Skip to main content Skip to search
15 Dec 2011
9 min 16 sec
Rating
0
No votes yet
Video Overview
Creators: 
Unknown

A doctor in the Out-patient Department discusses Patient 4's disorder.

Show More

  • འདི་གི་སྒང་ལ་དིག་དིག་བྱེད་སྣང་།
  • ད་ལྟ་གཙོ་བོ་མ་བདེ་དེ་ག་རེ་བྱེད་ཀྱི་འདུག
  • ཡ་ཡཱ། ཨོའོ་འོང་། ཁ་སང་དང་མི་འདྲ་བ་ཏེས་ཙི་༼ཏིལ་ཙམ་༽དྲག་འདུག་ག དྲག་འདུག་ག ད་སྤྱིར་བཏང་བྱས་ན་གྲོད་ཁོག་བཤལ་གྱི་མི་འདུག་ག 
  • བཤལ་མི་སྣང་༼མི་འདུག་༽ལགས།
  • ཨོའོ་ཡཱ། ད་སྲིད་༼ད་ལྟ་༽སྨན་དེ་གཏོང་གནང་། ཨོའོ་ཡཱ། ཚ་བ་ཏིལ་ཙམ་བརྒྱབ་གིས་རེད་པཱ། དཱ་འདིའི་ཞབས་ལ་པའོ་ནང་ཁྲུང་༼རྒྱ་སྐད་༽གཅིག་ཡོའོ་བ་རེད་པ། དེ་རྗེས་སུ་གཤགས་ཆོག་གི་རེད།ཨོའོ་ཡཱ། 
  • ཡཱ་ཡཱ། ད་ཧ་གོ་སོང་ཨཱ། ཨེ་ནི་དབུགས་ཡག་པོ་གཏོང་ཤོག
  • འོང་།
  • འོང་དབུགས་གཏོང་ཨཱ། 
  • གཞོགས་འདིའི་ཟུག་ཏེས་ཙི་ཏེས་ཙི་༼ཏིལ་ཙམ་ཏིལ་ཙམ་༽བརྒྱབ་ཀྱིས།
  • ལགས་སོ།
  • དབུགས་ག་ལེར་གཏོང་། རིང་ཙིད༼ཙམ༽་གཏོང་། 
  • འོང་། སྤྱིར་བཏང་བྱས་ན། ལུད་པ་མར་གཡུག་འོང་དགོས་པ་རེད།
  • འོང་། 
  • ཨོའོ་འདུག་བཟོ་བྱས། ཨེ་ནི་འདི་ཚོ་ན་གྱི་མི་འདུག་ག 
  • འདི། འདིའི་ན་གྱིས། 
  • གཙོ་བོ་འདི་ནས་བཟོ་འདྲ་ན་གྱི་ཡོའོ་རེད་པཱ། ཚ་བ་ཏིལ་ཙམ་བརྒྱབ་འདུག་ག དེ་རིང་གཅིན་པ་ག་ཚོད་བཏང་གི་འདུག་ག
  • དེ་རིང་ཁ་སང་ལས་ལེག་ཙི་༼ཏིལ་ཙམ་༽མང་ངཱ་ལགས།
  • ཏིལ་ཙམ་མང་འདུག འོང་འོང། ད་རུང་ལྟོ་ཆས་བཟའ་སྙིང་འདོད་ཀྱི་འདུག་རེད་པཱ། ཁྱོད། ད་རུང་གྲོད་ཁོག་ལྟོགས་གི་འདུག་མ་ཟེར་རས།༼རམ་༽ 
  • དེ་རང་གྲོད་ཁོག་ལྟོགས་བྱས།རྒྱ་ཐུག་ཨ་ནིའི་ཏེས་ཙི་༼ཏིག་ཙམ་༽ཅིག་བཏུང་པ་ཡིན།
  • ཨི་ནི་ག་འདྲས་འདུག་གས། བཏུང་ཐུབ་ཉན་༼མཁན་༽བཟོ་འདྲ་བྱེད་ཀྱི་འདུག་གས།
  • ཨོའོ། ཡག་རུ༼ཏུ༽་ཕྱིན་འདུག་ག
  • ཨོའོ་འོང་། རེད་རེད། ཨོའོ་ཡཱ། ཁ་སང་གྲོད་ཁོག་ཞེ་པོ་༼ཧ་ཅང་༽བཤལ་སོང་འདུག་ག
  • ཨོའོ་ཟཱ།༼ཟེར་གྱིས་༽
  • གློ་བརྒྱལ་འོང་། ཡང་གྲོད་ཁོག་གཅིག་བཤལ་སོང་དུས་་་་་་། ཁ་སང་ངས་ཏེས་སེ༼ཏིལ་ཙམ་༽གཡས་ཐིལ།༼རྒྱ་སྐད་དེ་ཆུ་མདའ་༽དེ་ཡར་ཏེས་ཙི་བཅའི་༼རྒྱ་སྐད་དེ་ཁ་སྣོན་༽བཞག་ཡིན། ཏེས་ཙི་བཅའི་༼ཁ་སྣོན་༽བྱས། ཨོའོ་ཡཱ།
  • གཤམ་དེའི་ཉུང་ཉུང་གཅིག་ལས་མི་འདུག
  • རེད་རེད། འདོན་ཡས་ཟེ་འགའ་མི་འདུག ཡིན་ནའི་པུ་ཀན་རྦའི།ཙན་ཧྲེ།༼རྒྱ་སྐད་༽ དེ་ནི་འདོན་ཡས་ཟེ་མི་འདུག
  • ང་རང་ཏེས་ཙི་སག་༼ཟུར་༽ལོག་ནས་་་་་་་་།
  • ཨོའོ་འོང་འོང་། ཡཱ་ཡཱ། ཧོང་ཏན་༼རྒྱ་སྐད་དེ་མཁྲིས་ཁུ་སེར་པོ་༽མི་འདུག ཧ་གོ་སོང་ངས།༼ངམ་༽
  • ཨེ་ན་ནད་པ་བལྟ་དུས་མོད་སྤྱིར་བཏང་བྱས་ན་དུས་རྒྱུན་ནད་པ་རྒུ་༼ཡི་༽ཡི་པན་ཆིང་ཁོང་༼རྒྱ་སྐད་དེ་སྤྱིར་བཏང་གི་གནས་ཚུལ་༽བལྟ་དགོས་ཀྱི་ཡོད་པཱ། ཅུ་ཁན་ཡི་པན་ཆིང་ཁོངས་དེ༼རྒྱ་སྐད་དེ་སྤྱིར་བཏང་གི་གནས་ཚུལ་བལྟ་དགོས་པ་༽ཨེ་ནི་ཨོའོ་གདོང་གཞི་དེ་ཚོ་སེར་པོ་འདུག་གས།
  • ཁོ་སྤྱིར་བཏང་བྱས་ན་དེ་རེད་པཱ། མཆིན་པའི་གཤགས་བཅོས་རེད་པཱ། མཆིན་པའི་གཤགས་བཅོས་ཡིན་ན། མིག་སེར་པོ་ཆགས་ཡོད་མེད། ཡུ་མི་ཡུ་ཧོང་ཏན།ཁན་ཡི་ཁན་ཨཱ། ༼རྒྱ་སྐད་དེ་མཁྲིས་ཁུས་སེར་པོ་ཆགས་ཡོད་མེད་བལྟ་དགོས༽
  • དེ་ནས་ཨོའོ་གློ་བ་གནས་ཚུལ་དེ་འདི་བཟོ༼འདི་དག་༽ཆིས་ཀོན་༼རྒྱ་སྐད་དེ་གློ་ཡུ་༽ཡི་དབུས་༼རྒྱ་སྐད་དེ་གནས་ས་འགྱུར་མིན་༽ལ་བལྟ་དགོས་ཀྱི་རེད་པཱ།
  • དེ་འདྲའི་བཟོ་འདྲ་གཅིག་བྱས། ཨིན་།ད་རུང་༼དེ་རིང༽རྔུལ་ནག་རྒྱག་གི་འདུག་གས།
  • དེ་རིང་རྔུལ་ནག་རྒྱག་གི་མི་སྣང་།༼འདུག༽རྒན་ལགས།
  • དེ་རིང་རྔུལ་ནག་རྒྱག་མ་སོང་།
  • རྒྱག་མི་སྣང་༼འདུག༽
  • ཡཱ། ཨེ་ནི་འདའ་དགོང་༼མདང་དགོང་༽གཉིད་ཁུག་ཡས་གང་འདྲས་བྱུང་།
  • མདང་དགོང་གཉིད་ཁུག་ཡས་ཆུ་ཚོད་གསུམ་པ་ནས་ཁུག་མ་བྱུང་།
  • ཨོའོ་འོང་། གློ་དེ་རྒྱག 
  • གློ་བརྒྱབ།
  • ཨོའོ་འོང་། ལུད་པ་གོག་གི་འདུག་གས།
  • ལུད་པ་གོག་སྣང་ལགས།
  • ཨོའོ་འོང་འོང་། དེ་མར་གཡུགས། ཨེ་ནི་འདི་དེ་སླེན་༼གནོན་༽ངས་ཁ་སང་ཟེར་ན་བསྡམས་ཡས་གཅིག་དགོས་ཀྱི་རེད་ཟེར། 
  • ང་ཚོ་གཅིག་ཡོའོ་༼ཡོད་༽རེད་དཱའི་། དེ་ཏེས་ཙི་༼ཏིལ་ཙམ་༽དངུལ་གོང་ཆེ་ཡོའོ་༼ཡོད་༽རེད་པཱ། ཨོའོ་འདུག་བཟོ་བྱས། བསྡམས་ཡས་དེ་བཞག་ན་འགྲིག་ཡོའོ་རེད། ཨོའོ། ཨོའོ་ཡཱ།
  • དཱ། ད་བཞག་༼ཉེ་ཆར༽བཏུང་ཡས་དེ་ཁ་ཏིག་འདུག་གས། ད་སྲིད་༼དེང་སང་༽བཏུང་པས། 
  • ཚ་ཁུ་ར་གཅིག་མ་གཞི།༼ཚྭ་ཁུ་འདྲ་བ་མ་གཏོགས༽ ཁ་ཏིག་ཞེ་དྲག་ཚོར་མི་འདུག
  • ཨོང་འོང་། བཏུང་ཐུབ་ཀྱི་འདུག་ག དེ་དེ་རིང་ངས་ལབ་ཡོད་པཱ། ཆུ་ཚོད་བརྒྱད་པའི་སྔུན་ལ་ཚང་མ་བཏུང་ཚར་པ་བྱས། ཁོ་གོང་ཆེན་པོ་མེད་པཱ་བྱས། འོང་། འཐུང་བདེ་པོ་འདུག་ག སྐྱོན་རང་མི་འདུག་ག འཐུང་ཐུབ་ཀྱི་འདུག་ག ཨོའོ་ཡཱ།
  • འོང་། ཅིའ་༼རྫས་འགྱུར་དངོས་པོ་ཞིག་༽ཏིལ་ཙམ་ཁ་ཕུའི་༼རྒྱ་སྐད་དེ་ཁ་ནས་གཏོང་བ་༽སྤྲད་བཞག་ཡོད།
  • དཱ་བདེ་པོ་འདྲ། འདི་ཁ་སོང་། ཁ་སང་མཆིན་པའི་སྐྲན་གྱིས་སྤྱིར་བཏང་བྱས་ན་ཀན་༼རྒྱ་སྐད་དེ་མཆིན་པ་༽ཧྲེ་ཀྲེ་ལི་ཐོ་༼རྒྱ་སྐད་དེ་མཆིན་པའི་གནད་དུ་༽རེད་བཞག 
  • ཅིའ་༼རྒྱ་སྐད་དེ་རྫས་འགྱུར་གྱི་དངོས་པོ་ཞིག་༽།
  • ཨོའོ་འོང་། 
  • གཅིག་དེ་ད་དུང་ཧ་ལམ་མཐོང་ཡས་ཟེ་མི་འདུག འདུག་བཟོ་བྱས་ཡར་གཅིག་མར་གཅིག་ལོག ཧོ་ཞཱང་ཡོའོ༼རྒྱ་སྐད་དེ་ཕལ་ཆེར་ཡོད་པ་འདྲ་༽ཨེ་ནི་རྫ་མ་༼རྗེས་མའམ་གཞུག་ཏུ༽དེའི་ནང་སྐྱེས་འདུག་ག འདི་ཙམ་ཞིག
  • ཨེ་ནི་ཧྲེ་ཀྲེ་༼རྒྱ་སྐད་དེ་མཆིན་པ་༽མར་འདི་འདྲས་བྱས་ཕྱེ་ཡོང་དུས་མོད་ལ་ཁྲག་ཞེ་པོ་འདོན་གྱིས། དངོས་གནས་ཁོ་ར། དེ་བཀག་ཐུབ་མ་ཡོང་བསམ་བསམ་ཞེ་སྣང་སློང་ཡན་༼མཁན་༽འདྲ་བྱུང་སོང་ང་།
  • ཨེ་ནི་རྫ་མ༼རྗེས་མ་༽སྤྱིར་བཏང་བཀག་ཐུབ། ཨེ་ནི་ད་སྤྱིར་བཏང་ཨོའོ་ཙི། 
  • དཱ་སྤྱིར་བཏང་བྱས་ན་རྙོག་དྲ་མ་བྱུང་ན་། སྣང་དག་ཟེ་ཡོང་མི་ཡོང་བསམ་བསམ། དུས་ཚོད་ཏིལ་ཙམ་འགོར་འགྲོ་རེད་དཱ་འདི་ཚོ། 
  • དང་པོ་ནས་ཡོང་དུས་གཟུགས་པོ་སྐྱོ་པོའི་བྱས་རྙོག་དྲ་ཆེན་པོ་གཅིག་དེ་རར་༼་དེ་ལྟར་༽སླེབས་ཡོང་གི་རེད་པཱ།
  • ད་ཡིན་ནའི། ང་ཚོས་ཤུགས་གཅིག་བརྒྱབ། ག་ལེ་ག་ལེར་གཅིག་ད་དུང་གང་ས་ཅི་ཐད་ནས་ཐབས་ཤེས་གང་དྲག་བྱེད་ཀྱི་ན་ཧ་ལམ་རྗེས་སུ་སྣང་དག་ཡོང་གི་མ་རེད།
  • ཨེ་ནི་ཕལ་ཆེར་གཅིག་བྱས། གཉིས་པ་དེ་ཡང་རྗེས་སུ་ལོ་གཅིག་གཉིས་སུ་ཡང་འདི་ཏིལ་ཙམ་དྲག་སོང་ན། དཱ་འདི་གཅིག་གཤགས་དགོས་བལྟ་དགོས་རེད།
  • ཨོང་ཡཱ། སྐུ་ཞབས་ལགས་ཁོང་ཚོ། ཁ་སང་ཨེ་ནི་ཞབས་རྟེན་ཆ་ཆའི་༼མཉམ་དུ༽བྱེད། ཧ་ཧ་་་་་་་།
  • རོགས་པ་བྱས་ང་ཚོ། ཨེ་ན་འདི་བཟོ་བྱེད་ཐུབ་ན་ཅིན་ཧྲན་༼རྒྱ་སྐད་དེ་སེམས་ཁམས་༽ཐོག་ལ་ཡག་རུ་༼དུ་༽འགྲོ་གྱི་འདུག་ག 
  • དེ་ཁོ་ར་མི་ཟེར་ཉན་༼མཁན་༽དེ་ཙུང་ཧའོ་༼ཕྱོགས་ཡོངས་༽གི་ཀྲེ་ལེའོ་༼སྨན་བཅོས་༽བྱས་ན་ཡག་པོ་བྱེད་ཀྱིས།
  • ཨོའོ་འདུག་བཟོ་བྱས། འོང་གནས་ཚུལ་དེ་འདྲའི་གཅིག་འདུག ཡཱ་འགུལ་བསྐྱོད་རྒྱག་ཐུབ་ཀྱི་འདུག་གས། འདི་ཚོ།
  • འོང་། རྒྱག་ཐུབ་གས་ལགས། 
  • འདི་འབབ་འགྲོ་གྲོད་༼གྲབས་༽འགྲོ་གྲོད་༼གྲབས་༽བྱེད་ཀྱི་མི་འདུག་ག
  • ཨོའོ། ཨེ་ནི་སྐུ་ཞབས་ལགས། ཨོ་འོང་། ཏིལ་ཙམ་འཆམ་འཆམ་གྱིས་ཨཱ།
  • ལགས་སོ། 
  • འོང་། འདི་ཡག་པོ་ཡོའོ་༼ཡོད་༽རེད།
  • འོ་མ། ཨོའོ། ཁོང་ཚོ་ཡག་པོ་འདུག་ག ཁྱོད་སྤུན་རྒྱ་༼མཆེད་༽དེ་ཚོ་དངོས་གནས་ཁོ་ར། དེ་འདྲས། འགའ་རེ་དེ་འདྲས་མི་འདུག་ག འོང་། འགའ་རེ་ཡ་༼ཁ་ཡ་༽མི་བྱེད། གཅིག་ནས་དཀའ་ལས་རྒྱག་དགོས་རེད།
  • སྐུ་ཞབས་ག་ཚད་དཀའ་ལས་རྒྱག་གི་ཡོའོ་རེད། རེད་པཱ། དེ་འདྲས་ཉུང་ཉུང་རེད་པཱ། ཨེ་ན་ཨ་ཅག་དཱའི་ཚང་མས་ཡག་པོ་བྱས་སོང་ང་། 
  • ཨོའོ་ཡཱ། དཱ་ཁྱོད་རང་བསམ་བློའི་ཐོག་ལ་སྐྱིད་པོ་བྱེད་དགོས་རེད་དཱ། ཨོའོ། གཞས་དེ་ཚོ་བཏང་བྱས་ཧ་ཧ་་་་་་་། 
  • ཨོའོ་དེ་འདྲས་བྱས། རྟག་པར་དེ་འདྲས་གྱིས་དཱ་ཨེ་ནི་ལམ་སེང་དྲག་འགྲོ་རེད། ཨེ་ནི་རྗེས་སུ་ཞིང་དེ་ཚོ་བཏབ། ཨེ་ནི་ང་ཚོར་ཞོག་ཁོག་འཁས༼འཁྱེར༽་ཤོག་ཨཱ། ཧ་ཧ་ཧ་་་་་་་་་། ཞོག་ཁོག་དེ་ཚོ་འཁྱེར། ཆང་དེ་ཚོ་བཏུང། ཧ་ཧ་ཧ་་་་་་་་་་་་་། 
  • དེ་འདྲས་བྱེད་ཤོག་ཨཱ། 
  • དཱ་ང་ཚོས་ཐབས་ཤེས་གང་དྲག་བྱས་འདུག་གས། 
  • འོང་། ཐབས་ཤེས་གང་དྲག་བྱས་བྱུང་ལགས། རྒན་ལགས། 
  • འོང་། མ་འགྲིག་ན་ལབ་ཨཱ། ཨོའོ་རྫུན་རྫོད༼ལབ་༽དགོས་མ་རེད། ཞེ་སྣང་དེ་འདྲས། ཨོའོ་དེ་འདྲས་ལབ་ན་ཁོ།ཁོ་ར་ཁོ་ར་་་་་་་ཞེ་༼སྐྲག་པ༽དགོས་མ་རེད་དཱ། ཨོའོ།  
  • འགྲིག་མི་འདུག་ན་ག་ནས་འགྲིག་མི་འདུག་བཤད་ཆོག་གི་རེད། ཨོའོ། ཧུ་ཧྲེ་༼རྒྱ་སྐད་དེ་སྨན་གཡོག་༽འགྲིག་མི་འདུག་ན་ཧུ་ཧྲེ་༼རྒྱ་སྐད་དེ་སྨན་གཡོག་༽འགྲིག་མི་འདུག་ཟེ།
  • འོང་ཡག་པོ་བྱས་ལབ་ཤོག་ཨཱ། ཡག་པོ་བྱས་ན་ཡག་པོ་བྱེད་ཀྱི་འདུག་ཟེ།རེད་པཱ། ཨོ་ཡཱ། 
  • འདིའི་ང་ཚོའི་ཀྲུའུ་རེན་༼རྒྱ་སྐད་༽འདིར་འདུག་ག ཡོན་ཀྲང་༼རྒྱ་སྐད༽ཡོའོ་རེད་ཁོང་ཚོའི་ལབ། ཡག་པོ་མི་འདུག་ཟེ། འོང་ང་ལ་སྡུག་ཅག་བྱེད་ཀྱི་འདུག་ཟེ།
  • ཡག་པོ་དེ་ག་འདྲ་པོ་མ་བྱས་ན་ང་འདི་འདྲ་དྲག་རྒྱུ་སེམས་ཐག་ཡིན།
  • ཨོའོ་ཡཱ་ཡཱ། དེ་རིང་ཏིལ་ཙམ་སྦོས་འདུག ད་དུང་ལྟོ་ཆས་ལ་གཟབ་ནན་བྱེད་རྒྱུ་རེད།
  • ཁ་སང་གྲོད་ཁོག་དྲག་མ་འཇུ་གི་མི་འདུག་ག ཨེ་ནི་ཁོང་རྣམ་པ་འགོ་ཁྲིད་དང་དེ་ཚོ་བལྟ་གའི་དེ་རར་༼འདི་རུ་༽ཡོང་ནས་སེམས་འཁུར་བྱེད་གའི་ཡོང་པ་རེད། ཆ་ཆའི་ཆ༼སྨྲས་མ་དགོས་པ་༽། ཨེ་ནི་རྗེས་སུ་ཕན་ཐོགས་ཡོད་ན་ཆོག་གི་རེད།
  • ཨོའོ་འོང་། དངུལ་འདྲ་སྟེར། ཡང་ཞིང་པ་ལ་ཁ་སྣོན་རྒྱག་ཧ་ཧ་ཧ་་་་་་་་་་་་།
  • སྣོན་ཕན་ཡིན་ཟེར། སྨན་ཁང་བཙུགས་ཟེ་དེ་འདྲས་ལབ་འདུག་ག ཡེ་ནས་བཙུགས་འདུག་ག མེ་གྲོ་༼མལ་གྲོ་༽གོང་དཀར་དང་ལྷུན་གྲུབ་ཤན་ཁ་འོག་ནས་བཙུགས་འདུག་ག
  • ཨོ་དེ་ཚོ་ཁོང་རྣམ་པ་ཕན་ཐོགས་ཡོའོ་རེད། དངོས་གནས་ཁོ་ར། 
  • ཨོའོ། ཞིང་ཆུ་དེ་འདྲའི་བརྒྱབ་ཤོག་ཟེ། དེ་འདྲས་སྤྲད་ཡ་ཟེ། སྤྲད་ཀྱི་འདུག་ག ཨོའོ་དེ་འདྲས་བྱས། དེ་ཡག་པོ་རེད་པཱ།
  • ཡང་དེ་འདྲས་ཁ་སྟོང་པ་མ་རེད་ཡོའོ་རེད། ཡག་པོ་ཡོད་པ་རེད། དངོས་གནས་ཁོ་ར།
  • ཨོའོ། དཱ་མི་ཟེར་ཉན་༼མཁན་༽དེ་འཛམ་གླིང་ཚང་མ་ཕར་བརྟེན་ཚུར་བརྟེན་བྱས། ང་ཚོ་ཏིལ་ཙམ་སྐྱོ་དྲག་པ་རེད་པཱ།
  • ཨེ་ནི་ཡག་ག་དེ་ཚོ་ཚུར་ཡོང་། ང་ཚོ་རོགས་པ་བྱེད་ཀྱི་འདུག་ག ཨོའོ་འོང་། ཧ་ཧ་་་་་་་་་།
  • ཡག་པོ་ཞེ་པོ་རེད་དཱ། ཁོང་ཚོ་དངོས་གནས་ཁོ་ར། བསམ་བློ་ཡག་པོ་ཞེ་པོ་ཡོའོ་རེད། 
  • དེ་ནི་ཁོང་ཚོ་ཐག་རིང་ས་ཡོང་གི་ཡོའོ་རེད་པཱ། དངུལ་གྱི་འགྲོ་སོང་མང་པོ་བཏང་། དཀའ་ལས་མང་པོ་རྒྱག་དགོས་རེད།
  • ངས་ཁེས་༼ང་ཚོ་༽འདི་རར་བསྡད་བཞག་དུས་དཀའ་ལས་འདུག་ག ང་ཚོ་ཁྱེད་ཚོའི་དོན་དག་ལ་དཀའ་ལས་རྒྱག་པ་དེ་གའི་ཡོའོ་མ་རེད།
  • རེད། དངོས་གནས་ཡོའོ་མ་རེད། རེད་པཱ། 
  • ང་ཚོའི་སྤྱིར་བཏང་བྱས་ན་བོད་རིགས་གཅིག་པ་བཟོ་འདྲ་ཆགས་ཡོའོ་རེད་པཱ།
  • དཱ་ཁོང་ཚོ་ས་ཕེ་ནས་༼ཕ་གི་ནས་༽ཡོང་དུས་དངོས་གནས་ལས་སླ་པོ་ཡོའོ་མ་རེད་དཱ།
  • ཨོའོ། དེ་འུ་ཚོ་༼ང་ཚོ་༽ལ་ཡང་རོགས་པ་ཞེ་པོ་བྱས་འདུག་ག ཁྱོད་ཀྱིས་ཧ་གོ་སོང་ངས།
  • མོ་ཌ་བཏང་འགྲོ་དུས་མཐོང་བྱུང་ངས།
  • མོ་ཌ་གཅིག་གི་ལམ་ཁ་ལ་། ཁྱོད་འོད་འད་༼ཡོད་པས༽།
  • ཡོད།
  • ཨོའོ། དེ་ནས་ཕྱི་རྒྱལ་འགྲོ་གྱི་འདུག་ཟེར་བལྟ་གྱི་ཡོད་པས། མེ་སྒོ་༼སྒེའུ་ཁུང་༽རྩ་༼འགྲམ་༽ནས། ཧཧཧ་་་་་་་་་།
  • ཧཧ་་་་། དཱ་ག་རེ་བྱས་འདུག་ན་བསམ་ཡང་རྒྱུག་འགྲོ་གྱི་ཡོད་པས། ཨ་ཧེ་་་་་་།
  • དེ་འདྲས་བྱེད་ཀྱི་ཡོའོ་རེད་པཱ། ཨེ་ནི་མི་ཟེར་ཉན་ང་ཚོ་ཏིལ་ཙམ་སྐྱོ་དྲགས་ཡོའོ་རེད་པཱ།
  • ད་ང་ཚོ་འདིའི་སོ་སོའི་སློབ་སྦྱོང་ཡང་བྱེད་མ་ཐུབ། ཨོའོ་ག་ནས་བྱས་ནའང་ཏིལ་ཙམ་སྐྱོ་ཡོའོ་རེད་པཱ།
  • ཁོང་ཚོ་ཡག་པོ་ཞེ་པོ་ཡོའོ་རེད་དཱ། ཏན་ཧྲེ་༼བརྙན་འཕྲིན་༽འཁྱེར་འདུག་ག ཨེ་ནི་རྗེས་སུ་ཁྱོད་ཕུ་ར་༼ཕར་ཕྱོགས་༽་ཕྱི་རྒྱལ་ལ་སླེབས་བསྡད་ཀྱི་རེད།
  • དེའིཧ་ཧ་་་་་་་། ཕྱི་རྒྱལ་ལ་སླེབས་ཨེ་ནི་དེའི་ནད་པ་འདི་འདྲས་འདུག་ཟེ། དེ་ནི་ལོ་ཁ་ཤས་རིང་སོ་སོས་ངལ་རྩོལ་བརྒྱབ་ནས།རེད་པཱ། ཕྲུ་གུ་དེ་ཚོ་སློབ་གྲྭ་བཏང་ནས་ཨེ་ནི་ཡག་པོ་ཞེ་དྲག་ཡོའོ་རེད། ཕྲུ་གུ་ཡོད་པས།༼ཡོད་དམ་༽
  • ཕྲུ་གུ་ལྔ་ཡོད།
  • ཨོའོ་ལྔ་ཡོད། འགའ་རེ་སྨན་པ་བྱས་ཞོག རེད་པཱ།ང་ཚོ་ཆ་ཕྱིན་ཆོག་གི་རེད། ཨེ་ཧེ་་་་་་་།
  • དེ་འདྲས་གྱིས་དང་ཁོང་ཚོ་ཡག་པོ་འདུག འདི་ཕྲུ་གུ་གཉིས་ས་ཡུན་ནན་ནས་ཡོང་ཀྱོག་༼ཡོང་བ་༽རེད།
  • ཡུན་ནན་གྱི་བོད་རིགས་དེ་འདྲས། ཨོའོ། ཡུན་ནན་བདེ་ཆེན་གྱི་བོད་རིགས་དེ་འདྲས། ས་འདི་རར་༼གར་༽ཡོང་། དཱ་ཁོང་ཚོ་སེམས་ཤུགས་ཡག་པོ་འདུག
  • འོང་། སློབ་སྦྱོང་ཡག་པོ་བྱེད་ཀྱིས། བསམ་བློ་ཡག་པོ་འདུག ཨེ་ནི་རྒན་ལགས་འདིར་ཕེབས་འདུག་ག ཨོའོ་ཡཱ།