Skip to main content Skip to search
06 Jul 2018
9 min 34 sec
Video Overview
Creators: 
Penchela

Former Gup (local leader) Phugay Drukpa explains the modification and motives behind consolidating and renaming some of the gewogs in Tsirang.  Manitar, Burichhu and Dhan-shree Gewogs were merged into Pungtenchu since the mountains look like a pile (“pung”= pile). Drangragang, Kartikey and Barari were regrouped into Semjong Gewog as the mountains looked like people about todance. Gopani was renamed Dunglagang because of its trumpet-like shape. Bokarey and Salami were combined to Kilkhorthang since it looks like a mandala and Labshey-botey was changed to Gasaling because of the mix of people. in 2003, Queen Mother Dorji Wangmo suggested Pataley gewog be changed to Sergithang due to its legend of a rich gold man and his thief.

༉  རྒཔོ་བགྲེསཔ་ཕུར་རྒྱལ་འབྲུག་པ་གིས་ རྩི་རང་རྫོང་ཁག་གི་ རྒེད་འོག་ལ་ལུ་ཅིག་གི་མིང་ ཧེ་མ་ལྷོ་མཚམས་ཀྱི་ཁ་སྐད་ནང་ཡོད་མི་འདི་ ཤུལ་ལས་རྒྱལ་ཡོངས་ཁ་སྐད་རྫོང་ཁ་ནང་ ག་དེ་སྦེ་བཏགས་ཡོད་གའི་སྐོར་ལས་བཤད་པ་རྐྱབ་ཨིནམ་ད་ རྩི་རང་རྫོང་ཁག་ནང་ ཧེ་མ་རྒེད་འོག་ཡོངས་བསྡོམས་ ༢༢ ཡོད་མི་འདི་ ཤུལ་ལས་མཉམ་བསྡོམས་འབད་དེ་ ༡༢ ནང་བཟོ་སྟེ་འདུག བུ་རི་ཆུའི་སྦོ་ལོགས་ཁར་ཡོད་མི་ སྒང་ཏོ་འདི་ སྤུངས་སྤུངསམ་བཟུམ་སྦེ་ཡོདཔ་ལས་ ཕུར་རྒྱལ་འབྲུག་པ་གིས་འབད་བ་ཅིན་ མ་ཎི་ཀྲར་དང་ བུ་རི་ཆུ་ དེ་ལས་དཱན་ཤྲཱིར་རྒེད་འོག་ཚུ་གཅིག་ཁར་བསྡོམས་ཏེ་ མིང་ སྤུངས་སྟེང་ཆུ་རྒེད་འོག་ཟེར་ བཏགས་ནུག་ཟེར་ཨིན་མས། དེ་ལས་རྒྱབ་ཁའི་ལ་འདི་ རང་ལུགས་ཀྱི་ཞབས་བྲོ་རྐྱབ་པའི་ཚུལ་སྦེ་ཡོདཔ་ལས་ གྲང་ར་སྒང་དང་ ཀར་ཏི་ཀེ་རྒེད་འོག་ བཱ་ར་རི་གཉིས་གཅིག་ཁར་བསྡོམས་ཏེ་ སེམས་ལྗོངས་རྒེད་འོག་ཟེར་ བཏགས་ཡོདཔ་མ་ཚད་ གོ་པཱ་ནི་རྒེད་འོག་གི་རྒྱབ་ཁའི་ལ་འདི་ དུང་བཟུམ་སྦེ་ཡོདཔ་ལས་ མིང་དུང་ལེགས་སྒང་ཟེར་བཏགས་བཏགསཔ་མས། འདི་བཟུམ་སྦེ་ བཱོ་ཀ་རི་དང་ ས་ལ་མི་རྒེད་འོག་གཉིས་གཅིག་ཁར་བསྡོམས་ཏེ་ དཀྱིལ་འཁོར་བཟུམ་སྦེ་ཡོདཔ་ལས་ དཀྱིལ་འཁོར་ཐང་ཟེར་བཏགས་ཡོདཔ་ད་ མཇུག་ར་ ལབ་ཤེ་བཱོ་ཏེ་གི་རྒེད་འོག་ནང་ མི་སེར་ཆ་མཉམ་ འཚོ་བ་རང་མགོ་རང་འདྲོངས་སྦེ་ཡོདཔ་ལས་བརྟེན་ དགའ་ས་གླིང་ཟེར་བཏགས་ཡོདཔ་ད་ མི་དབང་ཨ་ཞེ་རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་ སྤྱི་ལོ་ ༢༠༠༣ ལུ་བྱོན་པའི་སྐབས་ པཱ་ཏེ་ལེ་གི་རྒེད་འོག་འདི་ དང་ཕུ་རྒེད་འོག་དེ་ནང་ མི་ཕྱུགཔོ་ཅིག་དང་ ཁོ་གི་ཨརཝ་གི་ལོ་རྒྱུས་དང་འཁྲིལ་ཏེ་ རྒེད་འོག་དེའི་མིང་ལུ་ གསེར་གྱི་ཐང་རྒེད་འོག་ཟེར་ མིང་གནས་འགྱུར་བཅོས་གནང་ཡོདཔ་ཨིན་པས།

Transcript search
No results found for this search
0 of 0
  • ཕུ་རྒྱལ་འབྲུག་པ་/ phugay Drukpa:
    ལགས་སོ་ལགས། སྐུ་གཟུགས་བཟངམོ་ཟེར་ཞུ་གེ་ལགས། ང་ར་གི་མིང་འདི་ ཕུ་རྒྱལ་འབྲུག་པ་ཟེར་སླབ་ཨིན་ ཟེར་ཞུ་ནི་ལགས། རྒེད་འོག་འདི་གསེར་གྱི་ཐང་ཨིན་ གཡུས་འདི་ཡང་གསེར་གྱི་ཐང་ཨིན་ཟེར་ཞུ་ནི། ད་ང་ར་གིས་ ད་ནཱ་གི་རྩི་རང་རྫོང་ཁག་གི་མིང་བསྒྱུར་བཅོས་འབད་དགོ་མི་འདི་གི་སྐོར་ལས་ཞུ་ནི་ཨིན་ཟེར་ཞུ་ནི་ལགས།
  • ཕུ་རྒྱལ་འབྲུག་པ་/ phugay Drukpa:
    ད་རྒེད་འོག་འདི་སྔོན་མ་འབད་བ་ཅིན་རྩི་རང་རྫོང་ཁག་ནང་ལུ་རྒེད་འོག་ཁལ་གཅིག་གཉིས་ཡོད་ཟེར་ཞུ་ནི་ལགས། ཏེ་ཁལ་གཅིག་གཉིས་འབདཝ་ད་ལུ་ ཏེ་སྐབས་གཅིག་ལས་ ཏེ་རྒེད་འོག་ཚུ་ ཏེ་མང་རང་མང་མས་ཟེར་ ག་བསྡུར་རྐྱབ་ནི་གི་དོན་ལས་ ཏེ་ཚོགས་རྒྱན་བསྐྱུར་ ཨ་ནཱི་སྦེ་འབདཝ་ད་ ཏེ་ག་ར་རྒེད་འོག་ཚུ་ཡར་ལས་མར་ཕབ་བཞིན་ན་སྦེ་ རྒེད་འོག་བཅུ་གཉིས་ཁར་བབས་ཅི་ཟེར་ཞུ་ནི་ལགས།
  • ཕུ་རྒྱལ་འབྲུག་པ་/ phugay Drukpa:
    འ་ནཱི་འབད་བའི་སྐབས་འདི་ཁ་ལུ་ ཏེ་སྔོན་མ་ ང་བཅས་ཀྱི་ ད་དྲི་པུ་ཀྲི་ཀ་མིཤ་ནཱར་ (deputy commissioner) ཟེར་ ཏེ་ཏ་མང་གཅིག་ཡོདཔ་ཨིན། ཏེ་འ་ནཱི་ཁོ་གིས་འབད་ ཏེ་ང་རྒཔོ་སྦེ་འབད་ནི་འདི་གིས་ ཏེ་རྒ་བ་ ད་ཁྱོད་ཀྱིས་འབད་ ཏེ་ནཱ་རྒེད་འོག་ཚུ་ག་ར་གཅིག་གིས་གཅིག་ འ་ནཱི་སྦེ་བསྡབས་ཞིན་ན་ ཡར་སོ་ཡི་ འ་ནཱི་འབདཝ་ལས་བརྟེན་ཞིན་ན་ ཏེ་ད་མིང་འདི་ ཏེ་ང་བཅས་ རྫོང་ཁ་ནང་སྦེ་ མིང་སོར་གནང་ད་ཟེར་ ཏེ་འ་ནཱི་སྦེ་ཁོ་གིས་བཀའ་གནངམ་ལས་བརྟེན་ཞིན་ན་ ཏེ་ང་གིས་ ཏེ་རྒེད་འོག་ག་ར་ ཏེ་མིང་བསྒྱུར་བཅོས་འབད་མི་འདི་ ཏེ་ང་གིས་ཨིན་ཟེར་ཞུ་ནི་ལགས།
  • ཕུ་རྒྱལ་འབྲུག་པ་/ phugay Drukpa:
    ཏེ་རྒེད་འོག་བཅུ་གཉིསཔོ་ རྒེད་འོག་བཅུ་གཉིས་འདི་ག་དེ་སྦེ་ཟེར་བ་ཅིན་ ད་སྔོན་མ་འབད་བ་ཅིན་ཏེ་ད་ནཱ་ བུ་རི་ཆུ་རྒེད་འོག་ནང་ལུ་ མ་ནི་ཀྲར་རྒེད་འོག བུ་རི་ཆུ་རྒེད་འོག དཱན་ཤི་རི་རྒེད་འོག་ཟེར་ རྒེད་འོག་གཅིག་ནང་ལུ་ ཏེ་ད་རེས་འབད་བ་ཅིན་སྤུང་བརྟན་ཆུ་རྒེད་འོག་མས་ རྒེད་འོག་གསུམ་ཡོདཔ་ཨིན་ཟེར་ཞུ་ནི་ལགས།
  • ཕུ་རྒྱལ་འབྲུག་པ་/ phugay Drukpa:
    ཏེ་ཕར་ གཞས་འཛོམས་རྒེད་འོག་ནང་ལུ་ ཕི་ནང་ཡང་ གྲང་ར་སྒང་རྒེད་འོག རྐ་ཏི་ཀེ་རྒེད་འོག བཱ་ར་རི་རྒོད་འོག་ཟེར་ རྒེད་འོག་གསུམ་ཡོད། དེ་ལས་སྦེ་ཕར་ གོ་པི་ནི་རྒེད་འོག་ལོ་ ཁོར་ས་ནི་རྒེད་འོག ས་ལ་མི་རྒེད་འོག བོ་ཀེརེ་རྒེད་འོག་ཟེར་ རྒེད་འོག་ནི་སྦེ་ཡོདཔ་ཨིན།
  • ཕུ་རྒྱལ་འབྲུག་པ་/ phugay Drukpa:
    དེ་ལས་ཕར་ ལབ་ཤེ་བྷོ་ཀྲེ་འབད་བ་ཅིན་ ཏེ་ལབ་ཤེ་བྷོ་ཀྲེ་རྒེད་འོག སུན་ཏ་ལི་རྒེད་འོག ཏེ་ཨ་ནཱི་སྦེ་ རྒེད་འོག་འདི་འ་ནཱི་སྦེ་ཡོདཔ་ཨིན་ཟེར་ཞུ་ནི་ལགས། འ་ནཱི་ཚུ་ག་ར་ཚོགས་རྒྱན་བཙུགས་ འ་ནཱི་སྦེ་ད་ལྟོ་གཅིག་ཁར་སྦེ་བསྡབས་ཞིན་ན་སྦེ་ ཏེ་ལོག་མིང་བསྒྱུར་བཅོས་འབདཝ་ད་ ཏེ་ང་གིས་ཏེ་ནཱ་སྤུངསམ་བརྟན་ཆུ་རྒེད་འོག་འདི་ མིང་བཏགས་དགོ་མི་འདི་ག་དེ་སྦེ་ཟེར་བ་ཅིན།
  • ཕུ་རྒྱལ་འབྲུག་པ་/ phugay Drukpa:
    མར་ད་རེས་བུ་རི་ཆུ་གི་སྦོ་ལོགས་ རི་གནམ་མེད་ས་མེད་སྤུངས་སྤུངསམ་བཟུམ་སྦེ་ ཏེ་འ་ནཱི་ཡོད། འ་ནཱི་འབད་ནི་འདི་གིས་ སྤུངསམ་བརྟན་ཟེར། ཆུ་འདི་ཆུ་གི་ལྟག་ལས་བཏོན་ ཏེ་བུ་རི་ཆུ་ སྔོན་མ་འབད་བ་ཅིན་ བུ་རི་ཆུ་རྒེད་འོག་ཨིན་ ཏེ་ད་རེས་སྤུངསམ་བརྟན་ཆུ་རྒེད་འོག་ ཟེར་བཏགས་དགོས་མི་འདི་ འདི་ལས་བརྟེན་ཨིན་ཟེར་ཞུ་ནི།
  • ཕུ་རྒྱལ་འབྲུག་པ་/ phugay Drukpa:
    ཏེ་ཕར་གཞས་འཛོམས་རྒེད་འོག་ནང་ལུ་ རྒེད་འོག་གསུམ་ཡོདཔ་ཨིན། རྒེད་འོག་གསུམ་འབདཝ་ད་ གཅིག་སྦེ་བསྡབས་ཡར་སོ་ཡི། ཡར་སོངམ་ལས་བརྟེན་ཞིན་ན་ གཞས་འཛོམས་རྒེད་འོག་ཟེར་བཏགས་དགོ་མི་འདི་ གནད་དོན་ག་ཅི་ལས་བརྟེན་བཏགས་ཏེ་ཨིནམ་ཟེར་ཞུ་བ་ཅིན་ ཏེ་ལ་འདི་ཡུདཔ་ཅིག་ཨ་ནི་སྦེ་ གཞསམོ་རྐྱབ་ནི་བཟུམ་སྦེ་ ཞལ་མ་ཞལ་མཇལཝ་སྦེ་ཡོད་ནི་འདི་གིས་ ཏེ་གཞས་འཛོམས་རྒེད་འོག་ཟེར་ བཏགས་ཅི་ཟེར་ཞུ་ནི།
  • ཕུ་རྒྱལ་འབྲུག་པ་/ phugay Drukpa:
    ཏེ་དུང་ལ་སྒང་རྒེད་འོག་ནང་ཡང་ ཏེ་ད་རེས་ སྔོན་མ་འབད་བ་ཅིན་གོ་པི་ནི་རྒེད་འོག་ཟེར་ཨིན། ཨ་ཕི་ནང་ལུ་རྒེད་འོག་ གསུམ་ཡོདཔ་ཨིན། ཏེ་ད་རེས་དུང་ལ་སྒང་ཟེར་བཏགས་དགོས་མི་འདི་ ཏེ་ལ་འདི་ ཏེ་དུང་བཟུམ་སྦེ་ཡོད། ཏེ་ད་མགུ་འདི་ ཕྱ་རུ་རུ་སྦེ། མར་ཏེ་གཤམ་འདི་ ཏེ་དུང་བཟུམ་སྦེ་ཡོད་ནི་འདི་གིས་ དུང་ལ་སྒང་ཟེར་ འ་ནཱི་སྦེ་བཏགས་ཏེ་ཡོད་ཟེར་ཞུ་ནི་ ལགས།
  • ཕུ་རྒྱལ་འབྲུག་པ་/ phugay Drukpa:
    དེ་ལས་སྦེ་ ཕར་དཀྱིལ་འཁོར་ཐང་ལུ་ཡང་ ཏེ་རྒེད་འོག་གཉིས་ཡོད། ཏེ་འདི་རྒེད་འོག་གཅིག་སྦེ་ཡར་སོ་ཡི། ཏེ་འདི་ནང་ལུ་སྔོན་མ་འབད་བ་ཅིན་བོག་རེ་རྒེད་འོག ས་ལ་མི་རྒེད་འོག་ཟེརཝ་མས། ཏེ་ལོག་ད་རེས་ང་གིས་ འདི་གི་ཤུལ་ལས་ ཏེ་མིང་འདི་ ཏེ་དཀྱིལ་འཁོར་ཐང་ ཟེར་བཏགས་དགོས་མི་འདི་ ཏེ་འ་ནཱི་སྦེ་རང་གིས་བལྟ༌བ་ཅིན་ ཏེ་ཕར་དཀྱིལ་འཁོར་བཟུམ་སྦེ་ ནཱ་ལས་བལྟཝ་ད་དགའ་ཏོག་ཏོ་སྦེ་ གཡུས་ཚན་འདི་དགའ་ཏོག་ཏོ་སྦེ་ མཐོང་སྦེ་འབད་ནི་འདི་གིས་ དཀྱིལ་འཁོར་ཐང་ཟེར་བཏགས་དགོས་མི་ འདི་ལས་བརྟེན་ཨིན་ཟེར་ཞུ་ནི་ལགས།
  • ཕུ་རྒྱལ་འབྲུག་པ་/ phugay Drukpa:
    ཏེ་སྔོན་མ་ལབ་ཤེ་བྷོ་ཀྲེ་ཟེར་མི་འདི་ ཏེ་སྔོན་མ་འབད་བ་ཅིན་ ལབ་ཤེ་བྷོ་ཀྲེ་རྒེད་འོག་ཟེར་སླབ་མས། ལབ་ཤེ་བྷོ་ཀྲེ་ཟེར་མི་འདི་ ཏེ་ཁོང་གི་ཨ་ནཱི་ཨེ་ཅོ་ལ་ཤིང་སྦོམ་སྦེ་ སྦོ་ལོགས་ཡོདཔ་སྦེ་འབད་ནི་འདི་གིས་ ལབ་ཤེ་ཟེར་ ཨེ་ཅོ་ལ་འདི་ལུ་ཁོང་གིས་ ལབ་ཤེ་ཟེར་སླབ་ཨིན་ ལྷོ་མཚམས་གིས། འ་ནཱི་འབད་ནི་འདི་གིས་ལབ་ཤེ་བྷོ་ཀྲེ་ཟེར་ བཏགས་བཏགསཔ་མས།
  • ཕུ་རྒྱལ་འབྲུག་པ་/ phugay Drukpa:
    ཏེ་ལོག་ སྔོན་མ་འབད་བ་ཅིན་ ང་བཅས་ཀྱི་རྫོང་འདི་ ད་རེས་མར་ སྔོན་མ་ལབ་ཤེ་བྷོ་ཀྲེ་ཟེར་སླབ་སར་ཨིན། ཏེ་འདི་ནང་ལུ་ང་ ཏེ་ལབ་ཤེ་བྷོ་ཀྲེ་ཟེར་མ་བཏགས་པར་ གོ་ས་གླིང་རྒེད་འོག་ཟེར། གོ་ས་གླིང་རྒེད་འོག་ཟེར་བཏགས་དགོ་མི་འདི་ ཏེ་ང་བཅས་གོ་ས་ཡོད་མི་མེད་མི་ག་ར་ འ་མི་ནང་འཛོམས་ས་འབདཝ་ལས་བརྟེན་ གོ་ས་གླིང་རྒེད་འོག་ཟེར་ ཏེ་འ་ནཱི་སྦེ་བཏགས་བཏགསཔ་ཨིན་ཟེར་ཞུ་ནི་ལགས།
  • ཕུ་རྒྱལ་འབྲུག་པ་/ phugay Drukpa:
    ཏེ་ད་ང་བཅས་ད་མིང་བསྒྱུར་བཅོས་འབད་མ་དགོ་མི་འདི་ ཚོགས་ཀ་ན་རྒེད་འོག རྩི་རང་སྟོད་ རྩི་རང་གྲང་ར་རྒེད་འོག པ་ཏ་ལེ་རྒེད་འོག་འདི་ ཏེ་མིང་བསྒྱུར་བཅོས་འབད་མི་དགོ་ཟེར་ ཏེ་རོགས་དེ་བསྒང་ང་བཅས་ དྲི་པུ་ཀྲི་ཀ་མིཤ་ནཱར་ (deputy commisionner) འདི་གི་བཀའ་རྒྱ་ཡང་དེ་སྦེ་ཨིན། ཏེ་འདི་བསྒྱུར་བཅོས་འབད་མ་དགོ་མི་འདི་ ག་དེ་སྦེ་སྨོ་ཟེར་བ་ཅིན་ང་བཅས་རྒེད་འོག་གསུམ་འདི་ རང་འཇགས་སྦེ་ར་ཚོགས་རྒྱན་ཐོབ་སྦེ་འབད་ནི་དེ་གིས་ འ་ནཱི་ལས་བརྟེན་ཞིན་ན་ ཏེ་བསྒྱུར་བཅོས་མ་འབད་བར་ པ་ཏ་ལེ་ཟེར་བཞག་ཅི་ཟེར་ཞུ་ནི་ལགས།
  • ཕུ་རྒྱལ་འབྲུག་པ་/ phugay Drukpa:
    ཏེ་ལོག་ཤུལ་ལས་ ཏེ་ང་བཅས་པ་ཏ་ལེ་གི་མིང་འདི་ གནམ་ལོ་གཉིས་སྟོང་གསུམ་ལུ་ ཏེ་ང་བཅས་ཨ་ཞེ་རྡོ་རྗེ་དབངམོ་ནཱ་བྱོན་འབད་སྦེ་ ཏེ་ཨ་ཞེ་གིས་ ཏེ་ནཱ་གི་སྔོན་མ་གི་སྔར་སྲོལ་གི་མིང་འདི་ག་དེ་ག་དེ་སྦེ་སྨོ་ཟེར་ ཏེ་ང་དེ་ཚེ་སྤྱི་མི་འབད་སྡོད་ཡི་ཏེ་ ང་ལུ་བཀའ་གནང་ འ་ནཱི་སྦེ་འབད་ ཏེ་ང་གིས་ ཨ་ཞེ་ལུ་ ཏེ་འ་ནཱི་ཨ་ནི་སྦེ་ཨིན་པས་དང་ཕུ་འབད་བ་ཅིན་ མཱོལ་བང་ཤེ་ཟེར་ཡང་སླབ་མས།
  • ཕུ་རྒྱལ་འབྲུག་པ་/ phugay Drukpa:
    ཨའུ་ལས་གངའོ་ཟེར་ཡང་སླབ་མས་ཟེར་ ཏེ་ཨ་ནི་སྦེ་ཞུ་སྦེ་འབདཝ་ད་ ཏེ་ཨ་ཞེ་གིས་ ཏེ་མཱོལ་བང་ཤེ་ཟེར་མི་འདི་ག་ཅི་ལས་བརྟེན་སླབ་ཨིནམ་ཟེར་ ཨ་ནི་སྦེ་གསུངས་དེས། ཏེ་ང་གིས་ ཏེ་མཱོལ་བང་ཤེ་ཟེར་མི་འདི་གཞུ་ཚར་གླིང་སྦེ་ཡོདཔ་མས་ ཏེ་འ་ནཱི་འབད་ནི་འདི་གིས་མཱོལ་བང་ཤེ་ཟེར་ གཞུ་ཚར་འདི་ཁོང་གིས་ལྷོ་མཚམས་ཀྱིས་འབད་བ་ཅིན་ མཱོལ་བང་ཤེ་ཟེར་སླབ་ཨིན། འ་ནཱི་ལས་བརྟེན་ མཱོལ་བང་ཤེ་ཟེར་སླབ་ཨིན་ཟེར་ འ་ནཱི་སྦེ་ཞུ་ཡི་ཟེར་ཞུ་ནི་ལགས།
  • ཕུ་རྒྱལ་འབྲུག་པ་/ phugay Drukpa:
    ཏེ་ཨའུ་ལེ་གངའོ་ཟེར་མི་འདི་ ཨའུ་ལེ་ཟེར་མི་འདི་ཏེ་ཁོང་ སྔོན་མ་འབད་བ་ཅིན་ ཚད་པ་གིས་ནཝ་མས། འ་ནཱི་འབད་ནི་འདི་གིས་ ཁོང་གི་ལྷོ་མཚམས་ཀྱིས་ཨའུ་ལེ་སྒང་ཟེར་བཏགས་དགོ་མི་འདི་གནད་དོན་ འདི་ལས་བརྟེན་ཨིན་མས་ཟེར།
  • ཕུ་རྒྱལ་འབྲུག་པ་/ phugay Drukpa:
    ཏེ་ལོག་ཤུལ་ལས་ད་རུང་ནཱ་གི་ ཏེ་སྔོན་མ་གི་མིང་སླབ་པའི་སྲོལ་ག་ཅི་རང་ཡོདཔ་ ཟེར་གསུངམ་ད་ ཏེ་ང་གིས་ཞུ་ཡི་ ཏེ་ང་བཅས་ནཱ་གསེར་ལུངཔ་ གསེར་ལུངཔ་ཟེར་ འ་ནཱི་སྦེ་སླབ་པའི་སྲོལ་འདུག་ཟེར། ཏེ་ཨ་ཞེ་ལུ་ཨ་ནི་སྦེ་ཞུ་སྦེ་འབདཝ་ད་ ཏེ་ཨ་ཞེ་གིས་ འདི་སླབ་དགོ་མི་གནད་དོན་ག་ཅི་ལས་བརྟེན་ཨིན་ན་ཟེར་ ཏེ་ཨ་ཞེ་གིས་བཀའ་གནང་།
  • ཕུ་རྒྱལ་འབྲུག་པ་/ phugay Drukpa:
    ཏེ་ང་ འདི་སླབ་དགོ་མི་འདི་ སྔོན་མ་ ཏེ་ང་བཅས་ཀྱི་ དཱན་བིར་རའི་ཟེར་ ཕྱུགཔོ་ཅིག་ཡོདཔ་ཨིན་ལགས། འ་ནཱི་ཕྱུགཔོ་འདི་གིས་ ཏེ་སྔོན་མ་ཨརཝ་གནམ་མེད་ས་མེད་འཐོན། ཏེ་དེ་ཁོ་ གསེར་དང་དངུལ་འདི་ ཟངས་རྒྱ་རྫི་ནང་སྦ་ཞིན་ན་ ཡར་ཨ་ཡར་ལུངཔ་སྦོམ་ཅིག་ནང་ བྱག་ཕུག་སྦོམ་ཅིག་ཡོདཔ་ཨིན། ག་གིས་ཡང་མ་ཤེསཔ་སྦེ་ ཏེ་ཨ་ཡི་ནང་གཡིབ་བཞག
  • ཕུ་རྒྱལ་འབྲུག་པ་/ phugay Drukpa:
    ཏེ་དེ་ལས་ལོག་ཨརཝ་གིས་ཡུདཔ་ཅིག་ཁ་ལས་ཚོར་སྦེ་འབདཝ་ད་ ཏེ་ཨ་ཡི་ནང་ལས་བཏོན་འབག་འགྱོཝ་ད་ཏེ་ མི་ཚུ་གིས་མཐོང་སྦེ་འབད་བཞིན་ན་ ཏེ་གསེར་ལུངཔ་ གསེར་ལུངཔ་ཟེར་ བཏགས་དགོ་མི་གནད་དོན་འདི་ལས་བརྟེན་ཏེ་ཨིན་མས་ཟེར་ ཏེ་ང་ཨ་ཞེ་ལུ་ ཨ་ནི་སྦེ་ ཏེ་གསལ་ཞུ་སྦེ་འབདཝ་ད་ ཨ་ཞེ་གིས་ ཏེ་དེ་སྦེ་བ་ཅིན་ ལུངཔ་འདི་མི་འཇའ་བས་སྨོ། དེ་སྦེ་འབད་བ་ཅིན་ ཏེ་གསེར་གྱི་ཐང་ཟེར་ བཏགས་དགོ་པས་ཟེར་ ཏེ་ཨ་ནཱི་སྦེ་བཀའ་གནང་ ཏེ་ཨ་ཞེ་གིས་ ག་ཅི་ར་ཨིན་རུང་ ཁྱེད་ར་ནཱ་མི་ལེ་ཤ་འཛོམས་འདུག
  • ཕུ་རྒྱལ་འབྲུག་པ་/ phugay Drukpa:
    ཕར་ལྷོདཔ་ད་ བྲིས་སྦེ་འབད་ འ་ནཱི་སྦེ་འབད་དགོ་ནི་མས་སྨོ་ཟེར་ གསུངས་འབད་སྦེ་ ལོག་ཕར་མི་ཀྲིང་ (ཞལ་འཛོམས་) ནང་བྱོན་ ཏེ་མི་སེར་ཚུ་ལུ་བྲིས་སྦེ་ ཏེ་ག་དེ་སྦེ་ འ་ནཱི་སྦེ་བཏགས་པ་ཅིན་ག་དེ་སྦེ་སྨོ་ཟེརཝ་ད་ ང་བཅས་མི་སེར་ཚུ་གིས་ཡང་ཏེ་མིང་འདི་ ཏེ་ཨ་ཞེ་བྱོན་པའི་སྐུ་དང་གྲིབ་མ་ལས་ ཨ་ནཱི་སྦེ་ཤུལ་བཞག་དང་གསོལ་ར་འདྲཝ་ཅིག་སྦེ་བཏགས་སྦེ་འབད་བ་ཅིན་ བཀའ་དྲིན་ཆེ་ཟེརཝ་ད། ཡ་དེན་ ད་རེས་ལས་ ཏེ་གསེར་གྱི་ཐང་ཟེར་ཨིན་སྨ་རེད།
  • ཕུ་རྒྱལ་འབྲུག་པ་/ phugay Drukpa:
    མ་འོངས་པ་ལུ་ ཁྱེད་ནཱ་རྒེད་འོག་འདི་ གསེར་འགྱུར་བཅུག་ཟེར་ དེ་སྦེ་ ཁྱོད་ར་གིས་ཡང་སྨོན་ལམ་འ་ནཱི་སྦེ་བཏབ། ཨ་ཞེ་མོ་ར་གིས་ཡང་ཐུགས་སྨོན་འ་ནཱི་སྦེ་གནང་གེ་ཟེར་ ཏེ་མིང་འ་ནཱི་སྦེ་གནམ་ལོ་ (སྤྱི་ལོ་) ༢༠༠༣ ལུ་ ཏེ་ནཱ་གསེར་གྱི་ཐང་ ཟེར་བཏགས་དགོ་མི་འདི་ འ་ནཱི་སྦེ་ཨིན་ཟེར་ཞུ་ནི་ལགས།
  • ཕུ་རྒྱལ་འབྲུག་པ་/ phugay Drukpa:
    སྔོན་མ་འབད་བ་ཅིན་ པ་ཏ་ལེ་རྒེད་འོག་ཟེརཝ་མས། ད་པ་ཏ་ལེ་རྒེད་འོག་ཟེར་མི་འདི་ ཏེ་སྔོན་མ་འབད་བ་ཅིན་ པ་ཏ་ཊར་ པ་ཏ་ཊར་ཟེར་ པ་ཏ་ཊར་འདི་ ཏེ་ཁོང་ལྷོ་མཚམས་ལས་འབད་བ་ཅིན་ ང་བཅས་ཀྱིས་འབད་བ་ཅིན་ བ་ལ་ཤོམ་འདབ་ཀྱི་གླིང་སྦེ་ཡོདཔ་མས་ལགས་ མར་ཨ་ནཱི་ཐང་དེ་ནང་ལུ།
  • ཕུ་རྒྱལ་འབྲུག་པ་/ phugay Drukpa:
    ཏེ་འ་ནཱི་བ་ལ་ཐང་། ཏེ་ཁོང་གིས་འབད་བ་ཅིན་ པ་ཏ་ཊར། ཏེ་ལོག་སྐབས་ཅིག་ལས་ པ་ཏ་ལེ་ པ་ཏ་ལེ་ཟེར་ པ་ཏ་ལེ་རྒེད་འོག་ཟེར་འ་ནཱི་སྦེ་དར་ཁྱབ་འགྱོ་འགྱོཝ་ཨིན་མས། ཏེ་ལོག་གནམ་ལོ་ (སྤྱི་ལོ་) ༢༠༠༣ ལས་ ཏེ་ཨ་ཞེ་བྱོན་སྦེ་ ཏེ་ཨ་ཞེ་གིས་མིང་འདི་ཨ་ནི་སྦེ་བསྒྱུར་བཅོས་གནང་འབད་སྦེ་ ཏེ་ང་བཅས་ནཱ་གསེར་གྱི་ཐང་ཟེར་ མིང་བསྒྱུར་བཅོས་འགྱོ་མི་འདི་ འ་ན་ལས་ཚུར་བཏབ་འདི་ གསེར་གྱི་ཐང་ཟེར་ མིང་བཏགས་བཏགསཔ་ཨིན་ཟེར་ཞུ་ནི་ལགས།
  • ཕུ་རྒྱལ་འབྲུག་པ་/ phugay Drukpa:
    ད་ང་ར་གིས་ཤེས་ཤེསཔ་མཐོང་མཐོངཔ་འདི་ ཏེ་འ་ནཱིམ་ཅིག་ཨིན་མས། ཏེ་ད་གཞན་མི་ག་ནི་ཡང་ཞུ་ནི་མེད། ཏེ་བཀའ་དྲིན་ ད་རེས་ང་ལུ་ ནཱ་བྱོན་ ཨ་ནཱི་སྦེ་གོ་སྐབས་གནང་སྦེ་འབད་ནི་དེ་གིས་ ང་ར་གིས་ ཏེ་ཤེས་ཤེསཔ་མཐོང་མཐོངཔ་འདི་ ཏེ་འ་ནཱི་སྦེ་ཞུ་ནི་གི་སྐབས་ཐོབ་འབད་ནི་དེ་གིས་ ང་ཡང་གནམ་མེད་ས་མེད་སེམས་དགའ་ཡི་ ཏེ་བཀའ་དྲིན་ཆེ་ ཟེར་ཞུ་ནི་ལགས།། །།