Video Overview
Sangay Choden from Radhi Gewog, Tashigang, sings a Boedra song entitled Phunsum Tshokpa Ngatsho Gyelkhab (Our Prosperous Country). This is a patriotic song dedicated to the country and king of Bhutan. The composer praises the happiness that Bhutanese share because of their kings and their religion. It is a joyous song, and can be performed during any number of occasions or gatherings. It is performed in a circular formation with around five to twenty dancers. It is a Boedra song that was composed somewhat recently, evidenced by lyrics the include the names of the present kings.
བཀྲིས་སྒང་རྫོང་ཁག་ རདྷི་རྒེད་འོག་ ལས་ཨིན་མི་ སངས་རྒྱས་ཆོས་སྒྲོན་གྱི་ འབོད་སྒྲ་ ཕུན་སུམ་ཚོགས་པ་་ ཟེར་མི་འདི་འཐེན་ནུག། ཞབས་ཁྲ་འདི་ བསྟོད་པའི་ཞབས་ཁྲ་གཅིག་འབདཝ་ལས་ རྒྱལ་ཁབ་དང་རྒྱལ་པོའི་ ཆེད་དུ་འཕུལཝ་ཨིན་མས། ཞབས་ཁྲ་འདི་ཡང་ ང་བཅས་རའི་རྒྱལ་པོ་དང་ དམ་པའི་ཆོས་ཀྱྀི་བཀའ་དྲིན་ལས་བརྟེན་ འབྲུག་མི་ག་ར་དགའ་བའི་ སྐོར་ལས་བསྟོད་པ་རྐྱབ་ཨིན་མས། ཞབས་ཁྲ་འདི་དགའ་བའི་ཞབས་ཁྲ་ཨིནམ་ལས་ དགའ་སྟོན་དང་རྟེན་འབྲེལ་ ག་ཅི་བཟུམ་ཡོད་རུང་ དེའིསྐབས་ཁྲབ་ནི་ ཡོདཔ་ཨིན། ཞབས་ཁྲ་འདི་ མི་ལྔ་དང་ཉི་ཤུ་བར་ན་ སྒོར་སྒོམས་འབད་ ཁྲབ་སློལ་ཡོདཔ་ཨིན། ཞབས་ཁྲ་འདི་ནང་ ད་ལྟོའི་དཔོན་ཚུ་གི་མཚན་ཚུད་དེ་ ཡོདཔ་ལས་ ཞབས་ཁྲ་འདི་རྙིངམ་འབད་ བརྩི་ནི་མེདཔ་ཨིན།
- Radhi
- Trashigang
- སངས་རྒྱས་སྒྲོན་ Sangay Chodenཕུན་སུམ་ཚོགས་པ་ང་ཚོ་རྒྱལ་ཁབ། །གང་ཡིན་ཞེ་ན་ཆོས་ལྡན་རྒྱལ་ཁབ། །གང་ཡིན་ཞེ་ན་ཆོས་ལྡན་རྒྱལ་ཁབ། །
- སངས་རྒྱས་སྒྲོན་ Sangay Chodenཆོས་རྒྱལ་འཇིགས་མེད་སེང་གེ་དབང་ཕྱུག །གཟི་བརྗིད་དབང་ཐང་མཚུངས་པ་མེད་པ། །གཟི་བརྗིད་དབང་ཐང་མཚུངས་པ་མེད་པ། །
- སངས་རྒྱས་སྒྲོན་ Sangay Chodenགཞུང་དང་མི་སེར་མཐུན་པ་ལ་ནི། །མ་དང་བུ་ཡི་བརྩེ་བ་འདྲ་ཡོད། །མ་དང་བུ་ཡི་བརྩེ་བ་འདྲ་ཡོད། །
- སངས་རྒྱས་སྒྲོན་ Sangay Chodenཕྱོགས་རིས་མེད་པ་ང་ཚོའི་ཆོས་ལུགས། །སྔ་འགྱུར་རྙིང་མ་བདུད་འཇོམས་གཏེར་གསར། །སྔ་འགྱུར་རྙིང་མ་བདུད་འཇོམས་གཏེར་གསར། །
- སངས་རྒྱས་སྒྲོན་ Sangay Chodenཉམ་ཆུང་ང་ཚོའི་གསེར་གྱི་རྒྱན་ཆ། །རང་འབྱུང་འོད་གསལ་ཆོས་གླིང་དགོན་པ། །རང་འབྱུང་འོད་གསལ་ཆོས་གླིང་དགོན་པ། །
- སངས་རྒྱས་སྒྲོན་ Sangay Chodenསྙིང་གི་བླ་མ་དགའ་རབ་རྡོ་རྗེ། །དམ་ཆོས་གནང་བ་ལྷང་ལྷང་དྲན་ནོ། །དམ་ཆོས་གནང་བ་ལྷང་ལྷང་དྲན་ནོ། །
- སངས་རྒྱས་སྒྲོན་ Sangay Chodenཐུགས་རྗེ་གཟིགས་ཤིག་སྙིང་གི་བླ་མ། །རེ་བ་འགྲུབ་པའི་དངོས་གྲུབ་གནང་དང་། །རེ་བ་འགྲུབ་པའི་དངོས་གྲུབ་གནང་དང་། །
- སངས་རྒྱས་སྒྲོན་ Sangay Choden[སྐྱེས་པའི་ཡུལ་འདི་དེངས་ཤིང་ལོག་ལས། །?]བཀྲ་དང་ཤིས་པའི་གླུ་གར་ཞུའོ། །བཀྲ་དང་ཤིས་པའི་གླུ་གར་ཞུའོ། །བཀྲ་དང་ཤིས་པའི་གླུ་གར་ཞུའོ། །
- སངས་རྒྱས་སྒྲོན་ Sangay Chodenལགས་སོ། བཀའ་དྲིན་ཆེ་ལགས།། །།