Skip to main content Skip to search
16 Feb 2017
2 min 18 sec
Video Overview
Creators: 
Duptho , Chimi Wangmo

Dupthop Zangmo from Yangnyer Gewog here sings a tsangmo called “On the Other Side of an Ocean.” Tsangmo is a type of song that is sung to various tunes and is used to express individual's emotions, and to convey inner warmth and affection towards another person. This Tsangmo is basically about the fate and destiny of meeting or doing something together. For instance, the voice in the song says “you are on the other side of the river while I am on this side, and we will meet in the middle of the ocean if we are destined to.” Similarly, other metaphors such as the falling of love with the snowfall, and the golden and silver vase and flowers were used to talk about love and fate. 

 

གཙང་མོ་ཟེར་མི་འདི་ མི་ཚུ་གིས་ ཁོང་རའི་ནང་ན་གི་ཚོར་སྣང་འདི་ གདངས་མ་འདྲཝ་གི་ཐོག་ལས་སྦེ་ ཕྱི་ཁར་བཏོན་ཏེ་མི་གཞན་ལུ་ སླབ་མི་ལུ་གོཝ་ཨིན་པས། གཙང་མོའི་དབྱེ་ཁ་ལེ་ཤ་ཡོད་མི་ལས་ ད་ལྟོ་ནཱ་གི་འདི་ ཉན་མི་ཚུ་ལུ་ གནམ་བསྐོས་ཀྱི་སྐོར་ལས་ སླབ་ཨིནམ་ལས་ འབྲུག་གི་ གཙང་མོའི་ལམ་སྲོལ་དབྱེ་རིམ་ལས་ གཉེན་གླུ་གི་དབྱེ་ཁག་ནང་ཚུདཔ་ཨིན་པས། གཙང་མོ་བརྩམས་མི་འདི་གིས་ རྒྱ་མཚོའི་ཕར་ཁ་ཡོད་པའི་ ཁོ་རའི་ལས་གནམ་བསྐོས་ཅན་གྱི་ གཉེན་གྲོགས་དང་ཅིག་ཁར་ ཕྱད་དགོ་མནོ་བའི་སྐོར་ལས་ཨིན་པས།

 

Transcript search
No results found for this search
0 of 0
  • གྲུབ་ཐོབ་བཟང་མོ
    ཁྱོད་ནི་རྒྱ་མཚོ་ཕར་ཁ། །ང་ནི་རྒྱ་མཚོ་ཚུར་ཁ། །
  • གྲུབ་ཐོབ་བཟང་མོ
    ལས་དང་སྨོན་ལམ་ཡོད་ན། །རྒྱ་མཚོ་སྦུག་ལུ་འཛོམས་ཤོག །
  • གྲུབ་ཐོབ་བཟང་མོ
    གངས་དཀར་ཁ་བ་ཆགས་པ། །མི་མཉམ་ཀུན་གྱི་ཤེས་སོང། །
  • གྲུབ་ཐོབ་བཟང་མོ
    གཅིག་སེམས་གཅིག་ལ་ཆགས་པ། །སུ་དང་གང་གི་མི་ཤེས། །
  • གྲུབ་ཐོབ་བཟང་མོ
    མིན་འདུག་མས། སྐད་འབདན།
  • གྲུབ་ཐོབ་བཟང་མོ
    བྱ་མོ་གནམ་ལ་ཕུར་སོང་། །སྒོང་རྡོག་ས་ལ་ལུས་སོང་། །
  • གྲུབ་ཐོབ་བཟང་མོ
    བྱ་མོ་དམ་ཚིག་ཡོད་ན། །སྒོང་རྡོག་གཡས་བསྐོར་རྐྱབ་ཤོག །
  • གྲུབ་ཐོབ་བཟང་མོ
    ཁྱོད་ནི་གསེར་གྱི་བུམ་པ། །ང་ནི་དངུལ་གྱི་བུམ་པ། །བུམ་པ་གཉིས་ཀུ་ མཆོད་བཤམ་ཁྲ་མོ་ཕུལ་སོང་། །
  • གྲུབ་ཐོབ་བཟང་མོ
    བརྒྱ་ལམ་འོག་གི་ཨོམ་ཆུ། །འཐུང་ཆུ་ཨིན་པར་མ་ཤེས། །
  • གྲུབ་ཐོབ་བཟང་མོ
    ཁ་སྐོམ་ཤི་བར་ཤར་ནས། །ཨོམ་ཆུ་འཐུང་པར་ཤོག་སོང་། །
  • གྲུབ་ཐོབ་བཟང་མོ
    ཁྱོད་ནི་གསེར་གྱི་མེ་ཏོག །ང་ནི་དངུལ་གྱི་མེ་ཏོག །
  • གྲུབ་ཐོབ་བཟང་མོ
    མེ་ཏོག་གཉིས་ཀྱི་གནམ་བསྐོས་ ཁྱོད་ལ་ཐུབ་སོང་། །
  • གྲུབ་ཐོབ་བཟང་མོ
    ཨ་ནཱིམ་ཅིག་རྐྱངམ་ཅིག་འདུག་ ཏེ་ དེ་ལས་ མི་ཤེས་པས་གཞན་འདི།