Video Overview
འདི་ནི་མཚོ་སྔོན་པོ་ཇི་ལྟར་འཕྱུར་བའི་ངག་རྒྱུན་བློན་པོ་མགར་སྟོང་བཙན་ཕ་བུ་གཉིས་ལ་སྦྱར་བའི་གཏམ་རྒྱུད་ཅིག་ཡིན།
- དབང་གྲགས་ཐར།མཚོ་སྔོན་པོའི་ཆུ་ཡི་གོ་རིམ་དེར་གོ་ཐོས་ཅུང་ཙམ་བཤད་ན།
- ཉུང་ཙམ་ཞིག་བཤད་ན།
- དེང་མ་ཞིག་ལ་རྒྱལ་བོ་སྲོང་བཙན་སྒམ་པོ་ཡི་བློན་པོ་མགར་ཟེར་བ་ཞིག་ཡོད།
- དེ་ཡིན་ན་དེང་མ་རྒྱལ་བོ་སྲོང་བཙན་སྒམ་པོ་ཡི་བློན་པོ་མང་པོ་ཞིག་ཡོད།
- དེའི་ནང་གི་བློན་པ་རིག་པ་ཅན་ལེགས་པོ་ཞིག་རེད།
- རྒྱ་བཟའ་གོང་ཇོ་གདན་འདྲེན་བྱེད་མཁན།
- རྒྱལ་བོ་སྲོང་བཙན་སྒམ་པ་ཡི་བློན་པོ་མགར་ཡིན་པ་རེད།
- བློ་རིག་རིག་པ་མང་པོ་བཀོལ་ནས།
- ཐེངས་མང་པོར་རིག་པ་མང་པོ་བཀོལ་ནས།
- མཐའ་རྔ་མར་གཞན་རྒྱལ་ཁབ་ལྔ་ཡོད་པ་ལས།
- དེའི་ནང་ནས་རྣམ་པར་རྒྱལ་བས།
- རྒྱ་བཟའ་གོང་ཇོ་མ་བྱིན་ན་མ་ཆོག་པར་བུད་ཡོང་།
- ཡོང་བའི་རྗེས་ནས་ཁོ་ཁྲིམས་ལ་ཐོག་ནས།
- རྒྱལ་བོ་ཁྲིམས་ལ་ཅི་ལྟར་ཐོག་པ་མི་ཤེས་པ་རེད།
- མི་ཤེས་ཀྱང་ཁྲིམས་ལ་ཐོག་ནས།
- གསེར་ཤིང་ཙེ་གང་དང་ཡུངས་ཀར་ཤིང་ཙེ་གང་བཀར་ནས།
- ཁོའི་རིག་པ་འཇལ་ནས།
- རིག་པས་ལེན་མ་ཐུབ།
- མིག་གིས་མ་བལྟས་པར་བཀར་མ་ཐུབ་པ་རེད།
- མིག་གིས་བལྟས་ནས་བཀར་སོང་ན་མིག་གིས་མཐོང་མི་ཐུབ་པ་རེད།
- མིག་གི་རྣོ་བླངས་པ་རེད།
- བླངས་ནས་མར་ཕ་བུ་གཉིས།
- བུ་དང་མཉམ་དུ་མར་ཨ་མདོ་ས་ལ།
- ས་ཆ་འདི་ནས་མཚོ་སྔོན་པོའི་ས་ཆ་འདི་ཞིག་ལ་ཐོན་པ་རེད།
- དེ་དུས་མཚོ་སྔོན་པོ་ལས་འགྲོ་ས་མེད།
- དེར་ཡོང་ནས་བསྡད་པ་རེད།
- ཁྱིམ་བཙུགས་ནས་ཁང་བ་ལས་ནས་བསྡད་པ་དང་།
- སྦྲ་ཕུག་ནས་བསྡད་པ་བཤད་རྒྱུ་མེད་གི
- དེ་ནས་ཆུ་ལེན་ས་ཞིག་ཡོད།
- ཆུ་ལེན་ས་ན་དོང་ཆུ་ཞིག་ཡོད།
- དོང་ཆུ་དེའི་ཁ་རྡོ་ལེབ་ཅིག་གིས་གཅོད་དགོས།
- མ་བཅད་ན་མི་ཉན་པ་ཞིག་ཡིན།
- ཚང་མས་ས་ཆ་དེ་ན་རི་ཁྲི་ཞིག་སྟེ་ཁྲི་ཤོར་རྒྱལ་མོ་ཟེར་དོན་དེ་ཡིན་ཟེར།
- ཁྱིམ་ཚང་ཁྲི་ཞིག་ཡོད་ཟེར།
- ཚང་མས་ཆུ་ལེན་ས་དེ་ཡིན།
- དེ་ཡིན་ན་ཁ་གཅོད་དུ་བཅུག
- དེ་ནས་བུ་དེས་མ་བཅད་པ་རེད།
- བུ་དེས་མ་བཅད་པར་ཡོང་ནས།
- མ་བཅད་པས་ད་ལྟ་མ་འགྲིག་པ་རེད་ཟེར་ནས་བྲོས་པ་རེད།
- ཟོག་འགའ་དེའི་སྔོན་ལ་བཤས་ཡོད་པ་འདྲ།
- སྐྱ་བ་གཡུག
- བུ་དེ་རྩལ་ཆེན་ཡིན་པ་རེད།
- སྐྱ་བ་ཕྱེ་ནས་འཇོག་པ་དེ་འདྲ་ཞིག་རེད།
- ཕྱེ་ནས་ནང་དུ་དབུགས་བརྒྱབ་ནས་ཤ་བསྡུས་ནས་གཉིས་ཀ་བྲོས།
- བྲོས་ནས་ཀླུ་མོ་གསེར་ཆེན་གྱི་འདབས་ལ་ཡོང་ནས།
- མིག་གིས་མི་མཐོང་བ་རེད།
- ཅི་འདྲ་ཞིག་ལ་ཐོན་པ་མི་ཤེས་པ་རེད།
- རྩྭ་འབབ་ནས་ལག་ཏུ་ཞོག་ཟེར་ནས།
- འདབས་ནས་རྩྭ་ལག་ཏུ་བཞག་དུས་ད་རུང་འཇོག་དགོས་ཟེར།
- རྐེད་པ་ནས་རྩྭ་ལག་ཏུ་བཞག་ན་ད་རུང་འཇོག་དགོས་ཟེར།
- མགོར་བུད་ནས་རྩྭ་ལག་ཏུ་བཞག་དུས།
- བསྡད་ན་ཆོག་གི་ཟེར།
- ཁྱོད་ཀྱིས་ངེད་གཉིས་ཀྱིས་ཤུལ་ལ་ལྟོས།
- སྔོན་ན་ནམ་མ་ལངས་བར་མི་མཐོང་གི
- རྗེས་ནས་ནམ་ལངས་ནས་མཐོང་བ་རེད།
- གནམ་སྔོན་པོ་ཐང་ལ་ལྷུང་ཡོད་པ་རེད།
- གནམ་ཐང་ལ་ལྷུང་བ་མ་རེད་ཟེར།
- དེ་ལས་ཅི་ཞིག་ཡོད་གི་ཟེར།
- དེ་ལས་གཞན་ནག་ལྡང་ཆ་རེ་ཡོད་ཟེར།
- དེ་ལས་གཞན་ཅི་ཞིག་མཐོང་བ་རེད།
- བྱ་ངང་བ་ཞིག་གིས་གཤོག་ལྡེབ་བྱེད་བཞིན་ཡོད།
- ད་ཡིན་ད་འགྲིག་གི
- ཁྱོད་སོང་དང་ནག་ལྡང་ཞིག་ཡོད་པ་དེ།
- ངེད་གཉིས་ཀྱིས་སྐམ་བཤས་ཡོད་པ་དེའི་སྐྱ་བ་ནང་དུ།
- དབུགས་བརྒྱབ་ནས་ད་ལྟ་ཁ་གཡེང་ནས་བུད་ཡོང་།
- ངེད་གཉིས་ཀྱི་བྲོ་ལ་འདང་རྒྱག་མེད་པ་རེད།
- སྔ་མ་རིན་པོ་ཆེ་ཕེབས་ནས།
- ཁྱིམ་ལ་ཕེབས་ནས་ཁོང་གཉིས།
- རི་མ་ཧྰ་དེ་བ་ཡི་མགོ་བཅད་ནས་འཕངས་པ་རེད་ཟེར།
- བཅད་དེ་འཕངས་བ་མཐོང་བ་བཤད་རྒྱུ་མེད་གི
- རྗེས་ནས་བཤད་ན་སྔོན་ཆད།
- རི་མ་ཧྰ་དེ་བ་ཡི་མགོ་བཅད་ནས།
- རྨ་ཆེན་ལྔ་བ་ཁོང་ཚང་ཡིན་པ་རེད།
- སྔ་མོར་སྤྲད་ནས་འདིའི་ཕན་ཆད་འཕྱུར་མི་ཆོག་ཟེར་བ་ཡིན་ནམ།
- དེ་ལྟར་དེ་ནས་བློན་པོ་མགར་དམ་པ་ཕ་བུ་གཉིས་དེ་ནས་བསྡད་དེ།
- དེང་སང་བློན་པོ་གསེར་ཆེན་ཟེར་བ་དེ་ཡིན་པ་རེད།
- གཞི་བདག་ཞིག་ལ་དེང་སང་བཀུར་བཞིན་ཡོད།
- དེ་ནས་བློན་པོ་གསེར་ཆེན།
- དེང་སང་གསེར་ཆེན་བཟང་བཟོ་ཡང་བཏགས་ཡོད།
- དེ་འདྲ་ཞིག་ཡིན་ཏེ་ད་ཚར་སོང་།