Skip to main content Skip to search
28 Jun 2018
27 min 59 sec
Video Overview
Creators: 
Yeshi Wangchuk
Transcript search
No results found for this search
0 of 0
  • ཚེ་དབང་རྡོ་རྗེ་ Tshewang Dorji
    མ་པ་ ཨིན་ནི་འདི་ ང་ཤར་ཕྱོགསཔ་ཅིག་ཨིན་ ཤར་ཕྱོགསཔ་ཅིག་འབད་རུང་རང་ ནཱ་ཨ་རྒས་འགྱོ་ཞིནམ་ལས་ ཏེ་ཤེས་ཡང་མི་ཤེས་ ཨ་རྒས་འགྱོ་ཞིནམ་ལས་བརྗེད་འགྱོཝ་མས་ དེ་ར་འབད་རུང་ ཤེས་ཤེསཔ་ཅིག་ཨ་ཙི་ཞུ་དགོ་པས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཏེ་ག་ཅི་སྨོ་ཟེརཝ་དནི་ ང་ནཱ་གཞུང་གཡོགཔ་འབད་དེ་ནཱ་ལྷོད་སྦེ་ ལོ་ཨ་ཙི་ཅིག་དག་པ་ཅིག་ཡར་སོང་ཡི་ ལོ་ཡང་ཡུདཔ་ཅིག་ད་རེས་འབདཝ་ད་ ལོ་ ༧༨ འགྱོཝ་མས་ལགས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    བདུན་བཅུ་དོན་བརྒྱད་འགྱོཝ་མས་ ནཱ་ལྷོད་མི་འདི་ མ་ནཱསི་ལྷོདཔ་མི་འདི་ གཞུང་གི་ཕྱག་ཞུ་སྦེ་ མ་ནཱསི་ལྷོད་ལྷོདཔ་ཨིན་ ལོ་ ༡༩༧༤ ལས་ ནཱ་སྡོད་སྡོདཔ་ཨིན་ལགས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཏེ་སྡོད་པའི་བསྒང་ནཱ་ལམ་ཡང་མེད་ གང་ཡང་མེད་ ག་ཅི་གནམ་མེད་ས་མེད་ཚལ་མ་སྦོམ་ མ་ནཱསི་ལས་འོངམ་དནི་ཏེ་ནཱ་ ཏེ་ད་རེས་ནངས་པའི་ མར་དུང་འཁོར་རྩ་བ་ལས་ཕར་འདི་ཏེ་ རོབ་འབྱེལ་དཔྱང་སྟེ་གིས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཨ་ནཱི་སྦེ་ཡོདཔ་ཨིན་ ཨ་ནཱི་སྦེ་འོང་ནཱ་ཕར་ཚུར་ དེ་ལས་ ག་ཅི་སྨོ་ཟེར་བ་ཅིན་ ནཱ་འོང་མི་འདི་ ག་ཁྱབ་ཟེརཝ་དནི་ གཞུང་གིས་ཡར་ལས་ཕར།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཏེ་ནཱ་འཆར་གཞི་བཞི་པ་བཙུགས་ནི་ ཨིནམ་འདྲས་སྦ་ཏེ་ ང་བཅས་འདི་མ་ཤེས་ དྲིཝ་ཀྲི་(སྒྲིག་གཡོག་) རྒྱུགཔ་ད་ ཡར་ལས་ཕར་སོང་ཟེར་ འ་ནཱི་སྦེ་འོང་ དེ་ལས་ནཱ་ཕར་ཚུར་འོང་།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཏེ་ འ་ནཱི་སྦེ་བཏང་ཡི་ འ་ནཱི་སྦེ་འོངམ་དནི་ཏེ་ མར་མ་ནཱསི་གི་ཆུ་བདའ་སྟེ་གིས་འོང་ ད་རོ་(ཆུའི་མཐའམ) ག་ཏེ་ལས་ཕར་ཡོད་ག་འཚོལ།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཨ་ནཱི་སྦེ་བལྟ་ཡི་ དེ་བསྒང་གནམ་མེད་ས་མེད་ཤིང་སྦོམ་ སྦོམ་ཙང་ཙ་ཡོདཔ་ཨིན་ལགས་ དེ་བསྒང་འཆར་གཞི་བཞི་པ་ཡང་མ་བཙུགས་ ཨ་ནཱི་འོང་ཞིནམ་ལས་དེ་ལས་ ནཱ་འགྲོས་ཀྱིས་འགྲོས་ཀྱིས་སྦེ་ ནཱ་བལྟ་ཡི་བལྟ་ཡི།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    དེ་ལས་ཏེ་ ནཱ་སྡོད་སྡོདཔ་ཨིན་ དེ་བསྒང་ཏེ་ ས་གི་མིང་ཡང་མི་ཤེས་པས་ པཱན་སྦང་ཟེར་མི་འདི་མི་ཤེས་ པཱན་སྦང་གཅིག་རང་འདུག་ དེ་བསྒང་པཱན་སྦང་ཟེར་ པཱན་སྦང་ཟེར་ ཏེ་ཤུལ་ལས་ཤུལ་ལས་འབདཝ་དནི་ཏེ།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ནཱ་འོང་ འཆར་གཞི་བཞི་པ་བཙུགས་ཞིནམ་ལས་ ཏེ་ག་ཅི་སྦེ་ཨིན་ན་ འཕྲིན་ལས་སྒང་ ཡར་སོང་ཡི་ཟེརཝ་དནི་ དེ་ལས་ནཱ་ ནི་ཤུ་ཀ་གིས་ བོ་འོཊི་(གྲུ་ཆུང་) རེ་བཙུགས་ཞིནམ་ལས་ དེ་ལས་ནཱ།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཨོམ་ཆུ་སྨད་ལས་ མེ་མེ་འཕྲིན་ལས་ཟེར་སྡོད་ནུག་ ཨོམ་ཆུ་སྨད་ཟེར་སླབ་དེས་ འ་ནཱི་གིས་ཏེ་ནཱ་ ད་རོ་བདའ་སྟེ་ ཁོང་ཆ་ཁྱབ་ནི་ཤུ་ཀ་གིས་འཁྱིད་སྦེ་ ནཱ་ང་ཁྱིམ་གྱི་སྦོ་ལོགས་ཁར་འོང་ནུག་ འོང་སྦེ་དེ་ལསནི།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ལྟོ་འབད་ཟཝ་དནི་ ཏེ་ཉ་འདུག་ཟེར་ དེ་ལས་ཉ་བཟུང་ད་ཟེར་ ཉ་བཟུངམ་ད་ འགྱེལ་ཏ་ཤོར་ཡར་སོང་ནུག་ འ་ནཱ་ལས་ཏེ་ འ་ནཱ་ལས་ འཕྲིན་ལས་སྒང་ཟེར་ བཏགས་བཏགསཔ་ཨིན་པས་ནཱ།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཏེ་ཨིན་ནི་འདི་ ནཱ་བསོད་ནམས་ཐང་ཟེར་བའི་ ཁུངས་ག་ཅི་སྦེ་ཟེརཝ་དནི་ སྔོན་མ་རྒཔོ་བསོད་ནམས་རྡོ་རྗེ་གིས་ ས་ཁྲམ་བཙུགསཔ་དནི་ ཕར་ངང་ལ་ཆུ་ཕར་ཁ་ལས་ སྤོ་ཏོ་ལས་ཕར་ཚུར་ ཏེ་ཁོ་རའི་མིང་བཏོག་སྟེ་ བསོད་ནམས་ཐང་ཟེར་ སླབ་སླབ་ཨིན་པས་ཁུང་འདི་ནང་།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    དེ་ལས་ ག་ཅི་སྨོ་ཟེརཝ་དནི་ དེ་ལས་ཤུལ་ལས་ ཤུལ་ལས་ཟམ་མེད་ ག་ནི་ཡང་མེད་དེ་བསྒང་ དེ་བསྒང་པཱམ་(གཞིས་གསརཔ་) སྡོད་ནུག་ ཏེ་ཤུལ་ལས་ང་ནཱ་ལྷོད་ ཌིཝ་ཊི་འབད་ (སྒྲིག་གཡོག་རྒྱུག་པ) འབད་་་་སྡོད་སྡོད་པའི་བར་ན་རང་ དེ་ལས་ མི་སེར་གྱིས་ཏེ་ ནཱ་སྤ་ཚར་གྱི་ མར་ལས་ཟམ་གཅིག་བཟོ་ཡི།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཏེ་ ཟམ་གཅིག་བཟོ་ཚར་ཞིན་ན་ང་ལྷོད་ སྤའོ་ནེ་ཚུན་ཚོད་རིངམོ་ཟེར་ ཏེ་སྡོམ་འཇལ་བལྟཝ་དནི་ སྡོམ་ ༦༠ འདུག་ཏེ་ འ་ནཱི་ཟམ་འདི་ འ་ནཱི་སྦེ་འདུག་ དེ་ལས་འ་ནཱི་སྦེ་འབད་ ཤུལ་ལས་འགྲོས་ཀྱིས་འགྲོས་ཀྱིས་སྦེ་ དེ་ལས་ཟམ་བཟོ་ སྔོན་མ་པཱན་སྦང་ཟེར་མི་འདི་ པཱན་(གྲུ)་རྐྱབ་རྐྱབ་ཨིན་པས་སྦ།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    འ་ནཱི་སྦེ་བཟོ་སྦེ་ དེ་ལས་ འགྲོས་ཀྱིས་འགྲོས་ཀྱིས་སྦེ་ མི་འོང་འ་ནཱི་སྦེ་འབད་ ཏེ་འ་ནཱི་ཤུལ་ལས་ མ་བཙུགས་པས་མེན་ན་ བཙུགས་ནི་བཙུགས་ནི་ཟེར་ ཨིན་པས་མེན་ན་ པོ་རོ་ཇིག་(ལས་འགུལ་)བཙུགས་ནི་བཙུགས་ནི་ཟེར་ཨིན་པས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    དེ་བསྒང་དེ་ལས་ཏེ་ ནཱ་འབྲུག་རྒྱལ་བཞི་པ་གིས་ བཀའ་གནང་ཡི་ ནཱ་ལས་ ་་་་་བཏོན་ད་ཟེར་ མ་ནཱསི་ལས་ཡར་བཏོན་ད་ཟེར་ དེ་ལས་ ་་་་བཏོན་དགོ་པས་ཟེར་ འབདཝ་དནི་ནཱ་ལས་མི་མ་འཐོབ་པར་ ཁེངསཔ་ཚུ་ག་ཏེ་ཡོདཔ་ཨིན་ན་ ཁ་ཁ་མ་ཤེས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ག་ཏེ་ཡོདཔ་ཨིན་ན་ ག་ཏེ་ལས་ཕར་ཡོདཔ་ཨིན་ན་ ང་མི་ཡོད་རང་མིན་འདུག་ གནམ་མེད་ས་མེད་ཚལམ་འབད་ནི་དེ་གིས་ དེ་ལས་འདི་ ང་ཡར་ཞུ་ དེ་ལས་ཏེ་ ནཱ་མི་མི་ཐོབ་པས་ཟེར་ ཞུ་ཞིནམ་ལས་ ཀུལ་ཀ་ཊ་དང་ ནོར་བ་ུསྒང་པ་ཚུ་འཁྱིད་དེ་ སེལ་ད་ཟེར་ འ་ནཱི་སྦེ་ བསལ་ཡི།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    འ་ནཱི་སྦེ་ ད་རེས་ནངས་པ་ ག་རི་(སྣུམ་འཁོར་)ལམ་ལས་ཕར་ ང་བཅས་ཀྱིས་ སར་ཝི་(ས་འཇལ་) རྐྱབ་རྐྱབ་ཨིན།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    དེ་བསྒང་ང་བིཊི་(ནགས་ཚལ་འགོ་དཔོན་ཅིག་གི་གོ་གནས་) ང་རེན་ཇཱར་(ནགས་གླིང་འགོ་དཔོན་)མ་འཐོབ་ དེ་ལས་ ཨ་ནཱི་བཟོཝ་དནི་ དེ་ལས་ ཏི་རུ་གཉིས་དང་ཐ་ལ་གཅིག་རང་ཨིན་པས་ཏེ་ ཏོ་ལོབ་(དངུལ་ཕོགས་)
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    མི་ལངས་པས་ དེ་ལས་ འབྲུག་རྒྱལ་པོ་ལུ་ཞུ་ཡི་ང་གིས་ ཨའོ་ཏོ་ལོབ་ཀྱི་མི་བཏུབ་ཟེར་ ཟ་ནི་རང་མི་ལངས་པས་ཟེར་ ཞུཝ་ད་ ལྔ་ལྔ་བྱིན་ད་ཟེར་ ལྔ་ལྔ་གནང་སྦེ་ དེ་ལས་ ལྔ་ལྔ་བྱིན་ཡི།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཨ་ནཱི་སྦེ་འབད་སྦེ་ ནཱ་ལམ་ཐོན་སྦེ་ དེ་ལས་ ཤུལ་ལས་འབད་བ་ཅིན་ཏེ་ དེ་ལས་ཏེ་ ཏེ་ནཱ་སྟག་མ་ལས་ ཀཱན་ཀྲེག་(ཁག་འབགཔ་གི་ལཱ་འབད་མི་) ནོར་བུ་ཟེར་སྡོད་ནུག་ དེ་ལས་ ནཱ་ཀཱན་ཀྲེག་ནོར་བུ་ཟེར་སྡོད་སྦེ་ ཀཱན་ཀྲེག་ནོར་བུ་གིས་ ནཱ་བསོད་ནམས་ཐང་ལུ།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཤིང་བརྡབ་ནིའི་ཀཱན་ཀྲེག་(ཁག་འབགཔ་) ཁོ་འཐོབ་ཅི་ཟེར་འོང་ནུག་ ཀཱན་ཀྲེག་ནོར་བུ་འདི་ ང་ཧེ་མ་ལས་ངོ་ཤེས་ དེ་བསྒང་ཁོ་དགེ་ལེགས་ཕུག་སྡོད་ནུག་ ཁོ་གི་བུ་ད་རེས་ནངས་པ་ ཕར་ཡོད་ད་རེས་ནངས་པ་ དབང་ཕྱུག་རྣམ་རྒྱལ་ཟེར་ ཁོ་གི་ཨ་པ།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    དེ་ལས་ཏེ་ ཀཱན་ཀྲེག་ནོར་བུ་གིས་ མར་མ་ནཱསི་ལས་ ག་ཅི་ལོ་བཱོལ་བེ་ཊ་ལས་ ནའོ་ཀ་(གྲུ་ཆུང་) གཉིས་བདའ་འོང་ནུག་ དེ་བསྒང་ ང་བཅས་བློན་བཙན་ཁབ་རྡོ་རྗེ་ དེ་བསྒང་ ཌའི་རེག་ཊར་(མདོ་ཆེན་) ཨིན་ང་བཅས་ཀྱི་ དེ་ལས་ དྲགོས་ཨོ་ཀ་ཚེ་རིང་(ནི་ཤུ་ཀ) དེ་ལས་ དྲགོས་པདྨ་དབང་ཕྱུག་ ཁོང་ཆ་ཁྱབ་འོང་ནུག་ དེ་ལས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཕྱག་ཞུ་སྦེ་ ང་འགྱོ་གེ་ཟེར་ བཙན་ཁབ་རྡོ་རྗེ་འ་ནཱི་སྦེ་འོང་ དེ་ལས་ ཨ་ནཱི་ལ་ཐང་ཟེར་ས་ལུ་ སྐུ་ཞག་གཉིས་སྡོད་ཅི་ སྡོད་སྦེ་ འ་ནཱ་ལས་ཏེ་ ནའོ་ཀ་(གྲུ་ཆུང་)ནང་འོང་ འ་ནཱི་སྦེ་འོང་ ང་བཅས་འདི་ ག་ཅི་བརྫམ་ནི་ཨིན་ན་ཟེར་མ་ཤེས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    དེ་ལས་ འ་ནཱི་བསྒང་ནི་ཤུ་ཀ་གིས་ མི་འདི་ སུ་པར་ཝི་ཟར་(Superviser ལྟ་རྟོག་འབད་མི་) འབད་ད་ཟེར་ ཀ་ཀ་ཟེར་ ཤར་ལས་ཨིན་ཟེར་ ཀ་ཀ་ཟེར་ལྷོད་ཅི་ཁོ་ ཁོ་སྡོད་ཅི་ང་བཅས་གཅིག་ཁར།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཁོང་སྡོད་ཡི་ དེ་བསྒང་ལཱ་འགོ་མ་བཙུགས་ དེ་ལས་ཀ་ཀ་འོང་ དེ་ལས་ ཀ་ཀ་ཡོད་སྦེ་ ང་ཞག་གཉིས་སྡོད་སྦེ་ དེ་བསྒང་ཁྱིམ་འཚོལཝ་ད་ དེ་ལས་ མར་ཨ་ནཱི་ལ་ཐང་ཟེར་མི་འདི་ ཡར་གཏུང་སྐུ་གདན་པ་ཟེར་མི་འདི་ལས་ ཏེ་ཨ་ནཱ་སྔོན་མ་ ཨ་ནཱི་ལ་ཐང་དང་ གཏུང་སྐུ་གདན་པ་གི་བར་ན་ སྤོ་ཏོ་ཡོད་སྦ་ སྤོ་ཏོ་ལས་མར་ ཕ་རིསི་(ནགས་ཚལ་) ལུ་ཚུད་ནུག་
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    དེ་ལས་ང་ཡང་ ཌ་ཡེ་རེག་ཊར་(མདོ་ཆེན་) ལུ་ཞུ་ཡི་ ཨའོ་ཨ་ནཱི་སྦེ་འབད་བ་ཅིན་ ཨ་ཙི་མི་སེར་ལུ་སྟབས་མི་བདེ་བས་ཟེར་ མང་སྡེ་ཆུང་དང་ གྲང་མེད་ཆུ་འཛོམས་ས་ལས་ག་ར་མི་སེར་ལུ་ བྱིན་དགོ་པས་ཟེར་ གནང་དགོ་པས་ཟེར།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    དེ་མིན་ང་བཅས་ཌིཝ་ཊི་(སྲུང་ནི་)ལཱ་ཁག་འོང་ མི་སེར་ཡང་ལཱ་ཁག་འོང་ཟེར་འབད་ཞིནམ་ལས་ ཨིན་པས་ཟེར་དེ་ལས་ཏེ་ ང་བཅས་ཨ་ནཱི་ཁྲམ་བཟོ་ མར་གནང་ད་ཡི་ཁོང་གིས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    གནང་སྦེ་དེ་ལས་ཏེ་ འགྲོས་ཀྱིས་འགྲོས་ཀྱིས་སྦེ་ལཱ་འབད་ ལཱ་འབད་འབདཝ་དནི་ཏེ་ ཤུལ་ལས་ ག་ཅི་སྨོ་ཟེརཝ་དནི་ཏེ་ ནཱ་གི་མིང་ཚུ་ཞུ་བ་ཅིན་ མིང་ཚུ་ག་ཅི་ཞུ་ནི་ཟེརཝ་དནི།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    མར་དགའ་ལ་སྦིས་ཟེར་ས་ལཱ་འབད་དེ་ ག་ཅི་སྨོ་ཟེརཝ་དནི་ འཆི་མེད་ཨ་པ་དང་ བུ་དྷི་ཨ་པ་ཟེར་ཡོད་པའི་ འ་ནཱི་བསྒང་ ནཱ་ས་བཅགས་ནི་ཟེར་ ནཱ་འཆར་གཞི་བཞི་འགོ་བཙུགས་ནི་ཟེར་ ས་བལྟ་བར་སོང་ཟེར་ ག་ཅི་ཅིག་ལྷོད་ནུག་སྦ་ ང་བཅས་ཀྱིས་མ་ཤེས་ ཏེ་འ་ནཱི་སྦེ་ལྷོད་སྦེ་ དེ་ལས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    དགའ་ལ་སྦིས་ལས་ཕར་བལྟ་ ཏེ་མི་གསུམ་གསུམ་བཞི་བཞི་ཕར་དང་ལས་ཚུར་ལས་འགྱོ་ དེ་ཐང་གནམ་མེད་ས་མེད་ ཐང་ནང་ག་འ་ནཱི་སྦ་ཡར་སོང་ནུག་ འགྱོཝ་ད་ཏེ་ དབའེ་ས་ག་དེ་ཡོད་ ག་དེ་སྦེ་འདུག་ ལེགས་ཤོམ་སྦེ་ཡོད་ག་ཟེར་དྲིཝ་ད།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཨའོ་ལེགས་ཤོམ་ཡོད་ལེགས་ཤོམ་ཡོད་ ལེགས་ཤོམ་ག་དེ་སྦེ་འདུག་ཟེརཝ་ད་ སེམས་དགའ་མི་དགའ་ནཱ་ བྱང་ཏོ་བཟུམ་འདུག་ ཏེ་སེམས་དགའ་ཡི་ཟེར་སླབ་སྟེ་ དགའ་ལ་སྦིས་ཟེར་ བཏགས་བཏགསཔ་འདི་ འ་ནཱི་སྦེ་ཨིན་མས་ལགས་ཁུངས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་ལྟོ་དྲུང་ཁག་ཆགས་སར?
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    འོང་དྲུང་ཁག་ཆགས་སར་ཨིན་ འ་ནཱི་སྦེ་ཨིན་ལགས་ དེ་ལས་མར་ པུ་ལིསི་ཀེམཔ་(ཁྲིམས་སྲུང་འགག་པའི་སྒར་) ཚུར་ཁ་ཐུག་ལས་ ཕཱན་ཆ་སྒང་ཟེར་སླབ་མས་ ཕཱན་ཆ་སྒང་མེན་ལགས་ ཕྲཱན་ཆ་སྒང་ཟེར་སླབ་ཨིན་ལགས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ང་གིས་ཡང་ ཤུལ་ལས་ཤེས་ཡི་ མ་པ་མིང་འདི་ ཕྲཱན་ཟེར་ཨིན་པས་སྦ་ང་བཅས་སྤ་ཚར་ འ་ནཱི་ལམ་ཡར་ལས་ཕར་ སྤ་ཚར་གནམ་མེད་ས་མེད་ཡོད་ཏེ་ ནཱ་ཟམ་བཟོཝ་ད་ འ་ནཱ་ལས་འབག་འགྱོ་བའི་ འ་ནཱ་ལས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཕྲཱན་ཆ་སྒང་ཟེར་མི་འདི་ འ་ནཱི་ཡོདཔ་སྦེ་དེ་ ཕྲཱན་ཆ་སྒང་ཟེར་སླབ་སླབ་ཨིན་ལགས་ ཏེ་མ་པ་འཕྲིན་ལས་སྒང་ད་ཅི་ཞུ་ཡི་ འ་ནཱི་འབད་འབད་ཡར་འགྱོ་ཡི་ ད་རེས་ནངས་པ་འདི་ གནམ་མེད་ས་མེད་ཡར་རྒྱས་ཡར་སོང་ཡི།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཤུལ་ལས་ནི་ཤུ་ཀ་གིས་ནཱ་འགོ་བཙུགས་ དེ་ལས་ཕར་དང་ཚར་རང་སོའི་ཁུ་ཤི་(དགའ་དགའཝ་)སྦེ་ རྩེ་རི་བརྫམ་རང་རང་སོ་སོ་ག་ཏེ་བརྫམ་ས་ལས་ཕར་བརྫམ་ དེ་ལས་ འུ་ལགཔ་ཡང་ཐོན་མར་ལས་ཕར་ཡང་བརྫམ་ རང་རང་སོ་ག་ཏེ་སེམས་དགའ་ས་ལས་ཕར་རྩེ་རི་བརྫམ་ འ་ནཱི་སྦེ་འབདཝ་ད་ ཁྱིམ་འདི་མར་ལས་ཕར་ཀཝ་བཙུགས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཏེ་ཡར་ལས་སྦེ་ཐོག་རིངམོ་སྦེ་ཀཝ་བཙུགས་ ཏེ་དེ་ལས་ཡར་ སྤག་ཤིང་བརྫམ་སྤག་ཤིང་གི་ཨེན་ཏ་བཟུམ་བཙུགས་སྦེ་ དེ་ལས་ མར་ཕགཔ་གསོ་སྦེ་ འ་ནཱི་སྡོད་དེས་དེ་བསྒང་ཡར་ལས་ཤོམ་འདབ་བཀབ།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    སྤ་ཚར་གྱི་ཤོམ་འདབ་བཀབ་ དེ་བསྒང་ང་བཅས་ཌིཝ་ཊི་(སྒྲིག་གཡོག་རྒྱུགཔ་) འོངམ་ད་ དྲིམ་གྱི་འབད་རང་མི་ཚུགས་པས་ ལྟོ་ཡང་ཟ་ ཨ་བ་ཕགཔ་གི་མགུ་ཏོ་ཁར་བཏང་ ཨ་བ་འབག་སྟེ་ཨིན་པས་ཏ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཨིན་པས་སྨོ་ལགས་དང་ཕུ་འདི་ ཧེ་མ་ད་ལྟོ་ག་ཅི་སླབ་ཨིན་ན་མ་ཤེས་ ང་བཅས་ཀྱི་ ཨེ་ཁུག་ལས་ཡར་ལྟ་འཛེགསཔ་ཅིག་ དེ་ལསནི་ཏེ།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    འ་ནཱི་སྦེ་འདུག་ འ་ནཱི་ཨ་བ་བཏང་མི་དེ་བསྒང་ ག་ཅི་སྨོ་ཟེར་བ་ཅིན་ ཨ་ནཱི་འདི་ ནཱ་བསོད་ནམས་ཐང་མིན་འདུག་ ད་ལྟོ་ཨེསི་ཀུལ་(སློབ་གྲྭ་) ཡོད་སྦ་མར་ མར་པཱན་སྦང་ཨེསི་ཀུལ་ འ་ནཱ་ལུ་ ཨ་ཕར་བཟང་པོ་ཟེར་ ད་ལྟོ་ཡོད་ ཁོང་གི་ཨ་ཞེམོ་གི་རྨགཔ་སེང་གེ་ལ་ཟེར་མི་འདི་ལུ་ ཏེ་རྒྱལ་ཡུམ་གྱིས་གནང་ཡི་ལོ་ས་ཚལ་ལུ་ཤིང་བཙུགས་ད་སྨ་རེད་ཟེར།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    Speaker Coughs
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    འ་ནཱ་ཚལ་ལུ་ཤིང་བཙུགས་ནུག་ཁོ་གིས་ ཚལ་ལུ་ཤིང་བཙུགས་པའི་ཟེར་ རྩེ་རི་བརྫམ་ནུག་ང་བཅས་འོངམ་ད་ རྩེ་རི་བརྫམ་སྦེ་ འ་ནཱི་སྦེ་ ཁྱིམ་འ་ནཱི་སྦེ་བཟོ་སྡོད་ནུག་ ང་བཅས་ནཱ་ཉལཝ་ད།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    མར་ལས་འོངམ་ད་ ཏེ་ཉིནམ་གཅིག་མར་འགྱོ་དགོ་པས་ ཉིནམ་གཅིག་ཡར་འོང་དགོ་པས་ ཨ་ནཱི་སྦེ་སྡོད་ནུག་ དེ་ལས་ དྲིམ་གནམ་མེད་ས་མེད་མནམ་མས་ ཏེ་དྲིམ་མནམ་རུང་ག་དེ་སྦེ་འབད་ནི་ ཐབས་རང་མེད་ འ་ནཱི་སྦེ་སྡོད་སྡོད་སྡོད།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཏེ་ཤུལ་ལས་ང་ ནཱ་གི་ ང་བཅས་ཕ་རིསི་(ནགས་ཚལ་འགོ་དཔོན་)ཚུ་ ནཱ་འཛུལ་དགོ་པས་ཟེར་ མནོ་ཡི་ད་ས་གནམ་མེད་ས་མེད་འདུག་ ནཱ་སྡོད་དགོ་པས་ཟེར་ དེ་ལས་ ང་བཅས་ཕ་རིསི་ ༡༢ འཛུལ་ཅི།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    འཛུལ་དགོ་པས་ཟེར་བསྟུན་གྲོས་འབད་ དེ་ལས་ རྒཔོ་བསོད་ནམས་རྡོ་རྗེ་ཟེར་མི་སྡོད་ནུག་ ཏེ་ང་སོང་ཟེར་ ང་སོང་ཡི་ཕར་ ང་སོང་འབདཝ་དནི་དེ་ལས་ བསོད་ནམས་རྡོ་རྗེ་གིས་ ཨ་ཐོབ་ཐོབ་ས་ཟེར་སླབ་དེས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    དེ་ལས་ བསོད་ནམས་རྡོ་རྗེ་གི་ དྲུང་ཡིག་ཅིག་སྡོད་ནུག་ དྲུང་ཡིག་གི་སླབ་དེས་ བསོད་ནམས་ཐང་གི་ཨ་ནཱ་ བསོད་ནམས་ཐང་ཕར་ཚུར་གི་བར་ན་ ད་རོ་ཅིག་ཡོད་པའི་ འ་ནཱི་བསྒང་འཕྲིན་ལས་སྒང་ཟེར་མི་མིན་འདུག་
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ད་རོ་གི་ཕར་འདི་ མི་སེར་གྱི་ཨིན་སྨ་རེད་ ད་རོ་གི་ཚུར་ཁ་ཐུག་ལ་ལིང་ཟེར་ས་ལུ་འབད་བ་ཅིན་ ཏེ་རོགས་བསོད་ནམས་རྡོ་རྗེ་མཁོ་ཆེ་ཚུ་གི་ས་ཨིན་ ཁྱོད་ཨ་ནཱ་ལུ་སྡོད་ད་སྨ་རེད་ ཕར་སྡོད་པ་ཅིན་མི་ཐོབ་ཁྱོད་ཟེར་སླབ་དེས་ཁོང་གིས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    འ་ནཱི་འབད་ཞིནམ་ལས་ དེ་ལས་ བསོད་ནམས་རྡོ་རྗེ་ལུ་སླབ་ཞིནམ་ལས་ ང་བཅས་ ༡༢ ནཱ་ཕར་ མར་ལས་ཕར་ག་རི་ལམ་ ལ་ལིང་འགྱོ་སའི་ག་རི་ལམ་ལས་ཕར་བཏོག་ཅི་ ང་བཅས་ ༡༢ ཀྱིས་ བཏོག་སྦེ་སྡོདཔ་དནི་ཏེ་ ལོ་གསུམ་དེ་ཅིག་ལཱ་འབད་ཡི་ཁོང་ཆ་ཁྱབ་ཀྱིས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ལོ་གསུམ་དེ་ཅིག་ལཱ་འབད་ བཀོག་བཞག་སྦེ་ བཞག་སྦེ་ཡར་སོང་ཡི་ཏེ་ འབད་མ་ཚུགས་པར་སེམས་ཅན་གྱིས་ འབད་མ་ཚུགས་པར་འ་ནཱི་སྦེ་འབདཝ་དནི་ སེམས་ཅན་གྱི་ གླངམོ་ཆེ་དང་ ཕགཔ་གི་ ཏེ་བྱི་ཐུར་གྱིས་ཟ་རང་མི་ཤེས་པས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    བྱི་ཐུར་གྱིས་འདི་ ལམ་སེལ་ཡི་སེལ་ཡི་ གེ་ཟ་ནང་ཀོ་ལམ་སེལ་ཡི་སེལ་ཡི་འགྱོཝ་མས་ འ་ནཱི་སྦེ་འདུག་ དེ་ལས་ང་འདི་ནཱ་ ཨམ་སྲུ་ནཱ་ལས་ཕྱེད་ཡི་ སྔོན་མ་ཨམ་སྲུ་མེད་པ་ང་ ཨམ་སྲུ་ནཱ་ལས་ཕྱེད་ཞིནམ་ལས་ དེ་ལས་ཁོང་ནཱ་སྡོད་ དེ་ལས་ ང་འདི་འགྱོ་མ་བཏུབ་པར་ནཱ་སྡོད་སྡོདཔ་ཨིན།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཏེ་ས་ཨ་ནཱི་སྦེ་ཐོབ་ཐོབཔ་ཨིན་ འ་ནཱ་ལས་བརྟེན་ཐོབ་ཐོབཔ་ཨིན་ ཏེ་ནཱ་ཐོབ་སྦེ་ དེ་ལས་ཏེ་ང་ཨ་ནཱི་ཤུལ་ལས་ འགྲོས་ཀྱིས་འགྲོས་ཀྱིས་སྦེ་ ད་མི་བཏུབ་པས་ཟེར་ མནོ་བསམ་བཏང་སྟེ་ ཏེ་ང་སྦ་སྒོར་ཅིག་བཟོ་དགོ་པས་ཟེར་ ཁྱིམ་བཟོ་ཡི་ ཁྱིམ་ཡང་།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    འ་་་མེ་ཕོ་གླང་ལོ་ གླང་ལོ་ལུ་བཟོ་ཡི་ ཏེ་ད་ལོ་ ༢༧ འགྱོཝ་མས་ད་རེས་ འ་ནཱི་སྦེ་བཟོ་ཡི་ འ་ནཱི་སྦེ་བཟོ་སྦེ་ ཏེ་བླ་མ་ད་རེས་ནངས་པ་འདི་ གཞུང་གིས་གནམ་མེད་ས་མེད་བཀའ་དྲིན་ཆེ་མས་ཏེ་ སྔོན་མ་སྔོན་མ་གི་གཏམ་ཞུ་བ་ཅིན་འདི་ང་བཅས་ གཡུས་ཁར་གྱི་གཏམ་ཞུ་བ་ཅིན།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    སྔོན་མ་སྔོན་མ་གནམ་མེད་ས་མེད་ལཱ་ཁག་ཨིན་ སྔོན་མ་དཔྱད་ཁྲམ་(དཔྱད་ཁྲ) ཞུ་ངེའི་ཨ་པ་ཨིན་ བཀྲིས་རྩེ་ཟེར་སླབ་ཨིན་ དཔྱད་ཁྲ་ཡང་ཡོད་ང་བཅས་ཁྱིམ་ནང་ འ་ནཱི་བསྒང་ཏེ་ ང་ཆུང་ཀུ་བསྒང་ ལོ་བརྒྱད་དགུ་བཅུ་ཐམ་འབདཝ་ད་ དོ་འབག་ བཀྲིས་སྒོ་མང་དོ་ ག་ཅི་གུ་ཅི་དོ་འབག་ ནོར་གཅིག་ཤི་རུང་ང་བཅས་གཡུས་ཁ་གི་ལོ་རྒྱུས་ཨིན།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ནོར་གཅིག་ཤི་རུང་ ཤ་ནཱ་དགྲ་མེད་རྩེ་ལུ་སྐྱེལ་དགོ་ ཕགཔ་འབད་རུང་ལོ་གཉིས་གསོ་སྦེ་ གསོ་ཁྲལ་སྦེ་འབག་འགྱོ་འོང་ སྤྲོད་ཐགས་ལོ་ གནམ་མེད་ས་མེད་སྦེ་ མི་གཅིག་འདི་འབྱང་དོ་བཟུམ་སྦེ་རང་ལཱ་འབད་སྡོདཔ་ཨིན་ འ་ནཱི་སྦེ་དཀའཝ་སྤྱད།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    གནམ་མེད་ས་མེད་དཀའཝ་སྤྱད་ཅི་ ང་ཡང་ཏེ་ ནཱ་ཏ་ཝང་ཡར་ཡང་ དོ་འབག་ བྲེ་བཏང་དོ་འབག་ དེ་ལས་ མར་བཏང་དོས་ཡར་ཨུ་ར་ལས་ཡར་བསྐྱལ་ཡི་ འབག་མ་ཐེག་པར་སྔུ་ཡི་སྔུ་ཡི་འབག་ འ་ནཱི་སྦེ་འབད་ཡི།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ད་རེས་ནངས་པ་འདི་ གཞུང་བཀའ་དྲིན་ཆེ་ཡི་ ཏེ་གཞུང་འདི་གཡོགཔ་ཨིན་པས་ ང་བཅས་དཔོན་ཨིན་པས་མི་སེར་ཚུ་ ད་རེས་ནངས་པ་ཛའི་་།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ག་ཅི་མེད་རུང་གཞུང་ལས་འབག་ཤོག་ཟེར་ ག་ཅི་མེད་རུང་གཞུང་ལས་ཞུ་དགོ་པས་ཟེར་ འ་ནཱི་འབད་སྦེ་ འ་ནེ་ཅིག་ཡར་རྒྱས་བཏང་མས་ ཏེ་ནང་ཀོ་ནང་ལས་ ང་བཅས་ནཱ་འདི།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ག་ཅི་སྨོ་ཟེར་བ་ཅིན་ ང་གིས་འདི་ ནཱ་ལས་ཕར་ ཕར་དང་ཚུར་ལམ་འ་ནེ་ཅིག་འགྱོ་འོང་ཟེར་ མནོ་བསམ་མ་བཏང་ ཏེ་འགྱོ་ནི་འདི་འགྱོ་དགོ་ ཨ་ཙི་རེ་ཨ་ཙི་རེ་འགྱོ་འོང་དེ་འབདཝ་ད་ ད་རེས་ནངས་པ་འདི།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཏེ་ ག་ཏེ་གུ་ཏེ་ལས་ཕར་ལམ་ཐོན་ ག་ཏེ་གུ་ཏེ་ལས་ཕར་ཐོན་སྦེ་ གནམ་མེད་ས་མེད་ཡར་རྒྱས་ཡར་སོང་ཡི་ཏེ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དཔེ་འབད་བ་ཅིན་ འཕྲིན་ལས་སྒང་བཟུམ་ཅིག་འབད་བ་ཅིན་འདི།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    འོང་ཏེ་ འཕྲིན་ལས་སྒང་བཟུམ་སྦེ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་ལྟོ་འདི་ད་ ཁྲོམ་བཟུམ་སྦེ་ མཐོང་མས་སྦ་ལགས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    སྤ་་་་་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    དེ་བསྒང་འདི་ག་དེ་སྦེ་སྡོད་ཡི་ག་འ་ནཱི་ཅིག?
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    དེ་བསྒང་ དེ་བསྒང་ཏེ་ ནཱ་ཚལ་མ་ ང་ཕར་ཆུ་གི་ཨ་ནཱི་ ཆུ་འཐུང་ས་ཨ་ནཱི་བཟོ་བཟོཝ་འདི་ པ་ཡབ་(དུང་ཅུང་ pipe) བཟོ་སུ་གི་ཨ་ནཱི་འདི་ ཤིང་སྦོམ་ཅིག་ཡོདཔ་ཨིན་ཏེ་ ཤིང་སྦོམ་ཨིན་མས་ཏེ།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཏེ་མི་གསུམ་གྱིས་ ཏེ་སངས་བསྟན་ཟེར་ཡོད་པའི་གཅིག་ གཅིག་འདི་དཔལ་འབྱོར་ཟེར་ གཅིག་ག་དེ་སྨོ་ ཁོང་གསུམ་གྱིས་བརྡབ་བཅུག་ཡི་ང་གིས་ བརྡབ་བཅུག་ད་ ཉིནམ་གཉིས་ལུ་ བརྡབ་ད་ནུག་ཁོང་གིས་ཤིང་།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    འ་ནཱི་ཤིང་གི་ ཕུར་ཏོམ་(ཙོག་ཕུར་)གུ་ལུ་ཏེ་ ཐག་རིང་ས་ཡར་ལས་ སང་ཐེག་སྦེ་(རྐང་སྟེགས་བཟོ་སྟེ་) བརྡབ་དོ་མས་ ཡུདཔ་ཅིག་ཕུཊ་ ༡༥ དེ་ཅིག་འོང་ནི་མས་ འ་ནཱ་ལས་བརྡབ་ནུག
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    འ་ནཱ་ལུ་ ཐོག་ཁར་ལུ་ཤིང་ འ་ནཱ་ཐོག་ཁར་ལུ་ཁྱིམ་བཟོ་སྦེ་སྡོད་ཅི་ལོ་གསུམ་ ཏེ་ང་མ་སྡོད་སྦ་ ང་འདི་ཡར་ཡོད་པའི་ཏེ་ ག་ཅི་ལོ་ དཔོན་དང་ཕྱག་ཞུ་སྟེ་ཡར་ཡོད་ ཡར་འཁྱིད་ཡར་སོང་ཡི་ ཏེ་ངེའི་ཨམ་སྲུ་འདི་དང་ ནེ་པ་ལི་གཅིག་ཡོད་པའི་ཆ་རོགས་ཁོང་གཉིས་ ཚལ་མ་ནང་ གླངམོ་ཆེ་ཐོན་ འ་ནཱི་སྦེ་ཡོད་པའི་ཏེ་ སྔོན་མ་འདི།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ད་རེས་ནངས་པ་འདི་ མི་གིས་མནོ་བསམ་བཏང་མས་ འ་ནེ་ཅིག་རང་འོང་ཟེར་ཨ་ལོ་ཚུ་གིས་ སྔོན་མ་འ་ནཱི་སྦེ་ཡོད་ཨིན་ཏེ་ གནམ་མེད་ས་མེད་ཕགཔ།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཕགཔ་ཡུདཔ་ཅིག་ ཆུ་ཚོད་ལྔ་དྲུག་དེ་ཅིག་འབདཝ་དནི་ཏེ་ དྲུག་དྲུག་བདུན་བརྒྱད་རེ་ཐོནམ་ཨིན་ཏེ་ཕགཔ་ དེ་ལས་ ཨམ་སྲུ་གིས་སྐད་རྐྱབ་ འ་ནཱི་སྦེ་འབད་སྦེ་ དཀའཝ་སྤྱད་སྤྱདཔ་ཨིན་སྔོན་མ།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    དེ་རེས་ནངས་པ་འདི་ཏེ་ སྤ་་་་སྤ་ག་ནི་མེད་རུང་ ཏེ་ གཞུང་གིས་འ་ནཱི་སྦེ་གནང་མས་ལགས་ ད་རེས་ནངས་པ་འདི་ སྔོན་མ་བཟུམ་འབད་བ་ཅིན་འདི་ ད་རེས་ནངས་པ་ཨ་ལོ་གིས་ ཟ་ནི་མི་ཐོབ་པས་ལགས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ད་རེས་ནངས་པ་ཨ་ལོ་གིས་ ཆུམ་ཀེ་ཇི་སྦེ་རུང་འབག་མི་ཐེག་པས་ ག་ཏེ་འབད་རུང་ག་རི་(སྣུམ་འཁོར་) དགོ་པས་ འ་ནཱི་བཟུམ་ཡོདཔ་ཨིན་ དེ་རེས་ནངས་པ་འདི་ གནམ་མེད་ས་མེད་མ་པ་ ཨིན་ནི་འདི་དུས་ཚོད་དང་བསྟུན་ཏེ་གི་ཨིན་མས་ ཨིནམ་འོང་།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཏེ་རྒྱལ་ཁབ་ཡར་རྒྱས་འ་ནེ་ཅིག་འགྱོ་འགྱོཝ་བཟུམ་ ང་བཅས་མི་སེར་ཚུ་ལུ་མ་མཐོང་ ཏེ་སྔོན་མ་ང་བཅས་ཕར་དང་ཚུར་ དོ་འབག་ག་ཅི་འབད་འགྱོཝ་ད་ ཅ་པཱལ་(ཀྲེབ་ཀྲེམ་) བཙུགས་ནི་ག་ཏེ་ལས་འོང་ནི་ཏེ།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཏེ་ནོར་གྱི་པགས་ཀོ་ཡང་མི་ཐོབ་པས་ ནོར་གྱི་པགས་ཀོ་བཏོག་སྟེ་གིས་ ཀྲེབ་ཀྲེམ་ཟེར་བཟོ་ནི་ཡོདཔ་ཨིན་ཏེ་ འ་ནཱི་ ད་རུང་འགྱེལ་ཏ་ཤོར་ འ་ནཱི་དེ་ལས་ཏེ་ དྲོ་པ་ཟེར་ ཆུ་ན་འགྱོ་ དེ་ལས་ཏེ་ དྲོ་པ་ཚར་གཅིག་འགྱོཝ་ད་ དེ་ལས་ ཆུ་གིས་སྦང་སྟེ་ འགྱེལ་ཏ་ཤོར་ འ་ནཱི་སྦེ་དཀའཝ་སྤྱད་ དེ་ལས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    དོ་གི་ལྟག་ལུ་ ག་ཅི་ལོ་ རང་གི་རྒྱགས་སྐལ་འབག་ འ་ནཱི་སྦེ་དཀའཝ་སྤྱད་མས་ ད་རེས་ནངས་པ་འདི་ ཏེ་ མི་ག་ཅི་ཡོདཔ་ཏེ་ ག་ནི་ཡང་མིན་འདུག་ཏེ་སྐྱིད་ཏོང་ཏོ་ ད་རེས་འགོ་བཙུགས་ཏེ་ད་རུང་།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ག་དེམ་ཅི་འགྱོ་ན་ མི་ཤེས་པས་ཏེ་མེན་ན་ལགས་ ད་ག་དེམ་ཅི་འགྱོ་ན་ ཡར་རྒྱས་དང་བསྟུན་ཏེ་ དཔེ་དང་དཔེ་རང་འབད་བ་ཅིན་ སྔོན་མ་འབྲུག་རྒྱལ་གསུམ་པ་གི་ཡང་ ཨ་ཙི་ཅིག་མཇལ་ཡི་ང་གིས་ཨ་ཙི་ཅིག་འདི་ དེ་རང་འབད་རུང་།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཨུབ་ཐུར་ཤ་མ་གཏོགས་(ཨ་ནེ་ཅིག་མ་གཏོགས་) འབྲུག་རྒྱལ་བཞི་པ་གི་ཡར་འབད་བ་ཅིན་ ཛའི་་་ཕམ་དངོས་སུ་ཨིན་སྨ་རེད་ལགས་ འབྲུག་རྒྱལ་བཞི་པ་ཡར་འབད་བ་ཅིན་ གནམ་མེད་ས་མེད་མི་སེར་ལུ་སྐྱིད་ཅི་སྨ་རེད་ལགས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    མི་སེར་ལུ་ ག་ནི་མེད་རུང་ ཆང་གསང་འདི་མེད་རུང་ ཆབ་གསང་བཟོ་བྱིན་མས་ ལྟོ་འབདནི་ཐབ་མེད་རུང་ ཏེ་ ནོར་གྱི་ཨ་བ་གི་ཐབ་བཟོ་བྱིན་མས་ ཁྱིམ་མེདནི་ཁྱིམ་གྱི་རོགས་རམ་གནང་མས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ག་ཏེ་ཕྱེད་རུང་ཨ་ནཱི་བཟུམ་འདི་ ང་འབྲུག་ལུང་པ་བཟུམ་ག་ཏེ་ཡང་མི་འོང་ང་འདི་ ཨ་ནཱི་མནོ་བསམ་བཏང་མས་ ཤི་ཤོང་སོང་ད་ ག་ཏེ་ཡང་མ་འགྱོ་མས་ འབྲུག་ལུང་པ་རང་སྐྱེས་ད་སྨ་རེད་ཟེར་ མནོ་བསམ་བཏང་མས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ང་བཅས་འབྲུག་ལུང་པ་བཟུམ་ག་ཏེ་ཡང་མི་འོང་ལགས་ གནམ་མེད་ས་མེད་ དེ་ལས་ནཱ་ གནམ་མེད་ས་མེད་ནཱ་ལས་ཚལ་ལུ་འོང་སྟེ་ འ་ནཱ་འཆར་གཞི་བཞི་པ་འགོ་བཙུགས་ཞིནམ་ལས་ ལོ་གཅིག་ལུ་ ནཱ་འཕྲིན་ལས་སྒང་དང་ བསོད་ནམས་ཐང་བསྡོམས་ཏེ་ མི་ ༧༠ ཐམ་པ་ཤི་སོང་ཡི་ལགས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    གནམ་མེད་ས་མེད་ན་སྟེ་གིས་ ཕར་ཤི་མས་ཚུར་ཤི་མས་ བླ་མ་མཁྱེན་ནོ་ ཨ་ནཱི་ཚལ་མ་སྦོམ་བརྫམ་ད་ ཨ་ནཱི་སྐྱོན་སྐྱོན་འདྲས་སྦ་ཏེ་ ས་རོ་རྡོ་རོ་འབདཝ་ད་ འ་ནཱི་འབད་སྦེ་ ཏེ་ཤུལ་ལས་ ལོ་ལྔ་དྲུག་དེ་ཅིག་འགྱོཝ་དནི་ཏེ་ ང་བཅས་བསྟུན་ཆ་འབད་ཡི་ ཨའོ་མི་བཏུབ་པས་ཟེར།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ད་ག་ཅི་ ང་སྔོན་མ་ལས་ མཆོད་མེ་ཅིག་ཕུལ་འབད་ འ་ནཱི་སྦེ་རང་སྡོདཔ་ཨིན་སྦ་ང་འདི་ ཏེ་ལས་བསགས་མས་བསགས་ནི་འདི་ གཞུང་གི་གཡོག་འབདཝ་ད་ ཐབས་རང་མིན་འདུག་ ནང་ཀོ་ནང་ལས་རང་གི་དཀོན་རེ་དྲན་དགོ་ཟེར་ འ་ནཱི་སྦེ་རང་སྡོདཔ་ཨིན།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    དེ་ལས་ ང་བཅས་བསྟུན་ཆ་འབད་ དེ་ལས་གཞལམ་སྒང་ལས་ ཨ་ནཱི་ཞུ་ཡི་ ག་ཅི་ལོ་བཀའ་འགྱུར་ ཏེ་བཀའ་འགྱུར་ཞུ་ བཀའ་འགྱུར་ལྷག་ འ་ནཱི་སྦེ་འབད་ཡི་ དེ་ལས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ང་གི་ཁྱིམ་ནང་འདི་ མཆོད་མེ་ཕུལཝ་ཨིན་ ང་གི་ཁྱིམ་ནང་ཆོས་སྲུང་ཡོད་ཟེར་ ང་གི་ཁྱིམ་ནང་འོང་མི་བཏུབ་འ་ནཱི་ཚུ་གིས་ ག་ཅི་ན་རུང་དཔའ་བོ་རྐྱབ་སྟེ་ དོང་དོང་་་་དོང་དཔའ་བོ་རྐྱབ་ རྐྱབ་སར་སྡོདཔ་ཨིན་ཏེ་སྔོན་མ།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཏེ་འ་ནཱི་སྦེ་འབད་ དེ་ལས་ཤུལ་ལས་ འགྲོས་ཀྱིས་འགྲོས་ཀྱིས་སྦེ་ མི་བཏུབ་པས་ཟེར་ དེ་ལས་ཏེ་ང་ ཨ་ནཱ་དྲུང་པ་ག་ཅི་ཨིན་ན་ ད་དྲུང་པ་ད་ ཨེག་སི་ཌེནཊི་(ཐུག་རྐྱེན་) འགྱོ་སྦེ་ གཞལམ་སྒང་ལུ་ཤི་སོང་ཡི་སྦ་ཏེ་ལགས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    འ་ནཱི་འདི་དང་གཅིག་ཁར་ ང་གི་ཨམ་སྲུའི་ཕོ་རྒནམ་གཅིག་ཡང་ཤི་སོང་ཡི་གཅིག་ཁར་ འ་ནཱི་བསྒང་ཏེ་ བསམ་ཆོས་གླིང་བླ་མ་ཟེར་ཡོད་སྦ་ བསམ་ཆོས་གླིང་བླ་མ།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    འ་ནཱི་བསམ་ཆོས་གླིང་བླ་མ་ནཱ་བྱོན་མི་འདི་གིས་ ཁོང་གིས་གསུང་དེས་ང་ལུ་ དབའེ་ཁྱོད་ཀྱི་ཞིང་སྒྲུབ་ཅིག་འབད་ཚུགས་ ཞིང་སྒྲུབ་ཅིག་བཙུགས་ད་ཟེར་ གསུངས་མས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    དེ་བསྒང་ངེའི་ད་རུང་ དུང་འཁོར་དྲུག་ཡོད་སྦ་ནཱ་ ཨིན་ནི་འདི་ ༡༢ ཨིན་ དུང་འཁོར་དྲུག་ཡོད་ནཱ་ ང་གིས་གསུམ་གསུམ་འགྲིགས་འགྲིགསཔ་ཨིན་ གསུམ་གསུམ་འགྲིགས་སྦེ་ ལྔ་ཡོད་དུང་འཁོར་ མ་པ་བསྡོམས་ཀྱིས་འབད་བ་ཅིན་ ༡༢ ཡོདཔ་ཨིན།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཏེ་དུང་འཁོར་བཞེངས་ཡི་ང་གིས་ ལས་བསགས་བསགསཔ་ཡོདཔ་ཨིན་ཟེར་ ནཱ་ཚལ་མ་ནང་ཨིན་མས་ ཕན་ཐོགས་ཟེར་མནོ་འདི་ འ་ནཱི་སྦེ་ དཀའཝ་སྤྱད་ཡི་ འ་ནཱི་སྦེ་འབད་ ཏེ་ལྟོ་ལོབ་(དངུལ་ཕོགས་) ནཱ་སྦོམ་འདིནི་མེད་ ད་ ༡༥༠ འ་ནེ་ཅིག་ལས་མེད་ འ་ནཱི་སྦེ་དཀའཝ་སྤྱད་སྦེ་བཟོ།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    འ་ནཱི་སྦེ་འབད་ཡི་ དེ་ལས་གསུང་དེས་རོགས་ཀྱིས་ ཁྱོད་ཀྱིས་འ་ནཱི་འབད་ད་ཟེར་ ཞིང་སྒྲུབ་འདི་འབད་ཚུགས་ལོ་ ཨའོ་ཞིང་སྒྲུབ་འདི་འབད་མི་ཚུགས་ སྨ་རེད་ རྣ་བ་རང་མ་གོ་ཏེ་ ག་ཅི་ཨིན་ན་ཞིང་སྒྲུབ།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    མི་ཤེས་ཟེརཝ་དནི་ཏེ་ མི་འབད་ ཨ་ཁྱོད་ཀྱིས་འབད་ཚུགས་ལོ་ མ་དངུལ་ག་དེམ་ཅིག་འགྱོ་འོང་ཟེརཝ་དནི་ མར་དོ་གསུམ་ལས་མི་འགྱོ་ལོ་ ཨའོ་མར་དོ་གསུམ་ག་ཏེ་ལས་འཐོབ་ནི་ ང་འབད་མི་ཚུགས་ཟེརནི་ ཁྱོད་འབད་ཚུགས་ལོ་ད་རུང་ དགོངསམ་ཁྲེལཝ་མས་ཁོང་།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཚར་གསུམ་སླབ་མས་ ཤུལ་ལས་ང་གིས་སླབ་ཅི་ དབའེ་སྟོང་ཕྲག་ ༣༠ དེ་ཅིག་གི་འབད་ཚུགས་ག་ཟེརནི་ བྱོབ་བྱོབ་ཟེར་སླབ་མས་ དེ་ལས་ ང་གིས་ཞིང་སྒྲུབ་འགོ་བཙུགས་ཅི་ནེ་ལས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཏེ་ཞིང་སྒྲུབ་འགོ་བཙུགས་ དེ་ལས་ཁྱིམ་མེད་མར་པཱན་སྦང་ཨེསི་ཀུལ་(སློབ་གྲྭ་)ནང་སྦེ་ ཞིང་སྒྲུབ་འགོ་བཙུགས་ དེ་ལས་ཞིང་སྒྲུབ་འགོ་བཙུགས་ ལོ་གཉིས་གསུམ་དེ་ཅིག་ང་བཅས་ཆ་རོགས་ཚུ་སྦེ་ རགས་རོ་སྦེ་རྐྱབ་ཅི་ རྐྱབ་ དེ་ལས་ཤུལ་ལས་ འགྲོས་ཀྱིས་སྦེ་ ཨའོ་མི་བཏུབ་པས་ཟེར།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ད་མི་བཏུབ་སྨ་རེད་ ད་ཨ་ནཱི་རྟག་བུ་ན་བུ་བཟོ་དགོ་པས་ཟེར་ ཏེ་མ་དངུལ་བཟོ་ཡི་ལགས་ ཏེ་མ་དངུལ་བཟོ་ ཏེ་མ་དངུལ་བཟོནི་ཁོང་ཆ་ཁྱབ་ཀྱིས་ ག་ཅི་ལོ་ཁྲི་འཛིན་སྦེ་སྡོད་ད་ལོ་ ང་ཁྲི་འཛིན་མི་སྡོད་ཟེར་སླབ་ཅི།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ང་ཁྲི་འཛིན་མི་སྡོད་ཟེར་ ང་རྩིས་དྲུང་སྦེ་སྡོད་ནི་ཟེར་སླབ་ཅི་ ད་དཔེ་ཆ་ཡང་མེད་སྦ་ཏེ་ ཨ་ནཱི་ཚུ་གིས་ དཔེ་ལྷབ་ལྷབ་མེད་པ་འཛོལཝ་མས་ དེ་ལས་ང་རྩིས་དྲུང་སྦེ་སྡོད་ ཨ་ནཱི་འབད་སྦེ་ ད་ལས་ང་བཅས་ལོ་བཞི་དེ་ཅིག་འབད་ཡི།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    དེ་ལས་ མ་དངུལ་མེད་ མ་ལངས་ དེ་ལས་ཏེ་ རྒཔོ་སངས་རྡོ་རྗེ་ཟེར་ཡོདཔ་ཨིན་ ད་རེས་ནངས་པ་ཕར་ཡར་སོང་ཡི་ཁོ་ རྩི་རང་ལུ་ གཞིས་གསར་ལུ་ ཁོ་ལུ་ བསྟུན་ཆ་(གྲོས་)འབད་ཡི་ ག་དེ་སྦེ་འབད་ནི།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ད་ཨ་ནཱི་སང་ཕོད་ལས་ད་ཨ་ནཱི་ ཏེ་བཅད་མི་བཏུབ་པས་ ང་བཅས་རྟག་བུ་ན་བུ་ཏེ་ རྒྱལ་ཁབ་ཀྱི་དོན་ལུ་ འབད་དགོཔ་འོང་ ག་ཅི་འབད་ནི་ཟེརཝ་ད་ བཏུབ་པས་ཏེ་ མི་སེར་གྱི་ ལོ་གསུམ་རྐྱབ་དགོ་པས་ཟེར་སླབ་དེས་ཁོང་གིས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཏེ་ང་གིས་སླབ་ཅི་ བཏུབ་པས་ཏེ་ ང་བཅས་བར་ན་བསྟུན་ཆ་འབད་ བཏུབ་པས་ཁྱོད་ཀྱི་ཨ་ནཱི་སྦེ་འབད་བ་ཅིན་ཟེར་ མི་སེར་གྱིས་འབད་ད་ཟེར་ དེ་ལས་འ་ནཱི་བསྒང་ འབུམ་གསུམ་ འབུམ་གཉིས་གསུམ་དེ་ཅིག་འབད་ཚུགས་ འགྱོ་འོང་ཟེར་ ཏི་རུ་ འ་ནཱི་འགྱོ་བ་ཅིན་ ང་བཅས་ཁྱོད་ཨ་ནཱི་ཏི་རུ་གི་འབད་ནི་ཟེར་འབད།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    འབདཝ་དནི་ཏེ་ ཏི་རུ་བསྡུ་མ་ཚུགས་པར་ལོ་བཞི་ཡར་སོང་ཡི་ཏེ་ ལོ་བཞི་འབདཝ་དནི་འབུམ་ ༣ ཐོབ་ཅི་ ང་བཅས་ཀྱིས་ དེ་ལས་ ང་བཅས་ཡང་རྐྱབ་ ང་བཅས་ཡང་རྐྱབ་ དེ་ལས་ ལོ་བདུན་བརྒྱད་དེ་ཅིག་འབདཝ་དནི་ཏེ་ འབུམ་འ་ནེ་ཅིག་ཡར་སོང་ནུག་ང་བཅས་ཀྱི་ཏི་རུ།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཏེ་འབུམ་འ་ནེ་ཅིག་འགྱོཝ་དནི་ དེ་ལས་ ད་འགྲོ་སོང་ཡར་སོང་ནུག་ བརྩིས་རྐྱབ་གེ་ར་བརྩིས་རྐྱབ་ དེ་ལས་ བརྩིས་རྐྱབ་དནི་དེ་ལས་ འབུམ་གསུམ་དང་ སྟོང་ཕྲག་ ༧༠ གནམ་ལོ་འདི་ དཔྱད་རིག་འོངམ་ད་ བརྟན་བརྟན་ཅིག་མི་འོང་པས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ནཱ་རེ་ཀོཊི་(ཐོ་)འདི་ཡོད་སྦ་ ཨ་ནཱ་ལས་འབུམ་ ༣ དང་ ༧༥ འདུག་ཏི་རུ་ དེ་ལས་ པ་ཊི་(ཚོགས་པ་) ཚུ་ལུ་སྤྲོད་བཞག་ཡི་ང་གིས་ ཁྱོད་ཆ་ཁྱབ་འབད་ད་ཟེར་ ཏེ་འ་ནཱི་སྦེ་མི་བཏུབ་པས་ཟེར་ དེ་ལས་ཏེ་ ནཱ་བསོད་ནམས་ཐང་ལུ་ ང་གིས་ཚེ་དཔག་མེད་ཅིག་འགོ་བཙུགས་ཅི་ལགས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཚེ་དཔག་མེད་འགོ་བཙུགས་ ཚེ་དཔག་མེད་ང་གིས་ལོ་གསུམ་རྐྱབ་དེ་ལས་ འ་ནཱ་ལས་མ་དངུལ་མ་ཐོབ་ ག་དེམ་ཅིག་ཐོབ་འཐོབ་ཨིན་ན་མ་ཤེས་ གསུམ་བཅུ་ བཞི་བཅུ་ ལྔ་བཅུ་ དྲུག་བཅུ་དེ་ཅིག་ཐོབ་འཐོབ་འོང་ནི་མས་ ཏི་རུ་རང་མེད་དེ་བསྒང་ལུ་ དེ་ལས་ ནཱ་བླམ་ལུ་ཕུལ་བཞག
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    གྲྭ་ཚང་བླམ་ལུ་ཕུལ་བཞག་སྦེ་ ཏེ་ཁོང་གིས་གནང་མས་ད་རེས་ནངས་པ་ འ་ནཱི་ དེ་ལས་ཏེ་ མནོ་བསམ་བཏང་ཡི་བཏང་ཡི་འབདཝ་ད་ ཨའོ་ད་མཐའ་ཁོབ་ཅིག་ཨིན་པས་ མི་བཏུབ་ཟེར།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    དེ་ལས་ཏེ་ གྲྭ་ཚང་འདི་ གྲྭ་ཚང་ཡང་ ང་གིས་ཞུ་ད་ཡི་སྦ་ གྲྭ་ཚང་ང་བཅས་བཟོ་ཞིནམ་ལས་ ནཱ་གྲྭ་ཚང་བཟོ་ད་ ང་རྩིས་དྲུང་ཨིན་ གྲྭ་ཚང་ང་གིས་བཟོ།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    གྲྭ་ཚང་བཟོ་མི་ཏི་རུ་ག་ཏེ་ལས་འོང་ཡི་ཟེརཝ་དནི་ སྔོན་མ་ནི་ཤུ་ཀ་ཟེར་མི་བཞུགསཔ་ད་ ནི་ཤུ་ཀ་ཨ་མ་གིས་ ཏེ་ནཱ་ཕངས་མཁར་རྒཔོ་ བྱོ་དཀར་རྒཔོ་ ངང་ལ་རྒཔོ་གསུམ་ལུ་ གཅིག་འབུམ་བཞི་བཅུ་གནང་བཞག་ནུག
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    འ་ནཱི་བགོ་བཤའ་འདི་ མ་རྐྱབ་སྨ་རེད་ གཅིག་ཁར་ལུ་བཟོ་ད་སྨ་རེད་ཟེར་ ཏི་རུ་བྱིནམ་ད་ ཕངས་མཁར་རྒཔོ་འབད་མི་ཚུགས་ལོ་ བྱོ་དཀར་རྒཔོ་འབད་མི་ཚུགས་ལོ་ དེ་ལས་ང་བཅས་ངང་ལ་ཕོག་ཞིནམ་ལས་ ཁོང་གིས་འབད་དེ་ བསྟུན་ཆ་འབད་སྦེ་ ང་བཅས་ནཱ་ལྷ་ཁང་བཟོ་ནི་ཟེར་ ནཱ་འབག་འོང་ཡི།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ནཱ་འབག་འོང་ཞིནམ་ལས་ དེ་ལས་ ང་ལག་པར་འོང་ཡི་ འབདཝ་ད་ ཏི་རུ་ཡང་ ལྷག་མཇུག་དྲགོས་བསོད་ནམས་ཟླ་བ་གིས་ སྟོང་ཕྲག་ ༤༠ ཨིན་ན་ ག་དེམ་ཅིག་ཨིན་ན་ ཟ་བཞག་བཞགཔ་ཡོདཔ་ཨིན་ ང་གིས་དགོངས་ཡངས་བཏང་བཞག་བཞགཔ་མི་ལེན་ཟེར།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཏེ་ཨ་ནཱ་ལས་ཏེ་ བཟོ་བོ་ཚུ་དང་ ཨ་ནཱི་ཚུ་གི་ཏི་རུ་བྱིན་ མི་སེར་གྱིས་དཀའཝ་སྤྱད་ ཏེ་ ལོ་གཉིས་རྐྱབ་ཅི་ཏེ་ལྷ་ཁང་ ལོ་ ༢ རྐྱབ་སྦེ་ དེ་ལས་ཏེ་ འབདཝ་ད།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    སྟོང་ཕྲག་ག་དེམ་ཅིག་ཨིན་ན་ཚར་ད་ཡི་སྦ་ཡ་(?) འདི་ལྷ་ཁང་ནང་ཡང་ ཆ་རོགས་འབད་དགོ་པས་ཟེར་ ང་བཅས་མི་སེར་ཨིན་མས་ཕར་ཡང་ ལཱ་ཁག་འདུག་ཟེར་ཕར་ཡང་ཨ་ཙི་ཅིག་ སུམ་བཅུ་ཨིན་ན་ག་དེམ་ཅིག་ཡོད་ང་བཅས་ཀྱི།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    བྱིན་སྦེ་ འ་ནཱི་གི་བཟོ་བོ་དང་ ཅ་ལ་ཚུ་ཉོ་སྦེ་རྩིས་ང་གིས་སྦེ་རྐྱབ་ འ་ནཱི་སྦེ་ དེ་ལས་ ལྷ་ཁང་བསྒྲུབས་ཅི་ ཏེ་ནང་ཀོ་ནང་གང་ཡང་མེད་ཏེ་ བྱག་ཕུག་བཟུམ་ཨིན་མས་ཏེ་ དེ་ལས་ འབྲུག་རྒྱལ་བཞི་པ་བྱོན་དེས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    འབྲུག་རྒྱལ་བཞི་པ་བྱོན་མི་འདི་ པཱན་སྦང་འབདཝ་ད་ཏེ་ འབྲུག་རྒྱལ་བཞི་པ་གིས་གསུང་དེས་ ག་དེ་སྨོ་ཁྱོད་ ག་ཅི་དགོ་ནི་སྨོ་ཁྱོད་ཟེར་ གསུང་དེས་ མེན་ག་ཅི་སྨོ་ཨ་ནཱི་མ་གསུངས་ཤུལ་ལས་ཨིན་མས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    དེ་ལས་ཏེ་ འབྲུག་རྒྱལ་བཞི་པ་ལུ་ཞུ་ཡི་ང་གིས་ ད་ནཱ་ཏེ་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ལུ་ ད་གེ་ར་ཆོས་ཀྱི་རྒྱལ་ཁབ་ཨིན་ཟེར་སླབ་མས་ཟེར་ དེ་འབདཝ་ད་ནཱ་ཁེངས་ཚུ་ལུ་ ཡར་རྒྱས་མ་འགྱོ་བར་ཚལ་མའི་ནང་ དཔའ་བོ་རྐྱབ་རྐྱབ་སར་སྡོད་མས་ཟེར་ ཁོང་ཤིཝ་ད་ནཝ་ད་ དཔའ་བོ་གིས་མི་བཏུབ་ཟེར།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    འ་ནཱི་འབད་ཞིནམ་ལས་ བསྟུན་གྲོས་ཅིག་འབད་སྦེ་ ང་བཅས་ལྷ་ཁང་ཅིག་བཞེངས་ཡི་ཟེར་ ལྷ་ཁང་བཞེངས་ཏེ་དེ་འབདཝ་ད་ ལྷ་ཁང་བསྒྲུབས་ཅི་ དེ་འབདཝ་ད་ནང་ཀོ་ནང་རྟེན་གང་ཡང་མེད་ཟེར།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    འ་ནཱི་ཞུ་ཡི་ང་གིས་ འ་ནཱི་ཞུཝ་དནི་ ཏེ་སྟོབས་རྒྱས་ཀྱི་ལྷ་ཁང་བལྟ་བར་འགྱོ་དགོ་པས་ཟེར་ བྱོན་ཡི་མར་ལས་ བྱོན་སྦེ་ནཱ་བྱོན་ དེ་ལས་ཏེ་ དགེ་སློང་ཞུ་ཡི་ང་གིས་ དགེ་སློང་ ༡༠ དགེ་སློང་ ༡༠ གནང་སྦེ་ ད་རེས་ནངས་པ་ དགེ་སློང་ ༢༥ ཨིན་ན་ ༣༠ ག་དེམ་ཅིག་འོང་།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཏེ་ང་གཅིག་འདི་ བརྟན་བརྟན་ཞུ་ནི་མེད་ འ་ནཱི་སྦེ་འབད་ཡི་ འ་ནཱི་འབད་ དེ་ལས་འ་ནཱི་སྦེ་ ཡར་ཡར་འགྱོ་དེས་ མནོ་བསམ་བཏང་ དེ་ལས་ ཁོང་ཆ་ཁྱབ་སྤྲོད་ དེ་ལས་ ཏེ་ང་ ད་མི་བཏུབ་པས་ཟེར་ ད་རུང་འབྲུག་རྒྱལ་བཞི་པ་ལུ་བཅར་ཅི་(ཡི་)ལགས་ང་གིས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ག་དེ་སྦེ་བཅར་ཅི་ཟེརཝ་དནི་ ད་ལོ་ ༣ དེ་ཅིག་འགྱོཝ་མས་ ག་དེ་སྦེ་སྨོ་ཟེརཝ་དནི་ ཤི་ནི་འདི་ ཨམ་སྲུ་ཡང་ཤི་ ཕོ་རྒྱ་ཡང་ཤི་ ཏེ་ག་ཅི་སྨོ་ཟེརཝ་དནི་ཏེ་ ནཱ་དཔོན་གྱི་ མངའ་བདག་རིན་པོ་ཆེ་གིས་ གནང་གནངམ་གི་ དགེ་སློང་ཟེར་མི་འདི་ སྲིད་བྱུས་ཀྱི་མི་བཏུབ་པས་ཟེར་ ཨ་རྒས་དང་ ཨང་རྒས་ཚུ་འདི་ནང་འགྱོ་ནི་གིས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    རགས་ཀ་རོ་ཀོ་འགྱོ་ནི་ལཱ་ཁག་འདུག་ཟེར་ ཨ་ནཱི་ཤི་ནི་འདི་ཏེ་ ཨང་རྒས་ཨ་ལོ་ཨམ་སྲུ་ཚུ་ཡང་ ཤི་འོང་ཟེར་ འ་ནཱི་དོན་དག་ལས་ ཨ་ཙི་ཅིག་ ད་ང་ཨ་ཎེམོ་གྲྭ་ཚང་ཅིག་བཙུགས་ནི་གི་ཏེ་ ཨ་ནཱི་འཆར་གཞི་ཅིག་ཡོདཔ་ཨིན་ཟེར།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    འདི་ཞུ་ཡི་ འ་ནཱི་ཞུཝ་དནི་ཏེ་ང་ལུ་ ཏེ་ག་ཏེ་ འེང་་་ཨ་ནཱི་འ་ནཱི་སྐོར་ལས་འོང་ཡི་ཟེར་ཞུ་ཡི་ འ་ནཱི་སྐོར་ལས་འོང་ཡི་ང་ ཏེ་ནཱ་ཌོ་ནི་ཤཱན་(ཞལ་འདེབས་) ཏེ་ཏི་རུ་མེད་པར་ ཌོ་ནི་ཤཱན་ཨ་ཙི་རེ་ལྷང་ནི་གིས་ ཨ་ནཱི་ཟེར་ཞུ་ཡི།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཞུཝ་དནི་དེ་ལས་ ཁྱོད་ཌོ་ནི་ཤཱན་ག་ཏེ་ལས་ ཞུ་ནི་ཟེར་གསུང་དེས་ ཏེ་གྲྭ་ཚང་ལྷན་ཚོགས་ལས་ ཞུ་ནི་ཨིན་ན་ཟེར་གསུང་དེས་ མེན་སྐྱིད་སྡུག་ལྷན་ཁག་ནང་ཨིན་ཟེར་ཞུ་ཡི་ ཀ་ལས་ཌོ་ཀུ་མེནཊི་(ཡིག་ཆ་)ཟེར་གསུང་དེས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཏེ་ཌོ་ཀུ་མེནཊི་འདི་ ང་བློན་པོ་རྡོ་རྗེ་དབང་འདུས་དང་ ཉིམ་ཚེ་རིང་ལུ་ སྤྲོད་བཞག་བཞགཔ་ཡོད་ཟེར་ཞུ་ཡི་ དེ་ལས་གསུང་དེས་ ཨའོ་ཁྱོད་ག་ཏེ་ལས་ཐོབ་ནི་ ཌོ་ནི་ཤཱན་མི་ཐོབ་ཁྱོད་ ག་ཏེ་གིས་ངོ་ཤེས་དྲིན་ཤེས་སྦེ་ཐོབ་ནི་ མི་ཐོབ་ ང་གིས་བཀའ་ཤོག་གནང་གེ་སྨ་རེད་ཟེར་ བཀའ་གནང་དེས་ང་ལུ།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    བཀའ་གནང་དེ་ལས་ཏེ་ གསུང་དེས་ང་ལུ་ ཏེ་ཕར་སྤ་རོ་སྟག་ཚང་བལྟ་ཡི་ག་ མཇལ་ཡི་ག་ཟེར་གསུང་དེས་ སྟག་ཚང་སྔོན་མ་ མེ་མཆོད་མ་བཞེསཔ་ད་ མཇལ་ཡི་ད་ལྟོ་མ་མཇལ་བཞེངས་ཞིནམ་ལས་ཞུ་ཡི།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    སྐྱེར་ཆུ་མཇལ་ཡི་ག་ཟེར་ སྐྱེར་ཆུ་མ་མཇལ་ཟེར་ཞུ་ཡི་ སྐྱེར་ཆུ་དང་ སྤ་རོ་སྟག་ཚང་མཇལ་བར་སོང་སྨ་རེད་ཟེར་ དེ་ལས་ ཅིཕི་(གཙོ་འཛིན་)གཅིག་དང་ འགྲིམ་དཔོན་གཅིག་ འགྲིམ་དཔོན་འཆི་མེད་རིན་འཛིན་ཟེར་མི་འདི་ ཀུར་སྟོད་ལས་ ཁོ་དང་ ག་རི་(སྣུམ་འཁོར་)གཅིག་གནང་མས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཏེ་ནངས་པ་སོང་ཡི་ང་ ནངས་པ་སོང་སྦེ་ ཕྱི་རུ་ལོག་ལྷོདཔ་དནི་ ང་ཐོན་ད་ནུག་ ཌོ་ནི་ཤཱན་གྱི་ ཏེ་ཌོ་ནི་ཤཱན་ཨོ་ཌར་(བཀའ་རྒྱ་)ཐོན་ད་ནུག་ དེ་འཕྲོ་ལས་རང་ ལཱ་གཡོག་བློན་པོ་ལག་པར་གནང་བཞག་ནུག
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    དེ་ལས་ ལཱ་གཡོག་བློན་པོ་གིས་སླབ་མས་ང་ལུ་ ལྷོད་ཅི་ཟེར་ དེ་སྦེ་ ཌོ་ནི་ཤཱན་གྱི་ ཨ་ཙི་རེ་ཨ་ཙི་རེ་འབདཝ་ད་ ཌོ་ནི་ཤཱན་མི་གིས་ ལེགས་ཤོམ་མི་འབད་བས་ བྱིན་མི་བཏུབ་པས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཨ་ནཱི་སྦེ་ ཨ་ཙི་རེ་ཐོབ་ཅི་ ཐོབ་སྦེ་ དེ་ལས་ གྲྭ་ཚང་འགོ་བཙུགས་ཅི་ ནཱ་ང་གིས་ས་བྱིན་སྦེ་ ས་ཨེ་ཀར་གཉིས་ཕུལ་ད་ཡི་ནཱ་ དེ་ལས་ གྲྭ་ཚང་འགོ་བཙུགས་ དེ་ལས་ གྲྭ་ཚང་འགོ་བཙུགས་ཡི་བཙུགས་ཡི་འབདཝ་དནི་ སྤའོ་ལགས་ ལཱ་ཁག་འདུག་ གྲྭ་ཚང་བཞེངསམ་ད།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཡུདཔ་ཅིག་ སྟོང་ཕྲག་ ༣ འབུམ་ ༣༠ དེ་ཅིག་ཡར་སོང་ཡི་ཏེ་ ཏི་རུ་ཌོ་ནི་ཤཱན་གྱི་འདི་ ད་སྟོང་ཕྲག་བཅོ་ལྔ་བཅུ་དྲུག་ལས་ཐོབ་མ་ཚུགས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    དེ་ལས་ རགས་ཀ་རོ་ཀ་ས་སོང་ ག་ཅི་གུ་ཅིག་འབད་ འ་ནཱི་སྦེ་འབད་བསྒྲུབས་ ཆ་རོགས་འཚོལ་སྦེ་ པཱན་སྦང་ཚོང་པ་ཚུ་གིས་ཡང་ ཆ་རོགས་འབད་ཡར་འབད་ མར་འབད་ཏེ་ཡུདཔ་ཅིག་ ཁྱིམ་ཐོག་ཅིག་བཀབ་ཅི་ང་བཅས་ཀྱིས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    བཟོ་ཚར་ཡི་ ཏེ་ད་རེས་ནངས་པ་ད་ ལྷ་བྲིས་རྐྱབ་དེས་ནང་ཀོ་ནང་ དེ་ལས་ནང་ཀོ་ནང་ རྟེན་མེད་གསེར་ཏོག་མེད་ འ་ནཱི་སྦེ་ཡོདཔ་ཨིན་ དེ་ལས་ཏེ་ སྔོན་མ་ང་བཅས་ སྔོན་མ་ལོ་ ༣ དེ་ཅིག་ང་བཅས་གེ་ར་བསྡོམས་ཏེ་གིས་ མར་ཚོགས་འབུམ་གནང་ཡི།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཏེ་ཚོགས་འབུམ་ཡང་ ལྷ་ཁང་འགོ་བཙུགས་ཏེ་ ལོ་ ༢ ལུས་ད་ཡི་ལགས་ ལོ་ ༣ ལུས་ད་ཡི་ཏེ་མར་མེད་ དེ་ལས་ང་ ང་བཅས་ནཱ་ཁྲོས་མ་གི་ འགོ་འདྲེན་པ་ཅིག་ཡོད་སྦ་ནཱ།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཁྲོས་མ་བླ་མ་ཟེར་བཞག་བཞགཔ་ མ་པ་ཆོས་པ་ མ་པ་སྔོན་མ་ལས་ བླ་མ་མེན་པས་ ཁོ་ཡང་སྔོན་མ་ཚོང་པ་འབད་སྡོད་ཡི་ ཏེ་ཤུལ་ལས་ ཏེ་རྒཔོ་འབད་སྡོད་ ཏེ་ཆོས་ཨ་ཙི་རེ་འབད་སྦེ་ ཨ་ནཱ་ལས་ཏེ་ ཁོ་ཨ་ནཱི་སྦེ་ ཨ་ཎེམོ་དག་པ་ཅིག་འདུག
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    འ་ནཱི་འབད་ཞིནམ་ལས་ ཁོང་གིས་ང་ལུ་སླབ་དེས་ཏེ་ད་རུང་ དབའེ་སྦྱིན་བདག་ ད་ག་དེ་སྦེ་འབད་ནི་ ད་ང་བཅས་ཀྱི་ཚོགས་འབུམ་འདི་ ལུས་ད་ཡི་མེན་ན་ཟེར་ དེ་ལས་ཏེ་ ང་ཁོ་ལུ་སླབ་ཅི་ ཨའོ་གཞན་དང་བསྟུན་ཆ་འབད་བ་ཅིན་ ནམ་རང་དོན་མི་བསྒྲུབ་པས་ང་བཅས་ཟེར།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ད་ག་དེ་རང་འབད་རུང་ ང་བརྙ་བ་བསྐྱི་བ་འབད་ ཕར་དང་ཚུར་ལས་འབད་ འབུམ་གཅིག་དེ་ཅིག་གི་ལངས་འོང་ བརྙ་བ་བསྐྱི་བ་འབད་དེ་ ད་ང་གིས་ འགོ་བཙུགས་ནི་ཟེར་ འབུམ་ ཚོགས་འབུམ་ཟེར་སླབ་སྦེ་ ཏེ་མདངས་ཞག་ཟླཝ་ ༡ པ་ལུ་ཡང་ ཚོགས་འབུམ་བཙུགས་ཅི་ལགས་ང་གིས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཚོགས་འབུམ་བཙུགས་ ཏེ་ཚོགས་འབུམ་བཙུགས་སྦེ་འབདཝ་དནི་ འབུམ་གཅིག་ཐོན་ཡི་ང་གིས་ འབུམ་གཅིག་ལས་ སྟོང་ཕྲག་ ༢༠ ལུས་ད་ནུག་ ལྷག་མཇུག་ ཏེ་ སྟོང་ཕྲག་ ༢༠ ལུས་སྦེ་ གནས་སྐབས་ཅིག་ཐོན་འོང་ཟེར་མནོ་ཡི་ལགས་ ང་གིས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཏེ་ ད་རེས་ལས་འབད་འབད་བ་ཅིན་ ཤུལ་ལས་ལཱ་ཁག་འདུག་སྦ་ཏེ་ལགས་ ད་ཏི་རུ་ཅིག་བཟོ་དགོ་པས་ཟེར་ མནོ་བསམ་བཏང་སྟོང་ཕྲག་ ༢༠ ཐོན་སྦེ་ དེ་ལས་ ང་བཅས་ཀྱི་ མཉམ་ལས་པ་(?) ཚུ་ལུ་དྲི་ཡི་ དབའེ་ ཁྱོད་ཆ་ཁྱབ་ཆ་རོགས་འབད་གེ་ཟེར།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ག་ཅི་སྦེ་ཟེར་བ་ཅིན་ ང་ལྷག་མཇུག་ སྟོང་ཕྲག་ ༢༠ འདུག་ འ་ནཱི་ཐོག་ཁར་ལུ་ ཁྱོད་ཆ་ཁྱབ་ཀྱིས་ ཏི་རུ་ཨ་ཙི་རེ་ཨ་ཙི་རེ་ བཀའ་དྲིན་བསྐྱང་ད་ཟེར་ ནེ་སྦེ་འབད་ ལྷང་ཡི་ཨ་ཙི་རེ་ ལྷངམ་དནི་ དེ་ལས་འ་ནཱི་སྦེ་འབདཝ་ད་ རགས་ཀ་རོ་ཀ་འབདཝ་ད་ སྟོང་ཕྲག་ ༦༢ ཐོབ་ཅི་ང་གིས་ལགས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཏེ་ སྟོང་ཕྲག་ ༦༢ ཐོབ་སྦེ་ དེ་ལས་འ་ནཱི་འདི་ད་རུང་ ང་གི་ནཱ་ཚོགས་འབུམ་གྱི་མ་དངུལ་ཟེར་ བེངཀི་(དངུལ་ཁང་) ནང་བཙུགས་བཞག་བཞགཔ་ཡོདཔ་ཨིན།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཏེ་ལོ་ ༣ ལོ་ ༢ ཚུན་ཚོད་ང་གིས་ འབད་ཚུགས་ཚུགསཔ་ག་མ་ཤེས་འོང་ ང་གིས་འབད་འོང་ འ་ནཱ་ལས་འབདཝ་ད་ བསྐྱེད་ཀྱི་སྦེ་འབད་ནི་ཟེར་ མནོ་སྟེ་ང་གིས་ ང་ནཱི་སྦེ་བཙུགས་བཙུགསཔ་ཨིན།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ད་རུང་འདི་ཚེ་ཟླཝ་ ༤ པ་ལུ་ ང་གིས་ ད་རྒྱུ་ནོར་ལོངས་སྤྱོད་ཡོད་ཡང་མེད་ ཡོད་རུང་རང་འབག་འགྱོ་ས་མེད་ ག་ར་འབད་རུང་མི་བཏུབ་པས་མནོ་འདི་གིས་ དེ་ལས་ང་མནོ་ཡི་ད་རུང་ ག་ཅི་ལོ།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཟངས་སྤྱོད་སྨོན་ལམ་ཅིག་བཙུགས་དགོ་པས་ ཟླཝ་ ༤ པ་སྐབས་ལུ་ བཙུགས་དགོ་པས་ཟེརཝ་ད་ ཏེ་མདངས་ཞག་ག་དེ་སྦེ་ཨིན་ན་ ཟླ་ ༤ པའི་ནང་ཡང་ ཤི་ནི་རང་འབད་ཡི་ཏེ་ན་སྟེ།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཏེ་ཨ་ཙི་ཏི་རུ་བརླག་སྦེ་ ད་ལྟོ་བཙུགས་མ་ཚུགས་ འ་ནཱི་སྦེ་ཡོད་ ད་རེས་ནངས་པ་ ཨ་ནེམོ་བཅོ་ལྔ་བཅུ་དྲུག་དེ་ཅིག་ཡོདཔ་ཨིན་ང་བཅས་ནཱ་ ག་ར་ཡོདཔ་ཨིན་ དེ་འབདཝ་ད་ཨ་ཙི་ཅ་ལ་མ་ཐོབ་པར་ ཨ་ནཱི་སྦེ་ཡོདཔ་ཨིན་ལགས།
  • བསོད་ནམས་སྟོབས་རྒྱས་ Sonam Tobgay
    ཏེ་མ་པ་ལས་ ཨིན་ནི་འདི་ དཔྱད་རིག་ཡང་མི་འོང་པས་ ཞུ་ནི་གི་ ཨ་རྒས་འགྱོ་ཞིནམ་ལས་ ལཱ་ཁག་འདུག་སྦ་ལགས་ དཔྱད་རིག་ཡང་མི་འོང་པས་ དེ་རང་འབད་རུང་ ང་ཤེས་ཤེསཔ་འདི་ འ་ནེ་ཅིག་ཨིན་ལགས།