15 Dec 2011
19 min 24 sec
- WEBVTT
- འོང་ལ་ཨ་ནི་པཱ་ཕ་ཨ་མ་གཉིས་ཆ་ལོགས་ཚོས་གཞི་དེ་འདྲས་མིན་ནའི
- འོང་འོང་།
- གཞུག་གུར་ཨ་ཁུ་ལགས་ཀྱིས་གསུངས་དུས།
- པུ་གུ་མིའི་ཚོས་གཞི་དེ་འདྲས་ཆགས།
- ཨ་ལས་ད་ལྟ་གང་ག་ལོགས་ག་རེ་ཡིན་ནའི་ང་ཚོ་མི་དང་གཅིག་པ་རེད།
- པུ་གུ་ཡིན་ནའི་རེད་རྩེད་མོ་ལ་དགའ་པོ་ཞེ་པོ་ཅིག་འདུག་ག
- རེད་བཞག་མིན།
- ཨུ་མུ་སུ་ལུ་ལ་སོ་རྒྱག་ཡག་ཟོ་རོག་དེ་འདྲས།
- ཨུ་མུ་སུ་ལུ་འཁྱེར་འགྲོ་ཡག་རེད།
- ལ་རེད་བཞག་ལ།
- གང་ས་གང་ལ་ཅིག་ཅ་ལག་ད་འཁྱེར་ཕྱིན།
- ཨ་ནི་རྩེད་མོ་རྩེད་ཡག་དེ་ཁྱི་རང་གི་མིན་་་་པུ་གུ་གང་ག་ལོགས།
- རེད་བཞག་ལ།
- མི་དང་པུ་གུ་ཁྱི་དང་གང་ག་ལོགས་གཅིག་པ་རེད།
- མ་གཞི་ནས་ཁྱི་ཟེར་ཡག་འདི་དེ་བྱེད་པོ་ཞེ་པོ་ཅིག་འདུག་ག་ལ།
- ད་ལྟ་གསུངས་སོང།
- ཁོ་བྱམས་པོ་བྱས་ན་ཧ་གོ་མཁན་རེད།
- རེད་བཞག རེད་བཞག་ལ།
- མི་ཅི་དག་ལ་ངོ་གཤེས་ཡག་ལ་དཔེ་་་་་་།
- ང་ཚོ་སྔས་མ་(སྔོན་མ་)ཁྱི་གཅིག་ཡོད།
- གནོངས་སོ་ལ།
- དེ་བྱས་པ་རེད་ད་ལ།
- གནོངས་ལ།
- ལོ་དྲུག་ཙམ་ཅིག་མ་ཐུག་པ་རེད།
- གནོངས་ལ།
- ཨ་ནི་ཐེངས་མ་གཅིག་ང་་་ང་འདུག་སེ་ཡར་ད་གྲོང་གསེབ་ལ་ཕྱིན།
- མར་ལོ་དྲུག་ཙ་(ཙམ་)ཅིག་རྒྱུན་ནི་མར་ལོག་རྒྱུ་མ་བྱུང་།
- གནོངས་སོ།
- ཨ་ནི་གཞུག་གུ་ལ་ཐེངས་མ་གཅིག་མར་ལོག་ཡོང་དུས་ཙ་(ཙམ་)ནས།
- ཨ་ནི་དེ་ནས་ཡར་སྐད་བཏང་པ་རེད་པ་ནང་ལ་སྒོ་བརྒྱབ་བཞག་ཤག
- སྐད་བཏང་དུས་ཁོང་ཚོས་ཧ་མ་གོ་པ་བྱས།
- གནོངས་སོ།
- སུ་ཡིན་པ་ཟེར།
- ཁྱིས་ནམ་རྒྱུན་མི་གཞན་དག་ལ་ཡིན་ན་ཞེ་པོ་ཅིག་འཆང་གི་རེད་པའ།
- ལ་རེད་ལ།
- ད་འཆང་རྒྱུ་ག་པར་ཡོད་རེད།
- སྐན་འཛའི་(སྐས་འཛེག་)སྒང་ནས་མར་མཆོངས་ཡོང་།
- རྦད་དེ་འཆོངས་ཡོང་།
- སྒོ་ལ་སྦར་རལ་བརྒྱབ་ནས།
- གནོངས་ལ།
- བྱས་ཙང་ཁྱི་ཟེར་ཡག་འདི་རྒྱུ་དག་ཞེ་པོ་ཅིག་འདུག་ག་ལ་མིའི།
- རྒྱུ་དག་རེ་དེ་ཡག་པོ་ཞེ་པོ་ཅིག་འདུག ཁྱི་ཡིན་ནའི།
- ལ་རེད་བཞག
- བྱས་ཙང་ཁ་ཤས་ཀྱིས་དེ་འདྲས་ཟེར་གྱིས།
- ཨ་ཙི་མི་འདི་ཡིན་ན་ཁོ་སྡུག་ཅག་ཁྱི་རེ་བཞིན་འདུག་ཟེར་གྱིས་ཟེར།
- འོང་ལ།
- བྱས་ཙང་ངས་སྡུག་ཅག་ཁྱི་རེ་ཅིག་ཟེར་ཡག་འདི་ཁྱི་སྡུག་ག་རེ་གལ་མིན་འདུག་ག་ཟེར་གྱི་ཡོད།
- དངོས་གནས་རེད།
- མི་ཁ་ཤས་ལ་ཡག་པོ་ག་ཚོད་བྱས་ནའི་ཡང་ཚུར་ཡག་པོ་བྱས་པའི་ངེས་པ་ཡོད་མ་རེད་པའ།
- ལ་རེད་རེད་ལ། དངོས་གནས་རེད།
- ཁྱི་ཟེར་མཁན་དེ་ལ་ཕར་བྱམས་པོ་ཅིག་བྱས་ན།
- རྩ་ནས་བརྗེད་ཀྱི་མིན་འདུག་ག་དེ་ཚོས།
- རེད་བཞག་ལ།
- སྙིང་རྗེ་པོ་ཞེ་པོ་ཅིག
- གནོངས་ལ།
- ལྷ་སའི་ཨབ་སོག་ཟེར་ཡག་དེ་སྙིང་རྗེ་པོ་ཞེ་པོ་ཅིག་རེད་པ་ལ།
- རེད་ལ།
- དེ་སང་ཏིག་ཙ་(ཏོག་ཙམ་)ཅིག་དཀོན་པོ་རེ་ཅིག་རེད་མ་གཏོགས།
- འོང་་་དེང་ཤག་ཞེ་དྲག་མཐོང་ཡག་ཟེར་མིན་འདུག་ག་ལ།
- ཁ་ཤས་ཁ་ཤས་འདུག་ལ།
- རེ་ཙ་རེ་ཙ་ཡོད་པ་འདྲ།
- གཞན་ཞེ་དྲག་མཐོང་ཡག་མིན་འདུག
- ལ་འོང་ལ།
- སྙིང་རྗེ་པོ་ཞེ་པོ་དེ་འདྲས་ཡོང་ལྷ་སའི།
- རེད་བཞག་ལ།
- ད་དེང་སང་ད་ཁྱི་རིགས་མ་འདྲ་བ།
- ཨམ་ཅོག་ལྷུག་ལྷུག་རེ་པོ་དེ་འདྲས།
- ཡང་སྤུ་མེད་པ་རེ་པོ་དེ་འདྲས་རེ་པོ་མང་པོ་ཅིག་མིན་འདུག་གས།
- ལ་འདུག་ལ།
- ཨོའོ། ཁ་སང་འོང་རེད།
- སྔོན་མ་རྒྱ་ཁྱི་ཟེར་ཡག་དེ་མ་རེད་པའ།
- རྒྱ་ཁྱི་ཟེར་ཡག་དེ་ཡང་རྒྱ་ཁྱི་རང་རེད།
- ཡང་དེ་ཁ་ལེབ་ལེབ་ཅིག་ཡོད་རེད།
- གནོངས་སོ།
- ལྷ་སའི་ཨབ་སོག་དང་འདྲ་གི་མ་རེད།
- གནོངས་སོ།
- སྤོར་དེ་ཐུང་གི་རེད་ལྷ་སའི་ཨབ་སོག་ལས།
- ཨ་་་་གནོངས་སོ།
- རྒྱ་ཁྱི་ལ་ཨམ་སོག་ཞེ་དྲག་ཡོད་མ་རེད།
- གནོངས་སོ།
- སྤུ་དེ་སྤུ་ཏིག་ཙ་(ཏོག་ཙམ་)ལྷ་སའི་ཨམ་སོག་ལས་སྤུ་ཐུང་གི་རེད་རྒྱ་ཁྱི།
- གནོངས་སོ། ལོག
- རྒྱ་ཁྱི་ཡང་ཆུང་ཆུང་ཞེ་པོ་དེ་འདྲས་ཡོང་ང་།
- ཨ་མགས: འོང་རེད་ལ།
- བྱས་ཙང་ག་སྙིང་རྗེ་པོ་ཞེ་པོ་དེ་འདྲས་ད་དེ།
- ཁ་སེང་མི་ཚང་ཅིག་གི་ནང་ལ་
- ང་ཚོ་དེ་ནས་མར་འགྲོ་གི་ཡོད་པས་ནི།
- གནོངས་ལོ།
- ཨ་མ་ཡིན་ན་ཟ་(ཟེར་)་་་ཨ་མ་ཟེར་མཁན་རེ་ཅིག་སྐད་རེ་ཅིག་བརྒྱབ་སོང་།
- གཅིག་བལྟས་པ་ཡིན་པས་ནི་མི་ནི་ཅིའི་(གཅིག་ཀྱང་)མིན་འདུག
- ཕར་བལྟས་ཚུར་བལྟས་པ་ཡིན་པས་ནི།
- མིའི་ཡར་ཙ་ད་གས་ཨ་ཁུ་ལེན་ཙ་གཅིག
- གནོངས་སོ་་་འོ་ཙི།
- སྐད་གསལ་པོ་ཞེ་པོ་ཅིག་པུ་གུའི་སྐད་ནང་བཞིན་བརྒྱབ་སོང་།
- གནོངས་སོ།
- ཨ་མ་ཟེར་ཡག་རེ་ཅིག
- གནོངས།
- ད་དེ་ཚོ་ཨ་ཁུ་ནེ་ཙོ་ཨ་ཁུ་ནེ་ཙོ་ཟེར་ཡག་དེ་ལྟ་དེ་ནེ་ཙོའི་ཁོ་ར་རང་གི
- ད་དོན་དག་ད་གལ་ཤེས་ཀྱི་ཡོད་ས་མ་རེད་དེ།
- ད་གཙོ་བོ་ལད་ཟློས་རེ་དེ་མཁས་པོ་ཞེ་པོ་ཅིག་མེད་འགྲོ
- ལད་ཟློས་རེ་ཅིག་བྱས་པ་མ་གཏོགས།
- དེས་མིས་ག་རེ་ལབ་པ་དེ་ལད་ཟློས་བྱས་ནས།
- སྒྲ་རེ་དེ་སྟོན་ཤེས་པ་མ་གཏོགས།
- ཁོའི་ནང་དོན་རེ་དེ་གལ་ཤེས་ཀྱི་ཡོད་ས་མ་རེད་པའ།
- གནོངས་སོ། བྱས་ཙང་ལ།
- ད་ཁང་པའི་ནང་ལ་ཅིག་བྱ་དང་བྱེའུ་དེ་འདྲས་ཉར།
- ཨ་ནི་མེ་ཏོག་དང་དེ་ཚོ་སྙིང་རྗེ་པོ་བྱས་ན།
- ཡང་ཅིག་སྣང་བ་ནི་སྐྱིད་པོ་ཞེ་པོ་ཅིག་རེད་པའ།
- ལ་རེད། ཞུས་ཙང་ག་བྱས།
- དེ་སང་མི་བྱེའུ་བཙོང་མཁན་འདུག་འདྲ་མིན་འདྲ།
- ལ་འདུག་ལ།
- སྔན་མ་(སྔོན་མ་)ཡིན་ན་ཅིག་ཁ་ཤས་མི་ཚང་ཁ་ཤས་ཡང་ཡིན་ན།
- འཇོལ་མོ་ཟིན་གྱི་རེད་པའ།
- འཇོལ་མོ་ཟིན་བྱས་འཇོལ་མོ་ཉོས་བྱས།
- འཇོལ་མོ་ཉོས་བྱས།
- ལ་རེད་་་ལ་རེད་ལ།
- དེང་སང་བྱེའུ་ཆུང་ཆུང་དེ་འདྲས་སྣ་མིན་སྣ་ཚོགས་མང་པོ་ཞེ་པོ་ཅིག་འདུག
- གནོངས། འཇོལ་མོའི་གསུང་དེ་སྙན་པོ་ཞེ་པོ་ཅིག་ཡོད་རེད་གསུངས་ཀྱི་འདུག་རེད་པས།
- ཞེ་དྲག་སྙན་པོ་རེད།
- གནོངས་སོ།
- ཞེ་དྲག་སྙན་པོ་རེད།
- སྔན་མ་བྲག་ཡོ་བར་ལ་(ཡར་གིའི་བར་ལ་)ཞེ་དྲག་ཡོད་རེད་གསུངས་ཀྱིས།
- ཡོའོ་(ཡོད་)རེད།
- འཇོལ་མོ་་་་གནོངས་སོ།
- སེ་ཇི་སྦི་ཇེ་ཟེར་ཡག་རེ་ཅིག་རེད་པའ་ད་ཁོ་ར།
- གནོངས་སོ།
- འཇོམ་མོའི་སྐད་ཀྱི་ནང་ལས་དེའི་མི་ཚང་དེའི་མིའི་མིང་ནས་འབོད་ཀྱི་ཡོད་ཟེར་པ་རེད།
- ཨ་ལས་་།
- འཇོལ་མོ་ཁ་ཤས་ཀྱས་(ཀྱིས་)
- ཨ་ལས་་།
- མི་ཚང་དེའི་འཇོལ་མོ་ཟེར་ཡག་དེ་ཨ་ཁུ་ནེ་ཙོའི་འོག་ནས།
- འོང་་་་གཅིག་གི་མི་སྐད་ཀྱི་ལད་ཟློས་བྱེད་ཡག་ཡང་ཏིག་ཙ་(ཏོག་ཙམ་)
- མཁས་པ་ཅིག་གི་གྲལ་ཁ་ཡིན་པ་འདྲ་ཡང་འཇོལ་མོ་ཟེར་མཁན་དེ།
- ཨ་ལས་གནོངས་སོ།
- སྔན་མ་འོང་་་ཨེ་འདྲས་རེ་ཅིག་གསུངས་ཀྱི་འདུག་ག
- བྲག་ཡར་གེ་དེར་འཇོལ་མོ་ཞེ་པོ་ཅིག་ཡོད་རེད་ཟེར།
- ཨ་ནི་འཇོལ་མོས་གསུང་དེ་སྐྱོན་དུས།
- དོན་དག་བྱས་ན་དེ་རེད་གསུང་གི་འདུག་ག་ལ།
- ཇོ་བོ་གཅིག་ཕེབས་བྱུང་ཟེར་གྱི་ཡོད་རེད་ཟེར།
- འོང་་་འོང་ཇོ་བོ་གཅིག་ཕེབས་བྱུང་ཟེར།
- འོང་་དེ་འདྲ་པོ་རེད་འདྲ་པོ་རེ་ཅིག་རེད་པའ།
- ཇོ་བོ་གཅིག་ཕེབས་བྱུང་ཟེར་གསུང་ཡག་རེ་ཅིག་་་་་
- དེ་འདྲ་པོ་ཞེ་དྲག་རེད།
- འོང་ཨེ་འདྲས་རེ་ཅིག་གསུང་གི་ཡོད་རེད་གསུངས་ཀྱིས་ཁོ་རྣམ་ཚོས།
- རེད་རེད།
- གནོངས།
- ང་ཚོའི་སྔོན་མ་
- ཇོ་བོ་གཅིག་ཕེབས་བྱུང་ཟེར་བྲག་ཡར་གའི།
- འོང་་་་འཇོམ་མོས་གསུང་སྐྱོན་དུས་དོན་དག་འོང་་་་ཨེ་འདྲས་རེ་ཅིག་འདྲ།
- གསུང་གི་ཡོད་རེད་གསུངས་ཀྱིས།
- ཨ་ནི་མིའི་ཁྱེར་ཟེར་ཡག་དེའི་འོང་ཅིག
- ཐག་རིང་པོ་ཕྱིན་ནའི་མི་ཚང་གཞན་དག་དེ་འདྲའི་ནང་ལ་ཁྲིད་ནའི།
- ཨ་ནི་ཚུར་ལོག་ཐུབ་ཀྱི་འདུག་ག
- རྦད་དེ་སོ་སོའི་ནང་དེར་རྦད་དེ་ཁྲིག་ཏེ་ག་ལ་ལོག་ཐུབ་ཀྱི་འདུག་ག
- ལ་རེད་བཞག་ལ།
- གཅིག་ནས་མིའི་འོང་ད་ཁོ་རའི་རྫི་གཅིག་ཡོད་རེད་པའ་དྲི་མ་སྣོམ་ཡག་གཅིག
- ཁྱི་ལ་ཡ་རྫི་ཟེར་ཡག་དེ་གལ་ཆེན་པོ་ཞེ་པོ་ཅིག་རེད་འདུག་ལ།
- ལ་རེད་བཞག་ལ། ད་ག་རེད་བཞག་ལ།
- ལ་རེད་བཞག་ལ།
- སྔན་མ་ཨེ་འདྲས་ཟེར་ཡོང་།
- གནོངས།
- འོང་་་ཁྱི་དང་ཁྱི་ལ་ཨ་ནི་དེ་ཡོད་རེད་ཟེར་ག་རེ་ཟ་(ཟེར)རྫི་ཡོད་རེད་ཟེར།
- གནོངས་སོ།
- སྤྱང་ཀིར་འདུར་ཡོད་རེད་ཟེར།
- བརྡུར་ཟེར་ཅིག་འགྲོ་ཡག་ཅིག་མིན་འདུག་གས་ལ།
- འདུག་ཟེ་འགྲོ་ཡག་འགྲོ་དུས་ཙམ་ནས་གོམ་པ་་་་།
- འོང་། འོང་།
- འོང་དེ་ལ་འདུར་བརྒྱབ་པ་ཟེར་གྱི་རེད།
- ཨ་ལས་གནོངས་སོ་རྒན་ལགས་གནོངས།
- སྤྱང་ཀི་ལ་འདུར་ཡོད་རེད་ཟེར་བྱས།
- ཨ་ལས་གནོངས་སོ་ལ།
- ཁྱི་ལ་ཡ་རྫི་ཡོད་རེད་ཟེར།
- ཨ་ནི་ཁོང་ཚོ་སྐད་ཆ་བྱས་བྱས།
- ཁྱི་དང་སྤྱང་ཀི།
- ཨ་ནི་ཁྱིས་སྤྱང་ཀིར་རྫི་བསླབས་པ་རེད་ཟེར།
- སྤྱང་ཁུས་ཁྱི་ལ་འདུར་བསླབས་པ་རེད་ཟེར།
- ཨ་ལས།
- ཟེར་ཡག་རེ་ཅིག
- དེ་འདྲས་ཟེར་ཚུལ་རེ་ཅིག་འདུག་ག་ལ།
- བྱས་ཙང་ཡིན་ནའི་ཡིན་ནའི་ད་ལྟ་སྤྱང་ཀི་རྫི་རྫི་ད་ཡོད་འགྲོ་མེད་འགྲོ
- གང་འདྲ་ཡིན་ན་སྤྱང་ཀིར།
- ཞུས་ཙང་ག་ཞུས།
- ད་འདུར་རེ་སྟེ་ཁྱིས་འགྲོ་སྟངས་རེ་སྟེ།
- སྤྱང་ཁུའི་འགྲོ་སྟངས་རེ་སྟེ་ཤེས་ཀྱི་ཡོད་རེད་ད།
- ལ་རེད་བཞག་ལ།
- ཁྱི་དེའི་གནོངས་རྫི་འདི་དངོས་གནས་གསང་པོ་ཞེ་པོ་ཅིག་འདུག་ལ།
- ང་ཚོའི་དེའི་ནང་གི་ཁྱི་རེ་དེ་ག་རེ་རས་ཁྱི་ཕྲུག་གཅིག་ཡོད་རེད།
- འདི་ཕོ་ཁྱི་རེད།
- ཁོ་ང་ཚོའི་པུ་གུ་དེ་ཡར་ལོག་ཡོང་དུས།
- མཚན་ནག་ཁུང་ཕྱི་པོ་དེ་འདྲས་ལ།
- ཁོས་ངུ་སྐད་ཅིག་བརྒྱབ་ཡོང་གི་འདུག་ག་ལ།
- ང་ཚོ་ནི་ད་ག་རེ་ཅིག་ཡིན་ན་བསམ་་་་།
- སེའུ་་་་སེའུ་་་་སེའུ་་་་ཟེར་ཨ་ནི་སྒོ་ལ་སྦར་རལ་བརྒྱབ་བྱས།
- ཨ་ནི་གང་ཙམ་ཅིག་ནས་པུ་གུ་དེས་སྒོ་འཕྱེས་བྱས་ཁྲག་ཟེར་ཡོང་དུས།
- རྦད་དེ་ཐག་རིང་པོ་ཅིག་ནས་ལམ་སེང་ཧ་གོ་འགྲོ་གིས།
- ཁོས་དེ་འདྲས་བྱེད་ཀྱིས།
- ང་ནི་ག་རེ་ཅིག་ཡིན་ན་བསམ་ནས།
- འོ་ཙི་མཁས་ཚར་མཚན་ནག་གུང་ལ་ཁོ་ངུས་བྱས།
- དེ་བག་ལ་ནི་གལ་ནི་མིན་འདུག
- ག་རེ་རེ་ཅིག་ཡིན་ན་བསམས།
- ཡང་ཏིག་བྱེད་དུས་ཁོའི་རྫི་རེ་འདི་རྦད་དེ་གསང་བ་ལ་བྱེད་མཁན་མིན་འདུག་ག་ལ།
- འོང་རེད་ད་ཁྱི་ལ།
- འོང་། པུ་གུ་རང་རེད་བཞག་ཁོའི་་་(ཁོ་ཡང)།
- རྫི་ད་དཔེ་དེ་བྱེད་པོ་རེད་ཁྱི་ཟེར་མཁན་དེའི་རྗི་དང་ཨ་ནི་་་་།
- ད་ལྟ་དེང་སང་དེ་རྫི་ཞེ་པོ་ཅིག་འདུག་ཟེར་ཡག་དེ།
- ཨོའོ་ལི་ཟེར་ཡག་ཅིག་འདུག་ག་ལ་་་འདུག་ག་ལ།
- འོང་་གནོངས།
- ཨོའོ་ལི་ཟེར་ཡག་དེ་འདི་ཡིན་པ་འདྲ།
- དབྱིན་ཇིའི་སྐད་རེ་ཅིག་ཡིན་པ་འདྲ།
- གནོངས་སོ།
- བྱས་ཙང་ད་ང་ཚོས་ད་རིང་ཨོའོ་ལི་ཡིན་ན་ཟེར་ཅིག
- པ་ལགས།: དེའི་སྒྲ་དེ་སྒྱུར་པ་མི་འགྲོ
- ཨ་་་གནོངས་སོ།
- དེ་ཚོ་ཡང་སྤྱང་པོ་དང་ཞེ་པོ་ཅིག་མིན་འདུག་གས།
- ལ་རེད་བཞག་ལ།
- དེ་ཚོ་ཡང་ཅིག ཡག་ག་རེ་དེ་ཚོ་ནི་དངོས་གནས།
- མི་རེ་ཅིག་ཡོང་ནའི་ད་ག་སེ་ཅ་ལག་རེ་དེ་འདྲས་ལ་བདག་པོ་་་
- ག་རེ་སེ་བདག་པོ་བརྒྱབ་པ་མ་གཏོགས།
- ད་ག་སེ་མི་ཡོང་ཚད་ལ་འཆང་དེ་འདྲས་བྱེད་ཀྱི་མིན་འདུག་ག་ཁྱོན་ནས།
- འོང་ཞུས་ཙང་ཞུས།
- སྔན་མ་ངར་ཁྱི་གཅིག་ཡོད།
- གནོངས།
- ཁོས་མིའི་ཞོགས་གས་ང་ཉལ་བསྡད་དུས་དེ་ནི་མཁྲིས་དེ་བག་ལ།
- ཅ་ལག་མི་སུས་ལག་པ་འཆང་བཅུག་གི་མ་རེད།
- ལམ་སེང་འོར་་་་་་ཟེར་གག་བྱེད་ཀྱི་རེད།
- གནོངས་སོ། གནོངས་སོ།
- ད་ཡང་ང་ཡར་ལངས་ཚར་ཙམ་དེ་བག་ལ།
- ཨ་ནི་མི་ལ་སྣེ་ལེན་་་་ཕྱིར་ལོགས་ཀྱི་མི་སུ་ལས་འཆང་གི་མ་རེད།
- གནོངས་སོ།
- ཨ་ནི་ཅོག་ཙི་འོག་དེར་མར་ཉལ་བསྡད་ནས་བསྡད་གག་བྱེད་ཀྱི་རེད།
- གནོངས་སོ་
- བྱས་ཙང་ཁོང་ཚོ་སྤྱང་པོ་ཞེ་པོ་ཅིག་འདུག་ག
- གནོངས་ལ།
- སྔས་མ་ཅིག་ང་ཚོ་ཡང་གླིང་ཁ་ཞིག་བཏང་གག་ཕྱིན།
- གནོངས་ལ།
- གླིང་ཁ་ཅིག་བཏང་གག་ཕྱིན།
- ཨ་ནི་ཉི་མ་ཅིག་གླིང་ཁའི་དཀྱིལ་ལ་བསྡད་བསྡད་ཕར་བར་ལ།
- ཕར་བར་ལ་ཕྱག་མཛོད་གླིང་ཁ་ཕར་བར་ལ་རེད།
- གནོངས་སོ་ལ།
- ད་སྤང་སྒང་ལ་བསྡད་དུས་ཙམ་ནས།
- སྤང་སྒང་ལ་སྟོད་ཐུང་ཨ་ནི་མིའི་ཕིད་བྱས་(ཕུད་བྱས་)
- ཨ་ནི་དེའི་སྟོད་ཐུང་སྒང་ལ་བསྡད་བསྡད་པ་ཡིན་པ།
- གནོངས་སོ།
- སྟོད་ཐུང་བསྡད་བསྡད།
- དེའི་ཁྲིས་དེར་ཨ་ནི་དེ་གཅིག་འཁྱེར་ཡོད་རེད།
- ག་རེ་རས(རེད)།
- གནོངས་ལ།
- སྟོད་ཕད་རེ་ཅིག་ཆུང་ཆུང་ཅིག་ཡོད་རེད།
- ག་རེ་ག་རེ་བླུགས་ཡོད་ན་ད་དེ་ང་དྲན་གྱི་མིན་འདུག
- གནོངས་ལ།
- སྟོད་ཕད་དེ་དང་སྟོད་ཐུང་དེ་མཉམ་དུ་བཞག་ཡོད་རེད།
- གནོངས་ལ།
- ཨ་ནི་ལོག་ཡོང་པ་རེད་ཚུར།
- ཚུར་ཡོང་ནང་ལ་སླེབས་ནས་
- དགོང་དག་ས་རུབ་མ་རུབ་ལ་ཁྱི་མིན་འདུག་གཅིག་ཡའི(གཅིག་ཀྱང)།
- གནོངས་ལ།
- སྟོད་ཐུང་དང་སྟོད་ཕད་ཅི་དག་ད་གང་ག་བརྗེད་བཞག
- གནོངས་སོ།
- ཨ་ནི་མིའི་ད་ཁྱི་མིན་འདུག་ཟེར་ཁྱི་འཚལ་གག་འགྲོ་དུས་ཙམ་ནས།
- ཁྱི་མིའི་དམྱལ་་་་དམྱལ་ལ་ས་རུབ་འགྲོ་གི་ཡོད་རེད་དའི།
- མ་གིར་སྟོད་ཐུང་དང་སྟོད་ཕད་ཀྱི་ཁྲིས་ལ་ཉལ་བསྡད་བཞག
- འོ་ཙི། རྦད་དེ་ཀྲུང་(སྲུང་)བསྡད་པ་རེད་ད།
- ཁྱི་ཟེར་མཁན་འདི་དེ་འདྲས་དེ་བྱེད་པོ་ཞེ་པོ་ཅིག་འདུག
- ཆག་སྒོ་དཔེ་རེད་ད།
- སྦྱིན་བདག་ལ་ད་དངོས་གནས་རྦད་མི་དེ་མ་བཟོ་ནས་འགན་ཁྱེར་པོ་ཞེ་པོ་རེ་ཅིག་རེད་འདུག་ག
- སྤྱང་པོ་དང་འགན་ཁྱེར་པོ་་་་་།
- དེ་ཚོ་ཡང་དེ་འདྲས་རེད་འུར་ཟེར་ཡག་དེ་འདྲས་རེད།
- ང་ཚོས་ཁོ་ལ་ཡའི་འུར་ཟེར་གག་བྱེད་ཀྱི་ཡོད་རེད།
- འུར་ཟེར་གག་བྱེད་ཀྱི་ཡོད་རེད།
- གནོངས།
- ད་ལྟ་དེང་སང་ཟེར་དུས་ཙམ་ནས་རྒྱ་སྐད་ནང་ལ་ཨའུ་ལི་ཟེར་ཡག་དེ་འདྲས་ཡིན་པ་འདྲ་འདུག་ག
- འོང་ད་འོང་་་་་བོད་རིགས་མང་ཆེ་བས་ཨོའོ་ལི་ཨོའོ་ལི།
- ཁྱི་ཨམ་ཅོག་ཀྲོང་ཀྲོང་དེ་རེད་པ་ལ།
- ཨམ་ཀྲོང་ལ་ཡང་འུར་ཟེར་གྱི་རེད།
- སྤུའི་ཞེ་པོ་རིང་པོ་དེ་འདྲས་མེད་པ་བྱས།
- སྤུ་རིང་པོ་ཡོད་མ་རེད།
- གནོངས་སོ་ལ།
- དེའི་གྲལ་ཀར་ཡང་སྤུ་རིང་བ་ཅིག་ཡའི་འདུག་ག
- ཨ་ལས་གནོངས་སོ།
- སྤུ་ཉམ་རིང་བ་རེ་ཅིག་ཡང་སོབ་སོབ་རེ་ཅིག་འདུག
- གནོངས་སོ། གནོངས་སོ།
- ད་དེ་ཚོ་ལ་ད་དེང་སང་ད་གོང་ཡང་ཞེ་པོ་ཅིག་བྱེད་ཀྱི་ཡོད་ས་རེད་བཞག
- གནོངས་སོ།
- དེ་ནས་འོང་འདི་ཨའུ་ལི་ཟེར་ཡག་དེ་གོམ་པ་བརྒྱབ་སྟངས་དེ་ཡང་དམིགས་གསལ་གྱི་ག་རེ་ཞུ་དགོས་རེད་པས་དེ་བག་ལ(དེ་བར་ལ་)
- རྟ་རྩལ་རེ་འདི་རྒྱལ་སྤྱིའི་ཐོག་ལ་འགྲན་བསྡུར་ནང་ལ་རྟ་རྩལ་ལ་རྟ་ལ་(གྲོད་)བརྒྱབ་བྱས།
- ག་རེ་ཞུ་དགོས་རས་ཅིག་གི་ག་རེའི་ཐད་ཕྱོགས་ཟག་(ཟེར)ཅིག་རེད་ཟེར་གསུང་ཡག་རེ་ཅིག་འདུག
- རྟ་ལའི་(རྟ་ལ་ཡང་)རྒྱན་རེ་པོ་ཞེ་པོ་ཨེ་འདྲས་བསྐྱོན་བྱས།
- སྒ་དང་གཅིག་མང་པོ་ཞེ་པོ་ཅིག་གོམ་པ་རྒྱག་བཟོ་རེ་འདི་དམིགས་གསལ་ཅིག་འདུག་ག་ལ།
- འོང་དེ་འདྲས་རེ་འགྲོ་གག་བྱེད་ཀྱི་འདུག་ག་ལ།
- ཁག་ཅིག་གིས།
- རེད།
- མང་ཆེ་བ་ཁོ་འགྲོ་སྟངས་འདི་སྤྱང་ཀི་རེད།
- སྤྱང་ཀིའི་འདུར་ཟེར་ཡག་དེ་རེད་པ།
- གནོངས་སོ། ཨ་ལས་་་་་གནོངས་སོ།
- གོམ་པ་བརྒྱབ་སྟངས་རེ་དེ་སྤྱང་ཀིའི་་་་་་
- ཉམས་དོད་པོ་རེ་ཅིག་འདུག་ཁོ་འགྲོ་དུས་ཡང་།
- རེད། རེད། རེད།
- སྒབ་ལྷིང་པོ་རེ་ཅིག་་་་་དེ་བྱེད་པོ་རེ་ཅིག་འདུག
- ད་ཁོ་མིན་་་་ཁྱི་ཟེར་ཡག་དེའི་མིན་ད་དོན་འགྲོ་(དུད་འགྲོ་)ཡིན་ནའི་མིན་དམྱ་ལ་བྱམས་པོ་བྱེད་མཁན་དེ་ཚོ་ད་གང་གས་ཧ་གོ་མཁན་རེ་ཅིག་འདུག་ག
- རེད་བཞག་ད། ད་དེ་ལྟ་དཔེ་རེད།
- སྙིང་རྗས(སྙིང་རྗེ་)
- གནོངས་སོ།
- ཞོགས་གས་ཁྱི་རེ་དེ་ཚོས་ང་ཚོ་ལངས་ཚར་པ་ད་ག་ལམ་སང་(ལམ་སེང་)
- ཚུར་འཛུལ་ཡོང་བྱས་ཨ་ལས་ལྕེ་ལྡག་རེ་ཅིག་བརྒྱབ་
- ཡར་འཕག་འཚག་ག་རེ་ཅིག་བརྒྱབ་
- འཁྱུད་རེ་ཅིག་ཡོང་འཐམ་རེ་ཅིག་ཡོང་བྱེད་ཀག་བྱེད་ཀྱི་འདུག་ག
- དགའ་པོ་ཞེ་པོ་ཅིག་བྱེད་གག་བྱེད་ཀྱི་འདུག་ག
- རེད། རེད།
- ཕྱིར་ལོགས་ནས་ཡོང་ནའི་ཡར་སླེབས་པ་ད་ག་ཨ་ལས་དགའ་སྣང་རེ་ཅིག་ཞེ་པོ་ཅིག
- ཨ་ལས་ལམ་སེང་སླེབས་བྱུང་ཟེར་དགའ་ཚོར་རེ་ཅིག་ཞེ་པོ་ཅིག་བྱེད་ཀྱིས།
- དགའ་ཚོར་རེ་ཅིག་ཞེ་པོ་ཅིག་བྱས་སྒོ་་་སྒོ་འགྲམ་ནས་འཛུལ་ཡོང་དུས་ཙམ་ནས་
- གནོངས་སོ།
- ཁྱད་ཚར་རེད་ཕྱི་ལོགས་ནས་མི་རྒྱུ་ནི།
- དེ་འདྲས་བྱེད་ཀྱི་འདུག་ག་ག་རེ་ཟག(ག་རེ་ཟེར་གྱི་འདུག)
- སྒོ་བརྡུངས་པ་ད་ག་ཧ་གོ་འགྲོ་གི་འདུག་ག
- རེད་བཞག
- དེ་རྫི་ཡིན་རྒྱུ་རེད་པ།
- རེད་བཞག་ལ།
- གཞན་སྒོ་མིན་ཕྱི་ལོགས་ཀྱི་མིས་རྡུང་གི་རེད།
- རེད།
- བདག་པོ་ཡིན་པ་ལམ་སང་(ལམ་སེང་)ཧ་གོ་གིས།
- ཕྱི་ལོགས་ཀྱི་མི་ཅིག་གིས་སྒོ་བརྡུངས་པ་ཡིན་ན།
- འར་་་་འར་ཟེར་གྱིས་མཆང་གག་(མཆོང་གག་)བྱེད་གག་བྱས།
- ད་ག་ང་ཚོས་མར་ཕྱིན་བྱས་དེ་བྱས་ན་ལམ་སང་(ལམ་སེང་)མིན་དེ་བྱེད་ཀྱི་འདུག་ག
- ལམ་སེང་མིན་སྒོ་ལ་ཡར་སྦར་་་་སྦར་འདྲད་རེ་ཅིག་བརྒྱབ།
- འོང་རེད་བཞག་ལ་སྦལ་རལ་བརྒྱག་གག་བྱེད་ཀྱིས།
- དགའ་པོ་རེ་ཅིག་ཞེ་པོ་ཅིག་བྱེད་གག་བྱས།
- གནོངས་ལ། གཅིག་ཡའི་(གཅིག་ཀྱང་)མཆང་(མཆོང་)གི་མིན་འདུག
- འོང་་་་ད་དེ་འདྲས་རེད། སྙིང་རྗེ་བ་ལ།
- འདི་པུ་གུ་རང་རེད། ཁྱི་ཡིན་ནའི་པུ་གུ་རང་རེད་པ།
- པུ་གུ་མཉམ་དུ་རྩེད་མོ་རྩེས་ཡག་ལ་དགའ་བ་ལ།
- རྩེད་མོར་དགའ་ལ་ན་ཡང་བྱེད་མཁན་མིན་འདུག
- སོ་བརྒྱབ་ཡོང་ང་། སོ་བརྒྱབ་ཡོང་ང་།
- མ་བྱེད་ཞིག མ་བྱེད་ཞིག མ་བྱེད་ཞིག
- སེང་ཕྲུག་མ་བྱེད་ཞིག མ་བྱེད་ཞིག སེང་ཕྲུག་མ་བྱེད་ཞིག
- སེང་ཕྲུག་ལགས། སེང་ཕྲུག་ལགས།
- ད་དེ་གང་འདྲས་རེ་ཅིག་འདུག
- སེང་ཕྲུག་ལགས་ཆུང་ཆུང་ཡིན་ནའི་ལས་ངར་རྒྱལ་འདུག་ག
- ཡ་ད་སོ་ཅིག་བརྒྱབ་ད།
- ཨ་ཚ་་་་་་་ལྟོས་ད།
- ཨ་ཚ་ཚ་ཚའུ་་་་་་་་།
- སོ་བརྒྱབ་གག་བྱེད་གག་བྱས་དངོས་སོ་སོ་ཚ་པོ་རེ་ཅིག་བརྒྱབ་ཀྱི་མིན་འདུག་ག་འདིས།
- འོང་དེར་སྐུ་རྩེད་རང་རེད་པ།
- སོ་བརྒྱབ་གག་བྱས་རྩེད་མོ་རང་རེད་འདི།
- གནོངས་སོ་ལ།
- ཡེ་ཤིས་ལྷ་མོ་ལགས: འོང་་་་སོ་ཚིག་ཏོག་ཁོ་རའི་སྒང་ལ་བརྒྱབ་ཀྱིས།
- ཁྱེད་རང་ལ་དེ་རྒྱུད་མིན་་་་་་འོང་འདུག་(སྦར་རལ་)བརྒྱབ་བཞག
- སྦལ་རལ་བརྒྱབ་བཞག
- ཁྱི་དེ་ཚོ་དམྱ་ལ་(དམྱལ་བ་)སྙིང་རྗས་(སྙིང་རྗེ་)
- འོ་ཙི་དམྱ་ལ(དམྱལ་བ)ལ་ཨ།
- འོ་ཙི། ད་གང་འདྲ།
- ད་རྨ་བཟོས་ཡོང་ང་།
- རྨ་བཟོས་གནང་ཡོང་ང་།
- ཞུས་ཙང་ག་ཞུས།
- ཁྱི་དང་པུ་གུར་རྩེད་མོ་མང་པོ་མ་རྩེད་བྱས་པ་རེད།
- འོང་ལ་ཞུས་ཙང་།
- ཁྱི་ལ་རྩེད་མོ་མང་པོ་རྩེད་ན་རྨ་བཟོ་གི་རེད་ཟེར།
- ལོའོ།
- པུ་གུ་ལ་རྩེད་མོ་མང་པོ་རྩེད་ན་པུ་གུ་ངུ་གི་རེད་ཟེར།
- རེད་བཞག་ལ།
- བྱས་ཙང་ཁྱི་དང་པུ་གུར་རྩེད་མོ་མ་རྩེད་ཟེར།
- ཡང་རྒྱབ་འདྲེ་(རྒྱག་རེས་)ལངས་ཀྱི་རེད་ཟེར་ཞུ་ཡག་ཅིག་མ་རེད་པས།
- ཡང་མིན་ན་རྨ་ཅིག་བཟོ་གི་རེད་ཟེར།
- ཁྱི་དང་རྩེད་མོ་རྩེད་ན་རྨ་བཟོ་གི་རེད་ཟེར།
- པུ་གུ་དང་རྩེད་མོ་མང་པོ་རྩེད་ན་རྒྱག་རེས་(རྒྱབ་འདྲེ་)ཤོར་གྱི་རེད་ཟེར།
- ལ་རེད་བཞག་ལ།
- པུ་གུ་ཨ་ནི་པུ་གུས་ངུས།
- རེད་བཞག
- དེ་འདྲས་བྱེད་ཀྱི་ཡོད་རེད་པ།
- འོང་་་འོང་ད་བཞུས་མ་གནང་ལ།
- ད་་་
- བཞུས་ན་དེ་བྱེད་པ་འདུག་ག་་་་བཞུས་ན་ཁོ་སོ་བརྒྱབ་པ་འདུག་ག
- ག་ལེར་གནང་ཞིག་ཨོ་ལོས་སེང་ཕྲུག་ལགས་དེ་འདྲས་གང་འདྲས་རས།
- སེང་ཕྲུག་ལགས།
- འོང་་་་སེང་ཕྲུག
- སེང་ཕྲུག་ལགས། ལྦ་ཡེ།
- སེང་ཕྲུག་ཡའི་མ་རེད།
- འདི་གྲུང་ང་རེད།
- གདོང་དེ་སྙིང་རྗས་ཅིག་(སྙིང་རྗེ་པོ་ཅིག་)འདུག
- ཞུས་ཙང་ག་ཞུས།
- གནོངས་ལ།
- ཤ་མདོག་(ལོགས་ཙམ་)རེ་ཅིག་འདུག
- ཤ་མདོག
- སྙིང་རྗེ་པོ་ཅིག་འདུག འདུག་ག་ལ།
- འང་པ།
- སྒམ་གཙང་མ་(ཁམས་གཙང་མ་)རེ་ཅིག
- ལོའོ་་་་ཨོའོ་་་་འང་པ་འང་པ་་་་་འང་ཀ་མདོག
- སྔོན་མ་རྩྭ་རེ་ཅིག་ད་ལ་འང་པ་ཟེར་ཡོང་ང་ཁག་ཅིག་གིས།
- ཨ་ལས་ཞུས་ཙང་ག ཞུས་ཙང་ག
- ད་མཚོད་གཞི་དེ་འདྲས་ལ།
- རྟ་དང་ཅི་དག་གི་སྤུ་གའི་མིང་སྤུ་ག་ལ་བལྟས་ནས་མིང་བཏགས་པ་རེད་པ།
- འོང་རེད་རེད་རེད།
- ཁ་ཤས་ལ་འང་པ་ཟེར་ཡག་དེ་འདྲས།
- ཁ་ཤས་ལ་རག་པ་ཟེར་ཡག་དེ་འདྲས།
- ཁ་ཤས་ལ་ཡར་་་་་
- འོང་རེད།
- དེ་ནི་་་་ག་རས་་་་རྐྱང་པོ་ཟེར་ཡག་རེ་པོ་དེ་འདྲས།
- ལ་རེད་རེད་རེད།
- ཁ་ཤས་ལ་ཡར་འོ་ལ་ཟེར་ཡག་དེ་འདྲས།
- འོང་ཅིག་གསུང་གིས། གསུང་གིས།
- ད་རྟ་དྲེལ་ཟེར་ཡག་དེ་དེ་འདྲས་རེད་ད།
- སྤྱང་པོ་ད་ཞེ་པོ་ཅིག་ཡོད་རེད་རྟ་དེ་ཚོ་ད།
- མིན་ག་རེ་ཟག་(ཟེར་གྱི་འདུག)ཡང་འོང་་་སྦྱིན་བདག་ལའི་(སྦྱིན་བདག་ལ་ཡང་)
- བྱམས་པོ་བྱེད་མཁན་དེར་དེ་བྱེད་པོ་ཞེ་པོ་བྱས།
- འོང་ཞུས་ཙང་ག
- ཁ་ཤས་རྟ་དེ་འདྲས་ཀྱིས་གཡུག
- ར་བཟི་མི་ར་བཟི་ཁ་ཤས་ཀྱི་རྟ་ཡག་པོ་ཡོད་ན།
- ར་བཟི་ནས་རྟའི་སྒང་ལ་བཞོན་ཕྱིན
- ཨ་ནི་མ་གིར་བཟགས་བསྡད་ཡོད་ན།
- རྟ་ཁོས་ག་ལེར་རྦད་དེ་ཁྲིས་དེར་བསྡད་བསྡད་བྱས་དེ་འདྲས་བྱེད་མཁན་དེ་འདྲས་ཞེ་པོ་ཡོང་གིས།
- གནོངས་སོ།
- ཁྱི་དང་རྟ་དང་ཟེར་ཡག་དེ་ཚོ་སྤྱང་པོ་ད་ཞེ་པོ་ཅིག་རེད།
- ལ་རེད་བཞག
- ད་དངོས་གནས་སོ་བརྒྱབ་པ་འདུག་ག
- ཨ་ཚ་་་་་།
- ད་དེ་གནང་ཡོང་ང་།
- སོ་བརྒྱབ་མ་སོང་ང་།
- རྨ་བཟོས་མ་སོང་ང་།
- རྨ་བཟོས་གནང་ཡོང་ང་།
- རྨ་བཟོས་ཡོང་ང་།
- རྨ་བཟོས་གནང་ཡོང་།
- འོང་ད་ཁ་ཅིག་གིས་ག་རས།
- རྟ་ཅིག་གི་སྦྱིན་བདག་གི་འདི་རེ་ཅིག་གིས་ད་ག་རེ་ཟེར་དགོས་རས་ཡར་ཞོན་གནང་དུས།
- གབ་བཟོ་ཡངས་པོ་རེ་ཅིག་ཞེ་པོ་གནང་མ་ཐུབ་པ་བྱས།
- གྲུང་པོ་རེ་ཅིག་བྱས་བཞོན་གནང་མ་ཐུབ་ན།
- རྟས་མར་ཉལ་བྱས་བྱས་ཡང་འཆིབ་ཕེབས་ཤོག་ཟེར་མཁན་དེ་འདྲས་ཡོད་རེད་ཟེར་གྱིས།
- འོང་དེ་འདྲས་བྱས་ཡོང་། འོང་དེ་འདྲས་བྱེད་ཀྱི་རེད་ད།
- གནོངས་ལ།
- འོང་ཡོབ་ཙམ་ད་དེ་བར་ལ་འགྲོ་དུས་ཙམ་པར།
- ཚུར་ཨེ་འདྲས་བྱས་ཚུར་ཨེ་འདྲས་བྱས།
- འོང་ལ།
- མི་དེ་འདྲས་གཟགས་གྲབས་གཟགས་གྲབས་བྱེད་དུས།
- དེ་འདྲས་བྱེད་མཁན་ཞེ་དྲག་ཡོང་།
- གནོངས་སོ། གནོངས་སོ།
- ཨ་ནི་དེ་ནས་རྟ་ཕོ་སྦྲ་ནག་སྤྲིན་དཀར་ཞུ་ཡག་དེ་ཚོ་ཡང་གང་འདྲས་རེ་ཅིག་ཡིན་ན།
- ཁོ་འོ་ལ་རེ་ཅིག་རེད།
- སྦྲ་ཁོ་ར་ནག་པོ་བྱས་སྤུ་་་་
- རྟིང་ཀ་དཀར་པོ་ཡོད་རེད། རྟིང་ཀ་དཀར་པོ་ཡོད་རེད།
- གནོངས་སོ་ལ་འོང་་་་རྟ་ཕོ་སྦྲ་ནག་རྟིང་དཀར་གསུང་ཡག་ཨེ་འདྲས་འདུག་ག
- ད་སྔ་མ་ད་ཕྱི་རྒྱལ་དེ་བག་ལ་(དེ་བར་ལ་)དེང་སང་རྟ་ཅིག་གི་དེ་ནས་མར་སྒ་ཤོར་ར་ཟེར་མཁན་ཅིག་འདུག་ག
- སྒ་དཀར་པོ་ཅིག་དཀར་ཙམ་རེ་ཅིག་དེ་ནས་མར་དཀར་པོ་ཅིག་ཡོང་གི་འདུག་ག་པད་ཀོག་གི་སྒང་ལ།
- ཨ་ལས་གནོངས་སོ།
- དཀར་པོ་འདི་རིང་པོ་ཡོད་པ་ཅིག་ཡོད་རེད།
- ཨ་ལས་གནོངས་སོ།
- ཕྱི་རྒྱལ་ལ་དེ་རྣམ་རྟོག་གལ་རྩིས་ཀྱི་མ་རེད།
- ཨ་ལས།
- ད་བོད་ལ་ཡིན་ན་ཡང་རྟ་ག་ཚོད་ཡག་པོ་ཡོད་ནའི་
- འདིའི་དེ་ནས་དེ་བར་དུ་མར་ཤོར་ན་འདི་ལ་སྒ་ཤོར་ར་ཟེར་གྱི་རེད།
- ཨ་ལས་གནོངས་སོ། གནོངས་སོ།
- སྒ་ཤོར་ར་འདི་རྣམ་རྟོག་ལ་རྩིས་ཀྱི་རེད།
- ཨ་ལས་གནོངས་སོ། འོ་ཙི།
- ད་ཕྱོགས་ལ་འགྲོ་དུས་སྔོན་མ་ཡིན་ན།
- གནོངས་སོ། གནོངས་སོ།
- དམག་མི་དེ་འདྲས་བྱས་དམག་དཔོན་དེ་འདྲས་སྡེ་དཔོན་ཟེར་ཡག་དེ་འདྲ།
- རྟ་སྒ་ཤོར་ར་བཞོན་པའི་ལུགས་སྲོལ་གཅིག་ཡའི་(གཅིག་ཀྱང་)ཡོད་མ་རེད་
- ཨ་་་་གནོངས་སོ།
- ད་ཡང་དམག་རྟ་ཡིན་ཟེར་བྱས་བྱས
- དེ་འདྲས་ཡོང་སྲིད་ཀྱི་རེད་འོ་ལ་ཞེ་དྲག་འོ་ལ་དེ་འདྲས་བཞོན་བྱས།
- ཨ་ལས་གནོངས་སོ། རྟ་འོ་ལ་ཟེར་ཡག་ཅིག་འདུག་རང་འདུག
- དམག་མིའི་སྡེ་དཔོན་དེ་ཚོ་རྟ་འོ་ལ་བཞོན་ནས།
- རྟ་སྒ་ཤོར་ར་ཟེར་འདི་མར་ཤོར་བསྡད་ཀྱོག་དེ་རྣམ་རྟོག་རྩིས་གནང་གི་རེད།
- ལྷ་སར་ཡང་དེ་འདྲས་ཞེ་དྲག་ཡོང་གི་མིན་འདུག་ག་སྔོན་མ།
- གནོངས་སོ། ལོག་་་་ལོག
- ད་སོ་རྒྱག་ཡོང་། སོ་རྒྱག་ཡོང་།
- གནོངས། གནོངས།
- དེ་ནས་ཡང་ག་རེ་ཞུ་དགོས་རས(རེད)།
- རྟ་ལ་རྭ་ཅོ་ཡོད་པ་དེ་དཀོན་པོ་ཞེ་པོ་ཅིག་རེད་ཟེར།
- ཡང་ཡོད་རེད་གསུངས་ཀྱི་འདུག་ག
- ཡོད་རེད་ཟེར་གྱི་འདུག་ག
- འོང་། དེ་་་་་
- ཁ་ཤས་ལ་ཡང་ཨམ་ཅོག་ནང་རྭ་ཅོ་ཆུང་ཆུང་ཅིག་ཡོད་རེད།
- ཨ་ལས་་་གནོངས།
- ཨམ་ཅོག་ནང་སྤུ་རྭ་ཡོད་རེད་སྤུའི་རྭ་ཅོ་ཟེར་མཁན་དེ་འདྲས།
- ཨ་ལས་གནོངས་སོ། གནོངས་སོ།
- ཁ་ཤས་ཡང་འདིའི་ཡོད་པ་དེ་འདྲས།
- ད་ག་རང་ཡོད་པ་ཅིག་སྔོན་མ་་་་
- ལྡེབས་བྲིས་དང་རི་མོ་དེ་འདྲས་ནང་ལ་མཐོང་ཡག་འདུག་ག
- སྔན་མ་(སྔོན་མ་)ང་ཚོའི་དེའི་
- དེའི་ཅིག་ག་རེ་ཟག་(ཟེར་གྱི་འདུག་)གྲོགས་པོ་ཅིག་གིས་གཙོང་དང་གསུངས་བྱས།
- དེ་བཙོངས་ནས་བྱས་བྱས་ཡང་མི་ཚང་ཉམས་ཆག་ཏིག་ཙམ་བྱུང་གསུངས་ཀྱི་འདུག་ག
- འོ་འདི་འདྲས་ཡོད་པ་རེད།
- བཙོངས་པ་རེད་ཟེར་ཡག་དང་གཅིག་བྱས།
- ཨེ་འདྲས་ར་ཅིག་གསུངས་སྲོལ་གཅིག་འདུག་ཡང་།
- རྟའི་ར་ཅོ་ཟེར་དུས་ད་ནི་ཅང་ཤེས་ཀྱི་ཀྱི་རྟ་ཕོ་དང་ཞེ་པོ་སྒ་ཡིན་ནོར་བུ་ཡིན་ཟེར་གྱི་འདུག་ག
- དེ་འདྲ་ནོར་བུ་རེད་བྱས་བྱས་ཞེ་པོ་ཞིག་རྩ་་་
- ལྔ་ང་ཚོ་དེ་འདྲ་ཟེར་གྱི་ཡོད་རེད།
- གནོངས།
- ཁྱི་ལ་མིག་དཀར་པོ་བྱས་པ་ཞིག་འདུག་ག
- ཁྱི་མིག་དཀར་པོ་གཟིགས་མྱོང་གས།
- འོ་འོ། མིག་བཞི་ཞུ་ཡག་དེ་རེད་པས།
- མ་རེད། མ་རེད།
- མིག་བཞི་ཟེར་ཡག
- ཁྱི་དཀར་པོ། དེ་ཟེར་གྱི་རེད་ད་ར་མིག་ཟེར་གྱི་རེད།
- ཨ་ལས། གནོངས་སོ།
- ད་ར་མིག་ཟེར་ཡག་དེ་ང་ཚོའི་་་ འོ། བསླབ་གྲྭ་(སློབ་གྲྭའི་) རྒན་ལགས་གཅིག་འདུག
- གནོངས་སོ།
- མིག་དཀར་རྐྱང་མིག་ད་ར་ཞིག
- ཨ་ལས། བྱས་ན་
- མིག་དཀར་པོ་འདི་བཟོ་ལྟ་ར་ཞིག་རེད་པ།
- འདི་གང་ཞུ་དགོས་ཀྱི་རེད། དེ་རེད་པས། མིག་གིས་མིག་རིལ་རང་དེ།
- མིག་རིལ་རང་དཀར་པོ་གཅིག་ཡོད་རེད།
- ཨོང་ལགས་སོ།
- དེ་ལ་ཁྱི་ད་ར་མིག་ཟེར་གྱི་རེད།
- དེ་རྩ་ཆེན་པོ་ཞེ་པོ་བརྩི་གི་ཡོད་རེད། ད་ར།
- དེ་ཡལ་འགྲོ་ཡག་ཡོད་རེད་པས།
- ཡལ་ཡག་ཡོད་མ་རེད།
- ཨ་ལས། བྱས་ན་ཨེ་འདྲས་མིན་པ་རེད། ཡང་ཁྱི་གཞན་དག་ཨེ་འདྲས་ཤིག་མྱོང་ཡོད། གཞུག་གུར་མིག་སྨན་བླུགས་བྱས་དྲག་འདུག་ག
- འོང་འདི་འདྲ་མ་རེད།
- གནོངས་སོ།
- འདི་ད་ག་སེ་དང་པོ་ནས་ཁོ་ར་རང་བཞིན་ནས་རེད། ཁོ་སྐྱོན་གྱི་ན་ཚ་དང་དེ་འདྲས་མ་རེད།
- གནོངས་སོ།
- ག་ར་ཟེར་གྱི་ཡོད་རེད། ཁྱི་ད་ར་མིག་ལ་རྟ་ཟེར། གོང་ཆེན་པོ་ཞེ་པོ་ཡིན་ཞེས་རྟ་ཟེར་དུས་གོང་ཐང་ཆེན་པོ་ཞེ་དྲགས་བརྩི་ག་བྱེད་ཀྱི་ཡོད་རེད་པ།
- ཨང་།
- ཁྱི་གོང་ཐང་ཆུང་བ་བྱས།
- འོ་རེད་རེད། ལགས་རེད། ལགས་རེད།
- ཁྱི་ད་ར་མིག་ལ་རྟའི།
- འ་ཛི་འ་ཛི་འདའི་གཟིགས་དང་། གྲུང་ང་ལགས། གནོངས།
- འོ་འདི་འདྲས་ཁྱི་ད་ར་མིག་ལ་རྩ་ཆེན་པོ་ཞེ་པོ་བརྩི་གིས།
- ཨ་ལས། གནོངས་སོ། གནོངས་སོ།
- ད་བྱས་ན་འདི་འདྲས་མཐོང་མྱོང་མེད། འདི་ད་ར་མིག་ཟེར་ཡག་དེ།
- ད་ག་དཀོན་པོ་ཞེ་པོ་བྱས།
- ཨ་ལའི་གཅིག་ང་ཚོའི་ཕ་གིར་སྒོ་རའི་ནང་གཅིག་ཡོད་རེད།
- གནོངས་སོ།
- ཁྱི་ད་ར་མིག
- གནོངས།
- ལྟ་ག་པར་ཕྱིན་སོང་། ག་པར་ཤོར་སོང་།
- ལྟ་ཁྱི་ག་པར་ཕྱིན་སོང་།
- བུ་མོ: འདའི་ཕྱིན་སོང་།
- འོང་ཁོ་ཡང་འཆམ་འཆམ་ལ་འགྲོ་འདོད་པ་འདྲ།
- ལྟ་ཁོང་གཉིས་ཀྱིས་དང་ཁྱི་འདི་བྱས་སོང་། གང་ཟེར། ཁྲོས་སོང་། རེད་པས།
- ཁོང་གཉིས་ཀྱིས་ཁྱི་ལ་ཕུར་ཕུར་བཏང་ཁྱིན་བསུན་པ་འདྲ།
- ཕལ་ཆེར་བསུན་པ་འདྲ།
- འདི་པ་གཅིག
- ཡང་ས་ཆ་ཡང་སེ་ཡང་སེ་སྤོ་དགོས་མཁན་ར་ཞིག་འདུག་ག ཨ་ཡོའོ་ཆུང་ཆུང་དེ་ཚོ།
- འཁྲིས་ལ་ཅས་བསྡད་སེ་ཐུབ་ཀྱི་མི་འདུག
- ཆུང་ཆུང་སྤུ་གུ་རང་རེད། ལགས་འོང་།
- ཁྱིའི་སྤུ་གུ་རེད་སྤུ་གུ ད་ག་པར་ཕྱིན་པ་ཡིན་ནམ། ལྟ།
- ཁྱི་དང་འདི་སྤུ་གུ་ཆུང་ཆུང་གཅིག་པ་རེད་ཤག སེམས་ཅན་གང་འདྲ་ཡིན་ནའི།
- བསྡད་ཀྱི་མི་འདུག་ག རྩེད་མོ་རྩེས་བྱས།
- རྩེད་མོ་ལ་དགའ་བ་ལ་ནི་བྱེད་ཉན་མི་འདུག འོང་།
- ཡིན་གཅིག་མིན་གཅིག་རྩེད་མོ་རྩེས་ག་འགྲོ་དགོས་ཀྱི་འདུག
- བྱས་ཙང་བྱས། འོང་།
- འོ་འོ།
- ད་ཡིན་ན་འདི་འདྲ།
- ལགས་འོང་།
- ཁོང་གཉིས་ཀྱིས་ཁྱི་ལ་རྩེད་མོ་རྩེས་སོང་།
- འོང་ཞུས་ཙང་། ཞེ་པོ་ཞིག ཨ་ཡོའོ་ཆུང་ཆུང་ལ།
- འདི་འདུག་ག་བོད་པའི་ད་ལྟ་འདོགས་ཁྱི་ཆེན་པོ།
- འོང་འོང་། ལ་ཞུས་ཙང་ག
- དེ་ཚོར་དེང་སང་གོང་ཆེན་པོ་ཞེ་པོ་བྱེད་ཀྱི་འདུག་ག
- འོང་ཞུས་ཙང་ག
- དེ་ཚོ་དེ་འདྲ་སྤྱང་པོ་གལ་ཨ་ཡོད།
- ལྟ་འདི་གསུངས་འདི་ནི་རྫིག་པོ་བྱས། ངར་པོ་ཞེ་པོ་ཞིག་ཡོད་པ་འདྲ་འདུག་ག རྒན་ལགས། བརླག་འཁྱེར་ཚད།
- འདི་འདྲས་རེད། འདོགས་ཁྱི་འདའི་རིགས་གཉིས་ཡོང་གིས།
- གནོངས།
- ཁག་ཅིག་ཞེ་པོ་མི་ལའི་ཤོར་བ་དང་མི་ལ་སོ་བརྒྱབ་ཀྱི་རེད་པ།
- ལགས་རེད།
- ཁག་ཅིག་ཞེ་པོ་ཞིག་འཐེན་ཀ་བྱས་དེ་ནས་ཐག་པ་དེ་ཆད་པ་སོང་ན་ཡང་དྲི་མ་ཞིག་སྣུམ་བྱས་ཕར་ལོག་བྱས་ཁོ་ར་བསྡད་ས་འདའི་བསྡད་བྱས་ཁ་ཀ་བསྡད་བསྡད་མཁན་དེ་འདྲ་ཡོད་རེད།
- པཱ་ཙམ་ཨེ་འདྲས།
- ལགས་སོ། འ་ཛི།
- ཡོད་རེད་ད།
- གནོངས་སོ།
- བྱས་ཙང་དེ་ཚོས་སོ་ཞིག་བརྒྱབ་ན་མི་གསོན་པོ།
- དེ་ནི་བླ་ར་ཞིག་
- ད་ག་ཙམ་ཡོད་རེད། དེ་ཚོ།
- འོ་རེད་ཤག འོ་ཛི། ད་དེ་ལྟ་ཁྱི་ལྟ་རེད་འདའི།
- ཞེ་པོ་དེ་འདྲས།
- ཆེ་བ་ལགས། བྱེད་ཉན་མི་འདུག
- ང་ཚོ་འདི་པ་སྒོར་མོ་བདུན་བརྒྱ་བརྒྱད་བརྒྱ་བྱས་བྱས་བཙོངས་མཁན་འདི་འདྲ་འདུག
- འོང་། གོང་མཐོ་བ་དེ་ཚོ་ལྟ་གང་ཞུ་དགོས་ཀྱི་རེད། གསུམ་སྟོང་བཞི་སྟོང་གཅིག་བྱས་ཟེར་གྱི་འདུག་ག
- ཨ་ལས། བོད་པའི་འདོགས་ཁྱི་ཨས།
- འོང་། འདོགས་ཁྱིའི། ཨཱ་ནི་ད་དུང་ཨེ་འདྲས་གསུངས་སྲོལ་ཞིག་འདུག
- འཛམ་བུ་གླིང་གི་ཁྱིའི་ལྟ་གང་ཞུ་དགོས་ཀྱི་རེད། མེས་པོ་ར་དེ་ཁོ། བརྒྱུད་ཚང་ར་དེ་ཨང་གི་དང་པོ་ཐོག་མར་བྱས་ན་བོད་ཀྱི་ཁྱི་རེད་ཟེར་གྱིས་ཟེར།
- བོད་ཀྱི་འདོགས་ཁྱི་རང་དེ། འབྲོག་ཁྱི་ཞིག་ཡོད་རེད་པ།
- མ་རེད་ཟེར་སྲོལ་ཡོད་མ་རེད།
- བོད་པའི་རེད་གསུངས་ཀྱིས།
- བྱས་ཙང་མ་རེད་ཟེར་སྲོལ་ཡོད་མ་རེད།
- ལགས་འོང་།
- དང་པོ་དང་པོ་ར་དེ་ཁྱི་ར་དེ་བརྒྱུད་ཚང་ར་དེ་ཐོག་མར་
- བྱུང་ཡག་བྱས་པ་ཡིན་པ་བོད་ཀྱི་འདི་ནས་བྱུང་པ་རེད་ཟེར་གྱི་འདུག་ག
- ལྟ་འདི་ནང་ལ་རིགས་གཉིས་ཡོད་རེད།དེ་ཚོར་ལའི།
- གནོངས་སོ།
- ཡང་ཨབ་སུག་འདོགས་ཁྱི་རང་ལས་ཨབ་སུག་ཞེ་པོ་དེ་འདྲས་སྤུ་སོབ་སོབ་འདི་འདྲས།
- གནོངས་སོ།
- ཨཱ་ནི་ཡང་སྤུ་ཐུང་བ་འདི་འདྲས།
- གནོངས།
- ཡང་འདོགས་ཁྱི་ཁ་ལུག་བྱས་ཁ་ལུག་ལུག
- ཨ་ལས་སྔོན་མ་འདོགས་ཁྱི་ཁ་ལུག་གཅིག་རང་འདུག
- ལྟ་དེ་ཚོའི་འདྲས་ལ་དོམ་པོ་སྙིང་ལྡན་པ་ཟེར་གྱི་རེད།
- ཨང་ལས།
- གཅིག་དེ་གང་རེད་ཟེར་ན། ནག་པོ་ཡིན་པ་ལ་འདིའི་སྙིང་ཁ་ཐུག་འདའི་དཀར་པོ་རིལ་རིལ་གཅིག་ཡོད་པ་ཞིག་ཡོད་རེད།
- ཨང་་་། གནོངས།
- ཡང་འདི་དཔེ་མི་སྲིད་པའི་་་
- ཡང་རྩ་ཆེན་པོ་མིན་འགྲོ
- རྩ་ཆེན་པོ་བརྩི་ག་བྱེད་ཀྱི་རེད།
- གནོངས་སོ།
- འདི་ཡང་གཅིག་ལྟ་རྩ་ཆེན་པོ་ཡིན་ཟེར་ནོར་བུ་ནང་བཞིན་ཡིན་ཟེར་སྲོལ་ར་ཞིག
- གནོངས།
- ངར་མ་བྱས། ལྟ་ཁྱི་ལའི་སྡུག་ཅག་རྩིས་ཡག་དེ་ལྟག་ཁུང་དཀར་པོ། གཞུག་གུ་རྩེ་དཀར་པོ་སྡུག་ཅག་བརྩི་གི་རེད།
- འོ།
- དེ་ཡང་དགའ་པོ་བྱེད་ཀྱི་མ་རེད། སྔོན་མ་བོད་པའི།
- གཞུག་གི་དཀར་པོ་དེ་སྤང་ཁྱི་(སྤྲང་ཁྱི་)ན་ཅིག་རེད་གསུངས་ཀྱིས། རེད་པ།
- རེད། རེད།
- སྤང་ཁྱི་(སྤྲང་ཁྱི་)རེད་ན་ཅིག
- ལྟག་ཁུང་དཀར་པོ། གཞུག་གུ་དཀར་པོ་ད་ལའི་ཡག་པོ་བརྩི་གི་མ་རེད།
- ཨ་ལས། གནོངས་སོ།
- བྱས་ནའི་ག་རེ་ཞུ་དགོས་ཀྱི་རེད་པས། འདོགས་ཁྱི་ཁྱད་ཆོས་འདི་འདྲས་ཤིག་ཡོད་རེད།
- འདི་གསུངས་ཀྱི་འདུག་ག མི་ཚོས་གསུངས་ཡག་ལ།
- འདིའི་འཁྲིས་འདའི་བྱས་ན་སྐད་ཧ་ལས་ཚད་ཚ་པོ་ཞེ་པོ་བྱས།
- རྒྱང་ཐག་རིང་པོ་ཞེ་པོ་ཞིག་ནས་ཁྱིའི་སྐད་དེ་གསང་པོ་ཞེ་པོ་ཞིག་གོ་གི་ཡོད་རེད་གསུངས་འདུག་ག
- འོ་རེད། རྒྱང་རིང་པོ་ལ་གོ་ཡག་དེ་ལྦང་། ལྦང་། ཟེར་ཡག་ཅིག་གོ་ཡག་གཅིག་འདུག་ག
- ཨང་འོང་།
- རྒྱང་རིང་པོ་ལ།
- གནོངས།
- འོ་དེ་ཚོ་ཡག་ག་ར་ཅིག་བརྩི་གིས།
- གནོངས། ཨཱ་ནི་གནས་ཚང་གཡར་མཁན་དང་འགྲུལ་པས་གཅིག་གང་ཟེར་དགོས་ཀྱི་རེད།
- གནས་ཚང་ཞིག་བཙལ་དགོས་བྱུང་ན། ཨཱ་ནི་རྒྱང་ཐག་རིང་པོ་ནས་ཁྱིའི་སྒྲ་ཟིན་བྱས་ལྟ་མི་ཚང་འདའི།
- འདི་འདྲ་ཞིག་མི་ཚང་འདུག་ཨང་བསམས་བསམས་ར་ཅིག མི་ཚང་ཁ་ཕྱོགས་ར་དེ་བསྟན་གྱི་ཡོད་པ་འདྲ་ཁྱིས། འགྲུལ་པར།
- རེད་རེད།