05 Jan 2016
1 min 58 sec
Video Overview
Creators:
Tibetan & Himalayan Library, Dudul Dorjee
This is a video of Tsethar Bum from Yonru Village in Chentsa singing "The Origin of Song." This song is part of a collection of folk songs from the Rebgong cultural area.
འདི་ནི་ཨ་མདོ་རེབ་གོང་ཕྱོགས་ཀྱི་དམངས་གླུ་ཞིག་སྟེ། གླུ་ལ་གཅེས་སྤྲས་བྱེད་དགོས་པར་བསྟན་ཡོད།
གླུ་འདིའི་ནང་དུ་གསེར་བྱེ་མའི་ནང་བཙགས་པ་བཞིན་གླུ་སྐད་སྙན་མོ་ཡང་མིད་ཐག་ནང་ནས་བཙིར་ཏེ་དཀའ་ལས་ཆེ་བས། ཉན་མཁན་རྣམས་ཀྱིས་རྣ་བ་གཞན་ལ་མ་གཡེང་བར་གླུ་བའི་གླུ་ལ་ཞིབ་ཏུ་ཉོན་ཞེས་པའི་དོན་རེད།
- ཡེ་་་་་དུང་ལོ་ལོ་གླུ་རེ་ལེན་་་་་་་་ཞང་ཡ་རེ་འཇོག་ལ་དུང་ལོ་ལོ་གླུ་རེ་ལེན་ཡ
- རྗེའི་ལྷ་ཁང་བཞེངས་པའི༼དུང་ལོ་ལོ༽ལྷ་བཟོ་ཚོ། །
- གསེར་གྱོང་ལ་མ་བསྐུར༼དུང་ལོ་ལོ༽དོན་གཉེར་བྱོས། །
- ཆུ་བྱེ་མའི་ནང་ནས༼དུང་ལོ་ལོ༽བཙག་ནི་རེད། །
- ས་རྡོ་བར་ནས༼དུང་ལོ་ལོ༽རྙེད་ནི་རེད། །
- གསེར་དཀའ་རབས་བཤད་ན༼དུང་ལོ་ལོ༽དེ་མོ་རེད། །
- ཡེ་་་་་དུང་ལོ་ལོ་གླུ་རེ་ལེན་་་་་་་་ཞང་ཡ་རེ་འཇོག་ལ་དུང་ལོ་ལོ་གླུ་རེ་ལེན་ཡ
- བྱང་ཨ་དབྱངས་ལེན་པའི༼དུང་ལོ་ལོ༽གླུ་བ་ཚོ། །
- གླུ་འུར་མ་བསྐུར༼དུང་ལོ་ལོ༽དལ་མོར་ལོངས། །
- སྐད་མིད་ཐག་ནང་ནས༼དུང་ལོ་ལོ༽བཙིར་ནི་རེད། །
- གླུ་རིག་པའི་སྟེང་ནས༼དུང་ལོ་ལོ༽བསྒྲིགས་ནི་རེད། །
- གླུ་དཀའ་རབས་བཤད་ན༼དུང་ལོ་ལོ༽དེ་མོ་རེད། །