Video Overview
Jikko from Meshül village in Tsekhok tells the origin story of the holy mountain Anyé Drakkar.
- རྒྱལ་བོ་བོང་ཟེར་བ་དེ་རྨ་ཆུའི་ཚུར་ཕྱོགས་ལ་ཡོང་།
- འདིར་ཡོང་ནས་ཁྱིམ་ཚང་རེ་རེའི་ཁོ་ལ་གུང་ཚིགས་བསྐོལ་དགོས་ཀྱི་ཡོད།
- ཉིན་ཞིག་གུང་ཚིགས་ལོན་ཡོད་དུས་བུ་མོ་ཞིག་གིས།
- གུང་ཚིགས་ཡུན་རིང་བོ་ཞིག་བསྐོལ་དགོས་པ་འདྲ།
- བུ་མོ་ཞིག་གིས་རུམ་ན་བྱིས་པ་ཞིག་ཡོད་པ་དེ་ནང་ལ་ལྷུང་།
- བྱིས་པ་དེ་དང་མཉམ་དུ་བསྐོལ་བ་ཡིན།
- ནང་དུ་ལྷུང་སོང་ངམ།
- ལྷུང་སོང་།
- བུ་མོས་དུས་ཚོད་འགོར་ཐལ་བསྙམས་ནས་ཚབ་པས།
- འགོར་ཡང་མི་ཆོག་པར་དུས་ཚོད་ལྟར་ཐོན་དགོས་པ་འདྲ།
- དེ་ཁྱེར་སོང་ནས་བླུད་པ་ཡིན།
- འདི་འདྲ་ཞིག་ཁོས་འཐུང་མ་མྱོང་།
- ཁོ་རང་འདི་འདྲ་ཏག་ཏག་དགོས་ཟེར་ནས་བུ་མོ་དེ་ལ་ཇི་ལྟར་བསྐོལ་བར་དྲིས།
- ཁྱོད་ཀྱིས་གལ་ཏེ་དྲང་མོར་མི་བཤད་ན་གསོད་ཀྱི་ཡིན་ཟེར།
- བུ་མོ་སྐྲག་ནས་རང་གི་བྱིས་པ་དེ་ནང་དུ་ལྷུང་ནས་བསྐོལ་བ་ཡིན་པ་བཤད་པ་ཡིན།
- ཡིན་ཡང་ཁོ་ལ་དེ་འདྲ་ཏག་ཏག་དགོས་ཞེས་བཤད།
- བློན་པོ་ཚོས་ཤེས་ནས། ད་མ་བཟང་ཐལ།
- རྒྱལ་བོར་མི་ཤ་བླུད་ཟིན།
- ད་གསོད་དགོས་ཞེས་བཤད།
- དེ་ནས་བློན་པོ་ཞིག་གིས་གསང་ནས་མོ་ལ་ཁྱོད་རང་མ་བྲོས་ཚེ་གསོད་སྲིད་པས་འགྲོ་རུ་བཅུག
- བྲོས་ནས་བྲག་རི་རྫ་གསུམ་གྱི་བར་སྐབས་དེ་ནས་ཤི་སོང་བ་རེད།
- དེ་ལྟར་ཤི་བས་ཁོས་སོག་པོར་སྨོན་ལམ་ལོག་འདེབས་བྱས་ནས།
- ཁོ་རང་འདི་ནས་བྲག་རི་གསེར་གསུམ་ཞེས་པ་ཞིག་གི་སྐྱེས་ནས།
- ཁོས་སོག་པོའི་གུར་དཀར་དཀར་ཅན་ཞིག
- ཁོས་རྫ་རྩེ་འདི་མི་རིག་པ་ཞིག་ལ་ཁྱོད་ཚོས་འདེབས་པའི་སྨོན་ལན་ཐོབ།
- རྭ་ནག་རོག་རོག་ཅན་གྱིས་མགོན་སྐྱོབ་མཛད་ནས།
- སོག་པོ་ཅ་ལ་ཅན་པོ་ཅ་ལ་བཅད།
- སོག་མོ་རྣ་ཏོག་ཅན་པོ་རྣ་ཏོག་བཅད།
- དེ་འདྲ་ཡིན་པའི་སྨོན་ལན་བཏབས་པས་སྨོན་ལམ་ལོག་འདེབས་བྱས།
- དེའི་རྗེས་ནས་བན་ཏེ་གསུམ་གྱིས་སྐྱེས་པ་དང་།
- སྤུན་གསུམ་དུ་སྐྱེས་པ་དང་བན་ཏེ་བྱས།
- བན་ཏེ་དེ་གསུམ་པོ་གཞན་གྱིས་བསད་པ་རེད།
- དེ་ནས་བྲག་རིའི་འཁོར་དེ་ནས་སྤུན་གསུམ་པོ་དེ་གཞི་བདག་གིས་སྐྱེས་ནས་དེར་གནས་པ་དང་།
- བོད་ལ་དེ་ནས་བཟུང་མགོན་སྐྱོབ་བྱས་པ་རེད།
- སོག་པོ་ཅ་ལ་ཅན་པོ་ཅ་ལ་བཅད།
- སོག་མོ་རྣ་ཏོག་ཅན་པོ་རྣ་ཏོག་བཅད་ཞེས།
- དེ་ནས་ཨ་ལགས་བདེ་ལྡན་དང་ང་ཚོའི་བོན་ཕྱོགས་འདི་ལ་མགོན་སྐྱོབ་བྱས་ནས།
- སོག་པོ་ཕར་ལ་དེད་ནས། འདི་ནས་མི་རིག་པར།
- དེང་མ་སོག་པོའི་བྲག་རི་ལ་སོག་པོའི་རྣམ་རྟོག་ལྟར།
- བོད་སོག་འཁྲུག་དུས་བོད་ལ་མགོན་སྐྱོབ་བྱས་པ་ཡིན།
- དེ་ལ་སྨོན་ལམ་བཏབ་ནས།
- སོག་པོས་གན་ཡིན་ཟེར། ཅིའི་ཕྱིར་གསར་བུ་དེ།
- སྔོན་ལ་དབུལ་བོ་ཞིག་ཡིན་པ་དང་།
- སོག་པོའི་ཕྱོགས་ལ་འཁྱམས་ནས་སོང་།
- དེ་ནས་སོག་པོའི་ཕྱུག་པོ་ཚང་ཞིག་ནས་མག་པ་བསྡད།
- ཁྱིམ་ཚང་ཕྱུག་པོ་ཞིག་ཚང་ནས་བསྡད།
- གསར་ཡག་ཅིག་ཡོད་པ་འདྲ།
- འདི་ན་བུ་བཟང་བ་ཞིག་ཡོད་པས་མག་པ་འཇོག་ཟེར་ནས་མག་པ་བཞག་པ་དང་།
- རྗེས་ནས་བུ་དཔེ་མེད་ཞིག་ཏུ་གྱུར་ནས།
- ཁོའི་ཨ་མྱེས་ནི་ངར་བ་ཞིག་ཡིན་མོད།
- སྒ་བསྟད་དེ་དེད་ནས་སོང་།
- སོག་པོའི་ཨ་མྱེས་གྱི་ལིང་སྟོད་དུས་སུ།
- བན་ཏེ་བཟའ་ཟེར་བ་དེ།
- སོག་པོས་ཨ་མྱེས་གྱི་ལིང་གི་ལབ་རྩེ་བསྟད་ནས་བྲག་དཀར་དཀར་ཅན་ལ་མགོན་སྐྱོབ་འཛུག་དགོས།
- རྭ་རོག་རོག་ཅན་ལ་ཁག་གནོན་ལ་བྱེད་དགོས་བྱེད་དགོས་ཞེས་བཤད་ན།
- ཁོ་རང་གཞོགས་སུ་ཁོག་ལ་ཀླུའུ་ཞུགས་ནས།
- བྲག་དཀར་དཀར་ཅན་ལ་ཁག་གནོན་བྱེད་དགོས།
- རྭ་རོག་རོག་ཅན་ལ་མགོན་སྐྱོབ་འཛུག་དགོས།
- སོག་པོ་ཅ་ལ་ཅན་པོ་ཅ་ལ་གཅོད་དགོས།
- སོག་མོ་རྣ་ཏོག་ཅན་པོ་རྣ་ཏོག་གཅོག་དགོས་ཞེས་བཤད་ཀྱང་།
- ཁོ་ལ་ཕྱིར་བཤད་མི་ཐུབ་པའི་བུ་དཔེ་མེད་ཅན་ཞིག་སྐྱེས།
- ཡིན་པ་མག་པ་བསྡད་ཡོད་པ་ཡིན།
- སོག་པོའི་བྲག་རི་གཉན་གྱི་བཟུང་ནས་རྣམ་རྟོག་བྱས་ནས།
- ས་གནས་ཕན་ཚུན་དང་རི་ཡོང་སོགས་འགྲོ་སྐབས་བྲག་འབོད་ཀྱང་སོག་པོས་མི་འབོད་པ་ཡིན།
- དེ་འདྲ་ཞིག་བཤད་སྲོལ་ཡོད།