Video Overview
A doctor in the Department of Musculo-skeletal Disorders discusses Patient 2's disorder.
- ཀཁོང་གི་སྙུང་གཞི་དེ་མར་ང་ཚོ་བོད་སྨན་གྱི་ཐོག་ནས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ནང་ནས་བཤད་པ་ཡིན་ན་རྒྱུ་རྒན་གྱི་ན་ཚ་རེད་ཟེར།
- ཀདཱ་གཙོ་བོ་རྒྱུ་རྒན་ཟེར་ཡས་དེ་གཙོ་བོ་ག་རེ་རེད་ཟེར་ན། ཨིན། རྟག་པར་རེ་བཞིན་གྲོད་ཁོག་བཤལ། ཏལ་༼ལྟེ་བའི་༽གྱི་གཡས་གཡོན་གཉིས་ལ་ན་ཚ་བཏང་ཨེ་ནི། འོང་་་་་། གྲོད་ཁོག་བཤལ་བྱས་རྒྱུན་རིང་པོ་ཕྱིན་་་་་འགྲོ་ཡས་དང་།
- ཀའོང་། དེ་ནས་ཁོག་པ་སྦོ་འཁྲོག་བྱེད་ཡས་རེད་པཱ།
- ཁརེད་ལགས།
- ཀདེ་ནས་འོང་། གྲོད་ཁོག་འཁྲོག་ཡས། དེ་ནས་ག་རེ་ཟེ་ནས། མཁལ་མ་དང་སྐེད་པ་འདི་གཉིས་བར་ཙ་ལ་༼བར་ལ་༽འདི་གས་ཚུར་ན་ཚ་བཏང་བྱས་མཉམ་དུ་འདུས་བྱས།ན་བྱས། གང་བྱས་གྲོད་ཁོག་བཤལ་བྱས་ལོ་ག་ཚོད་ཕེབས་པ་རས།༼རེད་༽
- ཁལོ་གཉིས་གསུམ་གཅིག་འགྲོ་གྱིས།
- ཀའོང་། ལོ་གཉིས་གསུམ་གཅིག་ཕྱིན་པ་རེད་ཟེར། སྨན་བཅོས་བྱས་ཙང་། བྱས་ནའི་ཁྱོན་ནས་དྲག་བསྐྱེད་མ་བྱུང་བྱས་རྟག་པར། རྟག་པར་རེ་བཞིན་གྲོད་ཁོག་བཤལ་བྱས་དེ་འདྲས་བསྡད་ཡས་རེད།
- ཀདཱ་དེ་ཡའི་སྨན་ཁང་ལ་ཡའི་ད་ལྟ་ཕེབས་ནས། འོང་། དཱའི་ཟླ་བ་གཅིག་དང་ལྷག་ཙམ་ཕྱིན་པ་རེད་པཱ།
- ཁརེད། རེད།
- ཀགཅིག་འཁོར་གྲབས་ཡོའོ་རེད། དེའི་ནང་ལ་ཆ་བཞག་ན། ང་ཚོ་བོད་སྨན་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་སྒང་ནས་ཆ་བཞག་ན་རྒྱུ་རྒན་གྱི་ན་ཚ་ལ་ངོས་འཛིན་བྱས་བྱས།
- ཀཨེ་ནི་གཙོ་བོ་ཡིན་ན་སྨན་དེ་སྟེར་བཞག་ཡོའོ་རེད། ག་རེ་ཟེར་ན། བྲག་ཞུན། བྲག་ཞུན་དགུ་པའི་སྒང་ལ་ཁྱུང་ལྔ་ལེམ༼བསྣན་༽བྱས། ན་ཚ་ཡོད་དུས་བྲག་ཞུན་དགུ་པའི་སྒང་ལ་ཁྱུང་ལྔ་ལེམ༼བསྣན་༽བྱས་བཏང་ཡས་དང་།
- ཀཨེ་ནི་འོང་། གསེར་མདོག་ལྔ་པ། དེ་ནས་ག་རེ་རེད་ཟེར་ན། མྱང་འབྲས་ལྔ་པ། མང་སྦྱོར་དེ་གས་བེད་སྤྱོད་བཏང་བྱས་ཨེ་ན་འོང་། ད་ལྟ་སྤྱིའི་རྩ་བའི་ཐོག་ནས་ཆ་བཞག་ན་ཨོའོ་ཙི་༼ཅུང་ཟད་དྲག་པ༽དྲག་ཡོའོ་རེད། རེད་པཱ།
- ཁའོང་། རེད།
- ཀདཱ་ཡང་མཚམས་མཚམ་ཡང་། ཟས་སྤྱོད་ལོག་པ་དང་དེ་འདྲས་སྐབས་ལ་ཡང་ཏེས་ཙི་ཏེས་ཙི་༼ཏིལ་ཙམ་༽ན་ཡས་དང་དེ་འདྲས་བྱས་མ་ཤིན་༼མ་གཏོགས་༽སྤྱིར་བཏང་བྱས་ན་ཡག་པོ་དྲག་ཡོའོ་རེད།
- ཀདཱ་ང་ཚོས་དུས་རྒྱུན་དུ་ནས་ག་རེ་རེད་ཟེར་ན། དེ་གཉན་ཁ་དང་། རྒྱུ་མག་༼རྒྱུ་མ་༽ནང་ལོགས་ལ་གཉན་ཁ་དེ་འདྲས་ཤུགས་ཆེན་པོ་མེད་དུས་གང་ལ་ཆ་བཞག་ན། ཨེ་ནི་ག་རེ་རེད་ཟེར་ན། སྨན་དྲོད་སྨན་ཐོག་ནས་ཆ་བཞག་ན་བྲག་ཞུན། སེ་འབྲུ་དགུ་པའི་བཟོ་འདྲ་དེ་འདྲས་དཱ།
- ཀདེ་བཞིན་གྱི་ག་རེ་ཟེར་ན། འོང་། ཧོར་མེ་རྒྱབ་ཡས། ཏལ་༼ལྟེ་བའི་༽གྱི་འོག་ལ་ཆ་བཞག་ན་ཧོར་མེ་བརྒྱབ་ཡས་དེ་འདྲས་དཱའི།
- ཀཨེ་ནི་དེ་བཞིན་གྱི་ག་རེ་རེད་ཟེར་ན། མང་སྦྱོར་དང་གྲང་སྦྱོར་བསྟུད་བྱས་བཏང་ཡས་དང་། དེ་འདྲས་བྱས་ཚར་པའི་རྗེས་ལ་ཆ་བཞག་ན་རྒྱུ་མ་གི ཨེ་ནི་བཤལ་ཐག་ཆོད་ཡས་དཱའི། དེ་ཚོ་ཏེས་ཙི༼ཏིལ་ཙམ༽་དྲག་དུ་ཕྱིན་ཡོའོ་རེད།
- ཀདཱ་འོང་རྒྱུ་མག་༼རྒྱུ་མ་༽ནང་ལོགས་གི་རྒྱུ་རྩི་སྲུང་ཡས་ཀྱི་ཆེད་དུ་ཡིན་ན་ཆ་བཞག་ན་། ཨི་ནི་རྒྱུན་དུ་ནས་གསེར་མདོག་ལྔ་པ་སྟེར་ན་ཡག་པོ་ཞེ་དྲག་ཡོག་རེད།
- ཀགསེར་མདོག་ལྔ་པ་སྟེར་ན་རྒྱུན་དུ་ནས་ནད་པའི་ནང་ལོགས་ཡའི། རྒྱུ་མག་༼རྒྱུ་མའི་༽ནང་ལོགས་རྩི་འབུད་པ་དཱའི། དེ་འདྲས་སྐབས་མཚམས་ཆ་བཞག་པ་ཡིན་ན། ཨེ་ནི་རྒྱུན་རིང་པོ་ཞེ་པུ༼ཧ་ཅང་༽གྲོད་ཁོག་བཤལ་གནང་ཡས་དང་དེ་ཚོའི་གང་ལ་ཆ་བཞག་ན།
- ཀགསེར་མདོག་ལྔ་པ་སྟེར་ན། དུས་རྒྱུན་རིང་ཙམ་བཏང་ཚར་པའི་རྗེས་གཅོད་བཟོ་འདྲ་བཏང་ཡས་དང་།
- ཀམང་སྦྱོར་དཱ་ཨེ་འདྲས་བྱས་བྱས་འདི་བྱས་པ་རེད།
- ཀཨེ་འདྲས་བྱས་བྱས་ད་ལྟ་རྩ་བའི་ཆ་ནས་ཆ་བཞག་ན། ན་ཚ་སྔུན་མ་དང་མི་འདྲ་བ་དྲག་ཡོའོ་རེད།
- ཀཨེ་ནི་ནད་པ་དེ་གྲོད་ཁོག་བཤལ་ནས་ད་ལྟ་བར་དུ་ལོ་གཉིས་ལྷག་ཙམ་གཅིག་ཕྱིན་ཡོའོ་རེད་ཟེ། ལོ་གཉིས་ཙམ་གཅིག་གྲོད་ཁོག་བཤལ་བྱས་བསྡད་ཡོའི་རེད།
- ཀདེའི་ནང་ལ་ཆ་བཞག་ན། ང་ཚོ་བོད་སྨན་གྱི་ཐོག་ནས་ཆ་བཞག་ན་སྨན་དེ་འདྲས་བཏང་ཚར་པའི་རྗེས་ལ་ཆ་བཞག་ན། གྲོད་ཁོག་བཤལ་ཐག་ཆོད་པ་མ་ཟད། ་
- ཀཨེ་ནི་འོང་། ན་ཚ་གཞན་དག་གི་ཨེ་ནི། ལངས་ཡས་དང་། ཨེ་འདྲས་ན་ཚ་གཞན་དག་ག་རེ་ཟེར་ན། ནད་རྐྱེན་ཨེ་འདྲས་༼དེ་འདྲ་༽བཟོ་ཡས་དེ་འདྲས། བླ་གཉན་ན་ཚ་ལངས་ཡས་ཨེ་འདྲས་ཡིན་ན་ཡོའོ་མ་རེད་ཟེར།
- ཀཙོབ་ཡོང་༼རྒྱ་སྐད་༽ག་རེ་ཟེར་ན། ནུས་པ་ཡིན་ན་ཡག་པོ་ཞེ་དྲག་ཡོའོ་རེད་ཟེར།
- ཀབྱས་ཙང་། ད་ལྟ་ཡིན་ན་ཆ་བཞག་ན། ནད་པའི་ནད་རྟགས་གང་ནས་ཆ་བཞག་ན་གྲོད་ཁོག་བཤལ་ཐག་ཆོད་ཡས་ཏེས་ཙི༼ཏིལ་ཙམ་༽དྲག་དུ་ཕྱིན་ཡོའོ་རེད་ལ། རྒྱུ་སྨད་ནང་ལོགས་ན་ཚ་བཏང་ཡས་དེ་གས༼དེ་དག༽གང་འགའ་༼ཡོད་ཚད༽ཡག་པོ་འཇག་བཞག
- ཀ་