Video Overview
A doctor in the Department of Liver Disorders examines Patient 1.
- ཀའོང་གང་འདྲས་༼གང་འདྲ་༽འདུག་ལ་དེ་བཞག་ཉི་མ་བདུན་རིང་ཀ།
- ཁཨའུ་ཙ་འདུག་ལ།
- ཀའོང་མཚན་ནག་གུང་ལ་གཉིད་ཁུག་གནང་ཡག་གང་འདྲས་༼གང་འདྲ་༽འདུག།
- ཁགཉིད་ཡག་པོ་ཁུག་གིས།
- ཀའོང་འོང།
- ཀའོང་ཞལ་ལག་མཆོད་ཡག་གང་འདྲས་༼གང་འདྲ་༽འདུག་ལ།
- ཁཁ་ལག་ཨའུ་ཙ་༼ཨའུ་ཙམ་༽ཟ་ཐུབ་གིས་༼ཐུབ་ཀྱིས།༽
- ཀའོང་འོང།
- ཀའདིའི་སྙིང་སྒང་ལ་ཡ་ད་གའི་སྒང་ལ་ཡ་ན་ཚ་བཏང་ཡག་གང་འདྲས་༼གང་འདྲ་༽འདུག་ལ།
- ཁའདི་ཁ་སིད་༼ཁ་སང་༽ཨ་གར་བརྒྱད་པ་ཟེར་ཡག་དེ་བཟས་བྱས་ཏིག་ཙ་༼ཏོག་ཙམ་༽དྲག་རུ་ཕྱིན་ཤག།
- ཀའོང་འོང།
- ཀམགོ་ཡུར་འཁོར་གནང་ཡག་མིན་འདུག་ག།
- ཁམགོ་ཡུར་འཁོར་གི་༼གྱི་༽མིན་འདུག་ལ།
- ཀའོང་འོང།
- ཀརྐེད་པ་སྙུང་ཡག་དེ་གང་འདྲས་༼གང་འདྲ་༽འདུག་ལ།
- ཁརྐེད་པ་ཏིག་ཙ་༼ཏོག་ཙམ་༽དྲག་རུ་ཕྱིན་ཤག།
- ཀའོང་འོང།
- ཀ་
- ཀམཚན་ནག་གུང་ལ་གཉིད་ཁུག་གནང་ཡག་གང་འདྲས་༼གང་འདྲ་༽འདུག་ལ།
- ཁཏིས་ཙ་༼ཏོག་ཙམ་༽དྲག་རུ་ཕྱིན་ཤག།
- ཀའོང་འོང།
- ཀསྐུ་གཟུགས་ཏིས་ཙ་༼ཏོག་ཙམ་༽ཡང་རུ་ཐད་འདུག་གས་༼འདུག་གམ་༽ལ།
- ཁཡང་རུ་ཕྱིན་ཤག།
- ཀའོང་འོང།
- ཀམཆིན་པའི་སྒང་ལ་ཡ་སྙུང་ཟུག་ཏིས་ཙ་༼ཏོག་ཙམ་༽འདི་གང་འདྲས་༼གང་འདྲ་༽འདུག་ལ།
- ཁའོང་ད་དྲག་རུ་ཕྱིན་ཤག།
- ཀའོང་འོང།
- ཀསྨན་ཞོགས་ཀས་༼ཞོགས་པ་༽ཉིན་དགུང་དགོང་དག་དེ་ཀྱས་༼དེ་ཚོ་༽དུས་ཚོད་ཁོ་ར་ཏག་ཏག་ཏག་བཞེས་གནང་གི་ཡོད་པཱ།
- ཁདུས་ཚོད་ཏག་ཏག་ནང་བཏང་གི་ཡོད།
- ཀའོང་འོང་།
- ཀསྨན་གིས་༼གྱིས་༽སྦིར་༼སྦྲིད༽གནང་ཡག་དང་དེ་འདྲས་༼དེ་འདྲ་༽མིན་འདུག་ག་ལ།
- ཁམིན་འདུག།
- ཁམིན་འདུག་ལ།
- ཀབཟི་བརྒྱབ་ཡག་དེ་འདྲས་༼དེ་འདྲ་༽
- ཀའོང་འོང།
- ཀལྕེ་ལེབ་མར་གཅིག་བརྐྱངས་གནང་དང།
- ཀའོང་འོང།
- ཀསྤྱན་མར་གཟིགས་གནང་ཨ་འདའི་༼འདིར་༽མར།
- ཀམར་གཟིགས་གནང།
- ཀལྕེ་དེ་མར་བརྐྱངས་གནང་དང་ལྕེ།
- ཀཡར་གཅིག་བཀྱག་གནང་དང།
- ཀའོང་འོང།
- ཀའོང་འོང།
- ཀཆབ་གསང་ཡང་སེ་ཡང་སེ་༼ཡང་ནས་ཡང་དུ༽བོ་གནང་ཡག་དེ་གང་འདྲས་༼གང་འདྲ་༽འདུག་ལ།
- ཁའོང་ད་གནང་དག་མིན་འདུག།
- ཀའོང་འོང།
- ཀཡར་ཕེབས་པ་དེ་ནས་བྱས་ཏིས་ཙ་༼ཏོག་ཙམ་༽སྐུ་གཟུགས་ཡང་རུ་ཐད་འདུག་ག།
- ཁཏིས་ཙ་༼ཏོག་ཙམ་༽དྲག་རུ་ཕྱིན་ཤག།
- ཀའོང་འོང།
- ཁདེ་བརྒྱངས་ཡག་༼སྦོས་སྙམ་བྱེད་པ༽དེ་ཏིས་ཙ་༼ཏོག་ཙམ་༽དྲག་རུ་ཕྱིན་ཤག།
- ཀའོང་འོང་དེ་རིང་གསོལ་སྨན་བསྒྱུར་གནང་བྱས་ཏིག་ཙ་༼ཏོག་ཙམ་༽དྲག་རུ་ཕྱིན་པ་རེད་པ།
- ཁའོང་དྲག་རུ་ཕྱིན་སོང།
- ཀའོང་འོང།
- ཀལྕེ་ལེབ་སྐམ་པོ་བྱེད་ཡག་དེ་འདྲས་༼དེ་འདྲ་༽འདུག་མིན་འདུག་ལ།
- ཁའོང་ཁ་སྐམ་པོ་ཁ་སྐྱུར་མོ་ཆགས་གིས་ལ།
- ཀཏིས་ཙ་༼ཏོག་ཙམ༽མངར་ཆ་དེ་འདྲས་༼དེ་འདྲ་༽མཆོད་ཙང་རེད་པཱ་ལ།
- ཁཇ་མངར་མོ་བཏུང་པ་རེད་པཱ་ཨ་ནི།
- ཀནམ་རྒྱུན་ནས་སྐྱུར་མོ་དེ་འདྲས་༼དེ་འདྲ་༽མ་རེད་པ་ལ།
- ཁམ་རེད།
- ཀའོང་འོང།
- ཀཕོ་བ་སྙུང་གི་མིན་འདུག་ག།
- ཁའོང་ན་གི་མིན་འདུག་ལ།
- ཁཕོ་བ་དྲག་རུ་ཞེ་པོ་༼ཧ་ཅང་༽ཕྱིན་ཤག།
- ཁདེ་སྔོན་ནས་ཕོ་བ་ཞེ་པོ་༼ཧ་ཅང་༽ཅིག་ན་གི་ཡོད།
- ཀཡར་བརྒྱངས་གནང་ཡས་༼གནང་ཡག་༽དེ་གང་འདྲས་༼གང་འདྲ་་༽འདུག་ལ།
- ཁདེ་ཏིས་ཙ་༼ཏོག་ཙམ་༽དྲག་རུ་ཕྱིན་ཤག།
- ཀའོང་འོང།
- ཀད་ཨ་ལས་དེ་རིང་གསོལ་སྨན་ཉི་མ་བདུན་གིའི་རིང་ག་ད་ག་བཞེས་ཨ་ནི།
- ཀགཞུ་གུར་༼རྗེས་སུ་༽གང་འདྲས་༼གང་འདྲ་༽འདུག་བལྟ་རྒྱུ་རེད།
- ཁལགས་སེ།
- ཀཨ་ལས་ཉི་མ་བདུན་གིའི་རིང་ཁ་གསོལ་སྨན་བསྒྱུར་པ་ད་ག།
- ཀདགོང་དག་ཨ་གར་བརྒྱད་པ་ད་གའི་སྒང་ལ་སྙུང་ཡག་ད་ག་རང།
- ཀགསོལ་སྨན་རེད་པ་ལ།
- ཀདེ་གཅིག་བཞེས་གནང་།
- ཀཨ་ནི་གཞུ་གུ་༼རྗེས་སུ་༽གང་འདྲས་འདུག་བལྟ་རྒྱུ་རེད།
- ཁལགས་རེད།
- ཀམ་རེད་པས་ལ།
- ཁའོང།
- ཀད་ལྟ་ཏིས་ཙ་༼ཏོག་ཙམ་༽ཆབ་རྟགས་འདི་ལ་བལྟས་ན་ཏིས་ཙ་༼ཏོག་ཙམ་༽གཅིག་གིའི་འདི་འདུག་ག་ལ།
- ཀད་དུང་གཉན་ཁ་ཏིས་ཙ་༼ཏོག་ཙམ༽འདུག་གའ།
- ཁལགས་སེ།
- ཀདེ་བྱས་ཁྱེད་རང་རྦད་དེ་བྱ་ཤའི་བཟོ་འདྲ་མ་བཞེས་ཨ།
- ཀབྱ་ཤའི་བཟོ་་འདྲ་དེ་འདྲས་༼དེ་འདྲ་༽བཞེས་ན་ཨ་ནི་ཡང་ཆབ་རྟགས་ལ་ཏིས་ཙ་༼ཏོག་ཙམ༽དེ་རིང་ཏིས་ཙ་༼ཏོག་ཙམ་༽འགྱུར་ལྡོག་ཕྱིན་འདུག་ག་ལ།
- ཁལགས་སེ་ལ།
- ཀབྱ་ཤ་བཞེས་པ་ཡིན་ན་ལམ་སང་ཁོ་ར་ཁོ་ར་འདི་རེད་པ་ལ།
- ཀདྲོད་སོང་ཙང་མཆིན་པ་འདི་ལ་ཡ་ཏིས་ཙ་༼ཏོག་ཙམ་༽གནོད་གི་༼ཀྱི་༽རེད་ད།
- ཁའོང།
- ཀདེ་འདྲས༼དེ་འདྲ་༽སྒང་ལ་ཡ་ཁྱེད་རང་དགོངས་པ་ཏིག་ཙ་༼ཏོག་ཙམ་༽བཞེས་གནང་དགོ་༼དགོས་༽རེད།
- ཀཨ་ནི་མཆིན་པར་སྐྱོན་ཡོད་ཚར་པའི་གཞུ་གུར་༼རྗེས་ལ་༽སྐྱུར་མོའི་རིགས་ཞེ་དྲག་༼མང་པོ་༽མ་བཞེས།
- ཁལགས་སེ།
- ཀསྐྱུར་མོ་ཞེ་པོ་དང་དེ་འདྲས་རིགས་ཞེ་དྲག་༼མང་པོ་༽བཞེས་རྒྱུ་ཡོའོ་༼ཡོད་༽མ་རེད།
- ཀསྤྱིར་བཏང་མངར་མོའི་ཆ་ཤས་འདི་འདྲས་༼འདི་འདྲ་༽ཏིས་ཙ་༼ཏོག་ཙམ་༽བཞེས་ན་འགྲིག་གི་རེད།ཁྱེད་རང་།
- ཀམཁྱེན་སོང་ང་དེ་འདྲས་༼དེ་འདྲས་༽མ་བཞེས་མ་གཏོགས།
- ཀད་རིང་ཞོགས་ཀས་༼ཞོགས་པ་༽ཆབ་རྟགས་དང་རྩ་གཉིས་ཀ་ལ་ཏིག་ཙ་༼ཏོག་ཙམ་༽འགྱུར་ལྡོག་ཕྱིན་འདུག་ག་ལ།
- ཁལགས་སེ།
- ཀའོང་དེ་ཀྱས་༼དེ་ཚོ་༽དགོངས་པ་ཏིག་ཙ་༼ཏོག་ཙམ་༽བཞེས་གནང་དང།
- ཀམཚན་ནག་གུང་ལ་རྔུལ་ནག་བཟོ་འདྲ་དེ་འདྲས་༼དེ་འདྲ་༽གང་སྐྱོན་གནང་གི་མིན་འདུག་ག།
- ཁཁ་སང་རྔུལ་ནག་བརྒྱབ་གིས་ད་ཏིག་ཙ་༼ཏོག་ཙམ་༽དྲག་རུ་ཕྱིན་ཤག།
- ཀའོང་འོང།
- ཀཟས་སྤྱོད་སྒང་ལ་ཁྱེད་རང་དགོངས་པ་ཏིག་ཙམ་བཞེས་དགོས་འདུག་གཱ
- ཁལགས་སེ།
- ཀཟས་སྤྱོད་སྒང་ལ།
- ཀབྱ་ཤ་དང་དེ་འདྲས་༼དེ་འདྲ་༽་བཞེས་དང་ཨ་ནི་ལམ་སེང་གཅིན་པ་ད་རང་ཞོགས་ཀས་གཅིན་པ་ཁ་དོག་ནག་པོ་ཆགས་འདུག་ག།
- ཀའོང་བྱ་ཤ་དེ་ད་ལྟ་འཕྲོད་གི་༼ཀྱི་༽མ་རེད་ད་ཁྱེད་རང།
- ཀམ་ཙང་ཁོ་ར་ནས་སྐུ་གཟུགས་ཁོ་རང་ལ་ཚ་བའི་ཁམས་ཡོའོ་༼ཡོད་༽རེད་པ་ལ།
- ཀདེའི་སྒང་ལ་བྱ་ཤ་དེའི་ནུས་པ་དྲོད་རེད།