Video Overview
Although the mithun has been used in Bhutan for centuries, not much is known about its origin and phylogeny. According to a story, the mithun came from the east, in Tawang. Two merchants from Bhutan and Tibet went on a trading trip. On the journey, a Bhutanese merchant missed his wife back home. The merchant was so desperate for sex, that he had sex with a horse. He was seen by the Tibetan merchant, who was ashamed of his behavior; he promised to give his wife to the Tibetan merchant. The Bhutanese merchant’s wife tricked the Tibetan merchant into licking her privates, and he was so ashamed that he fled to Tawang. Later, he died there and was reborn as a mithun.
འབྲུག་རྒྱལ་ཁབ་ནང་ བ་མེན་འདི་སྔོན་དང་ཕུ་ལས་ ལག་ལེན་འཐབ་ནི་ཡོད་རུང་ འདིའི་འབྱུང་ཁུངས་འདི་ ག་དེ་སྦེ་ཨིན་ན་ ག་གིས་ཡང་གནམ་མེད་ས་མེད་ཅིག་མི་ཤེས་པས། ཏེ་སྲུང་འདི་དང་འཁྲིལ་བ་ཅིན་ བ་མེན་འདི་ཤར་ཕྱོགས་ཁ་ཐུག་ མོན་ཏ་ཝང་ལས་ཐོན་ཐོནམ་སྦེ་ཨིནམ་ད་ དེ་བསྒང་ འབྲུག་དང་བོད་ལས་ ཚོང་དཔོན་གཉིས་ཚོང་བཏོན་མ་སོངམ་ད་ ལམ་བར་ན་ལྷོདཔ་ད་ འབྲུགཔ་གི་ཚོང་དཔོན་འདི་ ཨམ་སྲུ་དྲན་ཏེ་ ཨ་རྟག་ར་གཡུས་ཁ་ལོག་གི་ མནོ་བསམ་བཏང་བཏངམ་མས། ཏེ་འབྲུག་གི་ཚོང་དཔོན་འདི་ ཨམ་སྲུ་དང་འདོད་སྤྱོད་འབད་དགོ་མནོ་བའི་ཟུག་གི་འབད་མ་ཚུགས་པར་ རྟ་དང་གཅིག་ཁར་འདོད་སྤྱོད་འབདཝ་ད་ བོདཔ་གི་ཚོང་དཔོན་འདི་གིས་མཐོང་སྟེ་ ངོ་ཚ་སྟེ་ ཁོ་གི་ཨམ་སྲུ་འདི་ བོདཔ་གི་ཚོང་དཔོན་འདི་ལུ་བྱིན་ནི་སྦེ་ ཁ་བཟེད་བཟེདཝ་མས། ཏེ་འབྲུག་གི་ཚོང་དཔོན་གྱི་ཨམ་སྲུ་འདི་གིས་ གནས་སྐབས་འགྱིར་ཏེ་ བོདཔ་གི་ཚོང་དཔོན་འདི་ལུ་ མོ་གི་མོ་མཚན་ལྕེ་བལྡག་རྐྱབ་བཅུགཔ་ད་ ཁོ་ངོ་ཚ་སྟེ་ རྒྱ་གར་གྱི་མངའ་སྡེ་ ཏ་ཝང་ལུ་སོང་སྟེ་ ཤུལ་ལས་ཕར་ར་ཤི་སྟེ་ བ་མེན་ལུ་སྐྱེས་སྐྱེསཝ་ཨིནམ་ལས་ བ་མེན་འདི་ མོན་ཏ་ཝང་ལས་བྱུང་འབྱུངམ་ཨིན་སྦེ་ ཡིད་ཆེས་བསྐྱེདཔ་མས།
- Trashigang
- Radhi
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoལགས་སོ་ ད་ལྟོ་ང་གིས་ བ་མེན་འབྱུང་ཚུལ་གྱི་སྐོར་ལས་ཅིག་ཞུ་གེ་ལགས་ ཏེ་ད་གནམ་མེད་ས་མེད་ཀྱི་ཁུངས་དགཔ་སྦེ་འདི་མི་ཤེས་ ཨིན་རུང་ཨ་ཙི་རེ་ཨ་ཙི་རེ་ཞུ་གེ་ ཏེ་ཧེ་མ་བ་མེན་འབྱུང་བའི་འབྱུང་ཚུལ་འདི་ ག་དེ་སྦེ་སྨོ་ཟེར་བ་ཅིན།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoབོད་ལུ་ ཚོང་པ་ཤུགས་ཅན་གཅིག་སྡོད་ཡོདཔ་ཨིན་མས་ལགས་ ཏེ་ ང་བཅས་རའི་འབྲུག་པ་ཚོང་པ་ཤུགས་ཅན་གཅིག་སྡོད་ཡོདཔ་ཨིན་མས་ ཏེ་འ་ནཱི་སྦེ་འབདཝ་ད་ ཁོང་གཉིས་འཆམ་རོགས་ ག་ཅི་ལོ་ གནམ་མེད་ས་མེད་ཀྱི་འཆམ་ཏོག་ཏོ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoགནམ་མེད་ས་མེད་ཀྱི་ ཁོང་གཉིས་ལེགས་ཤོམ་ འཆམ་ཏོག་ཏོ་ཨིན་མས་ ཏེ་འཆམ་ཏོག་ཏོ་ འཆམ་ཏོག་ཏོ་སྦེ་སྡོད་དེ་ ཁོང་གཉིས་ཚོང་དེ་ཡང་ གཅིག་ཁར་རང་རྐྱབ་སྟེ་ གནམ་མེད་ས་མེད་ཀྱི་ཚོང་ཡང་གཅིག་ཁར་རང་ ག་ཏེ་ ག་དེ་སྦེ་ ནམ་འབད་རུང་།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཚོང་ཡང་གཅིག་ཁར་རང་རྐྱབ་ཨིན་མས་ ཁོང་གཉིསཔོ་དེ་ ཏེ་དེ་སྦེ་འབདཝ་ད་ ཨམ་སྲུ་ག་ཅི་ལོ་ བོད་པའི་ཚོང་པ་ཤུགས་ཅན་ལུ་འདི་ ཨམ་སྲུ་མེདཔ་ཨིན་མས་ ཨམ་སྲུ་མེདཔ་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ང་བཅས་རའི་འབྲུག་པ་ཚོང་པ་ལུ་འདི་ ཏེ་འ་ནཱི་ ཨམ་སྲུ་འཇའ་རིསམོ་གནམ་མེད་ས་མེད་ཀྱི་ འཇའ་རིསམོ་ ལེགས་ཤོམ་གཅིག་ཡོདཔ་ཨིན་མས་ ཏེ་འ་ནཱི་ཁོང་གཉིས་ ཚོང་རྐྱབ་སྟེ་ གནམ་མེད་ས་མེད་ཀྱི་ དེ་སྦེ་འབད་དེ་ ཚོང་ལུ་ནམ་འགྱོ་རུང་ཏེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoགཅིག་ཁར་རང་འགྱོཝ་ཨིན་ཁོང་གཉིས་གཅིག་ཁར་ གཅིག་ཁར་འགྱོ་སྟེ་ ཏེ་འ་ནཱ་ འགྱོཝ་ད་ལུ་ འགྱོ་སྟེ་ ཚར་གཅིག་འབདཝ་ད་ལུ་ ཏེ་མ་པ་ ག་ཅི་སྨོ་ཟེར་བ་ཅིན་ གཏམ་འདི་ གཅིག་ལས་འབད་བ་ཅིན་ ངོ་ཚ་སི་སི་ཙམ་ཅིག་ཡོད།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་དེ་སྦེ་འབདཝ་ད་ ཏེ་ཁོ་གི་རྟ་ རྟ་མོ་གཅིག་ཡོདཔ་ཨིན་མས་ རྟ་མོ་གཅིག་ ཏེ་འ་ནཱི་ཚོང་པ་དེ་ ཁོ་ འབྲུག་པ་ འབྲུག་པ་ཚོང་པ་དེ་ ཏེ་འ་ནཱི་ རྟ་དེ་དང་འདི་བཟུམ་འབད་དེ་ ལུས་འབྲེལ་འབད་ཡར་སོངམ་ཨིན་མས་ལགས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoརྟ་དེ་དང་ལུས་འབྲེལ་ ཚར་གཅིག་འབདཝ་ད་ རྟ་དང་ རྟ་ཁོང་གཉིས་ཚོང་ལུ་འགྱོ་སྟེ་ ཨམ་སྲུ་དང་མ་ཕྱད་པར་ལེ་ཤ་སོང་ནུག་ དེ་ལས་ རྟ་ལུས་འབྲེལ་འབད་སོངམ་ད་ལུ་ཏེ་ དེ་ལས་ བོད་པ་ཚོང་པ་གིས་མཐོང་ཡོདཔ་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་བོད་པ་ཚོང་པ་གིས་ མཐོང་སྟེ་ མཐོངམ་ད་ལུ་ཏེ་ དབའི་ཁྱོད་འདི་བཟུམ་ཅིག་རྟ་དང་ ལུས་འབྲེལ་འབད་སྡོད་ནུག་ཟེར་ ད་འ་ནཱི་འདི་ ཡ་བློ་བཙོང་སི་སི་ཅིག་ཨིན་མས་ཁྱོད་ཟེར་ ད་འབདན་ང་གིས་ གཡུས་མགོ་ལས་མར་སྦེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoགཡུས་མཇུག་ཚུན་ཚོད་རང་སླབ་གེ་མས་ཟེར་ ད་ཐད་རི་བ་རི་རང་ང་གིས་ སླབ་གེ་སྨ་རེད་ཟེར་ ད་འབདན་ང་བཅས་གཉིས་ ལྟོ་ཚང་གཉིས་མ་འགྲིགསཔ་ཡར་སོང་ཡི་ད་ ང་གིས་འདི་ བློ་བཙོང་སྟེ་འབད་མི་ཚུགས་ཟེར་ ཁོ་གིས་དེ་སྦེ་སླབ་ནུག།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoའ་ནཱི་བོད་པ་ཚོང་པ་གིས་ དེ་ལས་ དབའི་འ་ནཱི་འདི་མ་སླབ་ཟེར་ ཁྱོད་ཀྱིས་འདི་བཟུམ་མའི་གཏམ་ འ་ནཱི་བཟུམ་ཟོགཔ་འདི་ ཁྱོད་ཀྱིས་མ་བཙོང་ཟེར་ ཏེ་དེ་སྦེ་མ་འབད་ཟེར་ ཁྱོད་ལུ་ ཏེ་རྒྱུ་ནོར་ལོངས་སྤྱོད་འདི་ ག་ཅི་ ག་དེམ་ཅིག་དགོ་རུང་ ང་གིས་བྱིན་གེ་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཁྱོད་གསེར་ག་དེམ་ཅིག་དགོ་ནི་ དངུལ་ག་དེམ་ཅིག་དགོ་ནི་ཟེར་ ཁོ་གིས་དེ་སྦེ་སླབ་ནུག་ དེ་ལས་མི་དགོ་ཟེར་ གསེར་ཡང་ང་ར་ལུ་ཡོད་ཟེར་ དེ་ལས་ དངུལ་ཡང་ང་ར་ལུ་ཡོད་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ཁྱོད་ལུ་ཡོདཔ་བཟུམ་ཅིག་འདི་ ང་བཅས་གཉིས་ཚོང་དྲན་འདྲ་རྐྱབ་སྡོད་ནི་དེ་གིས་ ཤུགས་འདི་ ང་བཅས་གཉིས་དྲན་འདྲ་རང་ཡོད་ཟེར་ ཏེ་མི་དགོ་ག་ཅི་ཡང་མི་དགོ་ཟེར་ ང་དགོ་རང་མི་དགོ་ གཡུས་མགོ་ལས་མར་ མཇུག་ལུ་མ་ཐོན་ཚུན་ཚོད་ཁྱིམ་ནང་འགྱོ་སྟེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoསླབ་རང་སླབ་ནི་ཟེར་ བཏུབ་རང་མི་བཏུབ་ཟེར་སླབ་ནུག་ དབའི་དེ་སྦེ་མ་འབད་ ཁྱོད་ག་ཅི་དགོ་ཟེར་སླབ་ཅིག་ བྱིན་གེ་ང་གིས་ དེ་སྦེ་འདི་མ་འབད་ཟེར་ འ་ནཱི་འདི་མ་སླབ་ འ་ནཱི་འདི་ སྐུ་ཆེ་གསུང་ཆེ་ཟེར་སླབ་ནུག།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ལས་ཏེ་ དབའི་ ཡ་ཡ་བཏུབ་ཟེར་ ང་དགའ་མི་འདི་ ཁྱོད་ཀྱི་བྱིན་ནི་ཨིན་ན་ཟེར་ སླབ་སླབ་མས་ ང་གིས་སླབ་མི་འདི་ ཁྱོད་ཀྱིས་བྱིན་འོང་ག་ཟེར་སླབ་ནུག་ ཨ་་་བྱིན་ནི་ཟེར་ ཁྱོད་ག་ཅི་དགའཝ་ཅིག་ ཐད་རི་བ་རི་རང་ ཁྱོད་ཀྱིས་སླབ་མི་འདི་ ང་གིས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoབྱིན་ཚུགསཔ་སྦེ་རང་འབད་ནི་ཟེར་ ཁ་ཚིག་བཞག་ནུག་ ཐད་རི་བ་རི་ཨིན་ན་ཟེརཝ་ད་ ཐད་རི་བ་རི་རང་ཨིན་ཟེར་སླབ་ནུག་ དེ་སྦེ་ཨིན་པ་ཅིན་ བཏུབ་ཟེར་ ཁྱོད་ཀྱི་ཨམ་སྲུ་འདི་ ང་ལུ་བྱིན་འོང་ག་ཟེར་སླབ་ནུག་ཁོ་གིས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ལས་ ཁོ་གིས་བཏུབ་ཟེར་ ཁྱོད་ག་ཅི་ལོ་ ངེའི་ཨམ་སྲུ་འདི་ བྱིན་གེ་ཁྱོད་ཀྱིས་ གཡུས་མགོ་ལས་མཇུག་ཚུན་ཚོད་ འདི་བཟུམ་མའི་བློ་འདི་ སླབ་ནི་འབདན་ག་ལུ་ཡང་མ་སླབ་སྨ་རེད་ཟེར་ ཏེ་ད་ཁྱོད་ར་ཕར་ཕྲང་ཕྲང་ ངེའི་ཨམ་སྲུ་ཡོད་འགྱོ་ནི་རང་ཨིན།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoང་གིས་ཡང་ ཁྱོད་ལུ་ ག་ཅི་ལོ་སྤྲོད་སྤྲོདཔ་ཨིན་སྨ་རེད་ཟེར་ ང་གིས་ཨམ་སྲུ་ལུ་སླབ་གེ་ ང་ཧེ་མ་སོང་སྟེ་ ཞག་གསུམ་དེ་ཅིག་ ཁྱོད་ཀྱི་ཧེ་མ་ང་འགྱོ་གེ་སྨ་རེད་ཟེར་ འགྱོ་སྟེ་ ང་གིས་ཨམ་སྲུ་ལུ་སླབ་གེ་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ད་བཏུབ་ང་བཅས་གཉིས་ གན་རྒྱ་བཟོ་དོ་བཟུམ་ཨིན་ གན་རྒྱ་བཟོ་གེ་སྨ་རེད་ཟེར་ དེ་སྦེ་སླབ་སྟེ་ དེ་ལས་ འོང་ནུག་ལོག་སྟེ་ ཁྱིམ་ནང་ལུ་ ཁྱིམ་ནང་འོང་སྟེ་ ཏེ་ཁྱིམ་ནང་ ཏེ་འོངམ་ད་ལུ་ ཁྱོད་ཞག་གསུམ་དེ་ཅིག་ལས་རྐྱངམ་གཅིག་ ཁྱོད་ཤོག་སྨ་རེད་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoང་ཧེ་མ་སོང་སྟེ་ བཅའ་སྒྲིག་རྐྱབ་གེ་སྨ་རེད་ཟེར་ ཁྱོད་ཀྱི་དོན་ལས་ གཉེན་བཏགས་ནིའི་དོན་ལས་ བཅའ་སྒྲིག་རྐྱབ་གེ་མས་ ང་གིས་ཟེར་ དེ་ལས་ དེ་སྦེ་འབད་དེ་ ཁོ་དེནི་ ཧེ་མ་ཧེ་མ་འོང་ནུག་ལགས་ ཧེ་མ་ཧེ་མ་འོང་སྟེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་འ་ནཱ་ལས་ཞག་གསུམ་ལུ་ ང་གིས་བཅའ་སྒྲིག་རྐྱབ་ཚར་ཏེ་ ཁྱོད་འ་ནཱ་ལས་ རྟིང་བདའ་ཤོག་སྨ་རེད་ཟེར་སླབ་སླབ་མས་ དེ་ལས་ཏེ་ ཁོ་ཧེ་མ་ཧེ་མ་འོང་སྟེ་ དེ་ལས་ དེ་སྦེ་སླབ་ནུག་ཁྱིམ་ནང་ལྷོད་དེ་ ཁྱིམ་ནང་འོངམ་ད་ལུ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཚོང་ལས་ལོགཔ་ད་རང་ ཏེ་ ཨམ་སྲུ་གིས་ ཕར་ལས་འོང་དོ་ཟེརཝ་ད་རང་ མོ་གིས་རྟེན་འབྲེལ་བརྩི་དོ་ཡོདཔ་ཨིན་མས་ལགས་ འ་ནཱི་ཕེབས་ཆང་བཀལ་ཏེ་ ཕར་ལས་ མོ་གི་ཚོང་པ་ལྷོད་དོ་སྨ་རེད་ཟེར་ རྨགཔ་ལྷོད་དོ་སྨ་རེད་ཟེར་ ཚོང་པ་གནམ་མེད་ས་མེད་ཀྱི་ རྒྱུ་ནོར་ལོངས་སྤྱོད་འདི་ཚུ་ ཚུར་སྒྲུབ་མི་ཅིག་ཨིན་ཁོ་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་འ་ནཱ་ལུ་ རྟེན་འབྲེལ་བརྩིས་ཏེ་ ཕར་ལུ་ གདན་ཐིང་སྟེ་ དེ་ལས་ བར་ན་ཚོགས་ཆང་སྦེ་བཀལཝ་ཨིན་མས་ འ་ནཱི་ག་ཅི་ལོ་ འ་ནཱི་སྦེ་འབགཔ་ད་ལུ་ འ་ནཱ་སྡོད་དེ་ འ་ནཱ་དགའཝ་དགའ་སྤྲོ་འབད་དེ་རང་ ཏེ་སྡོདཔ་ཨིན་མས་ ཏེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་བསྒང་ལུ་འབད་བ་ཅིན་ ཏེ་ གནམ་མེད་ས་མེད་སྨྱ་ངན་ཕོག་སྡོད་དེ་ ཏེ་ ཁོ་གིས་ ག་ནི་ཡང་སླབ་མ་བཏུབ་པས་ཨམ་སྲུ་ལུ་ ཏེ་ ག་ཅི་འབད་ཡི་ད་ཟེར་ ཧེ་མ་བཟུམ་སྦེ་ ཧེ་མ་འབད་བ་ཅིན་ ལོག་ལྷོདཔ་ད་ གནམ་མེད་ས་མེད་ཀྱི་ སེམས་དགའ་སྟེ་ ཁེབ་ས་བཏོན་ཏེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ ཚོང་རྐྱབ་སྟེ་ ཁེབ་ས་ཐོན་ཏེ་ དེ་སྦེ་རང་འོངམ་ཨིན་ ནམ་རང་སྦེ་རུང་ཟེར་ ད་ལྟོ་འབད་བ་ཅིན་ ག་ཅི་འབད་ཡི་ཟེར་ སླབ་པའི་སྐབས་སུ་ལུ་ ཏེ་ སླབ་མ་བཏུབ་པས་ ཏེ་ རྒུད་ཕོག་ཡི་ག་ཟེར་ ཚོང་རྒུད་ཕོག་ཡི་ག་ག་ཅི་སྨོ་ཟེར་སླབ་ནུག་ཏེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཚོང་རྒུད་ཕོག་ཕོགཔ་ཡང་མེན་ཟེར་ སླབ་དེས་ཟེར་ཨིན་མས་ ཏེ་ ག་ཅི་འབད་ཡི་ཟེར་ ཏེ་ རྟ་ཚུ་བྱག་གུ་ལས་བུད་འགྱོ་འགྱོཝ་ཨིན་ན་ཟེར་ ཏེ་ ག་ཅི་འབད་ཡི་ཟེར་ བྱག་གུ་ལས་མར་བུད་སོང་ཏེ་འབད་རུང་ཁྱད་རང་མེད་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཁྱོད་སླབ་ད་ཟེར་ ཕྲང་སྟེ་སླབ་ད་ཁྱོད་ར་ཟེར་ སླབ་སླབ་ཨིན་མས་ ཏེ་ སླབ་མ་བཏུབ་པས་ཏེ་ སླབ་མ་བཏུབ་པར་ ཏེ་རྒུད་ཡང་མ་ཕོག་ ཏེ་ག་ནི་ཡང་མ་འབད་ཟེར་ ཏེ་ དེ་སྦེ་སླབ་སྡོད་དེ་ དེ་ལས་ཏེ་ དེ་ལས་ལོག་སྟེ་ ག་ནི་ཡང་ སླབ་མ་བཏུབ་པར་སྡོད་དེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoད་རུང་རང་ཕར་ལས་ ནང་ན་ཞུཝ་འབག་སྟེ་ ནང་ན་འཁྱིད་འབག་སྟེ་ མོ་རའི་རྨགཔ་དེ་ ནང་ན་འབག་སྟེ་ ནང་ན་ཡང་ རྟེན་འབྲེལ་བརྩིས་ཏེ་ ནང་ན་དེ་སྦེ་ མར་ཆང་སྒྲིག་སྟེ་ འདི་བཟུམ་འབདཝ་ཨིན་མས་ ཨམ་སྲུ་གིས་ གནམ་མེད་ས་མེད་རྟེན་འབྲེལ་བརྩིས་ཏེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཚོང་ལས་ལོག་པའི་སྐབས་ལུ་ དེ་ལས་ ད་རུང་རང་ནང་ན་རྟེན་འབྲེལ་བརྩིས་ཏེ་འབད་རུང་ཁོ་དེ་ སྨྱ་ངན་ཕོག་སྟེ་རང་སྡོད་ད་ནུག་ སྨྱ་ངན་ཕོག་སྟེ་རང་ དེ་སྦེ་ག་དེམ་ཅིག་དྲི་ལྟ་རུང་ ཏེ་ མ་བཏུབ་པར་ ཚོང་རྒུད་ཕོག་རུང་ཕོག་བཅུག་ ཁྱད་མེད་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoང་བཅས་གཉིས་ལུ་ རྒྱུ་ནོར་ལོངས་སྤྱོད་འ་ནེ་ཅིག་ཡོད་ཟེར་ ཏེ་ འ་ནཱི་འདི་ ཁྱད་མེད་ཟེར་ ང་བཅས་གཉིས་ལུ་ ཨ་ལོ་ཡང་མེད་ཟེར་ ཏེ་ འ་ནཱི་འདི་ རྒྱུ་ནོར་ལོངས་སྤྱོད་ཡང་ ལངས་ཏེ་ཡོད་ད་འབདན་ཟེར་ ད་རྒུད་ཕོག་རུང་ཁྱད་མེད་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཟེར་མོ་གིས་ ཨ་ནཱི་ཨམ་སྲུ་གིས་ ག་ཅི་བཟུམ་ཅིག་སླབ་ལྟ་རུང་ ཏེ་མ་བཏུབ་པས་ཏེ་ ཧ་ལམ་ཅིག་ཁར་ལས་ འདྲི་ནི་མངམ་ད་ལུ་ ཏེ་ད་ཐབས་རང་མིན་འདུག་ཟེར་ ཐབས་མེད་མས་ཟེར་ ང་ཁྱོད་ཀྱི་མནོ་བསམ་བཏངམ་ད་ལུ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ཁྱོད་ཀྱི་དམ་ཚིག་ སེམས་འདི་ཁྱོད་ལུ་བཏང་སྟེ་ ང་གིས་ རྟ་དང་ལུས་འབྲེལ་ཅིག་འབད་དེ་ ཡར་སོང་ཡི་ཟེར་ ཁོ་གིས་ དེ་སྦེ་ཕྲང་སྟེ་ཐོན་སོང་ནུག་ཕྲང་སྟེ་ ཏེ་ འ་ནཱི་ཡར་སོང་རུང་ ཁྱད་མེད་ག་ཅི་ཁྱད་ཡོད་ཟེར་ ཁྱད་མེད་ཟེར་སླབ་ནུག་ཨམ་སྲུ་གིས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཁྱད་མེད་ཟེར་སླབ་ད་ ཏེ་དེ་སྦེ་འབད་བའི་སྐབས་ལུ་ ངེའི་ཚོང་པ་ ཁོ་གིས་མཐོང་ཡི་ཟེར་སླབ་ནུག་ བོད་པ་ཚོང་པ་ཁོ་གིས་མཐོང་ཡི་ ཁོ་གིས་ མཐོང་ཞིནམ་ལས་ ཁོ་གིས་ གཡུས་མགོ་ལས་ མཇུག་ཚུན་ཚོད་རང་ བློ་བཙོང་ནི་ཟེར་ ཁོ་གིས་དེ་སྦེ་སླབ་དེས་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་སྦེ་སླབ་ལས་ ང་གིས་ དེ་བཟུམ་མ་སླབ་ཟེར་ ང་གིས་ གསེར་དང་དངུལ་ག་དེམ་ཅིག་འབད་རུང་བྱིན་ནི་ཟེར་ ཏེ་ འ་ནཱི་སླབ་ལྟཝ་ད་ལུ་ ཁོ་གིས་རྩ་དང་སྤུ་ལས་རང་མ་ཉན་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་འ་ནཱི་ཡང་ ཁྱོད་རང་དགོ་ནི་ཟེར་ ཨམ་སྲུ་འདི་ཁྱོད་ཁོ་གི་གཉེན་སྦེ་དགོ་ནི་ཟེར་ ཁོ་གིས་མ་ཉན་ དེ་འབདཝ་ལས་ ཁྱོད་བྱིན་ནི་ཟེར་ཁ་ཤོར་ཏེ་ ང་བཅས་གཉིས་ ང་གིས་དེ་སྦེ་ཚར་ཡི་ ཁོ་དང་གཅིག་ཁར་ ཁྱོད་ཨམ་སྲུ་སྦེ་འགྱོ་དགོཔ་ཡར་སོང་ཡི་ཟེར་སླབ་སླབ་ཨིན་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ལས་ཏེ་ ཨོ་ཡ་ཡ་་་ ཁྱད་མེད་བཏུབ་ཟེར་ ཏེ་ ཁོ་དང་གཅིག་ཁར་འགྱོ་གེ་ཁྱད་མེད་ ང་གིས་ དེ་སྦེ་འབད་རུང་ ཐབས་ཤེས་ང་ར་ལུ་ཡོད་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoང་ཁྱོད་དང་གཅིག་ཁར་ ག་ཅི་ལོ་ ཁ་འབྱལ་ཏེ་ མི་འགྱོ་ནི་གི་ཐབས་ཤེས་ང་ར་གིས་འབད་འོང་ཟེར་ ཨམ་སྲུ་གིས་ དེ་སྦེ་སླབ་ནུག་ མོ་གིས་ཐབས་ཤེས་བཏོན་གེ་ཟེར་སླབ་ནུག་ དེ་ལས་ འ་ནཱ་ལས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoརྟེན་འབྲེལ་བརྩི་ནིའི་བཅའ་སྒྲིག་ཚུ་རྐྱབ་སྟེ་ དེ་སྦེ་འབད་དེ་ དེ་ལས་ བོད་པ་ཁོ་ལྷོད་དོ་ཨིན་མས་ ད་ ཞག་གསུམ་ལུ་ལྷོད་ནི་ཟེརཝ་ད་ ཁོ་གིས་ནངས་པ་བཟུམ་ཅིག་ར་ཐོན་འོང་ནུག་ ཚུར་འགྱངས་འབད་དེ་ གནམ་མེད་ས་མེད་སེམས་དགའ་དྲགས་ཏེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདབའི་ལྟོ་ཚང་ ག་དེ་སྦེ་སྨོ་ཏེ་ ག་ཅི་ལོ་ ཞག་གཉིས་ཀྱི་ཤུལ་ལས་རྐྱངམ་གཅིག་ལྷོད་ནི་ཨིན་ ཁྱོད་ཀྱིས་མགྱོགས་པ་རང་ ཧེ་མ་རང་ཐོན་འོང་ནུག་ཁྱོད་ཀྱིས་ཟེར་སླབ་ད་ འ་ང་འོང་ཡི་ གནམ་མེད་ས་མེད་སེམས་དགའ་སྟེ་འོང་ཡི་ཟེར་ སླབ་སླབ་ཨིན་མས་ འོང་ཡི་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoདེ་ལས་ཏེ་ འ་ནཱ་ལས་ རྟེན་འབྲེལ་འདི་ ཧེ་མའི་རྨགཔ་ལུ་བརྩི་དོ་བཟུམ་སྦེ་རང་ ཁྱོད་ཡང་ངེའི་གཉེན་དང་གྲོགས་ཨིན་མས་ཟེར་ ད་འབདན་ཟེར་ མོ་གིས་གནམ་མེད་ས་མེད་རྟེན་འབྲེལ་བརྩིས་ཏེ་ ཨམ་སྲུ་གིས་ ཕར་ལས་བྱོནམ་ད་རང་།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoམོ་གི་རྨགཔ་ལུ་ ག་དེ་སྦེ་འབདཝ་ཨིན་ན་ འ་ནཱི་འདི་ ཅོག་འཐདཔ་སྦེ་རང་ མོ་གིས་དེ་སྦེ་རང་འབད་ནུག་ མར་ཆང་སྒྲིག་སྟེ་ རྟེན་འབྲེལ་བརྩིས་ཏེ་ ཏེ་འ་ནཱི་ནང་ན་ ནང་ན་འཁྱིད་དེ་ ནང་ན་ཡང་ དེ་སྦེ་ ཧེ་མ་རྨགཔ་ལུ་འབད་དོ་བཟུམ་སྦེ་རང་།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoརྟེན་འབྲེལ་བརྩིས་ཏེ་ ལེགས་ཤོམ་སྦེ་རང་ མོ་གིས་ གནམ་མེད་ས་མེད་ཀྱི་སེམས་དགའཝ་སྦེ་རང་ སེམས་དགའ་སྟེ་ ཏེ་ ཁྱོད་ཡང་ ངེའི་གཉེན་དང་གྲོགས་འགྱོ་ཡི་ཟེར་ ང་ཡང་སེམས་དགའ་ཡི་ཟེར་ གནམ་མེད་ས་མེད་ཀྱི་ཨམ་སྲུ་གིས་ དེ་སྦེ་འབད་དེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ནང་ན་རྟེན་འབྲེལ་བརྩིས་ཏེ་སྡོད་ནུག་ཁོང་ཆ་ཁྱབ་ ཁོང་རྟེན་འབྲེལ་བརྩིས་ཏེ་ ཏེ་ དེ་ལས་ ཁོ་འ་་་་ འབྲུག་པ་ཚོང་པ་དེ་ ཁོ་ཕྱི་ཁར་ དེ་ཚེ་ལུ་ ཕྱི་ཁར་ཐོན་འགྱོ་ནུག་ ཕྱི་ཁར་ཐོན་འགྱོ་སྟེ་ ཏེ་ འ་ནཱ་ལས་ ཁོ་བོད་པ་ཚོང་པ་དེ་ ནང་ན་ཕར་ཁྱིམ་ནང་འཛུལ་ཏེ།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ རྟེན་འབྲེལ་བརྩིས་ཏེ་ ཏེ་ ཁོང་གཉིས་ ཕྱི་རུ་འབདཝ་ད་ལུ་ཏེ་ ད་ གཟིམ་དོ་ཡོདཔ་ཨིན་མས་ཁོང་གཉིས་ད་ ཁྱིམ་ནང་ན་ ད་གདན་གཅིག་གུ་ལུ་ ཏེ་ གཟིམ་པའི་སྐབས་སུ་ལུ་འདི།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ ད་འ་ནཱ་ ཁོ་གིས་གཟིམ་ཅིག་རང་ ཁོ་གིས་ ལུས་འབྲེལ་འབད་ནི་འགོ་བཙུགས་ནི་ཨིན་མས་ལགས་ ཏེ་ཁོ་གིས་ འགོ་དང་པ་རང་ ལུས་འབྲེལ་འབད་ནི་འགོ་བཙུགས་ནི་འབདཝ་ད་ལུ་འདི་ ཏེ་ འ་ནཱི་ཁོ་གི་ཨ་མ་གིས་ མ་བྱིན་པས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ འ་ནཱི་སྦེ་མེན་སྨ་རེད་ཟེར་ ངེའི་རྨགཔ་གིས་ དེ་སྦེ་འབད་ནི་མེད་ཟེར་སླབ་ནུག་ དེ་ལས་ཏེ་ ག་དེ་སྦེ་འབདཝ་སྨོ་ཟེར་སླབ་ཨིན་མས་ དེ་སྦེ་འབད་ནི་མེད་མས་ཟེར་ ཏེ་ རྐང་མའི་རྩ་བར་ལུ་སོང་སྟེ་ ཏེ་ ཕྱག་ཚར་གསུམ་འཚལ་ཞིནམ་ལས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ འ་ནཱི་འདི་ ངེའི་འ་ནཱི་དཀྱི་རའི་མཐའམ་དེ་ ཧིང་སང་ས་སྦེ་ ལྕེ་གིས་ཚར་ཅིག་བལྡག་ཞིནམ་ལས་ དེ་ལས་ཏེ་ དེ་སྦེ་འབདཝ་ཨིན་ཟེར་ དེ་སྦེ་ མོ་གིས་དེ་སྦེ་སླབ་ནུག་ དེ་སྦེ་སླབ་ད་ལུ་ ཨ་་་ མགྱོགས་པར་མགྱོགས་པར་འགྱོཝ་ཅིག་རང་།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoརྐང་མའི་རྩ་བར་ལུ་འགྱོ་སྟེ་ ཕྱག་ཚར་གསུམ་འཚལ་ཞིནམ་ལས་ ཏེ་ལས་ ཧིང་སང་ས་ལྕེ་གིས་བལྡག་བཏང་ད་ནུག་ཁོ་གིས་ ཏེ་ ལྕེ་གིས་བལྡག་ཚར་ཅིག་རང་ ཨམ་སྲུ་ལོག་ལོངས་བཏང་ནུག་ ལོངསམ་ཅིག་རང་ ཏེ་ ཡ་་་ འ་ནཱི་འདི་ ག་ཏེ་གི་ལུགས་སྲོལ་ཡོདཔ་སྨོ་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ འ་ནཱི་རྨགཔ་གིས་ ཨམ་སྲུ་བལྡག་བའི་ལུགས་སྲོལ་ག་ཏེ་ཡོད་ཟེར་ སེམས་ཅན་མ་གཏོགས་པར་ ག་ཡང་མེད་ཟེར་ འ་ནཱི་འདི་ ཁྱོད་ཀྱིས་ད་ལྟོ་བལྡག་ཡི་ཟེར་ ང་གིས་ གཡུས་མགོ་ལས་མར་ འཇུག་ཚུན་ཚོད་རང་ ང་གི་སླབ་གེ་མས།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཟེར་ཨམ་སྲུ་གིས་ དེ་སྦེ་སླབ་བཏང་ད་ནུག་ཏེ་ དེ་སྦེ་སླབ་བཏངམ་ད་ ཡ་ལ་མ་མཁྱེད་ནོ་ཟེར་ ངོ་ཚ་སྟེ་ཁོ་དེ་ གནམ་མེད་ས་མེད་ཀྱི་ངོ་ཚ་ནུག་ ངོ་ཚ་སྟེ་ ད་འབདན་འ་ནཱི་ས་ཆགས་ནང་ལུ་ སྡོད་རང་མི་ཚུགས་ནི་མས་ཟེར།
- རྡོ་རྗེ་ཕུན་ཚོགས་ Dorji Phuntshoཏེ་ འ་ནཱ་ལས་བྱོག་ཡར་སོང་ཡི་ཟེར་ཨིན་མས་ ཁོ་ཡར་བལྟ་ བྱོག་འགྱོ་སྟེ་ དེ་ལས་ ཡར་ཤར་ལུ་སོང་ནུག་ ཤར་ཁ་ཐུག་ལུ་བྱོག་འགྱོ་སྟེ་ ཤར་ལུ་ཤི་སྟེ་ དེ་ལས་ཏེ་ འ་ནཱི་འདི་ འ་ནཱི་ཁོ་གི་མི་ལུས་འདི་ བ་མེན་ལུ་སྐྱེས་ཡི་ཟེར་ཨིན་ལགས་ ང་གིས་ད་ལྟོ་གཏམ་ལེའུ་གཅིགཔོ་འདི་ དེམ་ཅིག་སྦེ་ འ་ནཱི་སྦེ་ཚརཝ་ཨིན་ལགས།