Video Overview
༉ གླུ་གཞས་ ལ་གཅིག་བརྒལ་བའི་ཕར་རྒྱབ་ན་ཟེར་ ལྷུན་རྩེ་ཆ་འོག་ཀུར་བསྟོད་རྒེད་འོག་ ཟིམ་སྤོངས་ལས་སེངྒེ་བཟང་མོ་གིས་འཐེན་ཏེ་འདུག གླུ་གཞས་འདི་ནང་ ལ་གཅིག་བརྒལ་བའི་ཕར་རྒྱབ་ལུ་དང་ ལུང་གཅིག་བརྒལ་བའི་ཚུར་རྒྱབ་ལུ་ ལ་ལུང་གཉིས་ཀྱི་བར་ན་ལུ་ གསེར་གྱི་མེ་ཏོག་གིས་གང་སྟེ་ཡོད་མི་མེ་ཏོག་དེ་རྩ་ཆེཝ་སྦེ་བརྩིཝ་ཨིན་པས། མེ་ཏོག་དེ་ལགཔ་གིས་བཅག་གེ་ཟེརན་ ལག་གྲིབ་ཕོག་ནི་མས་ རྐངམ་གིས་བཅག་གེ་ཟེརན་ རྐང་གྲིབ་ཕོག་ནི་མས་ དེ་བ་འདི་སེམས་ཀྱིས་བཏོག་སྟེ་ལྷ་ལུ་ཕུལ་ད་གེ་ཟེར་ འཐོན་ནི་འདུག གལ་སྲིད་མེ་ཏོག་དེ་ ཧམ་པ་ཅན་གྱིས་འཕྲོག་དགོ་པ་ཅིན་སྐུ་གཟགས་རིངམ་སྦེ་དགོ་ཟེར་དང་ མ་རྩ་ཅན་གྱིས་ཉོ་དགོ་པ་ཅིན་ རྒྱུ་ནོར་མངམ་སྦེ་དགོ་ཟེར་ དེ་ལས་དད་པ་ཅན་གྱིས་ལྷང་དགོ་པ་ཅིན་ མིག་ཏོ་བལྟ་ཐངས་འཇའ་ཆི་ཆི་ ཁ་ཧན་ཏོང་ཏོ་སྦེ་སླབ་དགོ་ཟེར་ཨིན་པས།
- Kurtoe
- སེངྒེ་བཟང་མོ་ Singye Zangmoལ་གཅིག་བརྒལ་བའི་ཕར་རྒྱབ་ན། །ལུང་གཅིག་བརྒལ་བའི་ཚུར་རྒྱབ་ན། །ལུང་གཅིག་བརྒལ་བའི་ཚུར་རྒྱབ་ན། །
- སེངྒེ་བཟང་མོ་ Singye Zangmoལ་ལུང་གཉིས་ཀྱི་བར་ཤེད་ན། །གསེར་གྱི་མེ་ཏོག་[མཁོ་མ་?]གང་། །གསེར་གྱི་མེ་ཏོག་[མཁོ་མ་?]གང་། །After passing peak across, passing valley inward. In the mid of peak and valley, there’s handful of golden flowers.
- སེངྒེ་བཟང་མོ་ Singye Zangmoལག་པས་བཏོག་ན་ལག་གྲིབ་ཕོག །རྐང་པས་བཏོག་ན་རྐང་གྲིབ་ཕོག །སེམས་ཀྱིས་བཏོག་ནས་ལྷ་ལུ་ཕུལ། །If rip by hand it would be defile by hand, if rip by leg it will be defile. Rip with mind and offer to the god.
- སེངྒེ་བཟང་མོ་ Singye Zangmoདན་ད་མེ་ཏོག་བཏོག་ཡ་མིན། །མཇལ་ཁ་ཕྱེས་ནས་བཏོག་ཡ་རེད། །མཇལ་ཁ་ཕྱེས་ནས་བཏོག་ཡ་རེད། །
- སེངྒེ་བཟང་མོ་ Singye Zangmoཧམ་པ་ཅན་གྱིས་འཕྲོག་དགོས་བསམ། །ཧམ་པ་ཅན་གྱིས་འཕྲོག་པ་ལུ། །སྐུ་གཟུགས་འདི་ནི་རིང་སེ་དགོ །There won’t be ripping the flower, until there is winner. Avarice may think of robing, in order to robe have to be tall.
- སེངྒེ་བཟང་མོ་ Singye Zangmoམ་རྩ་ཅན་གྱིས་ཉོ་དགོས་བསམ། །མ་རྩ་ཅན་གྱིས་ཉོས་པ་ལུ། །རྒྱུ་ནོར་འདི་ནི་མང་སེ་དགོ །
- སེངྒེ་བཟང་མོ་ Singye Zangmoའདོད་པ་ཅན་གྱིས་ལྷང་དགོས་བསམ། །འདོད་པ་ཅན་གྱིས་ལྷང་པ་ལུ། །ཁ་འཇམ་མིག་འཇམ་འདུ་བ་དགོ །Rich may think of buying, in order to buy have to be richest. Desirous may think of begging, in order to beg should be polite and simple.
- སེངྒེ་བཟང་མོ་ Singye Zangmoལགས་སོ་ལགས།། །།Thank you.