Skip to main content Skip to search
17 Jun 2013
36 min 57 sec
Video Overview
Creators: 
Gangri Pumo, Drangchar

Seven women writers from the First Young Tibetan Women’s Literature Training are interviewed in this video.

སྐབས་དང་པོའི་བོད་ཀྱི་གཞོན་སྐྱེས་བུད་མེད་རྩོམ་པ་པོའི་གསོ་སྦྱོང་འཛིན་གྲྭའི་ཚོགས་ཞུགས་པའི་བུད་མེད་རྩོམ་པ་པོ་བདུན་ལ་བཅར་འདྲི་བྱས་པ།

འདི་ནི་མདོ་སྨད་ཁྲི་ཀའི་ཡུལ་དུ་འཚོགས་པའི་སྐབས་དང་པོའི་བོད་ཀྱི་གཞོན་སྐྱེས་བུད་མེད་རྩོམ་པ་པོའི་གསོ་སྦྱོང་འཛིན་གྲྭའི་ཚོགས་ཞུགས་པ་རྣམས་ལ་བཅར་འདྲི་བྱས་པའི་བརྙན་ཐུང་ཞིག་ཡིན་ལ། བཅར་འདྲི་ནང་དོན་གྱི་ཐད་ནས་ཁོ་མོ་ཚོ་ཇི་ལྟར་རྩོམ་འབྲིའི་ལས་ལ་ཞུགས་ཚུལ། རྩོམ་ཡིག་འབྲི་བའི་ཀུན་སློང་དང་ཉམས་མྱོང་། དཀའ་ཁག གཞན་མ་འོངས་པའི་འཆར་གཞི་སོགས་ཀྱི་ཐད་ནས་བཅར་འདྲི་བྱས་ཡོད་པ་རེད། བཅར་འདྲི་བྱ་ཡུལ་དང་པོ་ནི་ཕ་ཡུལ་རེབ་གོང་གི་བཙུན་མོ་ཡག་དང་། གཉིས་པ་ནི་ཕ་ཡུལ་གཅན་ཚ་ཡི་ཤ་བོ་བྱམས་འཚོ། གསུམ་པ་ནི་ཀླུ་ཆུའི་ཡུལ་གྱི་དགེ་རྒན་ཚེ་རིང་འཚོ། བཞི་པ་ནི་ཕ་ཡུལ་མགོ་ལོག་གི་གར་དབང་། ལྔ་པ་ནི་བོད་ལྗོངས་ནག་ཆུ་ས་ཁུལ་གྱི་ཨ་མདོ་རྫོང་གི་ཚེ་རིང་བདེ་སྐྱིད། དྲུག་པ་ནི་ཕ་ཡུལ་ཆབ་ཆ་ཡི་རྡོ་རྗེ་སྐྱིད། བདུན་པ་ནི་ཕ་ཡུལ་འབའ་རྫོང་གི་དགེ་རྒན་ཚེ་སྒྲོན་སྐྱིད་སོགས་ཡིན།