Video Overview
གླུ་ཚིག་གི་ནང་དུ་དཔེ་རྒྱན་བཀོལ་སྤྱོད་བྱས་ནས་བླངས་པའི་རྩེད་རིག་ཅིག་ཡིན་ལ་སྟོན་མོ་ཆེ་མ་ཆུང་གསུམ་གང་ལའང་ལེན་པར་འཚམས།
- ཨ་རྩེད།
- བྱེ་མ་ལེབ་ཀྱི་གཤོག་ཐོག་ན་བདེ་མོ་ལ་ཡི་འཁོར་ར་རྩེད།
- རྟ་མདོ་བའི་རྒྱབ་ན་༼བྱེ་མ་ལེབ་ཀྱི་གཤོག་ཐོག་ན་བདེ་མོ་ལ་ཡི༽་རི་མོ་མེད།
- སྒ་གསེར་གཞིས་བསྟད་ན་༼བྱེ་མ་ལེབ་ཀྱི་གཤོག་ཐོག་ན་བདེ་མོ་ལ་ཡི༽་རི་མོ་རེད།
- རང་སྤུན་འགྲིག་གཉིས་ཀ་༼བྱེ་མ་ལེབ་ཀྱི་གཤོག་ཐོག་ན་བདེ་མོ་ལ་ཡི༽་འཁོར་ར་རྩེད།
- ཨ་རྩེད།
- བྱེ་མ་ལེབ་ཀྱི་གཤོག་ཐོག་ནས་བདེ་མོ་ལ་ཡི་འཁོར་ར་རྩེད།
- སྟག་ཤ་རའི་རྒྱབ་ན་༼བྱེ་མ་ལེབ་ཀྱི་གཤོག་ཐོག་ན་བདེ་མོ་ལ་ཡི༽་རི་མོ་མེད།
- སྐེད་གྲི་ཆུང་བཏགས་ན་༼བྱེ་མ་ལེབ་ཀྱི་གཤོག་ཐོག་ན་བདེ་མོ་ལ་ཡི༽་རི་མོ་རེད།
- རང་སྤུན་འགྲིག་གཉིས་ཀ་༼བྱེ་མ་ལེབ་ཀྱི་གཤོག་ཐོག་ན་བདེ་མོ་ལ་ཡི༽་འཁོར་ར་རྩེད།
- ཨ་རྩེད།
- བྱེ་མ་ལེབ་ཀྱི་གཤོག་ཐོག་ནས་བདེ་མོ་ལ་ཡི་འཁོར་ར་རྩེད།
- མ་བུ་མོའི་རྒྱབ་ན་༼བྱེ་མ་ལེབ་ཀྱི་གཤོག་ཐོག་ན་བདེ་མོ་ལ་ཡི༽་རི་མོ་མེད།
- རང་སྤུན་འགྲིག་གཉིས་ཀ་༼བྱེ་མ་ལེབ་ཀྱི་གཤོག་ཐོག་ན་བདེ་མོ་ལ་ཡི༽་འཁོར་ར་རྩེད།