Skip to main content Skip to search
28 Jun 2018
5 min 19 sec
Video Overview
Creators: 
Sherig Dentshog

Aum Neyjur Wangmo of Shumar Gewog composed and sung this Aalo to give a message about her happiness under her beloved parents. She sings this Aalo when she is in a happy mood and at seasonal festivals and events like tshechu, rituals and losar. She expressed worry that songs like Aalo and Khoray are disappearing that’s why she is keen to sing these old songs. 

པད་མ་དགའ་ཚལ་རྗོང་ཁག་ ཤུ་མར་རྒད་འོག་ལས་ ཨམ་གནས་སྒྱུར་ དབང་མོ་གིས་མོ་རའི་གཡུས་ཁའི་ གླུ་གཞས་ཨ་ལོ་འདི་ བརྩམས་གནང་ཡོདཔ་མ་ཚད་འཐེན་འདི་ཡང་ ཡོདཔ་ཨིན་མས། གླུ་གཞས་འདི་ཡང་ ཨམ་དབང་མོ་མོརའི་ཕམ་གཅིག་ཁར་སྡོད་པའི་དགའ་བ་བྱུང་བའི་སྐོར་ལས་བཤདཔ་ཨིན་མས། གླུ་གཞས་ཨ་ལོ་འདི་མོ་སེམས་ དགའ་བའི་སྐབས་དང་མི་གཞན་གི་འཐེན་བཅུགཔ་ད་ འཐེནམ་ཨིན་མས། དེ་མ་ཚད་གླུ་གཞས་འདི་ གནམ་དུས་ཡི་དགའ་སྟོན་ དེ་ལས་ཚེས་བཅུ་ རིམ་གྲོ་དང་ལོ་གསར་བརྩི་སྲུང་འབད་བའི་ སྐབས་ཡང་འཐེན་ཡོདཔ་ཨིན་མས། ཨམ་དབང་མོ་གི་ འདི་བཟུམ་མའི་ཨ་ལོ་དང་ཁོ་རེ་འཐེན་ནིའི་ལམ་སྲོ་ལ་འདི་ ཁོང་རའི་ལུང་ཕྱོགས་ནང་ཡལ་འགྱོ་ནི་མས་ཟེར་ ཚ་གྱང་ཕོགཔ་ཨིན་མས། ཧེ་མ་འབད་ཝ་ཅིན་ ཨ་ལོ་དང་ཁོ་རེ་འཐེན་མི་ལེ་ཤ་ཡོདཔ་ཨིན་མས་ ཨིན་རུང་ད་རེས་ནངས་པར་འཐེན་མི་ ལེ་ཤ་མེདཔ་ལས་ཨམ་དབང་མོ་མོ་ར་ འདི་བཟུམ་མའི་གླུ་གཞས་རྙིངམ་འཐེན་ནི་ལུ་སྤྲོ་བ་བསྐྱེདཔ་ཨིན་མས།

Transcript search
No results found for this search
0 of 0
  • རྣལ་འབྱོར་དབང་མོ་
    Neljor Wangmo: ཨ་ལའོ་ལ་སེམས་ཀ་ཕ་མ། །ཨའེ་དྲིན་ཆེན་ལ་སེམས་ཀ་ལ་ཕ་མ། ། ཨ་ལའོ་ལ་སེམས་ཀྱི་ཕ་མ། །ཨའེ་དྲིན་ཆེན་ལ་སེམས་ཀྱི་ལ་ཕ་མ། །
  • རྣལ་འབྱོར་དབང་མོ་
    Neljor Wangmo: ཨའེ་དུང་དཀར་ལ་ང་འཁྲུངས་ས་ཤོ །ཨའེ་རྒྱ་མཚོ་ལ་རྟིང་ལས་ལ་འཁྲུངས་སོང་། ། ཨའེ་དུང་དཀར་ལ་ང་འཁྲུངས་ས་འདི། །ཨའི་རྒྱ་མཚོ་ལ་རྟིང་ལས་ལ་འཁྲུངས་ཡི། །
  • རྣལ་འབྱོར་དབང་མོ་
    Neljor Wangmo: ཨའེ་དུང་དཀར་ལ་ང་ཞུ་མཁན་ཤོ །ཨའེ་ཚོང་དཔོན་ལ་ནོར་བུ་ལ་བཟང་པོ། ། ཨའེ་དུང་དཀར་ལ་ང་ཞུ་མི་འདི། །ཨའེ་ཚོང་དཔོན་ལ་ནོར་བུ་ལ་བཟང་པོ། །
  • རྣལ་འབྱོར་དབང་མོ་
    Neljor Wangmo: ཨའེ་དུང་དཀར་ལ་ང་གི་གསུང་སྐད། །ཨའེ་ལྷ་འདྲེ་ལ་མི་གསུམ་ལ་ཁ་གནོན། །
  • རྣལ་འབྱོར་དབང་མོ་
    Neljor Wangmo: ཨའེ་དུང་དཀར་ལ་ང་གི་གདན་ས། །ཨའེ་ཆོས་ཁང་ལ་ཁྲ་མོའི་ལ་ནང་ལུ། །
  • རྣལ་འབྱོར་དབང་མོ་
    Neljor Wangmo: ལགས་སོ།། །།