནས་འདི་བྱེད་ཀྱི་རེད་པ་ལགས།
    So, if we go together later on (we) can set it up there.
  • ཕུར་སྒྲོན།
    ལགས་འོང་ལགས་སོ། ལགས་འོང་ལགས་སོ།
    Ok, ok.
  • ཆེན་མོ་བ།
    ཡག་ག་ར༼རེ༽་ཨེ་འདྲ་བསྐྱོན་ན་ཡག་ག་ར་ཨེ་འདྲ་དང་། འབྲིང་ང་རེ་འདྲ་བྱས་ཡོད་རེད་ལགས། གོས་ཆེན་ད་སྣང་དག་ཡོད་མ་རེད་ཁོང་རྣམ་ཚོའི་ཕ་གིར། བརྒྱབ་ཡག་ལ་དཱ།
    If (you) would like good ones, (they) have good ones and (they) have average (qualities). (You) should not worry about the brocades that they do over there.
  • ཕུར་སྒྲོན།
    ལགས་འོང་ལགས་སོ། ལགས་འོང་ལགས་སོ།
    Yes, ok.
  • ཆེན་མོ་བ།
    ཨ་ནི་འོང་ཉིན་མ་གསུམ་ཙམ་ཞིག་ནས་གཟིགས་ཀར༼གག༽་ཕེབས་ན་ཨ་ནི།
    So, well, how about if you came to see after about three days.
  • ཕུར་སྒྲོན།
    ལགས་འོང་ལགས་སོ་ལགས་འོང་ལགས་སོ་ལགས
    Yes, yes, ok
  • ཆེན་མོ་བ།
    དེ་དུས་ཙམ་པར་ཏག་ཏག་འདྲ་ཅིག་བྱེད་ཀྱི་རེད་ལ།
    By then it should be done.
  • ཕུར་སྒྲོན།
    ལགས་འོང་ལགས་སོ།
    Ok, ok.
  • ཆེན་མོ་བ།
    ཨ་ནི་མཉམ་པོར་ཐད༼ཐེག༽་ཆོག་གི་རེད་པཱ།
    And (we) can go together.
  • ཕུར་སྒྲོན།
    ཐུགས་རྗེ་ཆེ་གནང་། 
    Thank you.
  • ཆེན་མོ་བ།
    ལགས་འོང་ལགས།
    Ok.
  • ཕུར་སྒྲོན།
    ད་ཡག་པོ་ཞེ་པོ་ཅིག་བྱུང་བཞག
    Well, it has turned out great.
  • ཕུར་སྒྲོན།
    ད་ང་རའི་བློ་ལ་ཡོད་པ་ཁོ་ར།
    It's satisfying to me.
  • ཆེན་མོ་བ།
    ལགས་འོང་ལགས།
    Ok.
  • ཕུར་སྒྲོན།
    ཐུགས་རྗེ་གནང་།
    Thank you.
  • ཕུར་སྒྲོན།
    ཨ་ནི་གསེར་འདིའི་༼འདི་ཡང༽་གང་ཡག་ཡག་ཅིག
    And use the best available gold.
  • ཆེན་མོ་བ།
    ལགས་འོང་ལགས་སོ། ལའོ་ལའོ།
    Yes, yes. Ok.
  • ཕུར་སྒྲོན།
    འོང་ཐུགས་རྗེ་གནང་།
    Thank you.
  • ཆེན་མོ་བ།
    སྣང་དག་མོ༼མ༽དགོས་ལགས།
    Don't worry about it.
  • ཕུར་སྒྲོན།
    ད་ཨ་ལས་འོང་རྟག་པར་བཞེང་ཐུབ་ཀྱི་མ་རེད་པ་ལགས།
    So, well, (we) cannot commission this all the time.
  • ཆེན་མོ་བ།
    འོང་རེད་ལགས།
    Yes.
  • ཕུར་སྒྲོན།
    གཅིག་པུ༼གཅིག་པོ༽་དེ་ཕར་སྤུས་དག་པོ་ཡག་པོ་རེ་ཞིག
    This one should be of good, authentic quality.
  • ཆེན་མོ་བ།
    ལགས་འོང་ལགས་སོ། ལགས་འོང་ལགས་འོང་།
    Alright, yes, ok.
  • ཕུར་སྒྲོན།
    ཐུགས་རྗེ་གནང་། འོང་ད་ཡིན་ན་བསམ་པ་ཁོ་ར་བྱུང་བཞག ཐུགས་རྗེ་ཆེ་གནང་།
    Thank you, and it has become what exactly I wanted. Thank you.
  • ཆེན་མོ་བ།
    ལགས་སོ་ལོའོ། ལགས་སོ།
    Ok, ok.
  • ཕུར་སྒྲོན།
    ད་ཨ་ནི་ང་ཉིན་མ་གསུམ་ཙམ་ནས་བཅར་གྱི་ཡིན།
    So then I'll see you in three days.
  • ཆེན་མོ་བ།
    ལོའོ་ལོའོ། ཉིན་མ་གསུམ་ཙམ་ནས་ཕེབས་དཱ།
    Ok, please come in about three days.
  • ཕུར་སྒྲོན།
    ཨ་ལས་གཞུགས་གདན་འཇགས་གོ༼དགོས༽།
    Ok, goodbye.
  • ཕུར་སྒྲོན།
    ལགས་འོང་། ཨ་ལས་བཞུགས་གདན་འཇགས་གོ༼དགོས༽།
    Yes, ok, goodbye.
  • ཆེན་མོ་བ།
    ལགས་འོང་ལོའོ།
    Yes, yes.
  • ཆེན་མོ་བ།
    ཨ་ལས་ཕེབས་གོ༼དགོས༽་ལགས།