Video Overview
A doctor in the Department of Musculo-skeletal Disorders discusses Patient 3's disorder.
- ཀའོང་། ནད་པ་དང་པོ་ནད་གཞིའི་།ཨིན་། སྐྱོན་དེ་བརྡབ་སྐྱོན་བྱུང་བྱས། རྐང་པ་གཡོན་མའི་རྗེ་ངར། འོང་།
- ཀརྗེ་ངར་གྱི་རུས་ཆག དེ་ཡའི་༼ཡང་༽དང་པོ་མི་དམངས་སྨན་ཁང་ལ་ཟླ་བ། ཟླ་བ་ཟེར་གིས། མི་དམངས་སྨན་ཁང་ལ་ཉི་མ་བདུན་ཙམ་ཞིག་བཞུགས་པ་རེད།
- ཀའོང་། དེ་ནས་ཁོ་རང་ཚོའི་ཕེ་ནས་༼ཕ་གི་ནས་༽གཤགས་བཅོས་བྱེད་ཀྱི་ཡིན་ཟེར་ལབ་བྱས། ཨེ་ནི་གཤགས་བཅོས་མོས་མཐུན་མེད་པའི་ཚུར་ང་ཚོའི་སྨན་ཁང་ལ་ཚུར་ཕེབས་པ་རེད།
- ཀཨེ་ནི་ང་ཚོའི་འདིར་སླེབས་བྱས། ཚུར་ཕེབས་བྱས། སྨན་བཅོས་གཙོ་བོ་དེ་དང་པོ་དེ་བྱས་པ་རེད།ག་རེ་ཟཱ།
- ཀཨིན། ཕྱི་ལུགས་ཀྱི་ཨེ་ནི། ཨོའོ། རྐང་པ་ལྕགས་བརྒྱབ་བྱས་འཐེན་ཡས་ཨོའོ། ད་ལྟ་ཕྱི་ལུགས་ཟེར་ན་ཆན་ཡིང་།༼རྒྱ་སྐད་༽ལྕགས་བརྒྱབ་བྱས་མར་འཐེན་བྱས་ཉི་མ་ཉིས་ཤུ་༼ཉི་ཤུ༽ཙི༼ཙམ་༽བཞག་པ་རེད།
- ཀའོང་། དེ་ནས་བོད་པའི་ཆིངས་། ཆིངས་བསྟེན་བྱས་ཨེ་ནི། རུས་པ་སྒྲིག་སྦྱོར་བྱས་པ་རེད།
- ཀའོང་། ད་ལྟ་དཱ་རྐང་པའི་རུས་ཀོག་༼རུས་པ་༽དཱ། ཨེ་འདྲས་སྒྲིག་སྦྱོར་ཡག་པོ་བྱུང་ཡོའོ་རེད།
- ཀའོང་། དེའི་ནང་སྨན་བཅོས་གཙོ་བོ་དེ་བོད་སྨན་གཉེན་པོ་ཨེ་ནི། འོང་། བོད་སྨན་གཉེན་པོ་ཁག་དང་པོ་ཨོའོ། གཉན་ཁ་འཇག་ཡས་ཀྱི་གཉེན་པོ་སྤོས་ཁྱུང་བཅོ་ལྔ་དང་། བསམ་ཁྱུང་དང་། ཨོའོ་སྤོས་ཁྱུང་བཅོ་ལྔ་བཅས་སྤྲད་པ་རེད།
- ཀཨོའོ། དེ་ནས་གཉན་འཇོམས་ཀྱི་གཉེན་པོ་བདུན་གཅིག་སྤྲད་བྱས། དེ་རྗེས་རུས་པ་གསོ་བསྐྱེད་ཀྱི་སྨན་ཨོའོ། བྱ་ཁུད་ཁྱུང་བསྣན་དང་སྟབ་སེང་བརྒྱད་པ། ཨོའོ་བྱ་ཁུད་ཁྱུང་བསྣན་དེ་གས་དེ་སྤྲད་པ་རེད།
- ཀདེ་ནས་ཐོ་རེངས་ལ་རྩ་རྒྱུས་ཀྱི་ནུས་པ་གསོ་ཡས་ལ་སྨན་། ཨིན་རིན་ཆེན་མུ་ཏིག་ཉེར་ལྔ། ཞོགས་གས་ཐོ་རངས་ལ་རིལ་བུ་རེ་རེ་སྤྲད་པ་རེད།
- ཀ་