Video Overview
Rikkyap from Gartsé village in Tsekhok tells the story of how the crow got its Tibetan name by exchanging its original name with a woman.
- གནའ་གནའ་ཞིག་ལ་འཇིག་རྟེན་འདིའི་འགྲོ་བ་མི་འདི།
- འཇིག་རྟེན་ཁམས་འདི་ཆགས་དུས།
- བྱ་ཡི་རྒྱལ་བོ་བྱ་རྒྱལ་ཁྱུང་ཆེན་འདིས།
- ཁོ་ཡི་མངའ་འོག་གི་བྱ་ཐམས་ཅད་བསྡུས་ནས།
- བྱ་ཐམས་ཅད་ལ་མིང་བསྩལ་བ་རེད།
- མིང་བསྩལ་དུས་རྒོད་དང་ནེ་ཙོ།
- འུག་པ་འདི་ཚོ་བསྡུས་དུས།
- རྒོད་འདིའི་མིང་ལ་བྱ་འདི་རྒོད་པོ་ཞིག་རེད་ཟེར་ནས།
- ཁོ་ཡི་མིང་ལ་རྒོད་བཏགས་པ་ཡིན་ཟེར།
- དེ་ནས་ནེ་ཙོ་ལ་ཁྱོད་བྱ་ཡི་ནང་ནས།
- ཁྱོད་སྐད་ཆ་བཤད་ཤེས་པ་ཞིག་རེད།
- དེ་སྟབས་ཀྱིས་ཁྱོད་ཀྱི་མིང་ལ་ནམ་མཁའི་ནེ་ཙོ་བཏགས་པ་རེད།
- དེ་ནས་རིམ་པ་བཞིན་དུ་བྱ་ཐམས་ཅད་ལ་མིང་བཏགས་པས།
- ཕོ་རོག་གི་མཚམས་ལ་ཐོན་པ་རེད།
- ཕོ་རོག་དེར་མིང་།
- ཁྱོད་ཀྱི་མིང་ལ་ཕོ་རོག་ཟེར་བའི་མིང་།
- ཕོ་རོག་དེར་མིང་འདི་མེད།
- ཕོ་རོག་དེ་རྗེས་ནས་བཏགས་པ་ཞིག་རེད།
- མིའི་མིང་བཏགས་པ་ཡིན།
- བྱ་རྒྱལ་ཁྱུང་ཆེན་དེའི་ཁོ་ལ་བཏགས་པ།
- ཁྱོད་བྱ་ཐམས་ཅད་ཀྱི་ནང་ནས་སྙོམ་ཆུང་།
- མདོག་གི་ཆ་ནས་ནག་པོ་དེ་འདྲ་ཞིག་རེད།
- སྙོམ་ཆུང་ཡིན་པའི་ཆ་ནས་ཁྱོད་མོ་དང་འདྲ་བ་རེད།
- མདོག་ནག་པོ་ཡིན་པའི་ཆ་ནས།
- ཁྱོད་ཀྱི་མིང་ལ་ནག་མོ་ཞེས་བཏགས་ན་ཡག་གི་ཟེར།
- དེའི་སྐབས་དེར་ཕོ་རོག་དེའི་སེམས་ན།
- ངའི་མིང་བཏགས་པ་འདི་བྱ་གཞན་པ་རྣམས་ལ་བལྟས་ན།
- ཁོའི་མིང་འདི་མི་ཡག་གི
- མདོག་ནག་པོ་ཡིན་པ་དེའི་ཆ་ནས་ཁོར་མི་ཡག་པ་བཏགས་ཡོད་གི
- དེའི་ཡིན་ན་ཁོའི་མིང་འདི་ཡར་བསྐྱར་བརྗེ་དགོས་འདོད་ནས།
- ཁོ་ཡིས་མཚམས་དེ་ནས་བྱ་ཚོགས་གྲོལ་ནས་ཕར་འགྲོ་ཚུལ་འགྲོ་བྱས་རྗེས།
- ཁོ་གྲོང་བ་ཡི་ནང་ལ་སོང་ནས།
- ཁྱིམ་ཚང་ཕྱུག་པོ་ཚང་ཞིག་གིས་དེ་ནས་དགུན་ཟོས་བཅོས་པ།
- སྐམ་བཤས་བ་དེར་སོང་ནས་ཁོ་ཡིས་གྲོགས་བྱས་ནས།
- ཁྱིམ་བདག་གིས་དེ་རིང་དཀར་ཡོལ་ནང་དུ།
- མགོན་པོ་ལྷ་བྱ་ཕོ་རོག་གིས་གྲོགས་བྱེད་པ་རེད།
- དེར་ཚིལ་དང་མར་འཕེན་ཟེར་ནས།
- ཁོ་ཚང་གིས་བདག་མོ་ཡིས།
- དེར་མར་དང་ཚིལ་ཕ་རོལ་ཕོ་རོག་ལ་འཕངས་ནས།
- ཕོ་རོག་གིས་དེ་འཐུ་ཞོར་དུ་ཁོ་ཚང་གི་རྒད་པོ་དེར་བཤད་པ་ན།
- ཁྱོད་ཀྱི་རྩིབ་ཀྱི་བུ་མོ་འདིའི་མིང་ལ།
- ཁྱོད་ཀྱི་བཟའ་ཚང་གི་མིང་ལ་ཕོ་རོག་ཟེར་བ་རེད།
- དེ་ཡིན་ན་ཁྱོད་ཀྱི་བཟའ་ཚང་གི་མིང་ལ་ཕོ་རོག་བཏགས་ན་མི་ཡག་གི
- འདིའི་མིང་ལ་ནག་མོ་བཏགས་ན་བཟང་གི
- ཕོ་རོག་ངའི་མིང་ཡིན་ཟེར་ནས།
- ཁོ་ཡི་མིང་ལ་ཕོ་རོག་བཏགས་པ་དེ་ཡིན།
- བུད་མེད་ཀྱི་མིང་ལ་ཕོ་རོག་བཏགས་པ་ཡིན།
- བུད་མེད་ཀྱི་མིང་དེ་སྐབས་དེར་བཏགས་པ་ཡིན།
- བདེན་གི་་་ལྷ་བྱ་ཡིས་དེ་ལྟར་ཟེར་བ་བདེན་པ་ཡིན།
- བུད་མེད་ཚོའི་མིང་ལ་ནག་མོ་འདོགས་པ་དང་།
- ཕོ་རོག་ཟེར་བ་འདི་བྱ་འདིའི་མིང་རེད།
- བུད་མེད་ཚོའི་མིང་ལ་ནག་མོ་འདོགས་ཟེར་ནས།
- བུད་མེད་ཚོའི་མིང་ལ་ནག་མོ་དེ་བཏགས་པ་རེད།
- དེ་ནས་ཕྱིར་བྱ་རྒྱལ་ཁྱུང་ཆེན་ཡོད་ས་ལ་འཕུར་ནས་སོང་སྟེ།
- བྱ་རྒྱལ་ཁྱུང་ཆེན་ལ།
- ངའི་མིང་ལ་འགྲོ་བ་མིའི་ང་ལ་ཕོ་རོག་ཟེར་བ་རེད།
- སྔོན་ནས་མིང་བཏགས་ཡོད།
- དེ་ཡིན་ན་ངའི་མིང་གོང་ནས་བཏགས་པའི་ནག་མོ་ཟེར་བ་དེ།
- འགྲོ་བ་མིའི་མོ་ཡི་མིང་རེད།
- ཁྱིམ་ཐབ་འཛིན་པའི་བུད་མེད་ཀྱི་མིང་ལ་ནག་མོ་ཟེར།
- འདི་གཞན་གྱི་མིང་རེད།
- ངའི་མིང་ལ་ཕོ་རོག་བཟང་གི་ཟེར་ནས།
- ཁོ་ཡི་མིང་ལ་བྱ་རྒྱལ་ཁྱུང་ཆེན་གྱིས།
- དེ་ཡིན་ན་ཁྱོད་ཀྱི་མིང་ལ་ཕོ་རོག་འདོགས་ཟེར།
- ཁོ་ཡི་མིང་ལ་ཕོ་རོག་བཏགས་པ་རེད།
- བུད་མེད་ཀྱི་མིང་ལ་ནག་མོ་བཏགས་པ་རེད།
- དེང་མ་གདོད་མའི་དུས་སུ་བུད་མེད་ཀྱི་མིང་ལ་ཕོ་རོག་དང་།
- བྱ་ཕོ་རོག་གི་མིང་ལ་ནག་མོ་བཏགས་ཡོད།
- ཁོ་ཡིས་དེ་ནས་ཕན་ཚུན་ལ་བརྗེ་རེས་བྱས་པ་རེད།