Video Overview
A doctor discusses a factory room in which individual pills are packaged.
- ཨེམ་ཆི་ལགསའདིར་རིལ་བུའི་ནང་ལོགས་ཀྱི་ཐུམས་རྒྱག་ཡག་༼ཡས་༽རེད།
- ཨེམ་ཆི་ལགསརིལ་བུ་དང་སྨན་དང་ཐད་ཀར་འཐུག་ཡག་གི་ཐུམས་རྒྱག་ཡག་རེད།
- ཨེམ་ཆི་ལགསཐུམས་རྒྱག་ཡག་དེ་སྔོན་མར་ཆ་བཞག་ན།
- ཨེམ་ཆི་ལགསརིལ་བུ་དེ་གོས་ཆེན་དང་དར་གྱིས་དཀྱིལ་ལ་ཡར་གཏུམས་ཨ་ནི་དེར་ཡར་ཐད་ཙི་རྒྱག་བཞག་གི་ཡོད་རེད།
- ཨེམ་ཆི་ལགསདེ་བྱས་བཞག་པ་ཡིན་ན་ཁོ་དར་དང་གོས་ཆེན་དེའི་ཁ་རླུང་དེ་ཕར་ཚུར་འགྲོ་གི་རེད་པ།
- ཨེམ་ཆི་ལགསདེ་བྱས་དུས་ཙམ་པར་སྨན་ལ་ནུས་པ་དེ་ཙམ་འཐོན་གྱི་ཡོད་མ་རེད།
- ཨེམ་ཆི་ལགསབྱས་ཙང་ང་ཚོས་སྒྱུར་བཅོས་བྱས་བྱས།
- ཨེམ་ཆི་ལགསསྨན་དེ་འགྱིག་ཤོག་གི་ནང་ལ་འཕྲུལ་འཁོར་གྱིས་གཏུམས།
- ཨེམ་ཆི་ལགསཁོའི་ཕྱི་ལོགས་ཀྱི་ཁ་རླུང་བཙོག་པ་དེ་ནང་ལོགས་ཀྱི་སྨན་དང་འབྲེལ་བ་མ་བྱས་པ་བྱས།
- ཨེམ་ཆི་ལགསསྨན་གྱི་གཙང་སྦྲ་དང་སྨན་གྱི་ནུས་པ་དེ་ངེས་ཅན་ཅིག་འདུག་ཟེར་འགྱུར་ལྡོག་མ་འགྲོ་ཡག
- ཨེམ་ཆི་ལགསདཔེ་ཆ་བཞག་པ་ཡིན་ན་བཞའ་ཚན་ཕོག་པ་ཡིན་ན་སྨན་ཧམ་བུ་བརྒྱབ་འགྲོ་གི་རེད་པཱ།
- ཨེམ་ཆི་ལགསདེ་མ་བྱས་པ་བྱས་བྱས།
- ཨེམ་ཆི་ལགསའགྱིག་ཤོག་ནང་ལ་གཏུམས་བྱས་ཕྱི་ལོགས་ཀྱི་ཁ་རླུང་དང་བཞའ་ཚན་དང་དེ་གས་
- ཨེམ་ཆི་ལགསསྨན་ལ་མ་ཕོག་པ་ཡིན་ན།
- ཨེམ་ཆི་ལགསཨ་ནི་སྨན་གྱི་ནུས་པ་དེ་འགྱུར་བ་མ་ཕྱིན་པ་བྱས་རང་ཆགས་བསྡད་བསྡད་ཀྱི་ཡོད་རེད་པཱ།
- ཨེམ་ཆི་ལགསཨ་ནི་འཕྲུལ་འཁོར་གྱིས་འདུག་ཟེར་རིལ་བུ་རེ་རེ།
- ཨེམ་ཆི་ལགསདེའི་ནང་ལ་རིལ་བུ་རེ་རེ་བླུགས་བྱས་ཨ་ནི་ཐུམས་བརྒྱབ་ཀྱི་ཡོད་རེད་ཟེར།
- ཨེམ་ཆི་ལགསཨ་ནི་ནད་པས་ཟ་དུས་རིལ་བུ་གཅིག་འགྱིག་ཤོག་གཅིག་དེ་མར་རལ།
- ཨེམ་ཆི་ལགསཨ་ནི་ཡར་གར་བཟས་བསྡད་བྱས་ཨ་ནི་སྟབས་བདེ་པོ་ཨེ་འདྲས་ཆགས་འགྲི་གི་ཡོད་རེད།