Skip to main content Skip to search
11 Jan 2015
1 min 23 sec
Video Overview
Creators: 
Duptho

Sonam Wangmo from Pang village in Tashiyangtse district shares the history of her village. As most of the people of Pang migrated to urban areas, there are not many people left who know the village history and can share this with the younger generation. Sonam used to share about Pang village when she was working in the field. She would tell of the importance of the village and Promte culture.

༉  བཀྲ་ཤིས་གཡང་རྩེ་ཆ་འོག་སྤང་ལས་ བསོད་ནམས་དབང་མོ་གིས་ མོ་རའི་གཡུས་སྤང་གི་ལོ་རྒྱུས་དེ་ མོ་རའི་ཨ་པ་ལས་གོ་གོཝ་གི་ལོ་རྒྱུས་ཚུ་བཤདཔ་ཨིན་པས། དེ་ཡང་མོ་ར་ཆུང་ཀུ་སྦེ་སྡོད་པའི་སྐབས་ལུ་ མོ་ར་གི་ཨ་པ་གིས་བཤད་དེ་གོ་གོཝ་གི་ལོ་རྒྱུས་ཅིག་ཨིནམ་ད་ འདི་བཟུམ་གྱི་ལོ་རྒྱུས་ཚུ་ ད་རེས་ནངས་པར་ཁྲོམ་ཁ་ལས་ཕར་འགྱོ་བའི་བསྒང་ལས་ རང་གི་གཡུས་ཀྱི་སྐོར་ལས་ཡང་མི་ཤེས་དོ་ཡོདཔ་ལས་ འདི་ཚུ་ མ་འོངས་བུ་རྒྱུད་ཚུ་གིས་ཤེས་ཐབས་ཀྱི་དོན་ལས་ བཤད་དོ་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • བསོད་ནམས་དབང་མོ། Sonam Wangmo:
    ངེ་གི་མིང་ བསོད་ནམས་དབང་མོ་ཟེར་ ཞུ་ནིཨིན། གཡུས་འདི་སྤང་ལས་ཨིན།
  • བསོད་ནམས་དབང་མོ། Sonam Wangmo:
    ངེ་གི་ཨ་པ་དང་ཨ་མ་གི་ ཧེ་མ་གི་ ལོ་རྒྱུས་ཚུ་ བཤད་དགོ་པ་ཅིན་ ཁེངས་གཞལ་སྒང་ ཁོམ་ཤར་ལས་ བྱོག་འོང་འོངམ་ཨིན་མས་ལགས།
  • བསོད་ནམས་དབང་མོ། Sonam Wangmo:
    ད་ལྟོ་གི་སྡོད་ས་ལུ། དེ་ལས་ ནཱ་ལུ་ ལྷོད་ཞིནམ་ལས་ གཡུས་སྤང་ཟེར་ ཆགས་དགོས་པའི་ཁུངས་འདི།
  • བསོད་ནམས་དབང་མོ། Sonam Wangmo:
    ཁོང་ཕར་ལས་ བྱོག་འོང་ཞིནམ་ལས་ ཁོང་འཚོལ་བར་འོང་ཡི་ཟེར་ ཁོང་ཁེངས་གཡུས་ལོག་ལས།
  • བསོད་ནམས་དབང་མོ། Sonam Wangmo:
    དེ་ལས་ དག་སྤའི་རྟ་སྦི་ཟེར་ས་ལས་ཕར་ གཞི་བཅགས་འདི་འདུག་ཟེར་ ང་བཅས་ཀྱི་ ནཱ་གི་དཔོན་ཚུ་གིས་ འ་ནཱི་འབད་མ་བྱིན།
  • བསོད་ནམས་དབང་མོ། Sonam Wangmo:
    དེ་ལས་ ང་བཅས་ཀྱི་ སྤང་ན་ ཆགས་དགོས་པའི་ སྤང་གི་གཡུས་ཚན་གྱི་མིང་ སྤང་ཟེར་ག་ཅི་སྦེ་ དར་དགོ་པའི་ ར་ཁུངས་འདི།
  • བསོད་ནམས་དབང་མོ། Sonam Wangmo:
    དེ་ལས་ ཁོང་ བྱོག་འོང་ཞིནམ་ལས་ གཞི་སྤང་འདི་ གཞལ་བསྒང་ལས་ གཞི་སྤང་འདི་ འོང་ཞིནམ་ལས་ སྤང་ཅིག་ནང་ ཆགས་ནི་དེ་གིས་ སྤང་ཟེར་ ཞུ་ནི་ཨིན་ལགས།