Skip to main content Skip to search
28 Jun 2018
25 min 8 sec
Video Overview
Creators: 
Penchela
Transcript search
No results found for this search
0 of 0
  • ཌོག་ཊར་ཀརྨ་ཕུན་ཚོགས་ Dr Karma Phuntsho
    སློབ་དཔོན་གྱི་ ངོ་སྤྲོད་ཅིག་དང་དེ་ལས་ ནཱ་སློབ་གྲྭ་གི་སྐོར་ལས་ཅིག་གསུངས་གནང་མས་ལགས།
  • བསོད་ནམས་རིན་ཆེན་ Sonam Rinchen
    ཨ་ལགས་སོ་ལགས་ཏེ་ ང་ར་མིང་འདི་བསོད་ནམས་རིན་ཆེན་ཟེར་ སླབ་ཨིན་ཟེར་ ཞུ་ནི་ལགས་ཏེ་ ང་ར་ནཱ་ཨ་རྩིས་གཞུང་སློབ་གྲྭ་ནང་ལུ་རྩིས་ཀྱི་སློབ་སྟོན་པའི་ ཏེ་ ལས་འགན་ཅིག་འབག་སྟེ་འབད་ཡོད་ཟེར་ ཞུ་ནི་ཨིན་ལགས།
  • བསོད་ནམས་རིན་ཆེན་ Sonam Rinchen
    ཏེ་ང་བཅས་ནཱ་གི་སློབ་གྲྭ་འདི་ཏེ་ རྩིས་གཞུང་སློབ་གྲྭ་ཨིན་ཟེར་ ཞུ་ནི་ལགས་ད་ ང་བཅས་རའི་རྒྱལ་ཁབ་ནང་ལུ་ད་ རྩིས་ཀྱི་སློབ་གྲྭ་ད་ཨ་ ཡར་རྒྱས་འགྱོ་འགྱོ་བའི་གི་ རྩིས་ཀྱི་སློབ་གྲྭ་གཅིག་ཨིན་པས་ད་ འདི་འགོ་ཐོག་དང་པ་ཨིན་པས་ཟེར་ ཞུ་ནི་ཨིན་ཏེ་ མ་པ་འདི་ད་ ཀྲོང་གསར་ཚངས་ཁ་ལུ་ཏེ་ ཧེ་མ་ཚངས་ཁ་རིན་པོ་ཆེ་བཞུགས་པའི་ནམ་དུས་ལུ་ཏེ་ རྩིས་ཀྱི་སློབ་གྲྭ་གཅིག་གཞི་བཙུགས་འབད་ནུག་ཨིན་རུང་ཡང་འདི་ན་ལུ་ཏེ་ ང་བཅས་ར་ཨ་ རྒྱལ་ས་ལྟེ་བ་དང་ཐག་རིང་སྟེ་ཡར་ཡོང་ཡར་སོང་།
  • བསོད་ནམས་རིན་ཆེན་ Sonam Rinchen
    དེ་ལས་ མཐུན་རྐྱེན་འདི་ཚུ་ཏེ་ ཆ་ཚང་ཕུན་སུམ་ཚོགས་ཏོག་ཏོ་མེད་པ་ལས་བརྟེན་ཏེ་འབད་ཏེ་ དེ་ཅིག་གིས་ ཡར་རྒྱས་འགྱོ་མ་ཚུགས་པས་ཟེར་ ཞུ་ནི་ཨིན་ལགས།
  • བསོད་ནམས་རིན་ཆེན་ Sonam Rinchen
    ཏེ་ ང་བཅས་ནཱ་གི་འདི་འགོ་དང་པ་མར་བདེ་ཆེན་ཕོ་བྲང་ལུ་སྦེ་ཏེ་ རྩིས་ཀྱི་སློབ་གྲྭ་གནམ་ལོ་༡༩༩༦ལུ་ འབྲུག་རྒྱལ་བཞི་པ་དང་སྐྱབས་རྗེ་རིན་པོ་ཆེ་རྣམ་གཉིས་ཀྱིས་ མཐར་ཐུག་ཀྱི་ དགོངས་བཞེད་ཀྱི་ཐོག་ལུ་སྦེ་ཏེ་ དེ་སྦེ་གཞི་བཙུགས་གནང་ནུག་ཟེར་ ཞུ་ནི་ཨིན་ལགས།
  • བསོད་ནམས་རིན་ཆེན་ Sonam Rinchen
    དེ་ལས་ མར་ལས་འབད་འགོ་བཙུགས་ཏེ་ཏེ་ ང་བཅས་ནཱ་གི་སྤང་རི་ཟམ་པ་ལུ་གནམ་ལོ་༢༠༠༣ ལུ་ཏེ་ ནཱ་ལུ་ཨ་གཞིས་སྤོ་སྟེ་གིས་སྦེ་ཏེ་ དེ་ལསནི་ང་བཅས་ཀྱི་ རྩིས་གཞུང་སློབ་གྲྭ་འདི་ཏེ་ དགུན་འདི་ ཏེ་ ཡར་རྒྱས་གོང་འཕེལ་ཟེར་རུང་འདྲ་བས་ཏེ་འདི་ ཨ་ ནཱ་སྤང་རི་ཟམ་པ་རྩིས་གཞུང་སློབ་གྲྭ་ལྟེ་བ་ནང་ལས་ ཏེ་དེ་སྦེ་འགྱོ་འགྱོཝ་ཨིན་ཟེར་ ཞུ་ནི་ཨིན་ལགས།
  • བསོད་ནམས་རིན་ཆེན་ Sonam Rinchen
    ད་ ང་བཅས་ནཱ་གི་འདི་ད་ རྩིས་གཞུང་མཐོ་རིམ་སློབ་གྲྭ་སྦེ་ཏེ་ ན་ཧིང་ལས་ ཏེ་ང་བཅས་ར་མི་དབང་མངའ་བདག་ཡབ་སྲས་རྣམ་གཉིས་དང་ ཏེ་སྐྱབས་རྗེ་རིན་པོ་ཆེ་གིས་ད་ གཞི་བཙུགས་འབད་དགོ་པའི་གི་ བཀའ་སློབ་དང་ ལམ་བསྟོན་གྱི་ཐོག་ལུ་འབད་ ཏེ་ང་བཅས་མཐོ་རིམ་སློབ་གྲྭ་སྦེ་ དེ་སྦེ་བཞག་ཡི་ཟེར་ཞུ་ནི་ཨིན།
  • བསོད་ནམས་རིན་ཆེན་ Sonam Rinchen
    དེ་ཡང་ ད་ ང་བཅས་ ཨ་ཤར་ཕྱོགས་རྫོང་ཁག་ཁ་ཐུག་ལུ་རྩིས་ཀྱི་སློབ་གྲྭ་འབྲིང་མ་སྒོམ་ཕུག་སྐོར་ར་ལུ་གཅིག་དེ་ལས་ ལྷོ་ཕྱོགས་ཁ་ཐུག་ལུ་ལྷོ་ཕྱོགས་རྫོང་ཁག་ཁ་ཐུག་ལུ་ ཨ་དགེ་ལེགས་ཕུག་པདྨ་གླིང་ལུ་རྩིས་ཀྱི་སློབ་གྲྭ་འབྲིང་མ་གཅིག་དེ་སྦེ་འགོ་འབྱེད་འབདཝ་ལས་བརྟེན་ཏེ་འབད་ཏེ་ ནཱ་གི་འདི་ མཐོ་རིམ་སློབ་གྲྭ་སྦེ་དེ་སྦེ་བཟོ་དགོཔ་ཨ་བཟོ་དགོ་པའི་གནད་དོན་འདི་འདི་ལས་བརྟེན་ཏེ་འབད་ཡར་སོང་ཡི་ཟེར་ ཞུ་ནི་ཨིན།
  • བསོད་ནམས་རིན་ཆེན་ Sonam Rinchen
    ད་ འ་ནེ་སྦེ་འབད་ནི་འདི་གིས་ད་རེས་ང་བཅས་ནཱ་གི་སློབ་གྲྭ་འདི་ད་ སྤང་རི་ཟམ་པ་རྩིས་གཞུང་མཐོ་རིམ་སློབ་གྲྭ་ཟེར་ཡང་སླབ་མས་འབྲུག་ཕོ་བྲང་སྡིངས་རྩིས་གཞུང་མཐོ་རིམ་སློབ་གྲྭ་ཟེར་ད་ ཁོ་ར་ཧེ་མ་ཡོངས་གྲགས་ཀྱི་མིང་ལས་ སྤང་རི་ཟམ་པ་ཟེར་ཏེ་ ཁོ་རང་སྔར་གྱི་གདན་ས་ཁོ་ར་ལས་ཁོ་ར་གི་ཆགས་རབས་ལས་འབྱུང་འབྱུང་པའི་མིང་འདི་འབྲུག་ཕོ་བྲང་སྡིངས་ཟེར་ཏེ་ རྩིས་གཞུང་མཐོ་རིམ་སློབ་གྲྭ་ཟེར་ ཏེ་དེ་སྦེ་བཞག་སྟེ་ཡོད་ཟེར་ ཞུ་ནི་ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས Dr Karma Phuntsho
    ནཱ་དང་གཞན་ཁར་ཡོད་པའི་གི་རྩིས་གཞུང་སློབ་གྲྭ་འདི་ཚུ་ནང་ལུ་གཙོ་བོ་སློབ་སྟོན་དང་ སློབ་སྦྱོང་གི་ཆོས་ཚན་ ག་ཅི་ར་གཟིགསཔ་སྨོ?
  • བསོད་ནམས་རིན་ཆེན་ Sonam Rinchen
    ལགས་སོ་ཨ་ སྤྱིར་བཏང་ང་བཅས་ནཱ་གི་ རྩིས་གཞུང་མཐོ་རིམ་སློབ་གྲྭ་འདི་ནང་ལུ་ད་ ང་བཅས་རྩིས་རྐྱངམ་གཅིག་མེན་ཟེར་ ཞུ་ནི་ཨིན་ལགས་ད་ མ་པ་གཙོ་བོ་འདི་ རྩིས་ཀྱི་ཐོག་ཁར་ལུ་ད་ ཨ་གཞུང་རིག་གནས་གཅིག་ཡང་ཡོད་ཟེར་ ཞུ་ནི་ཨིན་ལགས།
  • བསོད་ནམས་རིན་ཆེན་ Sonam Rinchen
    ད་ འཛིན་གྲྭ་འབད་བ་ཅིན་ད་ འཛིན་གྲྭ་བདུན་པ་གི་ཤེས་ཚད་དང་འཁྲིལ་བའི་གི་ གཞུང་རིག་གནས་ཅིག་ དེ་སྦེ་གཙུགས་ཏེ་ཡོད་དེ་ལས་ འདི་དང་གཅིག་ཁར་ལུ་ཨ་ དཀྱིལ་ཆོག་སྐོར་ད་ ང་བཅས་ར་ཀུན་རྫོབ་ཀྱི་ ལག་ལེན་ཟེར་ སླབ་མས་ཀུན་རྫོབ་ཀྱི་ལག་ལེན་འདི་ཚུ་ཡང་།
  • བསོད་ནམས་རིན་ཆེན་ Sonam Rinchen
    ཏེ་ མ་ཚང་ཚངམ་སྦེ་ད་ དེ་ཡང་དེ་སྦེ་གཙུགས་དགོ་མི་གནོད་དོན་འདི་ཡང་ད་ རྩིས་རྐྱངམ་གཅིག་གི་ ང་བཅས་ར་མི་མགོ་འདྲོངས་མི་ཚུགས་པས་བ་ལགས་ཏེ་ དེ་ཡང་ད་ དཔེ་གཅིག་བཞག་པ་ཅིན་ད་ ནདཔ་གཅིག་ཏེ་ ཨ་ མི་ན་མི་གཅིག་འོང་སྟེ་སྦེ་ནཱ་ལུ་མོ་བཏབ་རྩིས་བཏབ་འབད་བཞིནམ་ན་ལས།
  • བསོད་ནམས་རིན་ཆེན་ Sonam Rinchen
    ད་ དེ་ནང་ལུ་འཐོན་པའི་གི་ དོན་འདི་ཚུ་ཏེ་ ཡིག་ཐོག་དུ་ བྲིས་ཏེ་འབད་ཕུལ་དགོ་པས་ལགས་ད་དེ་ ཡིག་ཐོག་ལུ་ བྲིས་ཕུལཝ་ད་ལུ་ཏེ་ ང་བཅས་ར་གཞུང་རིག་གནས་ཀྱི་སྐོར་འདི་ཚུ་ཡང་ ཨ་ཙི་མེད་པ་ཅིན་ཏེ་ ཐབས་ཆག་ཆག་སི་སི་ཅིག་མས་ད་ འ་ནཱི་འབདཝ་ལས་བརྟེན་ཏེ་གཞུང་རིག་གནས་བཙུགས་དགོ་པའི་རྒྱུ་མཚན་ འ་ནཱི་ཨིན་ཟེར་ ཞུ་ནི་ཨིན།
  • བསོད་ནམས་རིན་ཆེན་ Sonam Rinchen
    དེ་ལས་ ད་དེ་མོ་བཏབ་རྩིས་བཏབ་འབད་གདོན་བཏོན་ཏེ་སྦེ་རོགས་ལུ་ཕུལ་ཞིནམ་ན་ལས་ད་དེ་ངོ་ལེན་རྟོགས་བརྗོད་ཀྱི་རིགས་རིམ་འགྲོ་འབད་དགོ་པའི་ རིགས་ཚུ་ག་ར་ ང་བཅས་རྩིསཔ་ཚུ་གིས་རང་འབད་དགོ་པས་ལགས་རྩིས་པའི་རིམ་འགྲོ་ཟེར་བའི་བསྒང་ལས།
  • བསོད་ནམས་རིན་ཆེན་ Sonam Rinchen
    ཏེ་ དང་ཕུ་ལས་རང་ དེ་སྦེ་ཡར་སོང་འདུག་ཏེ་ འ་ནཱི་འབད་ནི་འདི་གིས་རྩིསཔ་གིས་འབད་དགོཔ་ལས་བརྟེན་ཏེ་གིས་འབད་དེ་ནང་ལུ་ ཆོ་ག་ཕྱག་ལེན་གཅིག་མེད་པར་ཡང་ཏེ་ མ་པ་ལས་ཏེ་ཨ་ ཐབས་ཆག་སི་སི་ཅིག་ཨིན་པས་ལགས།
  • བསོད་ནམས་རིན་ཆེན་ Sonam Rinchen
    ད་ འ་ནཱི་སྦེ་འབད་ནི་འདི་གིས་ ཀུན་རྫོབ་ཀྱི་ཏེ་ཨ་ ལག་ལེན་འདི་ཚུ་ཡང་ ཏེ་ཆ་ཚང་ཅིག་ཏེ་ ནཱ་ལས་ཨ་ ལོ་ངོ་བདུན་གྱི་རིང་ལུ་ཏེ་ ང་བཅས་རྩིས་ཀྱི་སློབ་སྟོན་འདི་ད་ འ་ནཱི་སྦེ་ཏེ་ ལོ་ངོ་བདུན་གྱི་རིང་ལུ་འབདཝ་ཨིན།
  • བསོད་ནམས་རིན་ཆེན་ Sonam Rinchen
    ཏེ་ འ་ནཱི་ནང་ལུ་ད་ གཞུང་རིག་གནས་འཛིན་གྲྭ་བདུན་པ་གི་ད་ ཤེས་ཚད་ད་ ཆ་ཚང་འདི་ ང་བཅས་ནཱ་ལུ་རྩིས་ཀྱི་ད་ ཀུན་རྫོབ་དང་འབད་འབདཝ་ད་ལུ་ད་ ཆ་ཚང་འདི་འགྱོ་མི་ཚུགས་པས་ཨིན་རིང་ར་ཡང་།
  • བསོད་ནམས་རིན་ཆེན་ Sonam Rinchen
    ད་ ཐབས་མ་ཆགཔ་ཅིག་ཏེ་ འ་ནཱི་སྦེ་བཙུགས་ཏེ་གི་ཡོད་དེ་ལས་ ཀུན་རྫོབ་ཀྱི་ལག་ལེན་དེ་ཡང་ ཡོངས་སུ་རྫོགས་པ་ཏེ་ དུང་རྒྱ་གླིང་གཏོརམ་ལས་འགོ་བཙུགས་ཏེ་ཆོ་ག་བཏང་ནི་ལས་ འགོ་བཙུགས་ཏེ་སྦེ་ཏེ་ ཆ་ཚང་ཅིག་དེ་སྦེ་བཙུགས་ཏེ་ཡོད་ཟེར་ ཞུ་ནི་ཨིན་ལགས།
  • བསོད་ནམས་རིན་ཆེན་ Sonam Rinchen
    དེ་ལས་ འདི་གི་ཁར་ལུ་ད་ ང་བཅས་ར་རྒྱལ་ཁབ་ཀྱི་ གནས་སྟངས་དང་འཁྲིལ་ཏེ་འབད་ཏེ་ ང་བཅས་ར་ཨིང་སྐད་ཀྱི་ཨིང་སྐད་འདི་ཡང་ གནམ་མེད་ས་མེད་ མེད་ཐབས་མེདཔ་ཅིག་ཨིན་པས་ད་ ཚན་རིག་དང་འབྲེལ་བ་འཐབ་དགོཔ་འབད་ཏེ་ འ་ནི་བཟུམ་འབད་འབདཝ་ད་ལུ་ཏེ་ ནམ་མཇུག་ག་དེ་སྦེ་འོང་ག་མི་ཤེས་པས།
  • བསོད་ནམས་རིན་ཆེན་ Sonam Rinchen
    ད་ འ་ནཱི་འབདཝ་ལས་བརྟེན་ཏེ་འབད་ཏེ་ ང་བཅས་ར་ཨ་་་ གྲྭ་ཚང་ལྷན་ཚོགས་དང་ད་ ང་བཅས་ར་གཞུང་དགེ་འདུན་གྲྭ་ཚང་གི་ཨ་་་ ཐུགས་ཀྱི་དགོངས་བཞེད་ཀྱི་ཐོག་ལས་འབད་ད་ ང་བཅས་ལུ་ ད་ ཨིང་སྐད་ཀྱི་ སློབ་སྟོན་འདི་ཚུ་ཡང་འཕྲོ་མཐུད་དེ་གནངམ་གནང་ས་རང་ཡོད་ཟེར་ ཞུ་ནི་ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་ Dr Karma Phuntsho
    རྩིས་གཞུང་སློབ་གྲྭ་ཟེརཝ་ད་ལུ་འ་ནཱི་རྩིས་ཟེར་མི་འདི་ག་ཅི་ལུ་གོཝ་ཨིན་ན་ག་ཅི་ལུ་ངོས་འཛིན་འབད་ན་ལགས?
  • བསོད་ནམས་རིན་ཆེན་ Sonam Rinchen
    ལགས་སོ་ད་ རྩིས་ཟེར་མི་འདི་སྤྱིར་བཏང་ང་བཅས་ར་ད་ཨ་་་ད་ གྱངས་ཁ་བསྡོམ་སྒྲིག་ནི་གི་ རྩིས་རྐྱངམ་གཅིག་མེན་པས་བ་ལགས་ད་ རྩིས་ཟེར་བའི་བསྒང་ལས་ང་བཅས་ར་ རྩིས་ལུ་ད་ང་བཅས་དཀར་རྩིས་ནག་རྩིས་དབྱངས་རྩིས་ཟེར་དེ་སྦེ་ཨཱ་་་གསུམ་འདུག་ལགས།
  • བསོད་ནམས་རིན་ཆེན་ Sonam Rinchen
    ད་ སྤྱིར་བཏང་དབྱངས་རྩིས་འདི་ད་ ང་བཅས་ར་དབྱངས་འཆར་གྱི་རྩིས་འདི་ཏེ་ དཀར་རྩིས་ཀྱི་ ཁོངས་སུ་བསྡུཝ་ཨིན་པས་ལགས།ཏེ་་་དཀར་རྩིས་འདི་ད་ཨ་ནག་རྩིས་འདི་ཏེ་ ང་བཅས་ར་རྒྱ་ནག་ལས་འབྱུང་འབྱུངམ་མས་ཏེ་ དཀར་རྩིས་འདི་ ང་བཅས་ར་རྒྱ་གར་ནང་ལས་དེ་གཙོ་བོ་འདི་ཁོ་ར་གཞི་འདི་དཀར་རྩིས་འདི་ཏེ་ ང་བཅས་ར་གཟའ་བདུན་དང་བདུན་འགྱུར་གྱི་ཁྱིམ་བསྒྱུར་ནི་(?)དེ་ལས་ རྒྱུ་དཀར་ཉེར་བརྒྱད་ལས་ད་ཨ་་་གཞི་དེ་ འདི་ལས་བརྟེན་ཏེ་སྦེ་ཐོན་མས་ཟེར་ཞུ་ནི་ཨིན།
  • བསོད་ནམས་རིན་ཆེན་ Sonam Rinchen
    ཏེ་ད་ འ་ནཱ་ལས་འོང་མི་གི་ཨ་་་རྩིས་འདི་ལུ་ དཀར་རྩིས་ཟེར་དེ་ལས་ ནག་རྩིས་ཟེར་ཏེ་ ང་བཅས་ར་འབྱུང་རྩིས་ཟེར་ཡང་སླབ་མས་ཏེ་ ནག་རྩིས་ཟེར་མི་འདི་ད་ རྒྱ་ནག་གཡུས་རྒྱ་ནག་ལས་དར་ནི་འདི་གིས་ཏེ་ ནག་རྩིས་ཟེར་དེ་སྦེ་ཡར་སོ་ནུག་ཟེར་ཞུ་ནི་ཏེ་ འ་ནཱི་མིང་གི་རྣམ་གྲངས་དེ་སྦེ་ཡར་སོ་ནུག་ ངོ་མ་འདི་འབྱུང་རྩིས་ཨིན་པས་ཟེར་ ཞུ་ནི་ཨིན།
  • བསོད་ནམས་རིན་ཆེན་ Sonam Rinchen
    ཏེ་ འབྱུང་རྩིས་འདི་ཡང་ང་བཅས་ར་སྤྱིར་བཏང་ཕྱི་དངོས་ཀྱི་འཇིག་རྟེན་དང་ ནང་བཅུད་ཀྱི་སེམས་ཅན་ག་ར་འབྱུང་བ་ལྔའི་རང་བཞིན་ལས་ཏེ་ བསྒྲུབས་བསྒྲུབསཔ་སྦེ་འབད་ནི་དེ་གིས་དེ་ཚུ་ད་ང་བཅས་ར་ཨ་་་མ་དང་འཕྲད་ན་བུ་དང་འཕྲད་ན་དགྲ་དང་འཕྲད་ན་གྲོགས་དང་འཕྲད་ན་ཟེར་ད་ ང་བཅས་རྩིས་ཀྱི་ཁ་ཐུག་ལས་དེ་སྦེ་འཐོན་ནི་འདུག
  • བསོད་ནམས་རིན་ཆེན་ Sonam Rinchen
    ད་ག་དེམ་ཅིག་སྦེ་དགྲ་དང་འཕྲད་ན་(འགྱུར་)འབབ་ཟེར་ཏེ་ འ་ནཱི་བཟུམ་སྦེ་ དགྲ་དང་འཕྲདཔ་འདྲཝ་ཅིག་ད་འབྱུང་བ་འདི་ཚུ་རང་ནང་འཁྲུག་པའི་སྐབས་ལུ་དགྲ་དང་འཕྲད་པ་ཅིན་མི་དགའ་ཟེར་ མི་དགའ་བའི་ཟློག་ཐབས་འ་ནཱི་ཨིན་ཟེར་ཏེ་ འ་ནེ་འབད་ཨ་་་བསྟུན་ཏེ་སྦེ་ང་བཅས་ར་ཨ་་་ཕྱི་དངོས་དང་ ནང་བཅུད་ག་ར་ད་བདེ་ཏོག་ཏོ་བཟོ་མི་འདི་ད་ ང་བཅས་ར་འབྱུང་བའི་རྩིས་ཀྱི་ལག་ལེན་འདི་ཨིན་པས་ཟེར་ ཞུ་ནི་ཨིན།
  • བསོད་ནམས་རིན་ཆེན་ Sonam Rinchen
    ད་ འ་ནཱི་འབད་ནི་འདི་གིས་འབྱུང་རྩིས་འདི་ཏེ་ ཨ་་་ང་ཅབས་ར་རྒྱ་ནག་ལས་ ཏེ་ དར་དརཝ་ཨིན་པས་ད་འ་ནེ་འབད་ནི་འདི་གིས་ད་རྩིས་འདི་ ང་བཅས་ནཱ་ལུ་འདི་ད་ རྩིས་ཟེར་བའི་བསྒང་ལས་དཀར་རྩིས་ནག་རྩིས་དབྱངས་རྩིས་ད་ འ་ནཱི་གསུམ་གྱི་ཐོགས་ལས་སྦེ་ཏེ་ ལག་ལེན་འཐབ་དོ་ཟེར་ ཞུ་ནི་ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntsho
    ད་ནཱ་ད་རེས་ཁམས་ཅིག་གི་ལས་རིམ་འདི་རྒྱ་ནག་སྤྱི་མདོས་འདི་ཨིན་མས་ཏེ་ རྒྱ་ནག་སྤྱི་མདོས་ཟེར་མི་རིམ་འགྲོ་འདི་ག་ཅི་ཨིན་ན་ག་ཏེ་ལས་དར་དརཝ་ཨིན་ན་ཏེ་ རྒྱ་ནག་སྤྱི་མདོས་ཟེར་ ག་ཅི་སྦེ་ཞུཝ་ཨིན་ན་ལགས?
  • བསོད་ནམས་རིན་ཆེན Sonam Rinchen
    ད་ སྤྱིར་བཏང་རྒྱ་ནག་སྤྱི་མདོས་ཟེར་ད་ ཁོ་ཡུལ་གྱི་ཐོག་ལས་སྦེ་མིང་བཏགས་ཏེ་འབད་དེ་སྦེ་ཡར་སོང་འདུག་ལགས་ད་ དོན་དག་ངོ་མ་ཁོ་ར་གི་མིང་ལུ་ད་ ཨ་་་འབྱུང་རྩིས་ཀྱི་(བགེགས་གཏོར་)ལོ་འབྱུང་བའི་རྩིས་ཀྱི་བགེགས་གཏོར་ལོ་(གཙུག་ལག་)རྩིས་ཀྱི་ འགྱུར་གཏོར་ལོ་ད་དེ་བཟུམ་སྦེ་ཨ་་་(གིམ་ཆང་) གི་ཟློག་གཏོར་ལོ་ཟེར་ད་ འ་ནེ་སྦེ་ཁོ་ལུ་ཏེ་ ལྷ་ཁོ་ར་བྱས་ལས་ཀྱི་ཐོག་ལུ་འབད་རྣམ་པ་སྣ་ཚོགས་ཏེ་ དེ་སྦེ་ཨ་་་འབྱུང་བ་འབྱུང་བ་ལྔ་འདི་ངོ་སྤྲོད་འབད་བའི་གནས་སྐབས་ནང་ལུ་འབྱུང་བའི་བགེགས་གཏོར་ཟེར།
  • བསོད་ནམས་རིན་ཆེན་ Sonam Rinchen
    ཏེ་ གཙུག་ལག་རྩིས་ཀྱི་ཨ་་་འདི་ཚུ་ཏེ་ ང་བཅས་ར་ཕྱི་དངོས་དང་ནང་བཅུད་དེ་གཅིག་ཁར་ཨ་ བསྒྱུར་བའི་གནས་སྐབས་ནང་ལུ་ཏེ་ འབྱུང་བའི་ཨ་་་ འབྱུང་བའི་འགྱུར་གཏོར་ཟེར་དེ་ལས་ཨ་་་ཨ་་་མགོནཔོ་ཤིང་གི་ ཟློག་གཏོར་ཟེར་མི་འདི་ཏེ་ ཧེ་མ་ཁོང་ཡར་ཏེ་ རྒྱ་ནག་ལུ་ཨ་་རྒྱལཔོ་ཏེ་ མགོནཔོ་ཤིང་མགོནཔོ་ཤིང་གནག་པོ་ཟེར་སླབ་མས།
  • བསོད་ནམས་རིན་ཆེན་ Sonam Rinchen
    དེ་ལས་ འདི་དང་གཅིག་ཁར་ཏེ་ རྒྱལ་པོ་སྤྲིང་སྤྲིང་འོད་བཟང་ཟེར་ ཏེ་ འ་ནེ་སྦེ་ཞུཝ་ཨིན་པས།ད་འ་ནཱི་ཚུ་གིས་ད་རྐྱེན་བར་ཆད་བཟློག་པའི་ཐབས་ལུ་འབད་ནི་དེ་གིས་བཟློག་གཏོར་ཟེར་དེ་སྦེ་ཡར་སོང་འདུག
  • བསོད་ནམས་རིན་ཆེན་ Sonam Rinchen
    ཏེ་ད་ལྟོ་ནཱ་གི་རྒྱ་ནག་སྤྱི་མདོས་ཟེར་མི་འདི་སྤྱིར་བཏང་ང་བཅས་ར་ཏེ་ འབྱུང་ཚུལ་འདི་ དར་ཚུལ་ངོ་མ་ཏེ་ཡར་རྒྱ་ནག་ལས་འབད་ནི་འདི་གིས་ཏེ་ རྒྱ་ནག་སྤྱི་མདོས་ཟེར་ཏེ་ སྤྱི་མདོས་ཟེར་སླབ་དགོ་མི་འདི་ག་ཅི་སྨོ་ཟེར་བ་ཅིན་ད་ ང་བཅས་ར་གཙུག་ལག་རྩིས་ཀྱི་ཨ་་་(བསྐོར་སྒོ་) གསུམ་བརྒྱ་དྲུག་བཅུ་ལུ་ད་དེའི་ཟློག་ཐབས་གསུམ་བརྒྱ་དྲུག་བཅུ་འདུག་ལགས།
  • བསོད་ནམས་རིན་ཆེན་ Sonam Rinchen
    ད་ འ་ནཱི་ག་ར་ད་ ཚུར་བསྡུ་བ་ཅིན་ཏེ་ རྒྱ་ནག་སྤྱི་མདོས་ནང་ལུ་ད་ ཁོ་ར་མདོས་མདོས་ནང་ལུ་མདོས་ལུ་ཨ་་(རྟོགས་)འགྱུར་གསུམ་བརྒྱ་དྲུག་བཅུ་ནང་ལུ་ག་ར་ད་ འ་ནཱི་ནང་ལུ་ ཚངམ་སྦེ་འབད་ནི་དེ་གིས་ཏེ་ རྒྱ་ནག་སྤྱི་མདོས་ཟེར་སླབ་དགོ་མི་སྤྱི་མདོས་ཟེར་ བསླབ་དགོ་མི་རྒྱུ་མཚན་འདི་ཏེ་ འ་ནཱི་ཨིན་པས་ཟེར་ ཞུ་ནི་ཨིན།
  • ཌོག་ཊར་ཀརྨ་ཕུན་ཚོགས Dr.Karma Phuntsho
    ད་ མདོས་ཟེརཝ་ད་ལུ་སྤྱིར་བཏང་གི་གོ་བ་ག་ཅི་བཟུམ་ཅིག་ལེན་དགོཔ་ཨིན་ན?
  • བསོད་ནམས་རིན་ཆེན་ Sonam Rinchen
    ད་ མདོས་ཟེར་མི་འདི་ སྤྱིར་བཏང་ང་བཅས་ར་ཨ་་་དེ་ལས་མདོས་ལུ་འཕངས་མདོས་ལོ་ཤར་མདོས་ལོ་ཟེར་ལྷམ་པ་ལེ་ཤ་འདུག་ལགས།ད་ སྤྱིར་བཏང་མདོས་ཟེར་མི་འདི་ད་ལྟོ་ང་གིས་ད་ལྟོ་ཁ་གསལ་སྦེ་ དེ་སྦེ་ ཨ་་་ཞུ་མི་ཚུགས་པས་ཨིན་རུང་ཡང་མདོས་ཟེར་མི་འདི་གཙོ་བོ་རང་གི་བཟློག་པ་རང་གི་རྐྱེན་བར་ཆད་ཚུ་ད་ ཕར་བཟློག་བཏང་མི་འདི་ལུ་ཏེ་ མདོས་ཟེར་དེ་སྦེ་ གོ་དོ་བཟུམ་སྦེ་དེ་སྦེ་འཚོར་ཡི་ཟེར་ཞུ་ནི་ཨིན།
  • ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntsho
    ད་རེས་རྒྱ་ནག་སྤྱི་མདོས་ཀྱི་ཆོ་ག་འདི་གུ་ལྷོདཔ་ད་དེ་གི་གཞུང་འདི་ག་ཅི་ལུ་གཞི་བཞགཔ་ཨིན་ན་དེ་ཚུ་ག་ཏེ་ལས་དར་དརཝ་ཨིན་ན་བརྒྱུད་པ་ག་དེ་སྦེ་ཨིན་ན?
  • བསོད་ནམས་རིན་ཆེན Sonam Rinchen
    ལགས་སོ་ད་ ང་བཅས་རྒྱ་ནག་སྤྱི་མདོས་འདི་ད་ ཁོ་ར་དར་ས་འདི་ཏེ་ དང་ཕུ་ཏེ་ ཡར་རྒྱ་ནག་ལས་ཨིན་པས་ཟེར་ ཞུ་ནི་ཨིན་དེ་ཡང་ ང་བཅས་ར་བདག་ཅག་གི་སྟོན་པ་མཆོག་ཏེ་ སྐུ་མྱ་ངན་ལས་འདས་ཞིནམ་ལས་ཏེ་ དགུང་གྲངས་༤༡འདས་པའི་མཚམས་ལས་ཏེ་ ང་བཅས་ར་རྒྱ་ནག་རི་བོ་རྩེ་ལྔ་ལུ་ཏེ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་ཨ་སྐུར་འཛུལ་ཏེ་གི་སྦེ་ཏེ།
  • བསོད་ནམས་རིན་ཆེན་ Sonam Rinchen
    ཨ་་་འབྱུང་རྩིས་འབྱུང་བའི་རྩིས་ཀྱི་སྐོར་འགོ་འདི་ཚུ་ ཏེ་ དེ་སྦེ་གསུངས་དེ་སྦེ་གསུངས་དགོ་མི་འདི་ཡང་སྤྱིར་བཏང་ ད་ ང་བཅས་ར་ཕྱི་དངོས་དང་ ནང་བཅུད་ག་ར་འབྱུང་བ་ལྔའི་རང་བཞིན་འབད་དེ་ནང་ལུ་ད་ ང་བཅས་ར་(གཟའ་)དང་ཨ་་་(གྲངས་ལས་འདས་) པ་ཅིག་ཡོད་ལགས།
  • བསོད་ནམས་རིན་ཆེན་ Sonam Rinchen
    ད་ད་འ་ནཱི་ཚུ་ཡང་ཏེ་ རང་གི་ངོས་འཛིན་འབད་མ་ཚུགསཔ་ཏེ་ འ་ནཱི་སྦེ་འབད་ནི་འདི་གིས་ད་ འདི་ནང་ད་ཅི་ང་ཨ་་་ཞུ་དོ་བཟུམ་སྦེ་རྒྱལ་པོ་(སྤྲི་སྤྲི་)འོད་བཟང་དང་ད་གིམ་ཤིང་གནག་པོ་གིམ་ཤིང་གནག་པོ་ཟེར་རང་སླབ་མས་ཏེ་ འ་ནཱི་གཉིས་ཀྱི་ད་ གནམ་ལོ་ཐེ་ཚེ་རྒྱལ་པོ་ཕོག་ས་ལུ་ད་ རྒྱལ་པོའི་གི་ཕོ་བྲང་ཁོང་རྒྱལ་པོ་ཚུ་གིས་ཕོ་བྲང་བཞེངས།
  • བསོད་ནམས་རིན་ཆེན་ Sonam Rinchen
    ད་ འདི་བཟུམ་སྦེ་ད་ (ཐེག་ཁྱིམ་གནས་པའི་མཆོག་)སུ་ལུ་ད་ ཁོང་གི་མནའམ་བཏང་ལེན་འབད་བ་ལ་སོགས་པ་ད་ འདི་བཟུམ་སྦེ་ས་དག་ཟླཝ་ལས་འདས་པ་ཅིག་ལུ་ ཁོང་གི་ ད་ཕར་རྩིས་ཚུལ་འདི་ཚུ་ག་ར་ནོར་ཏེ་གིས་སྦེ་ཏེ་ ཨ་་་ནམ་ཅིག་གི་ཚེ་ ཏེ་ ཁོང་ག་ར་ཏེ་ རྒྱལ་ཁབ་ལུ་ཏེ་ ནད་ཡམས་མུ་གེ་འཁྲུག་རྩོད།
  • བསོད་ནམས་རིན་ཆེན་ Sonam Rinchen
    ཏེ་ ང་བཅས་ར་སྲོག་གི་ ཨ་་་་(རྒུད་པ་)ཚེ་འཐུང་བ་ཚེ་འཐུང་བ་ལུས་ཀྱི་རྒུད་པ་ཏེ་ ནད་མང་བ་དེ་ལས་ རླུང་རྟ་ཀྱི་རྒུད་པ་ཏེ་ ནོར་རྒུད་མང་བ་ཏེ་ དེ་བཟུམ་སྦེ་ཨ་་་དབང་ཐང་གི་རྒུད་པ་ ནོར་རྒུད་མང་བ་ཏེ་ རླུང་རྟ་ཀྱི་རྒུད་པ་ འགྱུར་རྒུད་མང་བ་ལ་སོགས་པ་འ་ནཱི་བཟུམ་གྱི་ ཏེ་ བརྟེན་རྣམ་པ་སྣ་ཚོགས་དེ་སྦེ་འབྱུངམ་ལས་བརྟེན་ཏེ་སྦེ།
  • བསོད་ནམས་རིན་ཆེན་ Sonam Rinchen
    ཏེ་ རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཏེ་ ང་བཅས་ར་འབྱུང་བ་འཁྲུག་པའི་གི་ཏེ་ རྣམ་རྟོག་ལས་བརྟེན་ཏེ་འབད་དེ་སྦེ་ཨ་་་མི་དགེ་བའི་མཚན་མ་དེ་སྦེ་འབྱུང་མི་འདི་ དེ་སྦེ་ཨིན་པས་ཟེར་ དེ་སྦེ་གསུངས་ཞིནམ་ན་ལས་དེ་ལས་ འབྱུང་བའི་རྩིས་ཀྱི་ཏེ་ སྐོར་འགོ་འདི་ཚུ་ཏེ་ དེ་སྦེ་གསུངས་ནུག་ཟེར་ ཞུ་ནི་ཨིན་ལགས།
  • བསོད་ནམས་རིན་ཆེན་ Sonam Rinchen
    དེ་ལས་ ཨ་ནཱི་ཚུ་སྤྱིར་བཏང་ང་བཅས་ར་ད་རེས་ཀྱི་ ཆོས་ཀྱི་གཞུང་འདི་ངོ་མ་འདི་ཏེ་ འབྱུང་བ་ལྔའི་གི་ཏེ་འབྱུང་བ་གཅིག་ བགེགས་བཟློག་ཟེར་ཡང་སླབ་མས་ཏེ་ འབྱུང་བ་ལྔ་ལས་ཏེ་ ཨ་་་ཁོ་ར་ཚིག་དཔེ་ཆ་མགོ་ལས་མཇུག་ཚུན་ཚོད་ག་ར།
  • བསོད་ནམས་རིན་ཆེན་ Sonam Rinchen
    འབྱུང་བ་ལྔའི་ལྷ་ཚོགས་ཀྱི་ རྣམ་པ་འདི་ཚུ་ག་ར་ དེ་སྦེ་ཨ་་་ངོ་སྤྲོད་དང་ འདི་ཚུ་གི་གནོད་པ་དང་འདི་བཟུམ་སྦེ་བཟློག་ཐབས་ལ་སོགས་པ་ག་ར་ཚིག་དཔེ་ཆ་འདི་ནང་ལུ་ད་ ད་རེས་ཀྱི་ཆོ་ག་འདི་ནང་ལུ་ དེ་སྦེ་འདུག་ཟེར་ཞུ་ནི་ཨིན་ འ་ནཱི་འབད་ནི་དེ་གིས།
  • བསོད་ནམས་རིན་ཆེན་ Sonam Rinchen
    དར་ཚུལ་ངོ་མ་འདི་ཏེ་ ཡར་རྒྱ་ནག་ལས་ཏེ་ དར་དརཝ་ཨིན་པས་ཟེར་ ཞུ་ནི་ཨིན།དེ་ཡང་ད་ སྤྱིར་བཏང་ད་ལྟོ་དཔེ་ཆ་ཁོ་ར་གི་ གཞུང་དང་འཁྲིལ་བ་ཅིན་ཏེ་ འབྱུང་ཚུལ་དར་བའི་གི་བསྒང་ལས་རང་ཏེ་ ཁོ་ར་ཚིག་འདི་ཚུ་དེ་བཟུམ་སྦེ་ བཟློག་ཐབས་འདི་ཚུ་ད་ དེ་༼མཐའ་བདག་༽ འབྱུང་བའི་གི་རྩིས་ད་ འབྱུང་རྩིས་བརྒྱད་ཁྲི་བཞི་སྟོང་།
  • བསོད་ནམས་རིན་ཆེན་ Sonam Rinchen
    དེ་ལས་ རྟོགས་འགྱུར་གསུམ་བརྒྱ་དྲུག་བཅུ་ལ་སོགས་པ་ད་ འ་ནཱི་ཚུ་བཟུང་མི་གནས་སྐབས་ནང་ལུ་ར་ཏེ་ འ་ནེ་སྦེ་ཨ་་་ཁོ་ཆོ་ག་འདི་དེ་སྦེ་ཨ་་་ཆོ་ག་ཟེར་མི་འདི་ སྤྱིར་བཏང་ང་བཅས་ར་ལག་ལེན་མས་ད་ ང་བཅས་ར་འབྱུང་བ་རྩིས་ཀྱི་ལག་ལེན་འདི་ ཏེ་ དེ་སྦེ་ཨ་་་འཐབ་སྟེ་སྦེ་སྡོད་ནུག་ཟེར་ ཞུ་ནི་ཨིན་ལགས།
  • བསོད་ནམས་རིན་ཆེན་ Sonam Rinchen
    དེ་ལས་ ད་ འདི་ནང་ལས་ཏེ་ ང་བཅས་ར་ཡར་རྒྱ་ནག་ཁ་ཐུག་ལུ་ཨ་་་བསྟན་པའི་སྤྱི་ལོ་འབད་བ་ཅིན་ཏེ་ སྤྱི་ལོ་ ༦༤༡དེ་ཅིག་ནང་འོང་ནི་མས་ལགས་ཏེ་ རྒྱལ་པོ་སྲོང་བཙན་སྒམ་པོ་གི་ཨ་་་སྐབས་ལུ་ཏེ་ ང་བཅས་ར་ལྷ་ས་ཀོང་ཇོ་འདི་ཏེ་ ཡར་རྒྱ་ནག་ལུ་རྒྱ་ནག་རྒྱ་ནག་ལས་ཏེ་རྒྱ་ཟ་ཀོང་ཇོ་འདི་ལྷ་ས་ལུ་ཏེ་ གདན་འདྲེན་པའི་གནས་སྐབས་ནང་ལུ།
  • བསོད་ནམས་རིན་ཆེན་ Sonam Rinchen
    ད་ ང་བཅས་ར་འབྱུང་རྩིས་འདི་ཚུ་ཡང་ཏེ་ འ་ནི་སྐབས་ལུ་ཏེ་ དེ་སྦེ་གདན་འདྲེན་ཞུ་ཞུཝ་ཨིན་མས་བ་ལགས།ཏེ་ འ་ནཱི་སྐབས་ལུ་དེ་ལས་དེམ་ང་བཅས་ར་འབྱུང་བའི་ད་ བཟློག་ཐབས་དང་རིམ་འགྲོ་ཏེ་ རྒྱ་ནག་སྤྱི་མདོས་ལ་སོགས་པ་འདི་ཚུ་ག་ར་ རིམ་པ་བཞིན་དུ་བརྒྱུད་ཏེ་གིས་སྦེ་ཏེ་ཡར་རྒྱ་བོད་ལུ་དར་ཏེ་ བོད་ལུ་ཏེ་དར་བའི་ནམ་དུས་ལས་འགོ་བཙུགས་ཏེ་ང་བཅས་ནཱ་འབྲུག་ལུ་ཡང་།
  • བསོད་ནམས་རིན་ཆེན་ Sonam Rinchen
    ཏེ་ ཡར་གྱི་ཏེ་ ས་ཐག་ཉེ་ས་འབད་ནི་འདི་གིས་ དར་ཁྱབ་འདི་ འ་ནཱ་ལས་བརྟེན་ཏེ་སྦེ་འབྱུང་ནུག་ཟེར་ ཞུ་ནི་ཨིན་དེ་ལས་ད་རིམ་པ་བཞིན་དུ་ཏེ་ ང་བཅས་ནཱ་རྒྱལ་ཁབ་ནང་ལུ་ཏེ་ དར་ཁྱབ་འདི་ སྤྱིར་བཏང་ཁོ་ར་ཨ་་་ཞབས་དྲུང་རིན་པོ་ཆེ་ནཱ་ལུ་སྤྱི་ལོ་ ༡༦༡༦་ལུ་འབྱོནམ་མས་དེ་ལས་འབྱོན་འབད་ཞིནམ་ལས་ཏེ་ ང་བཅས་ར་རྩིས་ཀྱི་ལམ་སྲོལ་ཨ་ཙི་རེ།
  • བསོད་ནམས་རིན་ཆེན་ Sonam Rinchen
    ཨ་་་ད་ཧེ་མ་ཡོད་མི་ཚུ་ཏེ་ ཉམས་པ་སོར་ཆུད་གནང་དེ་བཟུམ་སྦེ་ མཁས་བསྒྲུབ་རིན་པོ་ཆེ་སྤྱི་ལོ་ ༡༦༢༨ཨིན་ན་ཅིག་ཏེ་ འ་ནེམ་ཅིག་ནང་ལུ་ཏེ་ ༢༡ འོང་ནི་འདྲས་ལགས་ད་ འ་ནེ་ཅིག་ནང་ལུ་ཏེ་ ཡར་ལས་གདན་འདྲེན་ཞུ་འབད་ཞིནམ་ན་ལས་ཨ་་་ད་ ང་བཅས་ནཱ་ལུ་ཏེ་ འབྱུང་རྩིས་དང་ དཀར་རྩིས་ཀྱི་རིགས་ཚུ་ གནའ་མེད་ས་མེད་དར་ཁྱབ་ཏེ་ ཅི་དང་མ་འདྲཝ་སྦེ་དེ་སྦེ་གནང་དེ་དང་གཅིག་ཁར།
  • བསོད་ནམས་རིན་ཆེན་ Sonam Rinchen
    རྒྱབ་རྟེན་གྱི་ལུང་དང་ཏེ་ དགོས་པ་ཁུངས་དང་བཅསཔ་འབད་དེ་སྦེ་ཏེ་ ང་བཅས་ར་སྡེ་སྲིད་དབུ་མཛད་ཆེན་པོ་ལ་སོགས་པ་འདི་ཚུ་ལུ་ གནང་ཞིན་ན་ལས་ཏེ་ རིམ་པ་བཞིན་དུ་ང་བཅས་ར་གཞུང་གྲྭ་ཚང་ནང་ལུ་ཏེ་ འ་ནཱི་བཟུམ་གྱི་བཟློག་ཐབས་ཀྱི་བཟློག་ཐབས་བཟློག་བཅོས་ཀྱི་ཨ་བཟློག་བཅོས་ཀྱི་ རིམ་འགྲོ་ལ་སོགས་པ་ཏེ་ མི་ཉམས་པ་འབད་ཏེ་ ད་ལྟོ་བར་ནང་ཡང་ང་བཅས་ར་གཞུང་རྩིས་སློབ་དཔོན་ཚུ་གི་འགོ་འདྲེན་འཐབ་ཏེ་འབད་ དེ་སྦེ་གནང་སྟེ་འབད་འདུག།
  • བསོད་ནམས་རིན་ཆེན་ Sonam Rinchen
    ད་ སྤྱིར་བཏང་ང་བཅས་ར་ནཱ་གཞུང་གྲྭ་ཚང་ནང་ལུ་འབད་བ་ཅིན་དེ་ཡང་ ཧེ་མ་ལས་རང་འགོ་བཙུགས་བཙུགསཔ་བཟུམ་ཅིག་འདུག་ལགས།ད་ དེ་ཡང་ད་ང་བཅས་གྲྭ་ཚང་ནང་ལུ་ ཨ་་་ཞག་བདུན་ཞག་ལྔ་འཕྲལ་འཕྲལ་སྐབས་ལྔ་འཕྲལ་འཕྲལ་སྐབས་བདུན་སྦེ་དེ་སྦེ་གནང་སྲོལ་ཡོདཔ་མས་ལགས།
  • བསོད་ནམས་རིན་ཆེན་ Sonam Rinchen
    ཏེ་ དེ་གི་གནམ་མེད་ས་མེད་ད་རེས་བཟུམ་སྦེ་ཏེ་ གནམ་མེད་ས་མེད་མདོས་སྦོམ་སྦེ་མེན་པར་ཏེ་ ཁོང་ར་གི་ད་ རྩིས་པའི་གི་ ཨ་་་འབུམ་སྡེ་བཟུམ་ཅིག་འབད་ དེ་སྦེ་གནང་སྲོལ་དེ་སྦེ་བཙུགས་ཏེ་འདུག་ཟེར་ ཞུ་ནི་ཨིན།
  • བསོད་ནམས་རིན་ཆེན་ Sonam Rinchen
    དེ་ལས་ ད་རེས་ང་བཅས་ནཱ་ལུ་དེ་སྦེ་ཨ་་་གཞི་བཙུགས་འདི་ ནམ་ལས་འགོ་བཙུགས་ཅི་ཟེར་བ་ཅིན་ཏེ་ ཧེ་མ་མ་བདེ་ཆེན་ཕོ་བྲང་སྡོད་པའི་༢༠༠༢ ལུ་མས་ལགས་༢༠༠༢ ལུ་ཏེ་ ང་བཅས་ར་མི་དབང་འབྲུག་རྒྱལ་བཞི་པ་ཏེ་ དགུང་ཀག་གནམ་ལོ་དགུང་ལོ་ལུག་ དགུང་ལོ་ ༤༩ དང་དེ་བཟུམ་སྦེ་ སྐྱབས་རྗེ་རིན་པོ་ཆེ་དགུང་ལོ་ ༤༩ཏེ་ དགུང་ཀག་ཕོག་པའི་གི་ཏེ་ སྐུ་རིམ་འདི་ཏེ་ ག་ཅི་དྲག་ག་ཟེར་ཏེ་ དེ་སྦེ་ང་བཅས།
  • བསོད་ནམས་རིན་ཆེན་ Sonam Rinchen
    ཏེ་དེ་སྦེ་ཨ་་་སྐུ་ཚབ་འདི་ཚུ་ དེ་སྦེ་བཏོན་སྦེ་འབད་བའི་བསྒང་ལས་ཏེ་ རྒྱ་ནག་སྤྱི་མདོས་གནང་པ་ཅིན་དྲག་ནི་མས་ཟེར་ཏེ་ འ་ནཱ་ལས་འགོ་བཙུགས་ཏེ་ཏེ་ ཨ་་་དཔོན་དང་ཏེ་ སྐྱབས་རྗེ་རྣམ་གཉིས་འབྱོན་ཏེ་སྦེ་ ཏེ་ འ་ནཱ་ལས་༢༠༠༢ ལུ་མར་བདེ་ཆེན་ཕོ་བྲང་ལས་སྦེ་ འགོ་བཙུགས་ཡི་ཟེར་ ཞུ་ནི་ཨིན།
  • བསོད་ནམས་རིན་ཆེན་ Sonam Rinchen
    དེ་ལས་ ང་བཅས་ནཱ་སྤོ་ཞིནམ་ལས་དེ་ལས་ རིམ་པ་བཞིན་དུ་ད་ ང་བཅས་ལོ་བསྟར་བཞིན་དུ་མ་ཆད་པར་གནང་སྟེ་སྦེ་ད་རེས་འབད་འབདཝ་ད་ལུ་ད་ ང་བཅས་ལོ་ ༡༤ དེ་ཅིག་ཏེ་ འགྱོཝ་ཨིན་པས་ཟེར་ ཞུ་ནི་ཨིན།
  • ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntsho
    རྒྱ་ནག་སྤྱི་མདོས་འདི་ད་ལྟོ་སྤང་རི་ཟམ་པ་ལུ་གཞི་བཙུགས་གནང་སྟེ་ཏེ་ ལོ་བསྟར་གནངམ་ད་ལུ་ འདི་གི་དམིགས་དོན་དང་འདི་གི་ཕན་ཡོན་དོན་དག་ངོ་མ་ག་ཅི་གི་དོན་དག་ལས་ གནངམ་ཨིན་ན?
  • བསོད་ནམས་རིན་ཆེན་ Sonam Rinchen
    ད་ སྤྱིར་བཏང་ད་ཨ་་་ད་ང་བཅས་ར་ད་ཅི་ཞུ་དོ་བཟུམ་སྦེ་ད་ཡར་དགོས་པ་དང་ད་འབྱུང་ཁུངས་འདི་ ད་ཅི་ཡར་རྒྱ་ནག་ལུ་དེ་སྦེ་འབད་དོ་བཟུམ་སྦེ་ར་ད་ ང་བཅས་ནཱ་རྒྱལ་ཁབ་ནང་ལུ་ཡང་ དུས་ཀྱི་འགྱུར་བ་དང་བསྟུན་ཏེ་ག་ར་ད་ ང་བཅས་ར་འབྱུང་བ་ལྔ་གི་གནས་ལུགས་དོན་འདི་ཚུ་ག་ར་རང་གི་རྟོགས་དགོཔ་འདྲཝ་ཅིག་འབད་བ་ཅིན་ད་ འདི་ཚུ་གནང་དགོཔ་མིན་འདུག་བ་ལགས།
  • བསོད་ནམས་རིན་ཆེན་ Sonam Rinchen
    ཏེ་ འ་ནེ་སྦེ་འབད་ནི་འདི་གིས་ང་བཅས་ར་ག་ར་ཕྱི་དངོས་ཀྱི་འཇིག་རྟེན་ནང་བཅུད་ཀྱི་སེམས་ཅན་ག་ར་འབྱུང་བ་ལྔའི་རང་བཞིན་སྦེ་འབད་ནི་འདི་གིས་ད་ འབྱུང་བ་འཁྲུག་དང་མ་འཁྲུག་འདི་ཏེ་ ང་བཅས་ར་གི་ད་ དེ་སྦེ་སླབ་མི་ཤེས་ནི་མས་བ་ལགས།
  • བསོད་ནམས་རིན་ཆེན་ Sonam Rinchen
    ཏེ་ ག་དེ་སྦེ་འབདཝ་ད་འཁྲུགསཔ་ཨིན་ན་ག་དེ་སྦེ་འབདཝ་ད་ཨ་་་མི་འཁྲུགསཔ་ཨིན་ན་ད་ འ་ནཱི་ཚུ་ག་ར་ང་བཅས་རྩིས་ཀྱི་ ལམ་ལས་བརྟེན་ཏེ་འབད་དེ་སྦེ་འགྱོ་དགོ་ཟེར་ ཞུ་ནི་ཨིན་ལགས།
  • བསོད་ནམས་རིན་ཆེན་ Sonam Rinchen
    ད་ འདི་ནང་ལུ་ཏེ་ ང་བཅས་ར་རྒྱལ་ཁབ་ནང་ལུ་ཏེ་ ཡར་རྒྱས་འགྱོཝ་དང་བསྟུན་ཏེ་གིས་སྦེ་ད་ ང་བཅས་ད་ ས་རྐོ་རྡོ་སློག་ལ་སོགས་པ་དེ་བཟུམ་སྦེ་ཤི་དོན་གྱི་དགེ་རྩ་ལ་སོགས་པ་དེ་བཟུམ་སྦེ་ བག་མ་གཏོང་ལེན་ལ་སོགས་པ་ད་ འ་ནཱི་བཟུམ་སྦེ་འབད་བའི་ནམ་དུས་ལུ་ཏེ།
  • བསོད་ནམས་རིན་ཆེན་ Sonam Rinchen
    མང་ཆེ་ཤོས་ཅིག་གིས་ད་ང་བཅས་ར་ཨ་་་ཁོང་ས་བདག་ཡོད་སའི་ཏེ་ ས་གོ་༼འཐོན་སའི་༽རྒྱལ་པོ་ཡོད་ས་དེ་བཟུམ་སྦེ་ས་བདག་གྲངས་ལས་འདས་པ་ཅན་དེ་ཚུ་གི་གནས་ས་ཚུ་ནང་ལུ་ཏེ་ ཁོང་གིས་ ས་བརྐོ་རྡོ་སློག་འབད་བ་ལ་སོགས་པ་འདི་བཟུམ་འབད་བ་ཅིན་ཏེ་ གནོད་པ་ཏེ་གནམ་མེད་ས་མེད་ཏེ་ རྒྱ་ཆེ་ས་ཏེ་ ཁོ་ར་རྩིས་གཞུང་ཏེ་ ས་བདག་ཁམས་བུ་ཟེར་སླབ་མས་དེ་བཟུམ་སྦེ་ད་ཏེ་ ཆོས་ཀྱི་གཞུང་ནང་ལས་ཡང་།
  • བསོད་ནམས་རིན་ཆེན་ Sonam Rinchen
    ད་ འདི་ཨ་་་གནོད་པ་བཀལཝ་འདྲཝ་ཅིག་འབད་བ་ཅིན་དེའི་གནོད་པ་ག་དེ་སྦེ་ཡོདཔ་ཨིན་ན་ད་ འ་ནཱི་ཚུ་ག་ར་ཁ་གསལ་སྦེ་ དེ་སྦེ་ཡོད་ཟེར་ ཞུ་ནི་ཨིན་ལགས།
  • བསོད་ནམས་རིན་ཆེན་ Sonam Rinchen
    ད་ འ་ནེ་སྦེ་འབད་འབདཝ་ལས་བརྟེན་ཏེ་སྦེ་ང་བཅས་ར་འབྱུང་བ་འདི་ཚུ་ད་ ང་བཅས་ར་སྙོམ་ཏོག་ཏོ་འབད་བཞག་དགོཔ་འདི་ གནམ་མེད་ས་མེད་ཁག་ཆེ་ཏོག་ཏོ་ཕྱིའི་དངོས་ཀྱི་འཇིག་རྟེན་འབད་རུང་དྲག་ ནང་བཅུད་ཀྱི་སེམས་ཅན་འབད་རུང་དྲག་འབྱུང་བ་ཆ་སྙོམ་ཏོག་ཏོ་འབད་བཞག་དགོ་པ་ཅིན་ཏེ་ ང་བཅས་ལུ་འབྱུང་བའི་རྩིས་ཀྱི་ལམ་ལས་སྦེ་ཏེ་དེ་སྦེ་བཏོན་དགོ་པས་ཏེ་འ་ནེ་སྦེ་འབད་ནི་དེ་གིས།
  • བསོད་ནམས་རིན་ཆེན་ Sonam Rinchen
    ད་ ད་རེས་ཀྱི་འདི་ རིམ་འགྲོ་འདི་ཏེ་ སྤྱིར་བཏང་ད་མ་ཤེས་མ་མཐོང་པ་འབྱུང་མི་འདི་ཚུ་ལུ་ཏེ་ ད་ཕར་རྐྱེན་དེ་སྦེ་འབྱུང་མི་འདི་ཚུ་ལུ་ ད་བཟློག་ནིའི་ཐབས་སྦེ་ ཏེ་ བཟློག་ཐབས་ཡང་དེ་སྦེ་ གནང་དོ་ཟེར་ ཞུ་ནི་ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས Dr.Karma Phuntsho
    ད་རྒྱ་ནག་སྤྱི་མདོས་ཀྱི་ ཆོ་ག་འདི་ནཱ་གནངམ་ད་ལུ་ཉིནམ་ག་དེ་ཅིག་གནངམ་ཨིན་ན་ཏེ་ ཉིནམ་གཅིག་ནང་ལུ་མཛད་སྒོ་ག་དེ་སྦེ་ཡོདཔ་ཨིན་ན?
  • བསོད་ནམས་རིན་ཆེན Sonam Rinchen
    ལ་སོགས་ཨ་་་ང་བཅས་མར་བདེ་ཆེན་ཕོ་བྲང་འབདཝ་ད་ལུ་ཏེ་ ཉིནམ་གཅིག་ར་ཨིན་ཟེར་ཞུ་ནི་ཨིན་ད་ དེ་ལས་ནཱ་སྤང་རི་ཟམ་པ་སྤོ་ཞིནམ་ན་ལས་ཏེ་ དང་པ་ད་ ང་བཅས་ནཱ་གཞི་གསརཔ་སྦེ་འབད་ནི་དེ་གིས་མཐུན་རྐྱེན་འདི་ཚུ་ཡང་གནམ་མེད་ས་མེད་མེད།
  • བསོད་ནམས་རིན་ཆེན་ Sonam Rinchen
    ད་ ནེ་སྦེ་འབད་འབད་ནི་དེ་གིས་ཉིནམ་གསུམ་ལས་གནང་མ་ཚུགས་ཟེར་ ཞུ་ནི་ཨིན་ལགས།དེ་ལས་ ཨ་ཙི་ཅིག་ད་ ཁོ་ར་གུ་ལས་ཨ་ཙི་རེ་མ་དངུལ་ཨ་ཙི་རེ་འཐོན་ཏེ་ ཞལ་འདེབས་ཨ་ཙི་རེ་ཞུ་སྦེ་འབད་ནི་དེ་གིས་ཏེ་ ཉིནམ་ལྔ་དེ་ཅིག་དེ་སྦེ་དེ་སྦེ་གནང་ཡི་ཟེར་ ཞུ་ནི་ཨིན།དེ་ལས་ཏེ་ དྲགོས་མཛོད་དཔོན་དབང་ཕྱུག་གིས་ཏེ་ ཁོ་གི་ ཉིནམ་གཅིག་དེ་སྦེ་ཡར་སེང་གནང་དགོཔ་སྦེ་ བཀའ་གནང་འབད་བཞིནམ་ལས་ཏེ་ ཉིནམ་གཅིག་དེ་སྦེ་ཉིནམ་གཉིས་དེ་སྦེ་ཡར་སེང་གནང་འབད་ཏེ་ ཉིནམ་བདུན་སྦེ་ བཏང་ཡི་ཟེར་ཞུ་ནི་ལགས།
  • བསོད་ནམས་རིན་ཆེན་ Sonam Rinchen
    དེ་ལས་ད་མི་སེར་ཚུ་གིས་ཡང་ད་ཉིནམ་བདུན་གྱི་ཨ་ཙི་ཏེ་ཉུང་ར་ཉུང་མས་ཏེ་ད་ ང་བཅས་མི་བཙར་མི་ཚུགས་པས་ཟེར་དེ་སྦེ་ད་གསུངས་མཐོངམ་ལས་བརྟེན་ཏེ་སྦེ་ཏེ་ ཉིནམ་དགུ་སྦེ་ཏེ་དེ་སྦེ་ཨ་འགོ་བཙུགས་ཅི་འགོ་བཙུགས་ཅི་ཟེར་ ཞུ་ནི་སྦེ་ཨིན།
  • དེ་ཡང་ ད་ ང་བཅས་དྲོ་པ་དྲོ་པ་ཆུ་ཚོད་ལྔ་ལས་འགོ་བཙུགས་ཏེ་སྦེ་ཏེ་ ཆུ་ཚོད་ལྔ་ལས་ཨ་དྲོ་པ་ཆུ་ཚོད་ཕྱེད་དང་ལྔ་ལས་ཏེ་ བཞེངས་བརྡ་ཕུལ་ཞིནམ་ལས་ཏེ་ ལྔ་ལས་ང་བཅས་ལྷབ་བསང་དང་ཨ་་་ཁྲུས་གསོལ་ལ་སོགས་པ་ག་ར་གནང་སྟེ་གིས་སྦེ་ཏེ་ ཨ་ཆུ་ཚོད་ཨ་་་ཆུ་ཚོད་དྲུག་ཚུན་ཚོད་ དེ་སྦེ་གནངམ་ཨིན་དེ་ལས་ ཆུ་ཚོད་བདུན་ལས་ཁོ་ར་གཞུང་ཆོག་འདི་ད་ བདག་བསྐྱེད་བླ་མ་དགོངས་པ་འདུས་པའི་གི་ དཀྱིལ་འཁོར་ཞལ་ཕྱེ་སྟེ་གིས་སྦེ་ཏེ་དེ་སྦེ་ཨ་་་ཆུ་ཚོད་བདུན་ལས་དེ་སྦེ་གནང་།
  • བསོད་ནམས་རིན་ཆེན་ Sonam Rinchen
    དེ་ལས་ འདི་ནང་ལུ་ ད་ ང་བཅས་ར་སྤྱིར་བཏང་ ཏེ་ དམངས་ལུ་གཟིགས་འབུལ་འབད་རུང་དྲག་ ད་ང་བཅས་གསོལ་འདེབས་ཁོ་གཞུང་ཁོ་ར་ཆོ་ག་དང་བསྟུན་བསྟུན་པའི།
  • བསོད་ནམས་རིན་ཆེན་ Sonam Rinchen
    ཏེ་ སྤྱན་འདྲེན་གྱི་འཆམ་ད་ ཞིང་གཤེགས་པདྨའི་འཆམ་གཅིག་དེ་སྦེ་ཨ་་་དེ་སྦེ་ཏེ་ སྤྱན་འབུལ་ཞུ་ནི་ཡོད་ཟེར་ཞུ་ནི་ཨིན།དེ་ལས་ད་ རིམ་པ་བཞིན་དུ་ མདོས་གནང་སྟེ་གིས་སྦེ་ད་ཨ་་་ཕྱི་རུ་ཆུ་ཚོད་དྲུག་བདུན་དེ་ཅིག་ཁར་ལུ་ད་ ང་བཅས་ ཏེ་ ཆོ་ག་འདི་གྲོལ་ཆོ་ག་གྲོལ་སྦེ་འབད་ཞིནམ་ལས་ཏེ་ དེ་ལས་བདུན་ལས་འགོ་བཙུགས་ཏེ་གིས་སྦེ་ཏེ་ དགུ་ཚུན་ཚོད་ང་བཅས་ནཱ་ལུ་ད་ཨ་་་མི་སེར་ཚུ་གི་བཟློག་པ་ཚེ་སྒྲུབ་བཏང་དེ་ལས་ཨ་་་ཤི་དོན་གྱི་ ཏེ་ སྔོ་བ་སྨོན་ལམ་འདི་ཚུ་ཏེ་ དེ་སྦེ་གནང་དེ་གིས་སྦེ་ཏེ་ ང་བཅས་ཆུ་ཚོད་དགུ་ལས་ཏེ་ ཡོངས་སུ་རྫོགས་པ་ག་ར་དེ་སྦེ་མཇུག་བསྡུཝ་ཨིན་ཟེར་ ཞུ་ནི་ཨིན།
  • ཌོག་ཊར་ཀརྨ་ཕུན་ཚོགས Dr.Karma Phuntsho
    ཏེ་ ནཱ་རྒྱ་ནག་སྤྱི་མདོས་འདི་ གནངམ་ད་ལུ་དེ་གི་མཐུན་རྐྱེན་ཕུལ་མི་སྦྱིན་བདག་འབད་མི་ཏེ་ མི་སྡེ་གི་ཁ་ཐུག་ལས་ ག་ཅི་ར་བཅའ་མར་བཏོགས་ནི་ཡོདཔ་ཨིན་ན་ལགས?
  • བསོད་ནམས་རིན་ཆེན Sonam Rinchen
    ད་ སྤྱིར་བཏང་ང་བཅས་ར་རྒྱ་ནག་སྤྱི་མདོས་ཀྱི་གནང་པའི་བཅའ་སྒྲིག་རྐྱབ་པའི་ནམ་དུས་ལུ་ཏེ་ ང་བཅས་ར་མི་སེར་ཚུ་གིས་ད་ རང་གཏོརམ་བཞེངས་ནི་གི་ཨ་་་དོན་ལས་ ཀར་ཕྱེ་དང་འདི་བཟུམ་སྦེ་ད་ འདི་བཟུམ་སྦེ་ད་ ཨ་་་དཀར་རྒྱན་མར་དེ་བཟུམ་སྦེ་ད་ ཨ་་་ཏེ་ བཅའ་སྒྲིག་ལུ་དགོས་མཁོ་ཆེ་བའི་ཨ་་་ཅ་ཆས་ཚུ་ཨ་ཙེ་རེ་ ཏེ་ དེ་སྦེ་གནང་མི་ཡང་འཐོན་མས་ཟེར་ ཞུ་ནི་ཨིན་ལགས།
  • བསོད་ནམས་རིན་ཆེན་ Sonam Rinchen
    དེ་ལས་ད་གཞན་མི་ ཏེ་ཨ་་་ད་ ང་བཅས་ར་ཨ་་་བསྟན་པའི་གི་སྦྱིན་བདག་བླམ་ཚེ་རིང་དབང་འདུས་མཆོག་གིས་ཏེ་ ལོ་བསྟར་བཞིན་དུ་ཁོ་གིས་ཏེ་ དེ་སྦེ་འབུམ་གཉིས་ཏེ་ དེ་སྦེ་གནང་འབུམ་གཉིས་རེ་དེ་སྦེ་གནང་སྟེ་གིས་སྦེ་ ཏེ་ ང་བཅས་བཅའ་སྒྲིག་འདི་ཚུ་ཏེ་ དེ་སྦེ་རྐྱབ་དེ་ལས་འདི་གི་ལྷག་ལས་ད་ བཅའ་སྒྲིག་གི་ཟད་སོང་ག་ར་ཏེ་ ང་བཅས་ར་ཏེ་ དམངས་ཁ་ལས་ཏེ་ སྐུ་སྒེར་གྱི་མ་དངུལ་གྱི་ཐོག་ལས་སྦེ་ དེ་སྦེ་བཏང་འབད་དེ་སྦེ་འབད་དོ་ཟེར་ ཞུ་ནི་ཨིན།
  • བསོད་ནམས་རིན་ཆེན་ Sonam Rinchen
    ད་ དེ་དང་གཅིག་ཁར་ལུ་ད་ ང་བཅས་ར་ཨ་་་རིམ་འགྲོ་བཏང་བའི་གི་ནམ་དུས་ལུ་ད་ སྐུ་རིམ་གྱི་དོན་ལས་ད་ སང་ཕོད་ཀྱི་སྐུ་རིམ་གནང་ནི་འབད་བ་ཅིན་དུས་ཅི་ཨ་ཙི་དུས་ཅི་ལས་ཏེ་ ཨ་ཙི་རེ་ཞལ་འདེབས་ ཨ་ཙི་རེ་ཞུ་སྦེ་ཏེ་ དེ་སྦེ་སྐུ་རིམ་འདི་ཏེ་ དེ་སྦེ་གནང་དོ་ཟེར་ཞུ་ནི་ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntsho
    ད་ རྒྱ་ནག་སྤྱི་མདོས་ནཱ་རྒྱལ་ས་ལྟེ་བ་ལུ་གནངམ་ད་ལུ་ཏེ་ མི་སྡེ་གི་ཁ་ཐུག་ལས་བཅའ་མར་གཏོགས་མི་ལེ་ཤ་འདུག་ནཱ་མཇལ་བར་འོང་མི་ལེ་ཤ་འདུག་སྙན་དར་བཟུམ་ཕུལ་མི་ དེ་ལས་ ད་ལྟོ་མདོས་འདི་ཚུ་འཕངམ་ད་ལུ་གཤགསཔ་ད་ལུ་ཏེ་ བཟློག་པ་ནང་བཅའ་མར་གཏོགས་མི་དེ་བཟུམ་མི་ལེ་ཤ་འོངམ་ད་དེ་ཚུ་གི་ཁ་ཐུག་ལས་རྒྱ་ནག་སྤྱི་མདོས་ཀྱི་སྐབས་ལུ་ འབད་དགོཔ་བཅའ་དགོཔ་ག་ཅི་འདུག་ཁོང་གི་མནོ་བསམ་བཏང་ཐངས་ག་དེ་སྦེ་བཏང་དགོཔ་འདུག་ཁོང་གི་ད་ལྟོ་རྒྱ་ནག་སྤྱི་མདོས་ཀྱི་རིམ་འགྲོ་འདི་ག་ཅི་གི་དོན་ལས་ཨིན་ཟེར་མནོ་སྟེ་དམིགས་པ་ག་དེ་འབད་བསྐྱེད་དགོཔ་ཅིག་འདུག?
  • བསོད་ནམས་རིན་ཆེན་ Sonam Rinchen
    ད་ སྤྱིར་བཏང་ད་ ང་བཅས་ཀྱི་ད་རིམ་འགྲོ་འདི་ནང་ལུ་རྒྱ་ནག་སྤྱི་མདོས་རྐྱངམ་གཅིག་མེན་པར་ཁོ་ར་གི་ལོ་རྟགས་ལོ་ཀག་མཐུན་གསུམ་མདུན་ཟུར་དགུ་མིག་དུར་མིག་ལ་སོགས་པའི་གི་ཏེ་ རིམ་འགྲོ་འདི་ཚུ་ཡང་དེ་སྦེ་ཡོད་ལགས།
  • བསོད་ནམས་རིན་ཆེན་ Sonam Rinchen
    ད་ འ་ནཱི་དེ་ཚུ་གི་རྐྱེན་ཨ་་་་རང་གི་ལོ་ཀག་མཐུན་གསུམ་མདུན་ཟུར་དགུ་མིག་ལ་སོགས་པ་དགུ་མིག་དུར་མིག་ལ་སོགས་པ་ཕོག་པའི་རྐྱེན་འདི་ཚུ་བཟློག་དགོཔ་སྦེ་ཏེ་ སྨོན་ལམ་འདི་ཏེ་ གཅིག་དེ་སྦེ་ཏེ་ ང་བཅས་ར་ཨ་་་དེ་སྦེ་བཏབ་དགོ་ཟེར་ ཞུ་ནི་ཨིན།
  • བསོད་ནམས་རིན་ཆེན་ Sonam Rinchen
    ད་ གཅིག་ང་བཅས་ར་ད་ ང་བཅས་ར་རྒྱལ་ཁབ་ནང་ལུ་ད་ནད་མུག་གེ་འཁྲུག་རྩོད་ད་ ལྷག་པར་དུ་ཡང་ཏེ་ འབྱུང་བ་བཞིའི་གནོད་པ་དང་ ལ་སོགས་པ་ ད་ལོ་གཅིག་བ་ལོ་གཅིག་ཏེ་ མངམ་འབད་འཐོནམ་ཨིན་པས་ཏེ་ འདི་ཚུ་འབྱུང་བ་ཞི་ནིའི་ཐབས་ལུ་ཏེ་ དེ་སྦེ་ཨིན་ཟེར་ཏེ་ང་བཅས་ཀྱི་ད་ལྟོ་ ད་ཨ་་་རྒྱང་སྒྲགས་ཀྱི་ཐོག་ལས་ཏེ་ དེ་བཟུམ་སྦེ་ ང་བཅས་ཀྱིས་ གནམ་མེད་ས་མེད་གོ་བ་དང་བརྡ་སྤྲོད་ཚུ་དེ་སྦེ་ཞུ་མ་ཚུགས།
  • བསོད་ནམས་རིན་ཆེན་ Sonam Rinchen
    ད་འ་ནཱི་ཚུ་ང་བཅས་ཀྱིས་ རྟིང་མ་ལས་ དེ་སྦེ་ཞུ་ནི་གི་གོ་སྐབས་ལེན་ཏེ་སྦེ་ ཞུ་ནི་གི་ཏེ་ རེ་བ་ཡོད་ཏེ་ ངོ་མ་འདི་ད་ ང་བཅས་ར་མི་སེར་ཚུ་གིས་ཏེ་ ང་བཅས་ར་རྒྱལ་ཁབ་ཀྱི་འབད་རུང་དྲག་ད་ ང་བཅས་ར་ཕྱིའི་རྒྱལ་ཁབ་ང་བཅས་ར་འཛམ་གླིང་ལྷག་པར་དུ་འཛམ་བུ་གླིང་ནང་ལུ་ཏེ་ འབྱུང་བ་བཞི་གི་གནོད་པ་འདི་ཚུ་ག་ར་ཞི་བཅུག་ཟེར་ཏེ་ རྒྱལ་ཁབ་ལུ་ནད་མུ་གེ་འབྱུང་མ་ཚུགས་འབྱུང་མ་བཅུག་ཟེར།
  • བསོད་ནམས་རིན་ཆེན་ Sonam Rinchen
    ད་ བདེ་སྐྱིད་དང་ལྡན་བཅུག་ཟེར་ཏེ་ འ་ནེ་སྦེ་བཏབ་དགོཔ་འདི་ ཁག་ཆེ་ཏོག་ཏོ་ཨིན་ཟེར་ ཞུ་ནི་ཨིན།ལྷག་པར་དུ་ཡང་ ང་བཅས་ར་གི་ད་ལྟོ་དབང་ཕྱུག་བརྒྱུད་འཛིན་གྱི་མངའ་འོག་ལུ་ཏེ་ དགའ་ཏོག་ཏོ་སྦེ་སྡོད་མི་འདི་ ཁོང་རྒྱལཔོ་ཡབ་སྲས་ཚུ་གི་བཀའ་དྲིན་མས་ཁོང་སྐུ་ཚེ་ཞབས་པད་བརྟན་བཅུག་ཟེར།
  • བསོད་ནམས་རིན་ཆེན་ Sonam Rinchen
    ཏེ་ དེ་སྦེ་སྨོན་ལམ་བཏབ་དགོཔ་འདི་ཁག་ཆེ་ཏོག་ཏོ་ཨིན་ཏེ་ ནཱ་དེ་ཡང་ ག་ཅི་སྨོ་ཟེར་བ་ཅིན་ང་བཅས་ནཱ་ལུ་འབྱུང་བ་རྐྱངམ་གཅིག་མེན་པར་བཟློག་པ་ཚེ་སྒྲུབ་བར་ཆད་ལམ་སེལ་ག་ར་དེ་ན་ལུ་ཚངམ་སྦེ་ཏེ་ང་བཅས་རྩིས་ཀྱི་རིམ་འགྲོ་མེད་ན་མ་ཚད་མ་ཚད་ཏེ་ ཡོད་ཚད་གཅིགཔ་ག་ར་ཏེ་ དེ་ནཱ་ལུ་བཙུགས་ཏེ་སྦེ་ དེ་སྦེ་ཡོད་ཟེར་ ཞུ་ནི་ཨིན།
  • བསོད་ནམས་རིན་ཆེན་ Sonam Rinchen
    ཏེ་ བསྔོ་བོ་སྨོན་ལམ་སྨོན་འདེབས་འདི་ཚུ་དེ་སྦེ་གནང་ཚུགས་པ་ཅིན་གནམ་མེད་ས་མེད་ལེགས་ཤོམ་ཨིན་པས་ཟེར་ ཞུ་ནི་ཨིན།ལྷག་པར་དུ་ད་ ང་བཅས་ར་ཁོ་ར་དཔེ་ཆ་གི་གཞུང་ཆ་ནང་ལས་ཡང་ད་ སྨོན་ལམ་ག་དེ་སྦེ་ བཏབ་དགོཔ་ཨིན་ན་ད་ འ་ནཱི་ཚུ་ད་ཁ་གསལ་སྦེ་ཡོད་དེ་ཚུ་ཡང་ང་བཅས་ཀྱིས་རྟིང་མ་ལས་ཨ་ཙི་རེ་ཏེ་ ང་བཅས་ཀྱིས་ ཨ་་་མདོར་བསྡུས་མདོར་བསྡུས་རེ་སྦེ་ཏེ་ ང་བཅས་ཀྱིས་ མི་སེར་ཚུ་ལུ་ཨ་ཙི་ཨ་་་དགོ་བརྡ་འདི་ཚུ་ཕུལ་ནི་གི་རེ་བ་ཡོད་ཟེར་ ཞུ་ནི་ཨིན་ལགས།
  • ཌོག་ཊར་ཀརྨ་ཕུན་ཚོགས་ Dr.Karma Phuntsho
    ཏེ་ སྤྱིར་བཏང་འདི་རྒྱ་ནག་སྤྱི་མདོས་འདི་ཏེ་ནཱ་ལས་གསུངས་དོ་བཟུམ་སྦེ་འབྱུང་བ་བཞི་ཆ་མ་མཉམ་པ་འགྱོ་བའི་འཁྲུག་རྩོད་བཟུམ་ཅིག་ས་བདག་ཆ་མ་མཉམ་འགྱོ་བའི་ ས་བདག་འཁྲུག་རྩོད་བཟུམ་ཅིག་མས་ཏེ་ དེ་ལས་མི་འདི་ཚུ་ནཱ་འོང་འབད་མདོས་ཀྱི་རིགས་འདི་ཚུ་མ་འདྲཝ་འདི་ཚུ་མཇལ་ ལོ་འཁོར་བཅུ་གཉིས་ཀྱི་ མདོས་རེ་མཇལ་ཏེ་ སྡེ་བརྒྱད་ཀྱི་མདོས་དང་ས་བདག་གི་འདི་ཚུ་མཇལཝ་ད་ལུ་ཁོང་གི་མནོ་བསམ་ག་དེ་སྦེ་བཏང་དགོ་དེ་ཚུ་ག་ཅི་ཨིན་ཟེར་ མནོ་དགོཔ་ཨིན་ན་ཏེ་ ཁོང་གི་ཕར་ཏི་རུ་རེ་བཀོ་ཏེ་ འབྲུ་སྣ་རེ་སྟོར་སྦེ་འབདཝ་ད་ལུ་ག་ཅི་གི་ཐུགས་བཞེད་གནང་སྟེ་སྦེ་འབད་དགོཔ་ཨིན་ན?
  • བསོད་ནམས་རིན་ཆེན Sonam Rinchen
    ད་སྤྱིར་བཏང་ད་ང་བཅས་ར་ཨ་་་སྨོན་འདེབས་འདི་ང་བཅས་ར་ད་ ད་ཅི་ང་གིས་ཞུ་དོ་བཟུམ་སྦེ་ར་ཨིན་ད་ཐུགས་སྨོན་འདི་ཏེ་ དེ་སྦེ་ར་ཨ་་་གནང་དགོ་དེ་ལས་ད་ཅི་ད་ངེད་ད་འགྱུར་བ་ད་ སྐུ་གླུད་འབད་བ་ཅིན་ད་ངེད་ཀྱི་ཚབ་མ་སྦེ་གདོན་བགེགས་འབྱུང་པོ་ལ་སོགས་པ་ག་ར་ང་བཅས་ལུ་ཨ་་་མི་ལུ་ཏེ་ གནམ་མེད་ས་མེད་རེ་ཆི་བསྐྱེད་དེ་སྦེ་ཏེ་ རེ་བ་བསྐྱེད་དེ་སྦེ།
  • བསོད་ནམས་རིན་ཆེན་ Sonam Rinchen
    ཤ་ཟ་ཁྲག་འཐུང་དགོ་མནོ་ཏེ་ འདོད་པ་བསྐྱེད་དེ་སྦེ་ཏེ་ ང་བཅས་ར་ཚེ་ཚུ་བརྐུ་ནི་གི་འདོད་པ་འདི་ཚུ་ཏེ་ དེ་སྦེ་ཡོད་མི་ཙང་ཙ་ར་ཨིན།ད་ འ་ནི་ཚུ་ལུ་ད་ང་སྐུ་གླུད་བཟུམ་ཅིག་འབད་བ་ཅིན་ཏེ་ ངེད་ཀྱི་ ཏེ་གླུད་འབད་ཏེ་ངེད་ཀྱི་ད་ཨ་་་ཚབ་འབད་ཨིན་ཟེར།
  • བསོད་ནམས་རིན་ཆེན་ Sonam Rinchen
    ཏེ་དེ་སྦེ་ཨ་་་ཐུགས་སྨོན་དེ་སྦེ་གནང་དགོ་ཟེར་ ཞུ་ནི་ཨིན།ཏེ་ གནམ་མཁའ་བཟུམ་ཅིག་ད་ མདོས་བཟུམ་ཅིག་འབད་རུང་ཡང་ཏེ་ གནམ་མཁའ་སེམས་ཀྱི་གླུད་དུ་འབུལ་ཟེརཝ་ད་ཏེ་ མདོས་འབད་བ་ཅིན་ད་ འདི་སྐུ་གླུད་འདི་ལུ་སེམས་མེད་དེ་ར་འབད་ས་ཅིག་རུང་ད་དེ་གནམ་མཁའ་མདོས་འདི་ཚུ་ག་ར་ད་ འབྱུང་བ་སེམས་ཀྱི་གླུད་ཨིན་ད་ འ་ནཱི་ངེད་ཀྱི་སེམས་ཀྱི་གླུད་དུ་སྦེ་ཨ་་་དེ་སྦེ་ཕུལཝ་ཨིན་ཟེར་ཏེ་ ང་བཅས་ར་ཨ་་་རྟོགས་འགྱུར་ག་ཅི་ར་འབད་རུང་དེ་ནང་ལས་དེ་སྦེ་འཐོན་ནི་ཡོད་ཏེ་ འ་ནཱི་སྦེ་འབད་ནི་དེ་གིས་ཐུགས་སྨོན་འདི་ཏེ་ འ་ནེ་སྦེ་གནང་དགོ་ཟེར་ ཞུ་ནི་ཨིན།