Skip to main content Skip to search
04 Jul 2018
32 min 29 sec
Video Overview
Creators: 
Dawa Tshering

Ap Kinley narrates the origin, meaning and verses of “Parshing and Zurchen”. Parshing is a wood block attached to a long thin wooden stick and used for ramming mud during construction. Zurchen are a penis-shaped woodcarvings hung from all four corners of the house after its construction. Tradition says a parshing should be returned to Tibet after construction ends. Thus, the carpenter and ladies, while debating the verses through song, demonstrate how parshing should be returned back. According to Ap Kinley, consecration must be done within three years of its completion; otherwise, there were some accounts of bringing misfortunes such as falling ill. Hanging Zurchen is carried out by ladies to ward off evil spirits and demons.

༉  ཐིམ་ཕུག་ ཝང་སྲིན་མུ་ལས་ཀུན་ལེགས་ཀྱིས་ སྤར་ཤིང་དང་ཟུར་ཆེན་གྱི་འབྱུང་ཁུངས་དགོས་པ་ཚུ་བཤདཔ་ཨིན་མས། སྤར་ཤིང་འདི་ཁྱིམ་རྐྱབ་པའི་སྐབས་ འདམ་བརྡུང་ནིའི་དོན་ལུ་ ཨེན་ཏ་ཅིག་ཤིང་གིས་བཟོ་བའི་འཁརཝ་རིངམ་ཅིག་གུ་ ཀེ་ཀེ་འབད་སྦྱར་ཏེ་ཡོདཔ་ཨིན། དེ་བཟུམ་སྦེ་ ཟུར་ཆེན་འདི་ ཁྱིམ་བསྒྲུབས་ཚར་ཞིནམ་ལས་ ཁྱིམ་ཟུར་བཞི་གུ་དཔྱང་ནིའི་དོན་ལུ་ ཤིང་གིས་བཟོ་བཟོཝ་གི་ཕོ་མཚན་ཅིག་ཨིན། སྤར་ཤིང་འདི་ དུས་རབས་ ༡༧ པའི་ནང་ གཞན་དང་མ་འདྲ་བའི་བཟོཝ་ཅིག་གིས་ ཁོ་རའི་གཉིད་ལམ་ནང་ལུ་མཐོང་དོ་བཟུམ་སྦེ་ བླམ་ངག་དབང་རྣམ་རྒྱལ་གྱི་ཞལ་བཀོད་ལྟར་དུ་ མཆོད་རྟེན་གྱི་བཟོ་བཀོད་ཅོག་ར་འཐདཔ་སྦེ་ ལ་ཕུག་གུ་བཟོ་ཕུལ་ཞིནམ་ལས་ སྤུ་ན་ཁ་གི་རྫོང་བཞེངས་ནི་ཞལ་དགྱེས་བཞེས་ཏེ་ དེ་ལས་རྫོང་བཞེངས་གི་དོན་ལས་ བཟོ་བོ་དེ་སྤར་ཤིང་འཚོལ་བའི་སྐབས་ འབྲུག་ལུངམ་པ་ལས་མ་ཐོབ་པར་ སྤར་ཤིང་དེ་བོད་ར་ལུང་ལས་ར་འབག་འོང་པའི་ལོ་རྒྱུས་འདུག དེ་ལས་ཚུར་ རང་ལུགས་ཀྱི་གྱང་ཁྱིམ་རྐྱབ་པའི་སྐབས་ སྤར་ཤིང་དེ་ལག་ལེན་འཐབ་སྟེ་ད་ལྟོའི་བར་ན་ཡང་ལག་ལེན་འཐབ་བཞིན་དུ་ཡོདཔ་མ་ཚད་ ལམ་སྲོལ་དང་འཁྲིལ་བ་ཅིན་ ཁྱིམ་སྒྲུབ་ཞིནམ་ལས་ སྤར་ཤིང་འདི་ ལོག་སྟེ་བོད་ལུ་སྐྱེལ་དགོཔ་ཨིན་པས། དེ་འབདཝ་ལས་ ཁྱིམ་རྐྱབ་མི་བཟོཝ་དང་བུམོ་ཚུ་ གླུ་གཞས་ཀྱི་ཐོག་ལས་རྩོད་བསྡུར་འབད་བའི་སྐབས་ སྤར་ཤིང་འདི་བོད་ལུ་ག་དེ་སྦེ་ལོག་སྤྲོད་དགོཔ་ཨིན་ནའི་སྐོར་ལས་སྟོནམ་ཨིནམ་ད་ འདི་བཟུམ་མའི་སྤར་གླུ་ཚུ་ ཧེ་མ་ལས་བརྒྱུད་དེ་འོང་མི་རང་ལུགས་ཀྱི་གླུ་གཞས་ནང་ཚུདཔ་ཨིན་མས། ད་རུང་ཀུན་ལེགས་ཀྱིས་བཤད་མི་ནང་ རབ་གནས་འདི་ ཁྱིམ་བསྒྲུབས་ཏེ་ལོ་གསུམ་གྱི་ནང་འཁོད་འབད་དགོཔ་ཨིནམ་དང་ དེ་མེན་པ་ཅིན་ འགལ་རྐྱེན་བར་ཆད་འབྱུང་ནིའི་ཉེན་ཁ་ཡོདཔ་སྦེ་བཤདཔ་ཨིན་མས། དེ་ལས་ ཟུར་ཆེན་ཟེར་ ཤིང་གིས་བཟོ་བའི་ཕོ་མཚན་དེ་ བུམོ་ཚུ་གིས་རྒྱབ་ཁར་འབག་སྦེ་ ཁྱིམ་ཟུར་བཞི་གུ་དཔྱངས་བཞག་དོ་ཡོདཔ་ད་ དེ་སྦེ་དཔྱང་དགོ་མི་དེ་ཡང་ གདོན་འདྲེ་ཚུ་བདའ་གཏང་ནིའི་དོན་ལུ་སྦེ་ཨིན་མས།

Transcript search
No results found for this search
0 of 0
  • ཀུན་ལེགས་
    Kinley: ད་གཙོ་བོ་གཙོ་བོ་རང་ འ་ནཱི་ཞུ་དགོ་པའི་གནད་དོན་དང་ཁུངས་ཀྱི་སྐོར་ལས་བཤད་པ་ཅིན་ ཏེ་གནམ་མེད་ས་མེད་རྒྱས་ཤིང་རྒྱས་པ་སྦེ་ ང་གིས་ཡང་མི་ཤེས་ ཟེར་ཞུ་ནི། ཏེ་ང་ར་གི་བསམ་འཆར་ ང་རང་གི་སྔོན་མ་ལས་རྒས་ཤོས་ཚུ་གིས་ ཏེ་སླབ་མི་འདི་ང་གིས་ ཁུངས་དུམ་གྲ་ཅིག་ཨ་ཙི་ཙི་ཞུ་གེ་ ཟེར་ཞུ་ནི།
  • ཀུན་ལེགས་
    Kinley: ཏེ་འདི་ག་དེ་སྦེ་སྨོ་ཟེར་བ་ཅིན་ ང་བཅས་ཀྱི་ ཏེ་དངམ་དངམ་འདི་ར་ ང་བཅས་ཀྱི་ ཏེ་ང་བཅས་ཀྱི་ལྷོ་ལུང་མའི་ངག་དབང་རྣམ་རྒྱལ་མས་ ཞབས་དྲུང་སྨོ་ཤིག་ལགས? ཏེ་འ་ནཱི་ང་བཅས་ཀྱི་པར་ཤིང་གི་ཚིག་ནང་འབད་བ་ཅིན་ ཏེ་ཞབས་དྲུང་ངག་དབང་རྣམ་རྒྱལ་ཟེར་ མེན་ཟེར་ཞུ་ནི།
  • ཀུན་ལེགས་
    Kinley: བླམ་ཆོས་རྗེ་འདོད་ཉམས་རྣམ་རྒྱལ་ ཟེར་སླབ་མས་ལགས། བླམ་ཆོས་རྗེ་འདོད་ཉམས་རྣམ་རྒྱལ་འདི་ ཏེ་སྐུ་འཁྲུངས་ས་ཨོ་རྒྱན་བོད་ལུ་མས། ཞལ་ཉི་མ་ལྷོ་ལུ་བསྒོར་ཆི་ནུག ཞལ་ཉི་མ་ལྷོ་ལུ་ ཏེ་ང་བཅས་ནཱ་ལུ་ཨིན་མས་བ། ཏེ་འ་ནཱི་བསྒོར་ད་ ཏེ་ང་བཅས་ཀྱི་ ལྷོ་ཟེར་མི་འདི་ ང་བཅས་འབྲུགཔ་འདི་མས་ང་བཅས་ཀྱི། ལྷོ་ལྷོ་འདོདཔ་ཆེ་སྟེ་ཡང་མ་ཞུ་ཟེར་མས། བོད་བསམ་སྦྱོར་ལེགས་ཏེ་ཡང་མ་བཏང་ཟེར་ བླམ་གདུལ་བྱ་ལྷོ་ལུ་བཀོདཔ་ཨིན་ཟེར། ཏེ་ཁུངས་ནང་འ་ནཱི་སྦེ་འདུག་ ཟེར་ཞུ་ནི།
  • ཀུན་ལེགས་
    Kinley: ཏེ་འ་ནཱི་ང་བཅས་ཀྱི་ ཏེ་བླམ་འདི་ཡང་ང་བཅས་ཀྱི་ ཏེ་སྤུ་ན་ཁ་བྱོན་ཞིནམ་ལས་ ཏེ་ང་བཅས་ཀྱི་སྤུ་ན་རྫོང་འདི་ ཏེ་བཞེངས་ནི་གི་སྐོར་ལས་ཨིན་མས་བ་ལགས། སྤུ་ན་རྫོང་འདི་ ཏེ་བླ་མའི་ཐུགས་རྗེ་ལས་འབད་བ་ཅིན་ འ་ནཱི་སྦེ་ཨིན་མས་བ། ཏེ་དང་པ་ར་ང་བཅས་ཀྱི་རྫོང་ཅུང་འདི་ རྫོག་ཅུང་འདི་བཞེངས་བཞེངསམ་མས་ སྤུ་ན་ཁ་འ་ནཱི་རྫོང་ཅུང་ཟེར་ འ་ནཱི་རྫོང་ཆུང་མར་ཟུར་ཁར་ཆུང་ཀུ་ཅིག་ཡོད་མེན་ན? དང་པ་གདན་ས་དང་པ་འདི་འ་ནཱི་ཨིན་ཟེར་ དེ་སྦེ་བཤདཔ་མས་ལགས།
  • ཀུན་ལེགས་
    Kinley: ཏེ་འ་ནཱི་ནང་ལུ་ བླམ་འདི་འ་ནཱི་ནང་བྱོན་བཞུགས་སྦེ་འབད་ཞིན་ན་ ཏེ་དེ་ལས་ང་བཅས་ཀྱི་འ་ནཱི་ལུང་བསྟན་སྤྲུལ་པའི་བཟོ་བོ་ཟེར་མི་འདི་གིས་ཏེ་ འདི་ནང་ལུ་ང་བཅས་ཀྱི་ ཏེ་དརཝ་ཟོ་གང་འབག་ ང་བཅས་ཀྱི་དེམ་ཉིནམ་གནམ་མེད་ས་མེད་ལེགས་ཤོམ་ཁྱད་པར་ཅན་ཅིག་ལུ་ ཏེ་བླ་མའི་ཕྱག་དབང་བཅར་བཅརཝ་ཨིན་ཟེར་མས་བ་ དརཝ་ཟོ་གང་འབག་ ཏེ་འ་ནཱི་ད་ད་རེས་ནངས་པ་ང་བཅས་ཀྱི་ཞིང་མཐའ་མར་སྦྱིས་ཟེར་ འ་ནཱི་རྩང་གུ་ལས་རྡོག་མ་དམར་རུ་རུ་སྦེ་བཏགས་མི་ཅིག་འདུག་མེན་ན? ཟ་བཏུབ་འ་ནཱི་ འ་ནཱི་སྦྱིས་ལྟོ་རས་གང་འབག་སྦེ་ ཏེ་བླ་མའི་ཕྱག་དབང་སོང་སོངམ་ཨིན་ ཟེར་ཨིན་མས།
  • ཀུན་ལེགས་
    Kinley: ཏེ་འ་ནཱི་འ་ནཱི་སྦྱིས་འདི་དང་ ཨོམ་འདི་ག་དེ་སྨོ་ཟེར་བ་ཅིན་ བསྐལཔ་ཨོམ་ཞོ་འདེ་ཆགས་དགོ་བ་ཟེར་ ཨོམ་ཟོ་གང་བླམ་ལུ་ཕུལ་ ཏེ་སྦྱིས་འདི་ སྦྱི་ལྟོ་རས་གངམ་འདི་ ད་རེས་ནངས་པ་ང་བཅས་ཀྱི་གྲྭ་ཚང་དགོན་སྡེ་ལས་ཕར་ ང་བཅས་གྲྭ་ཚང་འདུག་བ་སྨོ? འ་ནཱི་ཚུ་ཨིན་ ཟེར་ཨིན་མས་བ་ལགས་ འ་ནཱི་གི་རྟགས་མཚན་སྦེ་འབད་ཞིནམ་ད་ འ་ནཱི་ཕུལ་སྦེ་ཞིནམ་ལས་ དེ་ལས་བླ་མ་གིས་དེ་བཞེས་སྦེ་ཞིན་ན་ འུམ་བཏུབ་པས་ཟེར་ ཏེ་ད་རེས་ཕྱི་རུ་ཁྱོད་ཞག་ནཱ་ང་སྡོད་སར་སྡོད་སྨ་རེད་ཟེར་ བླ་མ་གིས་དེ་སྦེ་གསུངས་གསུངསམ་ཨིན་ཟེར་མས།
  • ཀུན་ལེགས་
    Kinley: ཏེ་ལགས་སོ་ཟེར་ཞུ་སྦེ་ ཏེ་དེ་ལས་བླམ་ཡར་གསེར་ཁྲི་གུ་གཟིམས་ ཏེ་ཁོ་མར་གསེར་ཁྲི་རྩ་བ་ལས་ཕར་སྦེ་ཉལ་འབད་སྦེ་ ཏེ་བླ་མ་གིས་ ཁོ་གི་ལུང་བསྟན་འདི་ ག་ཅི་གུ་འབབ་འོང་ག་བལྟ་ནི་སྦེ་བླ་མ་གིས་ ཏེ་ཕྱི་རུ་ཁོ་ གཉིད་ལོག་ཞིན་ན་ ཏེ་ཁོ་གི་དོན་ཧིང་འདི་འབལ་འབག་སྟེ་ ཏེ་ཡར་བོད་ར་ལུང་ལུ་བླ་མ་གི་ཐུགས་རྟེན་མཆོད་རྟེན་ཅིག་ཡོད་ཟེར་ཨིན་མས་ལགས།
  • ཀུན་ལེགས་
    Kinley: འ་ནཱི་སྐོར་ར་རྐྱབ་ ཏེ་བལྟ་བཅུག་བཅུགཔ་ཨིན་ཟེར་མས། ཁོ་དོན་ཧིང་འདི་འབལ་འབག་སྟེ་ ཏེ་འ་ནཱི་ཡར་ཆ་མཉམ་བལྟ་ཞིན་ན་ ཏེ་དེ་ལས་ལོག་མར་ལྷོད་འ་ནཱི་སྦེ་ དྲོ་པ་ ཏེ་ཉི་མའི་རྩེ་དང་སྦྲགས་ ཏེ་དེ་ལས་བླམ་འདི་བཞེངས་སྦེ་ཞིན་ན་ དབའེ་ འུམ་ད་ད་རེས་མདངམ་ཕྱི་རུ་དགའ་ཡི་ག་ཟེརཝ་ད་ དགའ་ཡི་ལགས་ཟེར་ ཏེ་མདངམ་ཕྱི་རུ་ཁྱོད་གཉིད་ལམ་ག་ཅི་ཟེར་མི་མཐོང་ཅིཔ་ཟེར་འབདཝ་ད་ ཐུགས་བདེན་ཟེར་ ཏེ་ང་གཞན་མི་གཉིད་ལམ་ག་ནི་ཡང་མ་མཐོང་ མདངམ་ཕྱི་རུ་ དཔྱད་རི་མེད་སི་སི་སྦེ་ ཏེ་ཁོ་བོད་ལུ་ལྷོད་སོ་ནུག་ཟེར།
  • ཀུན་ལེགས་
    Kinley: ཏེ་ཡར་བོད་ལུ་ བླ་མའི་ཐུགས་རྟེན་མཆོད་རྟེན་ཟེར་ བླ་མའི་ཐུགས་རྟེན་མཆོད་རྟེན་ཅིག་འདུག་འ་ནཱི་མཇལ་བའི་ ཏེ་གཉིད་ལམ་མཐོང་སྡོད་ནུག་ཟེར་འབདཝ་ད་ བླ་མ་གིས་ ཁྱོད་འ་ནཱི་བཟུམ་ཅིག་བཞེངས་ཚུགས་ནི་མས་ག་ཟེར་འབདཝ་ད་ འབད་ཚུགས་ཟེར་ བཏུབ་པས་ཟེར་ཏེ་ ཏེ་བླ་མ་གིས་ལ་ཕུག་ལབ་རྡོག་གཅིག་གནང་གནངམ་ཨིན་ཟེར་མས། ལ་ཕུག་ལབ་རྡོག་གཅིག་གནང་ ཁྱོད་ར་འ་ནཱི་གུ་ངེའི་མཆོད་རྟེན་ཅོག་ར་འཐདཔ་ཅིག་བཟོ་འབག་ཤོག་ཟེརཝ་ད་ ལ་ཕུག་ལབ་རྡོག་གཅིགཔ་འདི་གུ་ལུ་ ཏེ་མཆོད་རྟེན་འདི་གུ་ཡོད་མི་འདི་མ་ཚང་ཚངམ་སྦེ་བཟོ་སྟེ་གིས་ འ་ནཱི་གུ་བརྐོ་ཕུལ་དཔ་ཨིན་ཟེར་མས།
  • ཀུན་ལེགས་
    Kinley: འུམ་འུམ་འུམ་ བཏུབ་པས་བཏུབ་པས་བཏུབ་པས་ ཏེ་ད་སྤུ་ན་ཁ་གི་ ད་ཕོ་ཆུ་གཡས་ལས་ མོ་ཆུ་གཡོན་ལས་ ད་འ་ནཱི་གི་ ཏེ་རི་གླངམོ་ཆེ་འདྲ་བའི་ལྷ་པ་འདི་གུ་ལུ་ ཏེ་ང་བཅས་རྫོང་གཞི་ཅིག་བཞེངས་དགོ་པས་ཟེར་ ཏེ་ད་རྫོང་འདི་ཏེ་ པར་བཀལ་བཞེངས་ནི་ཟེར་ ཏེ་འ་ནཱི་རྫོང་འདི་ ཏེ་བླ་མ་གི་ཐུགས་བཏབ་ལས་འདི་འ་ནཱི་སྦེ་ཨིན་མས་བ་ དེམ་ཆུ་གཉིས་ཀྱི་སྦུག་འབདཝ་ད་ པར་གྱིས་ན་མི་འཐན་འདི་རྩིག་པ་གིས་རང་བཞེངས་ནི་ ད་འ་ནཱི་ང་བཅས་པར་ཤིང་ཞུ་དགོ་མི་འདི་ དུས་དང་ཕུ་ང་བཅས་ཀྱི་ ཏེ་ནཱ་ལུ་ པར་གྱི་དེམ་ཟེར་མེདཔ་མས་ལགས།
  • ཀུན་ལེགས་
    Kinley: ཏེ་འ་ནཱི་ད་ ང་བཅས་ཀྱི་མི་སེར་ཚུ་གི་དོན་དག་སྦེ་ ད་ཁོ་པར་ཤིང་ཅིག་འཚོལ་བར་གཏང་དགོ་པས་ཟེར་ ཏེ་བླ་མ་ཐུགས་བཞེད་གནང་འབདཝ་ད་ ཏེ་པར་ཤིང་ ཏེ་རྫོང་བཞེངས་ནི་དོན་ལས་ ཁྱོད་ར་པར་ཤིང་གཅད་སོང་ པར་ཤིང་ཨེན་ཏ་འཚོལ་སོང་ ཟེར་འབདཝ་ད་ཏེ་དེ་ལས་བཟོ་བོ་གིས་ ཏེ་དྲོ་པ་གནམ་ནངསམ་ད་ ལྟོ་མཟར་རས་ལུ་བཅིངས་ དྲོ་མཟར་ཁོང་ལུ་བཙུགས།
  • ཀུན་ལེགས་
    Kinley: ཏེ་ཏེ་ཡར་ལྷོ་འབྲུག་པའི་ནགས་འཚལ་ཨོང་་་་་ ལྷོ་འབྲུག་པའི་ནགས་འཚལ་འདི་ ཏེ་བཤལ་འབདཝ་ད་ཏེ་ མ་པ་ལས་པར་ཤིང་མ་ཐོབ་པས་ དེམ་ལྷོ་འབྲུག་པའི་ཨོང་་་་་ ནགས་འཚལ་ཕར་བཤལ་ཚུར་བཤལ་རུང་། པར་ཤིང་བཏུབ་པའི་མེད། གང་སྟོད་ཕར་བཤལ་ཚུར་བཤལ་རུང་། པར་ཤིང་བཏུབ་པའི་ཤིང་མེད་པར། ཏེ་དེ་ལས་ཏེ་ ཕྱི་རུ་མར་ལོག་ཞིན་ན་ ཏེ་གནས་པའི་གདོང་ཁ་ལུ་ ཏེ་ད་ལྷོ་འབྲུག་པའི་ནགས་འཚལ་རྒྱ་ཆེ་བས། པར་ཤིང་བཏུབ་པའི་ཤིང་མིན་ནུག་ཟེར།
  • ཀུན་ལེགས་
    Kinley: ཏེ་དེ་ལས་བཟོ་བོ་གིས་ང་ ང་གིས་ཁ་རྒྱུན་ཉན་བལྟཝ་ད་ པར་ཤིང་འབྲུག་པའི་རྒྱལམོ་འདི་ བོད་ར་ལུང་གནས་ཀྱི་གདན་ས་ལུ་འཁྲུངས་ནུག་ཟེར་སླབ་དེས་ ཡར་ལུ་འགྱོ་དགོ་ནི་མས་ཟེརཝ་ད་ བཏུབ་པས་ཟེར་ ཏེ་དེ་ལས་འ་ནཱི་ དེ་བསྒང་ ང་བཅས་ཀྱི་ ཤར་གྱི་དབང་དྲག་དཀར་མོ་ཟེར་ཡོད་བ་ལགས་ཆུམ་ འ་ནཱི་[འགྲལ་བཏགས་རྐྱབ་ ཏེ་བྲིང་བཞག་?] སྦེ་གདོང་བཙུགས་སྦེ་ བཟོ་བོ་ཏེ་ ཡར་བོད་ལུ་སོང་སོངམ་ཨིན་ཟེར་མས།
  • ཀུན་ལེགས་
    Kinley: ཏེ་ཡར་བོད་ལུ་ལྷོདཔ་ད་འབད་ཚེནི་ ཏེ་པར་ཤིང་ སོན་འདི་འདི་ ཡར་འཁྲུངས་ཡི་ཟེར་ ཏེ་ཨོང་་་ བོད་སྤྲུལ་པའི་ཆོས་རྒྱལ་དང་ཞལ་མཇལ་ པད་སྐོར་ཅན་དང་གསུང་མཐུད་ ཏེ་པད་སྐོར་ཅནམ་དེ་གིས་ པར་ཤིང་སོན་འདི་ཡར་འཁྲུངས་ཡི་ དེ་འབདཝ་ད་ ཡར་བོད་ལྷགཔ་ཚར་བའི་སྟབས་ཀྱིས་འཁྲུངས་མ་ཚུགས་ཟེར་ བོད་ལུ་བསིལ་ཡོད་ནི་འདི་གིས་འཁྲུངས་མ་ཚུགས་ ཆུ་དང་བྱེ་མའི་གསེབ་ལས་རྒྱ་ནག་མི་ལུ་བྱོན་སོང་ཡི་ཟེར།
  • ཀུན་ལེགས་
    Kinley: ཏེ་དེ་ལསན་བཟོ་བོ་ ཏེ་ཡར་ལས་དར་དང་གོས་ཆེན་བསྒྲུབས་ ཏེ་ལོག་གཡུས་ཁར་འོང་ ཏེ་དེ་ལས་ནཱ་ལས་མར་རྒྱ་ལུ་བྱོན་བྱོནམ་ཨིན་ཟེར་མས། པར་ཤིང་འབྲུག་པའི་རྒྱལམོ་གཙོ་བོ་འཚོལ་བར། ཏེ་མར་རྒྱ་ལུ་སོང་ ཏེ་མར་ལྷོདཔ་ད་ ཏེ་རྒྱ་དཔའ་ཚ་རཱ་ཛ་དང་ཞལ་མཇལ་ རྒྱ་བཟའམོ་སྤུན་གཉིས་དང་གསུང་མཐུད་འབད་སྦེ་འབདཝ་དནི་ ཏེ་པར་ཤིང་སོན་འདི་མར་འོང་ཡི་ རྒྱ་ཚདཔ་ཚ་སྟེ་འཁྲུངས་མ་ཚུགས་ འོག་ཕྱོགས་ཀླུ་ལུ་བྱོན་སོ་ཡི་ཟེར།
  • ཀུན་ལེགས་
    Kinley: ཏེ་བཟོ་བོ་བུང་འགམ་སྟེ་ ཏེ་མར་འོག་ཕྱོགས་ཀླུ་ལུ་བྱོན་ ཏེ་དེ་ལས་འོག་ཕྱོགས་ཀླུ་ལུ་བྱོན་ནི་གི་གནས་སྐབས་འདི་མ་མཐོང་པར་ ཏེ་རྒྱ་བཟའམོ་སྤུན་གཉིས་ཆ་ཏེ་ ཏེ་དབའེ་སྤྲུལ་པའི་བཟོ་བོ་ཟེར་ ཆུམོ་རྒྱ་ཆུ་ཨིནམ་རབས་ཀྱིས་ཤེས། །ཤིང་ཙན་དན་ཨིནམ་བོད་ཀྱིས་ཤེས། །བུམོ་རྒྱ་བཟའམོ་ཨིནམ་སྐད་ཀྱིས་ཤེས། །ཟེར་ འདི་[ངལ་མཚོ་འདི་བལྟ་ཚེ་?] ཏེ་པར་ཤིང་འདི་ ཏེ་འ་ནཱི་སྦེ་རྩ་བོ་བརྡབས་ཏེ་ ཏེ་འོག་ཕྱོགས་ཀླུ་ལས་ཞུ་ཞུ་ཨིན་ཟེར་མས།
  • ཀུན་ལེགས་
    Kinley: འོག་ཕྱོགས་ཀླུ་ལས་ཞུ་ ཏེ་དེ་ལས་ཡར་མཚོ་ཡི་ཁ་ལུ་སྦྲུལ་ཕོ་མོ་གཉིས་ཀྱིས་བཏོན་ ཏེ་མར་རྒྱ་ལུ་ལྷོདཔ་ད་འབདཝ་དནི་ ཏེ་མར་རྒྱ་བཟའམོ་སྤུན་གཉིས་ཆ་ པར་ཤིང་འབྲུག་པའི་རྒྱལམོ་འདི་ཏེ་ ང་བཅས་ཀྱིས་མ་བཏོན་ ཁྱོད་པར་ཤིང་འབྲུག་པའི་རྒྱལམོ་གཙོ་བོ་མི་འཐོབ་ཟེར་ མར་[རྒྱ་ནག་བར་དཀར་?]བཞེངས་དགོ་ཟེར་ བཟོ་བོ་ལོ་གཅིག་[རྒྱ་ནག་བར་དཀར་?]བཞེངས་འགོར་སོང་ནུག
  • ཀུན་ལེགས་
    Kinley: ཏེ་དེ་ལས་མར་ལས་ཡར་བོད་ལུ་སྐྱེལ་ནི་གནམ་མ་མཐོངམ་ད་ ཏེ་ཁྲུང་ཁྲུང་ཕོ་མོ་གཉིས་ལུ་གསོལཝ་བཏབ་སྟེ་ ཁྲུང་ཁྲུང་ཕོ་མོ་གཉིས་ཆ་ པར་ཤིང་ཨེན་ཏ་གཉིསཔོ་འདི་འབག་ ཡར་བོད་ལུ་སྐྱེལ་ བོད་ར་ལུང་གནས་ཀྱི་གདན་ས་སྐྱེལ་ ཏེ་ཡར་ལྷོདཔ་ད་འབདཝ་དནི་ ཏེ་བོད་ཀྱི་པད་སྐོར་ཅན་མ་གིས་ སོན་ཡར་ལས་མ་འཁྲུངསན་ ཁྱོད་པར་ཤིང་ག་ལས་གཞོག་པ་ཟེར་ ལྷ་ས་ཇོ་ཁང་བཞེངས་དགོ་ཟེར་ བཟོ་བོ་ལོ་གཅིག་ཡར་འཁོར་སོང་ནུག་ལྷ་ས་ཇོ་ཁང་བཞེངས་ཏེ།
  • ཀུན་ལེགས་
    Kinley: ཏེ་ཡར་ལས་མར་སྦེ་འབད་བའི་ཤུལ་ལས་ ཏེ་ཁྲུང་ཁྲུང་ ཏེ་ཨ་ཕར་ཕར་ སྤུ་ན་ཁ་གི་རྫོང་གི་ལྟག་ལུ་ འཛོམས་གླིང་ཐང་ཟེར་ཡོད་བ་ལགས་ འ་ནཱ་ལུ་ཁྲུང་ཁྲུང་ཕོ་མོ་གཉིས་ཀྱིས་སྐྱེལ་སྐྱེལཝ་ཨིན་ ཟེར་ཨིན་མས་བ་ལགས། ང་བཅས་ཁྲུང་ ཁྲུང་ཏ་དཀརམོ་ ཞབས་ཁྲ་ཁྲུང་ཏ་དཀར་མོ་ཟེར་རྐྱབ་ནི་ཡོད་ལགས། ཞབས་ཁྲ་ཁྲུང་ཏ་དཀར་མོ་རྐྱབ་ད་ ཏེ་གཤོག་སྒྲོ་གཡས་པ་ལྡིང་ཤོག །བོད་ར་ལུང་མཚོ་ཁར་ལྡིང་ཤོག །གཤོག་སྒྲོ་གཡོན་མ་ལྡིང་ཤོག །རྒྱ་པདྨའི་མཚོ་ཁར་ལྡིང་ཤོག །གཡས་གཡོན་མེད་པར་ལྡིང་ཤོག །འཛོམས་མུ་ལྟ་ས་ལ་ལྡིང་ཤོག་ཟེར་ ང་བཅས་དང་ཕུ་ཚིག་འདི་འ་ནཱི་འབད་དོ་བ་ལགས། འ་ནཱི་འཛོམས་གླིང་ཐང་ལས་ཁྲུང་ཁྲུང་འཕུར་བའི་ཚིག་ཨིན་ཟེར་ རྒས་ཤོས་ཚུ་གིས་ཨ་ནཱི་སྦེ་ སླབ་ཡང་དེ་སྦེ་སླབ་མས་ ང་བཅས་ཞབས་ཁྲ་རྐྱབ་རུང་དེ་སྦེ་ར་རྐྱབ་ཨིན་ཟེར་ཞུ་ནི།
  • ཀུན་ལེགས་
    Kinley: ཏེ་འ་ནཱི་སྦེ་ཞིནམ་ལས་ ཏེ་དེ་ལསནི་ པར་ཤིང་འདི་ཏེ་བླ་མ་གིས་ བླ་མ་གིས་སྤུ་ན་རྫོང་འདི་ཞག་གསུམ་གྱི་ནང་འཁོད་གྲུབ་ཨིན་ཟེར་མས། ཏེ་པར་ཤིང་འབྲུག་པའི་རྒྱལམོ་འདི་འཛོམས་གླིང་ཐང་ལྷོད་ཞིན་ན་ ཏེ་བླ་མའི་ཕྱག་དབང་བཅར་བཅརཝ་མས་ཁོ་ ཏེ་པར་ཤིང་གཙོ་བོ་འཐོབ་ གཞོག་འབག་འོང་ཡི་ཟེར་འབདཝ་ད་ ཨེའེ་བཏུབ་པས་ ད་རྫོང་གྲུབ་ཚར་ཡི་ཟེར་ ང་འདི་རྫོང་རྐྱབ་ནི་དོན་དག་ལས་མེན་ ང་བཅས་ཀྱི་འབྲུག་ལུངམ་འདི་ནང་ལུ་ དགོ་ནི་གི་དོན་དག་ལས་སྦེ་ གཅད་པར་བཏང་བཏངམ་ཨིན་ ཁྱད་མིན་འདུག་ ད་ཁྱོད་རའི་སྐལཝ་ཅིག་ཁྱོད་ར་ཡོད་ཟེར་ ཏེ་སྤུ་ན་རྫོང་ནང་ལུ་རྟེན་ དང་ཕུ་བླམ་འ་ནཱི་སྦེ་རྟེན་ཟེར་ཡོད་མེན་ན་ལགས?
  • ཀུན་ལེགས་
    Kinley: རྟེད་གཞུང་པ་ཅིག་ཡོད་ལགས། ད་རེས་བར་ཡང་མཇལ་ས་ཡོད། འ་ནཱི་ནང་ལུ་ རྟེན་གཞན་ཚུ་ནང་མེད་ འ་ནཱི་ནང་ལུ་ རྟེན་འདི་གི་ ནང་རྟེད་སྦེ་ སྐུ་གསུམ་ཡོད་ལགས་ གཡས་ལས་རྒྱ་བཟའ་ གཡོན་ལས་བོད་བཟའ་ སྦུག་ལུ་སྤྲུལ་པའི་བཟོ་བོ་ཁོ་ར་འབད་ འ་ནཱི་ཁོ་གི་ཤུལ་འདི་ སྤུ་ན་ཁ་རྫོང་ནང་གི་རྟེན་གཞུང་པ་འདི་ཨིན། ཏེ་འ་ནཱི་ ད་ང་བཅས་པར་ཤིང་ཞུ་ པར་ཤིང་ཞུཝ་ད་ཚིག་འདི་འ་ནེམ་ཅིག་ཨིན་ལགས།
  • ཀུན་ལེགས་
    Kinley: དེམ་ད་ད་ལྟོ་འ་ནེམ་ཅིག་སྦེ་བཞག་གེ་སྨོ་ཤིག་ལགས། ཏེ་འ་ནཱི་མར་ལས་ཡར་གྱི་ ད་འ་ནཱི་ཞུ་ཐངས་ཚིག་འཚོལ་ཐངས་འདི་འ་ནེམ་ ཅིག་མམ། ཏེ་ད་ པར་ཤིང་བཏངམ་ཟེར་མི་འདི་ པར་ཤིང་བོད་ལུ་བཏངམ་ཟེར་མི་འདི་ ཏེ་འ་ནཱི་ང་བཅས་བཟོ་བོ་འདི་གིས་འ་ནཱི་སྦེ་ རྒྱ་བསྐོར་བོད་བསྐོར་རྐྱབ་ཞུ་སྦེ་འབད་ཞིན་ན་ ཏེ་དེ་ལས་ང་བཅས་འབྲུག་པའི་ཁྱིམ་འདི་རྐྱབ་མས་ལགས།
  • ཀུན་ལེགས་
    Kinley: དཔེ་འབད་སྦེ་བཞག་པ་ཅིན་ ད་དཔེར་ན་ལུ་ངེའི་ཁྱིམ་འདི་རྐྱབ་མས་ ངེའི་ཁྱིམ་འདི་རྐྱབ་པའི་བསྒང་ བོད་ལས་ཞུ་དགོ་པས་བ་ འ་ནཱི་ཚིག་མ་ཚང་ཚངམ་སླབ་སྟེ་ ལོ་གསུམ་གྱི་བཤད་པ་རྐྱབ་ཞུ་དགོ་པས་བ་ འ་ནཱི་ཞུ་ཞིན་ན་ ཏེ་ཁྱིམ་འདི་བསྒྲུབས་ཞིན་ན་ལས་ ཏེ་པར་ཤིང་འདི་ ལོ་གསུམ་མ་བཏང་པ་ཁྱད་མེད་ རོགས་ཚགས་ཁར་ཚུད་མི་གིས་ དུས་ཅི་རྐྱབ་སང་ཕོད་བཏངམ་ཨིན་ ཚགས་ཁར་མ་ཚུད་མི་གིས་ལོ་གསུམ་ལུ་བཏངམ་ཨིན། ལོ་གསུམ་ལུ་ཨིན་ཅིག་མེན་ཅིག་གཏང་དགོ་ ཟེར་ཞུ་ནི་ལགས།
  • ཀུན་ལེགས་
    Kinley: མ་བཏང་པ་ཅིན་ ཁྱིམ་ནང་ལུ་ཚིག་ཚངམ་འབད་ཞུ་ད་པ་ཅིན་ ཨ་ཙི་རེ་ན་ཚ་རེ་ཕོགཔ་ཨིན། ཏེ་རྒས་ཤོས་ཚུ་གི་ཡང་དེ་སྦེ་སླབ་དེས་ ད་རེས་ཨིན་ཡང་དེ་སྦེ་ར་ཨིན་མས་ཟེར་ཞུ་ནི། ང་ང་ར་གི་མིག་གིས་ཡང་མཐོང་ཅི་ ལགཔ་གིས་ཡང་བཟུང་ཆི་ཟེར་ཞུ་ནི་ལགས། ཏེ་འ་ནཱི་བཏངམ་ད་ ཏེ་དེ་ལས་འ་ནཱི་ཁམས་མཁས་ རྩ་བ་ལས་འདི་ཨམ་སྲུ་ ལྟག་ལས་ཀྱི་འདི་བཟོ་བོ་འདི་སྦེ་ དགོ་བ་ལགས། འ་ནཱི་པར་ཤིང་འདི་ ཏེ་ཡར་ལས་ ད་ང་བཅས་ང་ཁྱོད་ལས་ཅ་ལ་བརྙཝ་མས་སྨོ་ཤིག་ བརྙ་མི་འདི་ང་ཨིན་མས་བ་ཏེ་ ཨིན་རུང་མེན་རུང་ཐོག་ཁར་ང་སྡོད་དགོ་པས་བ་ཏེ་ ཏེ་ཨིནམ་ད་བཟོ་འདི་གིས་མ་ཤེས་པ་ཅིན་ འ་ནཱི་ཚབ་མ་རོགས་ཕོ་རྒས་གཅིག་བཙུགས་བཞགཔ་ཨིན།
  • ཀུན་ལེགས་
    Kinley: ཏེ་ཨམ་སྲུ་འདི་མར་རྩ་བ་སྡོད་དགོ་མི་འདི་ ཁམས་མཁས་མཆོད་པའི་ལྷམོ་ཟེར་ བོད་སྤྲུལ་པའི་ཆོས་རྒྱལ་བོདཔ་ཨིན་ཟེར་མས། ཏེ་མོ་ ཁམས་མཁས་མཆོད་པའི་ལྷམོ་འདི་ བོད་ཁམས་གཡུས་ལས་ བོད་སྤྲུལ་པའི་ཆོས་རྒྱལ་བཀའ། འབགན་རི་བ་ལྕི། འབོརན་གསེར་བ་ཕངས། ཏེ་ས་རྒྱ་ནག་མི་ཡུལ་ལུ་ལྷོདཔ་ད། །ས་རྒྱ་ལས་བལྟ་ཚེ་བོད་སྐྱ་བས། །བོད་ལས་བལྟ་ཚེ་རྒྱ་སྐྱ་བས། །ས་རྒྱ་སྐྱ་བོད་སྐྱ་འབྲུག་པའི་ས། །འབྲུག་ཕུག་ལས་བལྟ་ཚེ་རྡོ་སྐྱ་བས། །རྡོ་ལས་བལྟ་ཚེ་ཕུག་སྐྱ་བས། །འབྲུག་ཕུག་སྐྱ་རྡོ་སྐྱ་ནོར་བུའི་གཡུས། །གཡུས་བཟང་ནོར་བུའི་གླིང་ལུ། །ཁྱོད་་་་་་་་ཡང་ཕྱུག་པའི་ཁང་བཟང་འདི། །རྩ་བོ་འགྱམ་རྡོ་ས་ལས་བསྐྱུར་བའི་བསྒང་། །བོ་ཡལ་གཉིས་ཀྱི་ཨེན་ཏ་འདི། །ས་ག་ཏེ་ཕྱོགས་ལས་ཞུ་ཞུཝ་ཟེར།
  • ཀུན་ལེགས་
    Kinley: ཏེ་མོ་འ་ནཱི་དྲི་འོང་བ་ཏེ་ ཏེ་དེ་ལས་ འ་ནཱི་ཞུ་བའི་ཤུལ་ལས་ ངེའི་པར་ཤིང་འབྲུག་པའི་རྒྱལམོ་འདི། །བོད་ཁ་གཡུས་ལས་ཞུ་ཡི་བསྒང་། །ཞག་དང་ཟླ་བ་འབག་འོང་ནི་སྦེ་ཨིན། །ད་ལོ་དང་ཟླ་བ་བཅད་ཆེ་རུང་། །པར་ཤིང་འབྲུག་པའི་རྒྱལམོ། །བོད་ཁ་གཡུས་ལུ་མ་ལྷོད་ཟེར་ ཏེ་པར་ཤིང་འབྲུག་པའི་རྒྱལམོ་འདི། །ང་བོད་ཁ་གཡུས་ལུ་ཞུ་དགོ །ཟེར་འབདཝ་ད།
  • ཀུན་ལེགས་
    Kinley: ཏེ་དེལས་ ཏེ་བཟོ་བོ་འདི་གིས་སླབ་འོང་བ་ཏེ་ དེམ་ ཁམས་མཁས་མཆོད་པའི་ལྷ་མོ། །ཨོང་་་་ ཁམས་མཁས་མཆོད་པའི་ལྷ་མོ། །ཁྱོད་པར་ཤིང་འབྲུག་པའི་རྒྱལམོ་འདི། །ལྷོ་འབྲུག་པའི་ཁང་བཟང་བཞེངས་ཏེ། །རྩ་བོ་འགྱམ་ས་ལས་བཙུགས། །རྩེམོ་དར་ཆུང་གནམ་ལུ་བཀལ། །བཀལ་ཚར་ཚར་ ཁྱོད་པར་ཤིང་འབྲུག་པའི་རྒྱལམོ། །ཉིན་སུ་ཉི་མ་བསྔོ། །ནུབ་སུ་སྐར་མ་བསྔོ། །
  • ཀུན་ལེགས་
    Kinley: པར་ཤིང་མཇུག་གི་ཟུར་བལྟནི། །ཨོང་་་་ པར་ཤིང་མཇུག་གི་ཟུར་བལྟནི། །[ཨོ་ཟུར་སྐྱན། ཟུར་སྐྱ་་་་་་་་ ཟུར་གྱི་ཟད་སོང་ཡི། །?] པར་ཤིང་ཁ་ཡི་ཁར་བལྟནི། །བུ་མོའི་སྟིང་པ་ཞག །བོ་གཡས་གཡོན་གཉིས་ཀྱི་ཨེན་ཏནི། །་་་་་་་་་་་་་་་་་་། པར་ཤིང་བལྟ་བཏུབ་མིན་འདུག །ལྷོ་འབྲུག་པའི་ནང་རྟེན་བཙུགས་ད་ཡི། །ཏེ་ ལྷོ་འབྲུག་པའི་མཆོད་བཤམ་ཁྲ་མོ་ལུ། །པར་ཤིང་འབྲུག་པའི་རྒྱལམོ། །ཉིན་སུ་སྤོས་དང་མར་མེ། །ནུབ་སུ་ཕྱག་དང་མཆོདཔ་སྦེ། །ལྷོ་འབྲུག་པའི་ནང་རྟེན་བཙུག་ད་ཡི། །ཟེརཝ་ད།
  • ཀུན་ལེགས་
    Kinley: ཏེ་མོ་གིས་མི་ཉན་བ་ཏེ་ ང་བོད་སྤྲུལ་པའི་ཆོས་རྒྱལ་བཀའ། །འབགན་རི་བ་ལྕི། །འབོརན་གསེར་བ་ཕངས་ཟེར་ པར་ཤིང་འབྲུག་པའི་རྒྱལ་མོ། །ལྷོ་འབྲུག་པའི་ནང་རྟེན་མི་བཏུབ། །ང་ལོག་བོད་ཁ་གཡུས་རང་ཞུ་དགོ་ཟེར། །འབདཝ་ད་ཏེ་ ཏེ་ལུང་བསྟན་སྤྲུལ་པའི་བཟོ་བ་གིས། །ཁྱོད་པར་ཤིང་འབྲུག་པའི་རྒྱམོ་འདི། །བོད་ག་གཡུས་རང་ཞུ་དགོན། །ཁང་བཟང་འགྱམ་མའི་རྩ་བ། །་་་་་་་་་་་་་་འབུང་གི་ཕུལ། །
  • ཀུན་ལེགས་
    Kinley: དེམ་རྒྱབ་ ཨོ་ཨོ་་་་ རྒྱབ་རབ་གསལ་ཁྲ་མོ་ཧེན། །ཏེ་ ཐུགས་མ་ཁོམ་ཡོད་རུང་བཞུགས་ད་ཟེར་ ཏེ་ང་ལུངབསྟན་སྤུལ་པའི་བཟོ་བ་གིས། །ངེའི་བཟོ་གཡོག་གེ་སར་བརྒྱ་གཅིགཔོ་འདི། །ཕར་དུང་བསམ་བསྐོར་བ་གཏང་ད་གེ་ཟེར་ ཏེ་མེད་བ་ཏེ་ལགས། ཏེ་འ་ནཱི་རྩོད་པ་ཤེས་མི་འདྲན་འདྲ་འབད་ཅིན་ ཏེ་རྩོད་པ་ཕྱད་དེ་ལགས།
  • ཀུན་ལེགས་
    Kinley: པར་ཤིང་ད་དརེས་ནངས་པ་རོགས་ཚིག་མ་ཤེས་མི་ཚུ་གིས་པར་ཤིང་རྒྱན་ཆ་གྱོན་ཚརཝ་ཅིག་འགོ་བཙུགས་པའི་བསྒང་ལས་ པར་ཤིང་ཕྱི་བཏོན་སྦེ་འབད་ འབདཝ་མས་བ་ལགས། དེ་སྦེ་མེན་ ཟ་ཟཝ་ཨོ་་་་ རྩོད་པ་ཤེས་མི་འདྲན་འདྲ་ཡོད་པ་ཅིན་ འ་ནཱི་ཡར་ལས་མར་ ཚིག་ག་དེ་ཅིག་འདུག་སྨོ་ཤིག འ་ནཱི་མཇུག་བསྡུ་ འ་ནཱི་སླབ་ ཧེ་མ་རང་མགོ་འདི་ ཏེ་མར་ལས་མཆོདཔ་ལས་སྦེ་བཙུགས་དགོ་བ་ལགས་ཏེ།
  • ཀུན་ལེགས་
    Kinley: མཆོདཔ་ལས་སྦེ་བཙུགས་པའི་ཤུལ་ལས་ ད་ང་གིས་ཏེ་ད་ཅི་ཨ་ནཱི་ ཡར་ལས་མདོར་བསྡུས་ཅིག་སྦེ་སླབ་དཔ་མམ། ཞུན་དག་སྦེ་རྐྱབ་དགོ་པ་ཅིན་ མགུ་འདི་མཆོད་པ་གིས་ར་བཙུགས་དགོ་ཟེར་ ཏེ་ཞུ་ནི་ལགས། ང་བཅས་དབྱངས་ཅན་ཇོ་མོ་ཚེ་རིང་ལྷ་ཡང་ཞུ་དགོ་ལགས། འ་ནཱི་ཚུ་ཞུ་སྦེ་འབད་བའི་ཤུལ་ལས་ ཏེ་ངེའི་བཟོ་གཡོག་གེ་སར་བརྒྱ་གཅིགཔོ་འདི། །ཕར་དུང་བསམ་བསྐོར་བ་གཏང་ད་གེ་ཟེར་
  • ཀུན་ལེགས་
    Kinley: བཏང་དགོ་པའི་རྒྱུ་མཚན་འདི་ག་ཅི་སྨོ་ཟེར་བ་ཅིན་ ད་ཡར་ལས་བརྙ་བའི་བསྒང་ག་དེ་སྦེ་བརྙ་རུང་ གུ་དེ་སྦེ་བརྙ་རུང་ ད་དཔེར་ན་ལུ་ ང་གིས་ཁྱོད་ལས་ཅ་ལ་ཅིག་བརྙ་བ་ཅིན་ ཁྱོད་ལས་བརྙ་བའི་བསྒང་གི་ཅ་ལ་འདི་སོ་ཏོག་ཁོག་ཁོ་ ག་ནི་བ་རྔམ་ཅིག་ཡོད་རུང་ རང་ལས་སྤྲོདཔ་ད་ དེ་སྦེ་སྤྲོད་མི་ནུམ་བ་སྨོ་ཤིག་ལགས།
  • ཀུན་ལེགས་
    Kinley: ཧུམ་ཆི་ཆི་ལེགས་ཤོམ་ཅིག་ ཆུ་འཁྱུ་སྦེ་སྤྲོད་དགོ་བ་ འ་ནཱི་གི་དཔེ་བཟུམ་སྦེ་ ད་པར་ཤིང་འདི་ན་ལས་བཏང་པའི་བསྒང་ལས་ ཏེ་འ་ནཱི་དཀྱི་ར་དཀྱི་དགོ་མི་འདི་ རྒྱན་ཆ་གྱོན་ནི་དོན་དག་ ད་དང་ཕུ་རྒྱ་དུང་བསམ་བསྐོར་དགོ་བ་ཏེ་ བཟོ་གཡོག་གེ་སར་བརྒྱ་གཅིགཔོ་འདི་ དུང་བསམ་བསྐོར་བ་བཏང་མི་གི་དཔེ་འདི་འ་ནཱི་ཨིན་ ཟེར་ཨིན་མས་བ་ལགས།
  • ཀུན་ལེགས་
    Kinley: ཏེ་དེ་ལས་ ཏེ་མར་སྡོད་མི་འདི་ ཁམས་མཁས་མཆོད་པའི་ལྷམོ་འདི་ ཡུདཔ་ཅིག་ལས་ དབངམོ་ངལ་ཏེ་ ཁྱོད་བཟོ་གཡོག་གེ་སར་ ཨོ་ཏེ་ ཉོན་ཅིག་སྤྲུལ་པའི་བཟོ་བོ། །གསོན་ཅིག་སྤྲུལ་པའི་བཟོ་བོ། །ཁྱོད་བཟོ་གཡོག་གེ་སར་བརྒྱ་གཅིགཔོ་འདི། །ཕར་དུང་བསམ་བསྐོར་ཏེ་མ་ལོག་ག་ཟེར་
  • ཀུན་ལེགས་
    Kinley: ཕར་དུང་བསམ་བསྐོར་འདི་ལོག་དནི། །ང་བོད་ཁ་གཡུས་ལུ་འགྱོ་དགོ་པས། །ལྷོན་ད་རེས་ནངས་པ་རང་འགྱོ་དགོ །མ་ལྷོདན་གནངས་དང་བཞི་ལས་འགྱོ་དགོ་ཟེར་ ཏེ་འབད་བའི་ཤུལ་ལས་ ཏེ་དེ་ལས་ཏེ་བཟོ་བོ་འདི་ བཟོ་གཡོག་གེ་སར་ཨོ་་་་ ཉོན་ཅིག་མཆོད་པའི་ལྷམོ། །གསོན་ཅིག་མཆོད་པའི་ལྷམོ། །ངེའི་བཟོ་གཡོག་གེ་སར་བརྒྱ་གཅིགཔོ། །ཕར་དུང་བསམ་བསྐོར་ཏེ་ལོག་ད་ཡི་ཟེར།
  • ཀུན་ལེགས་
    Kinley: ད་ཁྱོད་པར་ཤིང་ལེགས་ངོ་བལྟ་ཤིག་ཟེར་ དེ་བསྒང་ལས་རྒྱན་ཆ་གྱོན་ འ་ནཱི་བསྒང་ལས་ཡར་རབ་གསལ་གུ་ལས་མར་ལུ་བཏོནམ་ཨིན་ པར་ཤིང་ལེགས་ངོ་འདི་ ཏེ་གཉའ་བར་གསེར་ཤོག་ར་ཅུ་བཀབ། ཞལ་མེ་ཏོག་ཚོ་མ་བསྒོར། ཏེ་ལུས་དམར་ཁྲ་གསེར་ཁྲ་དཀྱིས། འ་ནཱི་སྦེ་ཏེ་ ཏེ་ཡར་ལས་མར་བཏོན་པའི་བསྒང་ལས་ཏེ་ དེ་ལས་ཁམས་མཁས་མཆོད་པའི་ལྷམོ་ དགའ་དྲགས་ཏེ།
  • ཀུན་ལེགས་
    Kinley: ཨིན་མས་ཨོ་ཨོ་་་ ཨིན་ཡང་ཨིན་མས་ཨོ་ ངེའི་བཟོ་བོ། ངེའི་པར་ཤིང་འབྲུག་པའི་རྒྱལམོ་འདི། །ལེགས་ཡང་མོ་རང་ལེགས་པས། །འཇའ་ཡང་མོ་རང་འཇའ་བས་ཟེར་ དུས་ནི་ལས་ཕར་དང་ཚུར་ལུ། །ལྷོ་འབྲུག་པའི་གྱང་ཁྱིམ་བརྡུང་པར། །པར་ཤིང་བརྙ་བར་བྱིན་ནི་ཟེར་ འ་ནཱི་ལས་མོ་སེམས་དགའཝ་མམ་ཏེ། ཏེ་འ་ནཱི་སེམས་དགའ་སྟེ་ ཏེ་མར་ཁྱིམ་མའི་ཕྱེད་ཀ་ལྷོདཔ་ད་ ད་རུང་བཟོ་བོ་གིས་བཏང་མི་བཏུབ་བ་ཏེ་ཡར་ལས་མར་ པར་ཤིང་འབྲུག་པའི་རྒྱལམོ། །བོད་ཁ་གཡུས་ལུ་མི་བཏང་། །གཡོ་ཡངས་ཐོག་བཀྲིས་ཐོག་ཁར་འཐེན་དགོ་ཟེར་ ཏེ་ཡར་ཚར་གཅིག་རྡིག་འཐེན་འོང་བ་ཏེ་ འ་ནཱི་ཚིག་དང་འཁྲིལ།
  • ཀུན་ལེགས་
    Kinley: འ་ནཱི་རྡིག་འཐེན་པའི་བསྒང་ལས་ ཏེ་དེ་ལས་མོ་རྩོད་པ་འཚོལ་འོང་བ་ཏེ་ ཏེ་དེ་ལས་འ་ནཱི་བསྒང་ལས་རྩོད་པ་འགོ་བཙུགསཔ་ཨིན། ཉོན་ཅིག་སྤྲུལ་པའི་བཟོ་བོ། །ཨོ་་་ ཉོན་ཅིག་སྤྲུལ་པའི་བཟོ་བོ། །གསོན་ཅིག་སྤྲུལ་པའི་བཟོ་བོ། །ཨོ་་་གཡོ་ཡངས་ཐོག་བཀྲིས་ཐོག་ཁར། །ཁྱོད་ག་ཅི་དཔའ་རྟགས་འགྱུརཝ་ཟེར་ ཁྱོད་ལུང་བསྟན་སྤྲུལ་པའི་བཟོ་བོ། །ཁ་ལྟོ་ཁར་སྤགས་ཀྱིས་བསྒོར་རུང་། །ང་འབྲུག་པའི་རྒྱས་མོའི་བཀའ་དྲིན་ཨིན། །
  • ཀུན་ལེགས་
    Kinley: ཨུབ་གདན་ཅུང་ཁ་གང་གྲུ་བཞི་གུ་སྡོད་རུང་ཡང། །ང་སྤྲུལ་པའི་བཟོ་བོའི་བཀའ་དྲིན་ཨིན་ཟེར་ ཁ་ཅིག་ལྟག་ལས་སླབ་རུང་ཡང། །ང་འབྲུག་པའི་རྒྱ་མོའི་བཀའ་དྲིན་ཨིན། །མིག་ཅིག་ལྟག་ལས་བལྟ་རུང་ཡང་། །འབྲུག་པའི་རྒྱ་མོའི་བཀའ་དྲིན་ཨིན། །ཟེར་མོ་རྩོད་པ་འཚོལ་འོང་བ་ཏེ་མར་ལས་ ཁྱོད་ག་ཅི་གི་དཔའ་རྟགས་འགྱུརཝ་ ང་པར་ཤིང་འབྲུག་པའི་རྒྱལམོ། །བོད་ཁ་གཡུས་ར་ཞུ་དགོ་ཟེར་ འབདཝ་ད།
  • ཀུན་ལེགས་
    Kinley: ཏེ་དེ་ལས་ཡར་གྱི་འདི་ཡང་ ཏེ་རོགས་ལེགས་ཤོམ་ཡོད་པ་ཅིན་ ཉོན་ཅིག་མཆོད་པའི་ལྷ་མོ། །གསོན་ཅིག་མཆོད་པའི་ལྷ་མོ། །ཁྱོད་པར་ཤིང་འབྲུག་པའི་རྒྱལམོ། །ལུས་དམར་ཁྲ་གསེར་ཁྲ་དཀྱིས་རུང་ཡང་། །ང་སྤྲུལ་པའི་བཟོ་བོའི་བཀའ་དྲིན་ཨིན། །ཞལ་མེ་ཏོག་ཚོ་མ་བསྒོར་རུང་ཡང་། །ང་སྤྲུལ་པའི་བཟོ་བོའི་བཀའ་དྲིན་ཨིན། །གཉའ་བ་གསེར་ཤོག་ར་ཅུང་བཀབ་རུང་ཡང་། །ང་སྤྲུལ་པའི་བཟོ་བོའི་བཀའ་དྲིན་ཨིན། །ཟེར་ ཏེ་འ་ནཱི་ཁོང་རྩོད་པ་འདི་ འ་ནཱི་ལས་འགོ་བཙུགས་དགོ་བ་ལགས།
  • ཀུན་ལེགས་
    Kinley: ཏེ་འ་ནཱི་གི་འབྱུང་ཁུངས་འདི་ འ་ནཱི་ང་བཅས་ཀྱི་ ཨོ་བླམ་ཆོས་རྗེ་འདོད་ཉམས་རྣམ་རྒྱལ་ཟེར་མི་འདི་གིས་ ཏེ་ལུང་བསྟན་འ་ནཱི་སྦེ་ རྒྱལ་ཁྲིམས་འདི་གསེར་གྱི་གཉའ་ཤིང་དང་། ཆོས་ཁྲིམས་དར་གྱི་མདུད་ཕུད་ཟེར་མི་འདི་ འ་ནཱི་ལུང་བསྟན་འདི་ ཁོ་གིས་གནང་གནངམ་མས་ ཟེར་ཞུ་ནི་ལགས།
  • ཀུན་ལེགས་
    Kinley: ཏེ་འ་ནཱི་ ཏེ་ད་ད་རེས་ང་ འ་ནཱི་པར་ཤིང་གི་སྐོར་ལས་ཅིག་སྦེ་ན་གིས་དེ་སྦེ་གསུངས་དེས་བ་ འ་ནཱི་མ་འབད་བས་སྨོ་ཤིག? ཏེ་མ་པ་ཁུངས་ར་བཀལ་དགོ་བ་ཅིན་ [དུས་གཞི་?]བསྐལ་པའི་ཆགས་ཐོག །འབྱུང་བཞི་རླུང་གིས་[འཕུར་ལུགས?]། །ཆུ་ཆེན་བཞི་པའི་འབབ་ལུགས། །ཨ་ནཱི་ང་བཅས་ར་མར་ དངམ་བསྐལཔ་ཆགས་པའི་ཆགས་ཚུལ་ལས་ར་འགོ་བཟུང་ཤེས་དགོ་བ་ལགས། འ་ནཱི་ཚུ་ལེགས་ཤོམ་སྦེ་ཤེས་དགོ་པ་ཅིན་ ཏེ་ད་རེས་འདི་ཤེས་ས་གི་ལཱ་ཡང་མེན་པས། ཏེ་ད་ལྟོ་ང་གིས་ཡར་ལས་མར་ཚུལ་ཅིག་སྦེ་ཨིན་ ཟེར་ཞུ་ནི་ལགས།
  • ཀུན་ལེགས་
    Kinley: ད་འ་ནཱི་ང་བཅས་ཀྱི་འ་ནཱི་འདི་ ཏེ་ ག་ཅི་འབད་རུང་ ཁྱིམ་པར་ཤིང་ཅིག་ཞུ་རུང་འདྲ་ལགས། དེམ་པར་ཤིང་བོད་ལུ་བཏང་རུང་འདྲ་ ཏེ་ང་བཅས་ཀྱི་ཁྱིམ་གྱི་སྒྲུབ་ ཨོང་་་་ ཆོ་གུ་བཏང་འ་ནཱི་སྦེ་འབད་རུང་ང་བཅས་ཆོསཔ་འདི་ དང་ཕུ་ལས་ར་ མགུ་འདི་ཁོ་གིས་བཙུགས་དགོ་ལགས། ཏེ་ཨ་ནཱི་པར་ཤིང་བཏང་རུང་ཡང་ ཏེ་ཡར་ལས་མར་ལུ་ མགུ་འདི་བཙུགས་པའི་བསྒང་ལས་ ཏེ་ཨ་ནཱི་ ད་འབདན་པར་ཤིང་འདི་མགུ་བཙུགས་ནི་ཟེར་བའི་བསྒང་ལས་ ཏེ་མགུ་འདི་ཆོསཔ་གིས་བཙུགས་དགོ་བ་ལགས།
  • ཀུན་ལེགས་
    Kinley: ཏེ་ཡར་ལས་མར་ གདངས་འཐེན་ཏེ་སྦེ་འབད་ཞིནམ་ལས་སྨོ་ཤིག? གསུང་མཆོད་པ་འབུལ་ལོ་དཀོན་མཆོག་གསུམ། །ཐུགས་དགྱེས་པར་མཛོད་ཅིག་ཡི་དམ་ལྷ། །རྐྱེན་བར་ཆད་བཟློག་ཅིག་མཁའ་འགྲོ་ཚོ། །[དགེ་ལམ་ལས་དྲངས་ཤིག་?]བཅུ་གཅིག་ཞལ། །གནམ་འཁོར་ལོ་རྩིབས་བརྒྱད་སྤུབས་པའི་ཤུལ། །ས་པདྨ་འདབ་བརྒྱད་ཐིང་པའི་གདན། །བར་བཀྲ་ཤིས་ཁ་དར་ཚངས་པའི་དབྱངས། །ཚངས་པའི་དབྱངས་ལས་གསུང་ཞུ་གེ །ཟེར་འབད་བའི་ཤུལན།
  • ཀུན་ལེགས་
    Kinley: ཏེ་ ཤར་མཐོ་བ་བཀྲ་ཤིས་ཁྲི་སྟེང་ལས། །ཟླ་དཀར་དགུང་གི་ཕར་ལོགས། །[ཟླ་དམར་ཤམ་ཐོ་འཛིན་མི། །?] ངེའི་དབྱངས་ཅན་མའི་ཇོམོ་ཚེ་རིང་ལྷ། །[མོ་མེ་བ་སྡོད་པའི་དམར་ལྷ་ཨིན། །?] མཚན་ལྡན་བླ་མའི་གསུང་ལྷ་ཨིན། །གནསཔ་འདོད་ཡོན་ཕྱུག་པའི་ནོར་ལྷ་ཨིན་ཟེར་ ཕྱག་གཡས་པ་གསེར་གྱི་བུམ་པ་བསྣམས། །གཡོན་པར་དངུལ་དཀར་མེ་ལོང་བསྣམས། །[ལྐོདམ་བྱང་ཆུབ་སྤྲིན་ལུ་འཁྲུལ་ས་འདི། །?] ཚིག་གོང་འོག་མི་འཛོལ་ང་ར་འོང་། །ཟེར་ འ་ནཱི་སྦེ་འབད་བའི་ཤུལན།
  • ཀུན་ལེགས་
    Kinley: ཏེ་དེ་ལསན་ [དེ་འབད་བའི་ཤུལ་ལསན་?] ངེའི་པར་ཤིང་འབྲུག་པའི་རྒྱལམོ། །བོད་ཁ་གཡུས་ལུ་ཞུ་བ། །ང་ལུང་བསྟན་ལུང་ལས་བཞག་དགོ་ཟེར་ ལུང་བསྟན་ལུང་ལས་བཞག་དགོན། །ནོརབུ་མནང་ཆེ་[གངས་ཀྱི་རྭ་བ?]། །བླམ་མི་ལ་རསཔ་མ་འཁྲུངས་པ། །ཆོས་དམ་ཆོས་གནང་བའི་ལུང་མེད། །དེ་ལསན་ [བྱང་དང་དོགས་པའི་རི། །?] ཡུམ་ཆེན་ལྷམོ་བསྒོམ། །[སུ་ཞིག་ཐང་ན་མ་དྲན་པར། །?] གླིང་གེ་སར་འཁྲུངས་པའི་བློའོ་མེད། །
  • ཀུན་ལེགས་
    Kinley: ནཱ་ གཡུས་བཟང་ནོར་བུའི་གླིང་ལུ། །འདོད་ཡོན་ཕྱུག་པའི་གནས་པོ་གིས། །ཁང་ཁྱིམ་ས་ལས་མ་ལྷོང་པར། །གསུང་གླུ་གར་སྒྱུར་བའི་ལུང་མེད་ཟེར་ འ་ནཱི་ལུང་འདི་ འ་ནཱི་སྦེ་ཤེས་དགོ་ ཟེར་ཞུ་ནི་ལགས། ཏེ་འ་ནཱི་སྦེ་ལོག་འཕྲོ་མཐུད་གཏང་དགོ་པ་ཅིན་འདི་ ཏེ་ད་གནམ་མེད་ས་མེད་ཡོད་ ཟེར་ཞུ་ནི། ང་གིས་ མདོར་བསྡུས་ཅིག་སྦེ་ དུམ་གྲ་ཅིག་སྦེ་ ཚུལ་ཅིག་སྦེ་བཞག་གེ་ ཟེར་ཞུ་ནི་ལགས། ལགས་སོ་བཀའ་དྲིན་ཆེ།
  • ཀུན་ལེགས་
    Kinley: ཏེ་ད་འ་ནཱི་པར་ཤིང་འདི་ ཏེ་མར་ཕབ་བཞུགས་གྲལ་འབད་ ག་ར་འབད་ཞིནམ་ལས་ ཏེ་དེ་ལས་པར་ཤིང་འདི་མར་ གྱང་གི་རྩ་བར་བཞག་ ཕུན་སུམ་ཚོགསཔ་བཞག་སྦེ་འབད་བའི་ཤུལན་ ཏེ་དེ་ལས་ཟུར་ཆེན་ཟེར་མི་ཅིག་འཐེན་དགོ་ལགས། ཟུར་ཆེན་འདི་ ཟུར་བཞི་གུ་བཞི་ ཏེ་ཟུར་ཆེན་ལྔ་བཟོ་དགོ་ ཟེར་ཞུ་ནི་ལགས། ཟུར་ཆེན་ལྔ་བཟོ་དགོ་མི་འདི་ ཟུར་ཆེན་བཞིཔོ་འདི་ མགུ་འདི་ང་བཅས་ཀྱི་དབང་ཕྱུག་ཆེནམོ་སྦེ་ ཏེ་མཇུག་འདི་ཕུརཔ་སྦེ་ ཏེ་འདི་གུ་རལ་གྲི་བསྡབ་དགོ་ ཟེར་ཞུ་ནི་ལགས།
  • ཀུན་ལེགས་
    Kinley: ཏེ་ཟུར་ཆེན་གཅིག་འབད་མི་ཅིག་ ཨ་ནཱི་མཇུག་འདི་ མར་ལས་ཕར་[པར་གྱིམ་སྦེ་?]ཨིན་ལགས། ཏེ་འ་ནཱི་ག་ཅི་ཨིན་མས་ཟེར་བ་ཅིན་ ཨ་ནཱི་[པར་གྱིམ་?]འདི་ང་བཅས་ཀྱི་ མཆོད་བཤམ་ནང་ན་དེ་སྦེ་བཞགཔ་ཨིན་ ཟེར་ཞུ་ནི་ལགས། ཏེ་ཨ་ནཱི་འ་ནཱི་གིས་འཐེན་དགོ་མི་འདི་ ཁུངས་འདི་ག་ཅིམ་ཟེར་བ་ཅིན་
  • ཀུན་ལེགས་
    Kinley: ང་བཅས་ར་ དུས་དང་ཕུ་ ཏེ་དཔེ་དང་སྲོལ་ ཨ་ནཱི་སྦེ་ཁྱིམ་རྐྱབ་ནི་གི་ ཏེ་དཔེ་དང་སྲོལ་ང་བཅས་ཀྱི་བླ་མ་གིས་ཡང་དེ་སྦེ་གནངམ་བཞིན་དུ་ ཏེ་དེ་ལས་ང་བཅས་ཀྱི་ ཏེ་ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱིས་ ཏེ་ང་བཅས་ཀྱི་དགྲ་འདི་བཏུལཝ་ད་ འ་ནཱི་དཔེ་འདི་ང་བཅས་ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱིས་བརྩམས་བརྩམས་ཨིན་ ཟེར་ཨིན་མས་བ་ལགས།
  • ཀུན་ལེགས་
    Kinley: ཏེ་ང་བཅས་ཀྱི་ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱིས་ ག་ཏེ་ལུ་འདྲེ་སྲིན་དམ་བཏགས་ནི་ཨིན་རུང་ ག་ཅི་གི་བདུད་བཏུལ་ནི་ཨིན་རུང་ ཁོ་ར་གི་དབང་ཕྱུག་ཆེནམོ་འདི་གིས་བཏུལཝ་ཨིན་ ཟེར་ཨིན་མས་བ་ལགས། ཨ་ནཱི་དཔེ་ཨ་ནཱི་ལུ་བལྟ་སྦེ་འབད་ཞིནམ་ལས་ ཏེ་ང་བཅས་ཀྱིས་ ད་ཁྱིམ་རྐྱབ་ས་ ཀླུ་གཉན་ས་བདག་ཨིན་ལོ་ ག་ཅི་ཨིན་ན་རྒྱུ་ས་ཕོགཔ་ཨིན་ལོ་ ཡར་ཨིན་ལོ་མར་ཨིན་ལོ་ཟེར་
  • ཀུན་ལེགས་
    Kinley: ད་ད་རེས་ནངས་པར་ང་བཅས་ར་ རྒྱལ་ཁབ་ཡར་རྒྱས་འགྱོ་ཞིན་ན་ ཏེ་རོགས་འ་ནཱི་ཚུ་ག་དེ་སྦེ་འབད་དོ་ག་མ་ཤེས་ རོགས་དུས་དང་ཕུ་ང་བཅས་ཀྱི་ཕམ་ཚུ་གི་སྐབས་འབད་བ་ཅིན་ ཁྱིམ་འདི་རྐྱབ་ནི་འབད་བའི་བསྒང་ལས་ རྩིསཔ་འཚོལ་ ས་བསླང་ ཏེ་མ་བཏུབ་བཏུབ་སྦེ་བཟོ་དགོ་བ་སྨོ་ཤིག་ལགས།
  • ཀུན་ལེགས་
    Kinley: འ་ནཱི་འབད་ནི་དེ་གིས་ ཏེ་ད་འ་ནཱི་ཁྱིམ་ཟུར་བཞི་གུ་ ཟུར་ཆེན་བཞི་དཔྱང་དགོ་མི་འདི་ ཏེ་ང་བཅས་དབང་ཕྱུག་ཆེནམོ་འདི་ཡར་ལས་མར་དཔྱངས་པའི་བསྒང་ལས་ ང་བཅས་ཀྱི་ས་བདག་གི་ [ཁྱད་ལས་?]སྦོམ་ཨིན་ ཟེར་ཨིན་མས་བ་ལགས། རྒྱུ་ས་ཡང་བཀག་ཚུགས་ ཟེར་ཨིན་མས་ལགས། ང་བཅས་དབང་ཕྱུག་ཆེནམོ་འདི་དང་རལ་གྲིའི་མགུ་འདི་འ་ནཱི་སྦེ་སྦྲགས་བཞག་པའི་བསྒང་ལས་ རལ་གྲི་མགུ་འདི་ ཏེ་གནམ་མེད་ས་མེད་སྨོ་ཤིག? ང་བཅས་ར།
  • ཀུན་ལེགས་
    Kinley: ཧོ་ཙག་ཙ་སྦེ་ མ་འདྲོགཔ་འདྲོགཔ་སྦེ་ མར་ལས་ཉིམ་ཟླཝ་ཆ་མཉམ་ཚངམ་སྦེ་བཟོ་ ཨ་ནཱི་སྦེ་ཚངམ་སྦེ་བཟོ་ དེ་ལས་དབང་ཕྱུག་ཆེནམོ་དང་འབད་བའི་བསྒང་ལས་ ཏེ་ང་བཅས་ར་འདྲ་སྲིན་གྱིས་གླགས་མང་འཁེལ་ཟེར་ འབད་ནི་དེ་གིས་ ཏེ་ཨ་ནཱི་དཔྱང་དགོ་མི་འདི་འ་ནཱི་ཨིན་ཟེར་ ཏེ་ང་བཅས་ར་དེ་སྦེ་རྒས་ཤོས་ཚུ་གིས་ ཏེ་ངེ་གི་གོང་ལས་ཀྱི་རོགས་ ཕ་མ་འདི་གིས་ དེ་སྦེ་ར་སླབ་དེས་ ཟུར་ཞུ་ནི་ལགས།
  • ཀུན་ལེགས་
    Kinley: ཏེ་འ་ནཱི་འདི་ ཨིན་ཅིག་མིན་ཅིག་ ཏེ་ཟུར་ཆེན་འདི་དཔྱངས་ར་དཔྱངས་ དེ་ལས་ ཏེ་ད་ཟུར་ཆེན་གྱི་ཚིག་འདི་ ཟུར་ཆེན་གྱི་ཚིག་འདི་མར་ལས་ཡར་འཐེན་པའི་བསྒང་ལས་ཚིག་འདི་ ཆ་མཉམ་སྐྱ་གཏམ་ཨིན་ལགས། མར་ལས་ཡར་ལུ་ ཧེ་མ་ཤོག་འདི་བགྱངས་ ང་ད་ཅི་སླབ་ཅི་མེན་ན་ གསུང་མཆོད་པ་འབུལ་ལོ་འདི་ འ་ནཱི་མགུ་ལས་འདྲོངསམ་སྦེ་ ལུང་འདི་ཤེས་དགོ་ལགས་འ་ནཱི་ ཅོག་ར་གཅིག་ལགས་ པར་ཤིང་དང་ཟུར་ཆེན་འདི།
  • ཀུན་ལེགས་
    Kinley: ཏེ་འ་ནཱི་མཇུག་བསྡུཝ་ཅིག་ དེ་ལས་འ་ནཱི་གུ་ལས་འབད་ཞིནམ་ལས་ ཟུར་ཆེན་འདི་ ཁྱིམ་ནང་ལས་མར་བཏོན་པའི་བསྒང་ལས་ མར་སྒོ་ཁར་བཏོན་པའི་བསྒང་ལས་ ཡར་ལས་གྱལ་བཙར་ བུམོ་རེ་རེ་གིས་རེ་རེ་འབག་ རེ་རེ་གིས་རེ་རེ་འབག་ཞིན་ན་ འ་ནཱི་ཁྱིམ་ནང་བཞག་མི་འདི་ ཟུར་ཆེན་འདི་ གནས་པོའི་བུམོ་གཙོ་བོ་འདི་གིས་འབག་དགོ་ལགས།
  • ཀུན་ལེགས་
    Kinley: ཏེ་ཡར་ལས་ ཁྱིམ་ནང་ལས་མར་སྒོ་ཁར་བཏོན་པའི་བསྒང་ལས་ གཡུ་ད་རྐྱབ་ གདངས་བགྱངས་ ཚིག་འདི་སྐྱ་གཏམ་ར་ཨིན་ལགས། གང་ཡ་ས་གང་ཡ། །ཤོག་རྟ་ལ་བོང་མཇེ་གང་ཡ་ཟེར་ བུམོ་རེའི་སྦོ་ལོགས་ཁར་ ཨ་ནཱི་གཡུ་ད་ཨ་ནཱིམ་ཅིག་ ཏེ་མར་ལས་དབང་ཕྱག་ཆེནམོ་བཟོ་སྦེ་ ཏེ་བུ་མོའི་ཨ་བུག་ནང་ལས་གཡུ་ད་རྐྱབ་པའི་ཤུལན་ ཨ་ནཱི་སྦེ་ལྷོང་ཡི་ར་ ཨ་ནཱི་སྦེ་འཐེན་དགོ་ ཟེར་ཞུ་ནི་ལགས།
  • ཀུན་ལེགས་
    Kinley: ཏེ་སྒོ་ཁར་ལྷོད་ མར་ལས་ ཏེ་ལྟོ་མཛར་བཅིངས་ ཏེ་ཀྲིག་ཀྲི་སྦེ་བསྡམས་ཡར་འབད་བའི་བསྒང་ལས་ མགུ་བཙུགས་པའི་བསྒང་ལས་ ཚིག་འདི་འ་ནཱི་ད་ཅི་ང་གིས་སླབ་མི་འདི་རང་ཨིན་ ཟེར་ཞུ་ནི་ལགས། ཏེ་འ་ནཱི་ལུང་འདི་ [ཤེས་ས་འདི་ཡང་?]ཕྱུག་པའི་ཁང་བཟང་འདི། །ཁྱིམ་ས་ཁར་ས་ལས་མ་བཞེངས་པར། །གསུང་གླུ་གར་སྒྱུར་བའི་ལུང་མེད་ཟེར་ འ་ནཱི་སྦེ་ལུང་འདི་བཤད་ཚར་ཅིག་འབད་བའི་བསྒང་ལས་ ཏེ་འ་ནཱ་ལས་ ཚིག་འདི་སྐྱ་གཏམ་ར་ཨིན་ལགས།
  • ཀུན་ལེགས་
    Kinley: ཏེ་འ་ནཱི་བསྒང་ལས་ཏེ་ [རྔམས་པའི་རྔམས་ལུགས་བཤད་མི་དགོ །རྔམས་པའི་རྔམས་ལུགས་བཤད་དགོན། །རོགས་ཁྱད་འཇལ་ཚེ་སྐྱ་དུག་རྔམས། །རྒྱལ་ཕམ་ལང་ཚེ་མཇུག་བསྡུ་རྔམས། །གདན་ཅུང་གྱལ་ལུ་བཀལ་སེ་རྔམས། །?] དཔྱལ་ཐལ་ཉི་མ་[གདུབ་?]སེ་རྔམས། །ཏེ་ འཛོམས་འདུ་རྐྱབ་ས་[བྱ་དུག་རྔམས། །?] ཟེར་འ་ནཱི་སྦེ་ ཏེ་ཁོ་གི་ཚིག་འདི་འ་ནཱི་སྦེ་འགྱོ་དགོ་ལགས།
  • ཀུན་ལེགས་
    Kinley: ཨ་ནཱི་ [རྔམས་མི་རྔམས་ལུགས་ གཟན་མི་གཟན་ལུགས་བཤད་དགོ་བ་ལགས།?] ཏེ་ཉམས་དགའ་བའི་དགའ་ལུགས་བཤད་མི་དགོ་ཟེར་ ཉམས་དགའ་བའི་དགའ་ལུགས་བཤད་དགོན། །ཨ་ལོ་དང་བྱི་ལི་ཕང་མར་དགའ་ཟེར་ ཏེ་མཇེ་དང་བྱི་ཙི་དོང་ནང་དགའ་ལོ་ སྟུ་དང་མཇེ་ཅུང་དམ་པ་དགའ་ལོ་ཟེར་ འ་ནཱི་སྦེ་ [སྒརཔ་བློ་ཤུགས་ཡོད་ཚེ་བུ་མོ་?]དགའ། །བུམོ་ངོ་རིས་ཡོད་ཚེ་སྒར་པ་དགའ་ཟེར་ [ཨཔ་སེ་ཀོ་ཡོད་ཚེ་ཨ་མ་དགའ། །ཨམ་འཇིག་རྟེན་མཁས་ཚེ་ཨ་པ་དགའ་ཟེར་?] ཨ་ནཱི་སྦེ་བཤད་དགོ་ལགས།
  • ཀུན་ལེགས་
    Kinley: ཏེ་དེ་ལསན་ དེམ་རྔམས་མི་རྔམས་ལུགས་བཤད་མི་དགོ །རྔམས་མང་རྔམས་ལུགས་བཤད་དགོན། །ཏེ་ཨོང་མེན་ཨ་ནཱི་་་་་ གཟན་མི་གཟན་ལུགས་བཤད་མི་དགོ །གཟན་མི་གཟན་ལུགས་བཤད་དགོན། །མཇེ་[ཁབ་སེ་?]ཅན་མ་སྟུ་ལུ་གཟན། །སྟུ་སྤར་ཧིང་ཅན་མ་མཇེ་ལུ་གཟན། །[གླང་བྱཱ་ལཱ་མེད་ཚེ་ཧམ་ཐག་གཟན། །?] འཁརཝ་མཛེར་ཏོག་ཅན་མ་ལག་པར་གཟན། །[ཤིང་ད་ར་དོ་རོ་ཐོག་མ་གཟན། །?] དཔོན་ཕྱག་མཛོད་རྫོགས་ཚེ་མི་སེར་གཟན། །བླམ་སྐུ་ཡོན་མེད་ཚེ་གྲྭ་པ་གཟན། །
  • ཀུན་ལེགས་
    Kinley: [ཨཔ་དགོངས་པོ་བསྡུ་ཚེ་ཨ་མ་གཟན། །ཨམ་སེམས་ཀོ་མེད་ཚེ་བུ་གཞིས་གཟན་?]ཟེར་ ཚིག་འ་ནཱི་སྦེ་སླབ་འགྱོ་དགོ་ལགས། ཏེ་འ་ནཱི་ཚིག་ཚངམ་སྦེ་སླབ་པ་ ང་བཅས་དུས་ཚོད་ཀྱིས་ལང་མ་ཚུགས་པར་ ད་ཚིག་འདི་ར་སླབ་དགོ་པ་ཅིན་ ང་བཅས་ཆོ་གུ་ནང་བཙུགས་རུང་ཡང་ ད་ཆོ་གུ་ཁག་ཆེ་ཤོས་འདི་ ཉིནམ་ད་རེས་བཏང་ འདི་གི་ནངས་པ་ཆོ་གུ་བཀྲ་ཤིས་ཕབ་ནི་ཅིག་གུ་བཀལ་བཞག་སྦེ་ ཨ་ནཱི་སྦེ་འབད་དགོ་ ཟེར་ཞུ་ནི་ལགས།
  • ཀུན་ལེགས་
    Kinley: འ་ནཱི་འབད་བ་ཅིན་ ཚིག་ཡོངས་སུ་རྫོགསཔ་སྦེ་འགྱོ་བཏུབ། ཏེ་དེ་ལས་ཨ་ནཱི་ ཏེ་མར་ལས་ཡར་ལུ་འ་ནཱི་སྦེ་འཐེན་ ཏེ་རོགས་ ཤེས་མི་དང་ཤེས་མི་འདྲན་འདྲ་སླབ་པ་ཅིན་ མར་ལས་ཡར་ཉམས་དགའ་བའི་དགའ་ལུགས་བཤད་ད་བ་ཅིན་ ཡར་ལས་ཏེ་ རྔམས་པའི་རྔམས་ལུགས་འདི་བཤད་དགོ ཡར་ལས་འདི་བཤད་ད་བ་ཅིན་ མར་ལས་གཟན་པའི་གཟན་ལུགས་འདི་བཤད་དགོ་ཏེ་ ཨ་ནཱི་ལན་[འཇལ་སེ་?]བཤད་འགྱོ་དགོ་བ་ཏེ།
  • ཀུན་ལེགས་
    Kinley: གཅིག་གིས་གཅིག་ [བཤད་རོགས་བཟུང་རེ་རྐྱབ་སྟེ་?] ཏེ་འ་ནཱི་འབད་བའི་ཤུལན་ ཏེ་ང་བཅས་ར་ཚིག་ཚངམ་སྦེ་སླབ་དགོ་པ་ཅིན་ པར་ཤིང་འདི་གིས་ དྲོ་པ་ཆུ་ཚོད་བརྒྱད་ལས་འགོ་བཙུགས་པ་ཅིན་ དོ་རུང་འདི་ཡང་ཧ་ལམ་ཅིག་སྦེ་བཞག་པ་ཅིན་ ཆུ་ཚོད་གསུམ་དེ་ཅིག་ཁར་ པར་འདི་རྩ་བར་ལྷོད་འོང་། འདི་ཡང་ཚིག་ལེགས་ཚད་ལེགས་ཚད་བཏོན་ ཚངམ་སྦེ་ ཚངམ་མི་ཚུགས་ལགས།
  • ཀུན་ལེགས་
    Kinley: ཚངམ་སྦེ་ཞུ་མི་ཚུགསཔ། ཏེ་འ་ནཱི་འབད་བའི་ཤུལན་ ཏེ་འ་ནཱི་ཟུར་ཆེན་འདི་ཡར་བཤེད་མི་འདྲན་འདྲ་ར་འབད་བ་ཅིན་ ཕྱི་རུ་ཟུར་ཆེན་བཏགས་པའི་བསྒང་ལས་དེམ་ ཏེ་ཨ་ནཱི་ང་བཅས་ཟུར་ཆེན་འདི་མར་ལས་ཡར་སྦེ་ ཏེ་རྩོད་པ་འཕྱད་ ཏེ་དེ་ལས་ཡར་ཐོག་ཁར་ལྷོད་པའི་བསྒང་ལས་སྨོ་ཤིག? དེ་ལསན་ཏེ་མར་ལས་ ཏེ་ཨ་ནཱི་གཞུ་དང་ ང་བཅས་པར་ཤིང་འདི་ མར་འཐེནམ་ད་ཡང་ཕོ་རྒྱ་ལྟག་ལས་མམ་ ཏེ་ཟུར་ཆེན་འདི་འཐེནམ་ད་ཡང་ ཕོ་རྒྱ་འདི་ལྟག་ལས་ར་སྡོད་དགོ
  • ཀུན་ལེགས་
    Kinley: ང་བཅས་ཚིག་ནང་ཡང་དེ་སྦེ་ར་ཨིན། ཨིན་ཡང་དེ་སྦེ་ར་ཨིན། ཏེ་འ་ནཱི་འབད་ཚར་ཞིནམ་ལས་ ཏེ་ཡར་ཐོག་ཁར་ལྷོད་ ཐོག་ཁར་ལྷོད་པའི་བསྒང་ལས་ ཏེ་དེ་ལས་མར་ལས་འདི་གིས་ཙིགཔ་ཟ་སྟེ་ ཤུགས་ཡར་འཐེན་ད་ཆི་བ་སྨོ་ཤིག? འ་ནཱི་དེམ་འབད་ཞིནམ་ལས་ ཏེ་ཨམ་སྲུ་ཚུ་ཙིགཔ་ཟ་བའི་ཤུལན་ ཏེ་མར་ལས་ཡར་ལུ་ ཉོན་ཅིག་སྤྲུལ་པའི་བཟོ་བོ། །གསོན་ཅིག་སྤྲུལ་པའི་བཟོ་བོ། །གཡོ་ཡངས་ཐོག་བཀྲ་ཤིས་ཐོག་ཁར། །ཁྱོད་ག་ཅི་[དཔའ་རྟགས་སྒྱུརཝ་?]ཟེར།
  • ཀུན་ལེགས་
    Kinley: ས་རིམ་ཐེངས་དགུ་གི་འོག་ལས། །[ངེའི་བསླུ་མེད་དཔལ་འཛོམས་རྒྱལམོ། །?] གཡོ་ཡངས་ཐོག་བཀྲ་ཤིས་ཐོག་ཁ་ལུ། །ཉམས་དགའ་བའི་ཕོ་བྲང་འཆམ་ནི་སྦེ་ཨིན་ན་ཟེར་ ཏེ་མར་ལས་རྩོད་པ་འཚོལ་ཞིན་ན་ ཏེ་དེ་ལསན་ ཏེ་ཡར་གྱིས་མི་རྒོལ་བ་ཏེ། ད་མི་རྒོལ་ཏེ་སྨོ་ཤིག? རང་དགོ་པའི་ཅ་ལ་རང་ཐོབ་ཚར་ཞིནམ་ལས་ ད་དཔེར་ན་ལུ་ ཁྱོད་དང་ང་ཅ་ལ་གཅིག་ཕར་དང་ཚུར་འབད་རུང་ ཁྱོད་ལས་ང་ཐོབ་ཐོབ་པའི་ནང་སྐོར་ ཨ་ཙི་ཙི་ཕར་དང་ཙུར་སྦེ་འབདཝ་མ་གཏོགས་ ཐོབ་ར་ཐོབ་ཞིནམ་ལས་ ཁྱོད་སྦུག་དཀག་ར་རྐྱབ་རུང་ ང་མི་རྒོལ་བ་ཏེ་ ང་རའི་མནོ་དོན་གྲུབ་ཚརཝ་བ་ཏེ་སྨོ་ཤིག?
  • ཀུན་ལེགས་
    Kinley: འ་ནཱི་འབད་ཞིནམ་ལས་ ཏེ་ཡར་གྱི་འདི་གིས་ ཉོན་ཅིག་མཆོད་པའི་ལྷ་མོ། །གསོན་ཅིག་མཆོད་པའི་ལྷ་མོ་ཟེར་ ཉིནམ་ད་རེས་དཔལ་གྱི་ཉི་མ། །དུས་ལྷ་ཡང་དགའ་ར་དགའ་བཅུག་གེ །ལྷ་དགྱེས་པའི་ཨོང་་་་་ལྷ་དགྱེས་ཨོང་་་་་ དུས་ལྷ་ཡང་དགའ་ར་དགའ་བཅུག་གེ །ལྷ་དགའ་བའི་[དུས་ཀྱི་ཆགས་སྡོད་ཅིག །?] ཁང་བཟང་ཉིད་ལུ་འབབ་བཅུག་གེ །འོག་ཀླུ་ཡང་དཀྱི་ར་དཀྱི་བཅུག་གེ །འོག་ཀླུ་ཡང་ཨོང་་་་་ ཀླུ་སྐྱིད་པའི་[དོན་ཡོན་ཕྱུག་སྡོད་ཅིག །?] ཁང་བཟང་ཉིད་ལུ་འགྱོ་བཅུག་གེ །བར་བཙན་ཡང་དགྱེས་ར་དགྱེས་བཅུག་གེ །བཙན་དགྱེས་པའི་[ན་ཚ་ཉིད་ལས་མེད། །?]ནང་ཡོད་རུང་གཡུས་བཟང་གི་ཕྱི་ལས་འགྱུར་ཟེར་
  • ཀུན་ལེགས་
    Kinley: ཏེ་དེ་ལསན་ང་བཅས་ར་ འ་ནཱི་སྦེ་འབད་གེ་ཟེར་ ཏེ་དེ་ལསན་ང་བཅས་ར་ འཆམ་ཏོག་ཏོ་སྦེ་འབད་ནི་གི་དོན་དག་ལས་འབད་བའི་ཤུལ་ལསན་ ཏེ་དེ་ལསན་ཏེ་ ཡར་སྡོད་མི་འདི་གིས་ ཏེ་སྨོན་ལམ་འདི་ཨ་ནཱི་སྦེ་བཏབ་ནི་མམ་ལགས། ཏེ་ཁྱིམ་ཐོག་གུ་གི་དར་ཅུང་། །དར་ཅུང་ནམ་ལུ་བཀལ་མི་འདི། །སྟོད་གནམ་ལས་གནམ་ལྕགས་འབུད་རུང་འབུད། །[བྱེམ་ཐོག་མེད་པའི་ཁས་ལེན་ཡོད།?] རྩ་བོ་འགྱམ་རྡོ་ས་ལུ་བཙུགས་མི་འདི། །ས་ལས་ས་ཆུ་འཐོན་རུང་། །[བྱེམ་ཐོག་?]མེད་པའི་ཁས་ལེན་ཨིན་ཟེར།
  • ཀུན་ལེགས་
    Kinley: ཏེ་ཉིནམ་ད་རེས་དཔལ་གྱི་ཉི་མ། །མི་ང་གིས་་་་་ ཨོང་་་་་འཆམ་མི་འཆམ་ཤོས་ཨོང་་་་་ མི་ང་གིས་འཆམ་མི་འཆམ་ཤོས། །ལྷ་དང་དཔལ་གྱི་འཆམ་ཤོག་ཟེར་ཏེ་ འདྲེ་དང་འགོང་པོས་མ་འཆམ་ཟེར་ ཏེ་ཞལ་ཧ་ཡང་མཇལ་ཅི་དོ་རུང་ཡང་མཇལ། །ཞལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུ་ཟེར་ འ་ནཱི་བསྒང་ལས་བཀྲ་ཤིས་ཕབ་ཨིན་ ཟེར་ཞུ་ནི་ལགས།
  • ཀུན་ལེགས་
    Kinley: ཏེ་ད་ཅི་ང་གིས་སླབ་འཛོལཝ་མས་ ཨ་ནཱི་མཆོདཔ་འདི་ རེ་ཞབས་ཁྲ་འབད་རུང་མགུ་འདི་གིས་བཙུགསཔ་ཨིན། པར་ཤིང་འབད་རུང་འདི་གིས་བཙུགས་དགོ་ཟེར་མི་འདི་ འ་ནཱི་འདི་ ཏེ་ག་ར་གིས་བལྟ་བར་ད་རུང་ ཚིག་གཅིག་ར་ཨིན་མས་ གདངས་ཡང་གཅིག་འོང་མནོ་སྡོད་འོང་ལགས། མེན་ཟེར་ཞུ་ནི། ང་བཅས་ཀྱི་པར་ཤིང་ཕབ་ད་གི་གདངས་འདི་འབད་བ་ཅིན་ཏེ་
  • ཀུན་ལེགས་
    Kinley: ཤོག་ཅིག་ཤོག་གཉིས་ཤོག་ཟེར་བཞག་པའི་ཤུལན་ དབའེ་གསུང་མཆོད་པ་འབུལ་ལོ་དཀོན་མཆོག་གསུམ། །ཐུགས་དགྱེས་པ་མཛོད་ཅིག་ཡི་དམ་ལྷ། །རྐྱེན་བར་ཆད་བཟློག་ཅིག་མཁའ་འགྲོ་ཚོ། །ཟེར་འ་ནཱི་སྦེ་བཏོག་བཞག་པའི་ཤུལན་ ཏེ་གཞས་རོགས་ཚུ་གིས་ ཤོག་ཅིག་ཤོག་གཉིས་ཤོག་ལེགས་མོ་གསུམ་ལས་ འ་ཤོག་ཟེར་ འ་ནཱི་གི་འཐེན་ཐངས་ལམ་ལུགས་འདི་འ་ནཱི་སྦེ་ཨིན་ ཟེར་ཞུ་ནི་ལགས།
  • ཀུན་ལེགས་
    Kinley: ཏེ་ད་ཞབས་ཁྲ་ནང་འབད་བ་ཅིན་ ང་བཅས་མཆོདཔ་འདི་ ཏེ་བསྐུལ་བརྡ་སྦེ་རྐྱབ་དགོ་ལགས། ང་བཅས་ར་མི་བདུན་ཡོད་པ་ཅིན་ འ་ནཱི་མི་གཅིག་གིས་འཐེན་དགོ་ལགས། ལགས་ཟེརཝ་ད་ ཧབ་ཆ་མཉམ་སྦེ་འཐེན་ནི་མེན་ལགས། ཏེ་མི་གཅིགཔ་འདི་ ཏེ་འགོ་བཙུགས་པའི་བསྒང་ལས་ གསུང་འདི་མཆོད་པ་ལ་འབུལ་ལོ་དཀོན་མཆོག་གསུམ་ལ་ཟེར་ ཞབས་ཁྲ་ནང་འབད་བ་ཅིན་ འ་ནཱི་བུལཝ་ཨིན་ ཟེར་ཞུ་ནི་ལགས།
  • ཀུན་ལེགས་
    Kinley: ཏེ་འ་ནཱི་མཆོདཔ་འདི་ ག་ཅི་ར་འབད་རུང་ང་བཅས་ཆོ་གུ་བཏང་རུང་ཡང་ མགུ་འདི་མཆོད་པ་བཙུགས་ཟེར་མི་ འ་ནཱི་ཨིན་ལགས། ཏེ་ང་བཅས་པར་ཤིང་ཅིག་ཞུ་རུང་འདྲ་ པར་ཤིང་ཅིག་བཏགས་རུང་འདྲ་ མགུ་འདི་མཆོདཔ་ར་བཙུགས་དགོ་ ཟེར་ཞུ་ནི་ལགས། བཀའ་དྲིན་ཆེ་ལགས།། །།