Skip to main content Skip to search
05 Sep 2018
16 min 16 sec
Video Overview
Creators: 
Rinzin Dema

Paw (Shaman) Azhu from Haa became a shaman of Chundu — the main local deity of Haa — three decades ago at age 42. He speaks of Chundu who was once a protector to Zhabdrung Ngawang Namgyal, and later was sent to Haa as its protecting deity. According to Azhu, Chundu originally came from China and demanded the community to offer him a yak every year, in exchange for constructing Lhakhang Karpo and Nagpo (the White Temple and the Black Temple). This is why Balyang festival takes place each year, as an offering to Chundu.

༉  ཧཱ་རྫོང་ཁག་ལས་ དཔའ་བོ་ཨ་ཞུ་འདི་ སྐྱེས་ལོ་ ༤༢ ལངས་པའི་སྐབས་ ཨཔ་ཁྱུང་བདུད་ཀྱི་དཔའ་བོ་འཛུལ་ཡོདཔ་ད་ གློག་བརྙན་འདི་ནང་ ཁོ་གིས་ ཨཔ་ཁྱུང་བདུད་འདི་ དཔལ་འབྲུག་པ་རིན་པོ་ཆེ་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་སྲུང་མ་དང་ ཤུལ་ལས་ ཧཱ་ལུང་ཕྱོགས་ཀྱི་སྲུང་མ་སྦེ་བསྐོས་གནང་ཞིནམ་ལས་ ཧཱ་ལུ་བཏང་བའི་སྐོར་ལས་ ལོ་རྒྱུས་ཚུ་སླབ་ཨིན་མས། ཨཔ་ཁྱུང་བདུད་འདི་ སྤྱིར་བཏང་ འཁྲུངས་ཡུལ་རྒྱ་ནག་ལས་ཨིནམ་ད་ ཧཱ་གི་ལྷ་ཁང་དཀརཔོ་དང་ལྷ་ཁང་ནག་པོ་འདི་བཞེངས་དགོ་པ་ཅིན་ ཁོ་ལུ་གཡག་གི་དམར་མཆོད་འབད་དགོཔ་སྦེ་ སླབ་ལས་ཚུར་ བལ་གཡང་གི་དུས་སྟོན་འདི་འགོ་བཙུགས་བཙུགསཔ་ཨིན་མས། ཨིན་རུང་ ང་བཅས་རའི་འབྲུག་རྒྱལ་ཁབ་འདི་ ཆོས་ལྡན་གྱི་རྒྱལ་ཁབ་ཅིག་འབདཝ་ལས་ གཡག་དམར་མཆོད་འབད་ནི་འདི་མ་བཏུབ་ལས་ ཨཔ་ཁྱུང་བདུད་ཁོ་ར་ལུ་ དམར་མཆོད་མི་འབད་ནི་སྦེ་གསོལཝ་བཏབ་ཞིནམ་ལས་ དམར་མཆོད་འདི་བཀག་ནུག ད་རེས་ནངས་པར་ དུས་སྟོན་འདིའི་དོན་ལུ་ མི་སྡེའི་ནང་གནོད་པ་ག་ནི་ཡང་མེདཔ་སྦེ་ ཁྲོམ་ཁ་ལས་ ཤ་ཨ་ཙི་རེ་ཉོ་ཞིནམ་ལས་ ཨཔ་ཁྱུང་བདུད་ལུ་མཆོདཔ་ཕུལ་དོ་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • དཔའོ་ཨ་ཞོ
    ལགས་སོ་ལགས། ཧཱ་གི་ཁྱུང་བདུད་ཀྱི་དཔའོ་ཨ་ཞོ་ཟེར་མི་འདི་ང་ཨིན་ལགས།
  • དཔའོ་ཨ་ཞོ
    ལོ་བཞི་བཅུ་བཞི་གཉིས་མེནཔ་དཔའོ་མ་འཐོན་པས། ཏེ་ལོ་བཞི་བཅུ་བཞི་གཉིས་ལས་དཔའོ་འཐོན་ཏི་གིས་དུས་ཅིག་གི་ལོ་བདུན་བཅུ་བདུན་གཅིག་ཡར་སོང་ཡི།
  • དཔའོ་ཨ་ཞོ
    ཏེ་ཨ་ནི་བྱང་ཁག་ཁ་བལ་གཡང་བཏང་དགོ་པའི་ཁུངས་ནི་ དང་ཕུག་ངའི་གི་ཨ་རྒས་རྒས་ཀྲི་བྱ་ཆི་ཟེར་མི་གི་སླབ་དེས། ཁོ་ལོ་བརྒྱད་བཅུ་མས།
  • དཔའོ་ཨ་ཞོ
    ཏེ་བལ་གཡང་བཏང་དགོ་མི་འདི་ང་བཅས་ནང་དགོངས་གཟིམ་ཡབ་ཀ་ཛི་ཨོ་རྒྱན་དྲིན་ཞིག་གི་སྐབས་ལུ་ཨིན་ལོ།
  • དཔའོ་ཨ་ཞོ
    ཏེ་ཨ་ན་ལས་བོད་པའི་དམག་ཁང་ན་ཆགས་ཆི། ཏེ་ང་བཅས་དཔོན་དང་མི་སེར་ག་དེ་སྦེ་འབད་དྲག་ག་མནོ། ཏེ་ཉིམ་གཉིས་འདེ་ཅིག་ལུག་སོང་སོངམ་ཨིན་དོཝ་མས།
  • དཔའོ་ཨ་ཞོ
    ཏེ་ཨ་ནེ་ཅིག་ཁར་ལས་ཆུང་བདུད་ཀྱི་འཛུམ་འཕྲུལ་བྱོན་ཏེ་ ཨ་ཕར་རྒྱན་ས་དང་ཨ་ནིའི་བར་ལས་མར་གྱི་་རོངས་ཆུ་འདི་ཁོང་གིས་མཐོ་དམན་འདྲ་འདྲ་སྦེ་མཐོང་འདི་ བོད་པ་གིས།
  • དཔའོ་ཨ་ཞོ
    ཏེ་ཁྱུང་བདུད་ཀྱི་འཛུམ་འཕྲུལ་བཏོན་ཏེ་ ད་རེས་ཕར་གི་ལོ་ལས་ང་བཅས་གླུ་མོན་མེ་ མེ་སྟེགས་དོ་བཟུམ་སྦེ་མཐོང་འདི་ ཏེ་བོདཔ་ཆ་མཉམ་ཨ་ན་བྱང་ཁ་ཤོར་རས་ཟེར་མི་ནང་ལས་མར་རྐྱབ་སྟེ་བསད་དཔ་མས
  • དཔའོ་ཨ་ཞོ
    ཏེ་དྲོ་པ་རྒཔ་འདི་ཡང་ཏོག་ལས་མས་ རྒཔ་དང་སྤྱིར་མི་འདི་ན་སོང་པའི་བསྒང་ལས་ བོདཔ་ཐབ་ཚབ་གཉིས་ལས་མིན་འདུག་ལོ།
  • དཔའོ་ཨ་ཞོ
    ཏེ་ག་དེ་སྦེ་འབད་ཡི་ཟེར་ སྡངས་ང་བཅས་ན་ལས་བལྟཝ་ད་ལུ་ཨ་ཕར་ལས་མེ་གནམ་མེད་ས་མེད་འཐོན་ཏེ་ད་སྟེ་བྱང་ཕྱད་ཕར་ལས་འཐོན་དེ་ཟེར་ཆ་མཉམ་ན་ལས་མར་བསད་ད་ཡི་ཟེར་ སླབ་ཅིན་ཁྱུང་དུད་དངོས་སུ་ཚད་མ་ ན་འབྱོན་འོང་ཡི་ཟེར་མས།
  • དཔའོ་ཨ་ཞོ
    རྒཔ་པོ་ ཏེ་ཕྱད་བདའ་གྲོ་ཚོང་ཅིག་ཡང་རྐྱབ་མ་དགོཔ་ང་གི་བཟོ་ཡི། ཁྱོད་དཔོན་ན་སླབ་སོང་ཞིག་ ང་ལུ་གན་བྱིན་ནི་མོ་ཟེར།
  • དཔའོ་ཨ་ཞོ
    ཏེ་མར་དགོངས་གཟིམ་ཀ་ཛི་ཨོ་རྒན་ནང་ཞུ་ ན་འབྱོན་པའི་གང་ལས་ ཏེ་རྒཔ་འདི་གིས་ཨ་རག་དམ་སྦྱི་གཅིག་ཕུལ་དྲང་སྦེ་ ཏེ་ཁྱུང་བདུད་དངོས་སུ་ཚད་མ་ནང་འབྱོན་འོང་ཡི་ཟེར་མས།
  • དཔའོ་ཨ་ཞོ
    ཏེ་ཁྱོད་རང་ཕྱད་བདའ་གྲོ་ཚོང་ཅིག་རང་རྐྱབ་མ་དགོཔ་ང་གིས་བཟོ་ཡི་ཟེར ཏེ་ང་ལུ་གན་བྱིན་ནི་སྨོ?
  • དཔའོ་ཨ་ཞོ
    ཏེ་ན་ལས་བཀའ་ག་གནངམ་ཅིག་ང་རང་ཕུལ་གེ་ཟེརཝ་ད།
  • དཔའོ་ཨ་ཞོ
    ཏེ་ང་རྒྱ་གནག་ལས་འོང་པའི་བསྒང་ངའི་དྲན་བསྐྱལ་འདི་ག་ཕོག་ཅིག་ག་མནོ་ བྱ་དཀརཔོ་ཅིག་དང་གནགཔ་ཅིག་བཏང་ཡི་ ཏེ་དཀརཔོ་འདི་ཁྱོད་ཀྱི་རྫོང་གི་གཞམ་ལུ་འདུག གནགཔ་འདི་ཡང་མར་འདུག
  • དཔའོ་ཨ་ཞོ
    དཀརཔོ་འདི་ནང་ལྷ་ཁང་དཀརཔོ་ཅིག་བཞེངས་ གནགཔ་འདི་ནང་གནགཔ་ཅིག་བཞེངས་ ཏེ་ང་ལུ་གཡག་ལོ་ཉིད་གཅིག་ཚ་ཏོམ་སྦེ་ཅིག་འབག་ཤོག་ཟེར་ གསུངས་བཞག་ འ་ནི་གི་བལ་ཡངས་བཏང་དགོཔ་མི་འདི་ཨ་ནི་ཨིན་ཟེརཝ་མས།
  • དཔའོ་ཨ་ཞོ
    ཏེ་རོགས་སྔོན་མ་ཁྱུང་བདུད་འཁྲུངས་སའི་རྒྱ་ནག་ལས་མས། ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཞབས་ས་བཀའ་སྲུང་མས།
  • དཔའོ་ཨ་ཞོ
    ཏེ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་རྒྱཔ་ གན་ཉིད་ ཁྱུང་བདུད་ནུབ་བཙུན་པའི་གཡུས་ཁ་ལས་མེ་ལེན་སོང་ཟེར་ སོངམ་ད་ ཕར་ལས་དཀཝ་ནི་འདི་ཁྱུང་བདུད་ཀྱི་བཤག་ཏེ་ལེན་ནུག་བ་ ཏེ་ལམ་ཁ་ལྷོདཔ་ད་ཨམ་སྲུ་ཅིག་ལྷ་གསོལ་འདི་སྡོད་ཡོདཔ་མས་ ཏེ་ཁོ་ཡར་ཁྱུང་བདུདའི་ཛེད་ཁ་ཆགས་ལུག་སོངཔ་མས།
  • དཔའོ་ཨ་ཞོ
    ཏེ་གན་ཉིད་དང་གོང་མ་གིས་ཕར་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་སྐུ་མདུན་ ཁོ་ཕར་ཁྱུང་བདུད་ཀྱི་ཛེ་ཁ་ཆགས་སྡོད་ཡི་ འོང་མ་བཏུབ་ཟེར།
  • དཔའོ་ཨ་ཞོ
    ཏེ་ཞབས་དྲུང་དགོངས་ཁྲེལ་ གཏོརམ་འཐུ་གོང་མ་རབ་གསེས་ནང་ལས་མར་བཀོག་ད་ཟེར་ ཏེ་ཆོས་དཔོན་འདི་གཏོརམ་འབག་ཕར་ལྷོདཔ་ད་ལས་ ཏེ་ཁྱུང་བདུད་འཐོན་འོང་མས།
  • དཔའོ་ཨ་ཞོ
    ཏེ་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་སྐུ་མདུན་བསྐྱརཝ་ད་ ང་གིས་ཕར་ལས་དཀའ་དཔྱད་དེ་མེ་འ་ནེ་སྦེ་ལེན་ཡི་ ཏེ་ང་ལམ་ཁར་ཆང་འཐུང་ལུད་སོང་ཡི་ཟེར།
  • དཔའོ་ཨ་ཞོ
    ཡ་ ད་ཁྱོད་དང་ང་དམ་ཚིག་འཁྲུལ་སོང་ཡི་ཟེར་ སོང་ཁྱོད་རང་ཕར་ནུབ་པའི་ནུབ་ཁག་ཐུག་ ནོར་གནག་གཡུས་བསྟན་འཛིན་སྦྱིན་བདག། ཁྱིམ་དར་ཤིང་བསྐྱལ་ཚེ།། སྒོ་ཤིང་འགོ་བཙུགས་ཚེ།། ནོར་གནག་གཡུས་བསྟན་པ་ཕྱག་གནག་རྡོ་རྫེ་གི་སྤྲུལ་པ་ ཤ་ཚ་ཏོམ་ ཁྲག་ཚ་ཏོམ་འཐུང་མཆོག་ཟེར་ བལ་གཡང་བཏང་དགོཔ་པའི་ཁུངས་འདི་ཨ་ནི་ཨིན་ཟེརཝ་མས།
  • དཔའོ་ཨ་ཞོ
    ཏེ་བལ་གཡང་བཏང་འདི་གི་ལོ་མང་ཧེ་འ་ནིམ་ཅིག་ཡར་སོང་ནུག ཏེ་ང་དང་པ་ཡར་འཚོ་གནག་ཁ་ཟེར་ང་འདི་ན་བལ་གཡང་འ་ནི་བཏང་དགོཔ་ཅིག་ཡོདཔ་ཨིན།
  • དཔའོ་ཨ་ཞོ
    ཏེ་ང་ལོ་བཞི་བཅུ་བཞི་གཉིས་ལས་དཔའོ་འཐོན་པའི་ལོ་ནང་ལས་གསལ་ཏེ་ང་མ་ཤེས་ ཏེ་ནིའི་སང་ཕོད་ལས་ང་གིས་སླབ་སླབ་ཨིན་ ད་ལོ་གསུམ་གྱི་རྒྱབ་ལས་མས་གཡག་འདི་བསད་མ་དགོཔ་ཅིག་ དྲུང་འཚོ་རྒྱ་འཚོ་རྒཔ་ཞུ་སར་བཅའ་ བསྟུན་གྲུས་ཅིག་རྐྱབ་ མོ་ཅིག་བཏབ་པ་ཤོག་ཟེར།
  • དཔའོ་ཨ་ཞོ
    ཏེ་ དེ་ཚེད་འ་ནི་ལོ་ནང་ལས་འཚོ་ནང་ཁ་ ལྷོ་གླིང་ཕྱ་ལི་རྡོ་ཕུག་ཟེར་མི་དེའི་ ཏེ་འ་ན་ལས་གཡག་འདི་བཏགས་ ཏེ་དྲོ་པ་འབད་བའི་བསྒང་ལས་ཕོ་རྒྱ་ཅིག་གྱི་རིང་ཀུ་ཅིག་བཏགས་སྦེ་ལྷོདཔ་མས་ ནི་གན་འབད་མི་སྨོ་ཟེརན་ ཏེ་གཡག་བསད་མི་ཨིན་ལོ།
  • དཔའོ་ཨ་ཞོ
    ཏེ་གཡག་འདི་བསད་མ་ད་ཟེར་སླབ་སླབ་མེན་བུ་ཟེར་ སླབ་ད་ ཏེ་ང་བཅས་མོ་ཡང་མ་བཏབ་ཟེར་ དབེ་དྲུང་འཚོ་ཆིམ་བཟོ་མོ་ཕྱི་འབག་འོང་ཡི་ག? མོ་ཅིག་བཏབ་ཟེརཝ་ད། ཏེ་མོ་བཏབ་མི་དགོཔ་པས་ཟེར་ ཏེ་འ་ནི་ཕྲིན་ལེགས་སྒྲོལམོ་ཟེར་མི་གི་སླབ་མས་ ཏེ་ཕོ་རྒྱ་གསུམ་པོ་ཁྱུང་བདུད་སྐུ་མདུན་ལུ་ཤོ་ཞུ་དོ་ཟེར།
  • དཔའོ་ཨ་ཞོ
    ཏེ་ཨིན་མས་ཟེར་ རྒཔ་བྱེད་སང་ཞུའི་ ཏེ་ང་བཅས་རང་འབྲུག་ཆོས་ལྡན་གྱི་ཞིང་ཁམས་ ནང་པ་སངས་རྒྱས་ཨིན་པས་ འ་ནི་མར་ལས་ཡར་རྒྱལབོ་ཡེ་ཤེས་ནོར་བུ་གིས་དམར་མཆོད་བོན་མཆོད་དེ་མི་བཏུབ་ཟེར་ ཏེ་གཡག་འདི་འ་ན་རྟའི་སྤུའི་ལས།། བོད་པའི་ཞག་ཧེན་ཧེན་པ་བཏགས།། ཤེ་ཁན་ངག་ཁན་ང་བཅས་ཕུལ་སྦེ།། བཏུབ་ཟེརན་ཤོ་བཟང་ཟེར་ཞུའི་ བཅུ་གཅིག་ཨིན་མས། དྲུང་འཚོ་རྒྱ་འཚོ་ཟེར་མི་འདི་གིས་རྐྱབ་ཅིག་ ཁོ་རྐྱབ་ལྔ་མས།
  • དཔའོ་ཨ་ཞོ
    ཏེ་ནི་ལས་ང་གི་ཞུའི་ ཡ་ཕོ་ལྷ་མ་ཚང་ཁྱུང་བདུད་ ཕོ་ལྷ་ལས་མར་མེན་པས་ཟེར་ ཏེ་ང་བཅས་འབྲུག་ཆོས་ལྡན་གྱི་ཞིང་ཁམས་ ནང་པ་སངས་རྒྱས་ཀྱི་ཨིན་མས་ཟེར་ དུས་དང་ཕུག་ལས་རང་ རོགས་མར་རྒྱལབོ་ཡེ་ཤེས་ནོར་བུ་གིས་ དམར་བསད་བོན་མཆོད་འདི་མི་བཏུབ་ཟེར་ ཏེ་རྐྱབ་རྗེ་རིན་པོ་ཆེ་གི་ཡང་ནི་མི་བཏུབ་ཟེར་གསུངས་ནུག་ཟེར།
  • དཔའོ་ཨ་ཞོ
    ཏེ་རྟའི་སྤུའི་ལས་ལེས།། བོད་པའི་ཞག་ཁེ་ངན་པ།། གཡག་ཁོ་རང་ན་བཞག། ཤ་སྔར་ཤ་ཕུད་འདི་རོགས་མར་ཁྲོམ་ཁར་ལས་ཉོ་ཏི་འབད་ཕུལ་བ་ཅིན་བཏུབ་ཟེར་བ་ཅིན་བཟང་སར་འབབ་ཟེརན ་ཤོ་བདུན་མས།
  • དཔའོ་ཨ་ཞོ
    ཏེ་གཡག་འདི་གུར་ཆུ་བླུགས་སྦེ་བཏང་འདི་ལོ་བཅུ་གཅིག་ཡར་སོང་ཡི་ ཏེ་ནི་ལུ་ཆད་ཡང་མི་འཐོན་པས་ ཉན་ཁག་ཡང་མིན་འདུག
  • དཔའོ་ཨ་ཞོ
    ཏེ་འ་ནི་ལས་བྱང་ཁག་ཁ་ནི་ན་ཧི་གཞན་ཧི་ལས་སླབ་ཅིག་ དཔའོ་་་་་དབའི་ ཁྱོད་གཡག་འདི་བསདཔ་མས་ ད་ང་གཡག་འདི་མཇལ་བ་གོངམ་དང་ཚང་མ་བཅུག་ ང་དཔོན་དང་མཇལ་འདི་ནི་ཞུ་རང་མི་ཤེས་ཟེརཝ་ད་ ཏེ་རོངག་ཆ་མཉམ་གྱིས་ང་ལུ་ དཔའོ་་ང་བཅས་བསྟུན་གྲུས་ཅིག་རྐྱབ་ ཤོ་རྐྱབ་ ཞུ་འབད་གེ་མེན་ན་ཟེར་སླབ་མི་མ་པ་ལས་རང་མི་འདུག
  • དཔའོ་ཨ་ཞོ
    སྟེ་ན་ཧི་འབདཝ་ད་སང་མ་རྒཔ་ སང་མ་རྒཔ་གིས་སླབ་དེས་ དཔའོ་ང་བཅས་རང་གཡག་འདི་བསད་མ་དགོཔ་ཅིག་འབད་བསྟུན་གྲུས་རྐྱབ་གེ་མེན་ན་ལོ།
  • དཔའོ་ཨ་ཞོ
    དགོངས་བསྐུར་ཞུཝ་ད་ དཔའོ་དང་ཁྱེད་བསྟུན་གྲུས་རྐྱབ་ཟེར་ ཏེ་བསྟུན་གྲུས་རྐྱབ་ད་རོགས་ཨིན་མས་ དང་ཕུག་འབད་བ་ཅིན་ང་བཅས་ཇོ་རྡོ་རི་ཆུ་ལས་ཧ་འགོ་རྒན་ཤོས་ཁག་མས་ ད་ཧ་ཇོ་དགའ་སྐྱེད་གླིང་ལས་ཧ་འགོ་རྒན་ཤོས་ཁག་ལྷོད་ལྷོད་ཀྱི་རྒཔ་ དམག་རྒཔ་ ཚོགས་པ་ དྲོགས་རྫོང་བདག དྲོགས་ཁྲིམས་དཔོན་ དྲོགས་ཀུན་ལེགས་དབངམོ་ དྲོགས་ཚེ་རིང་རྡོ་རྫེ་ཆ་མཉམ་གྱི་སྤྱི་འཐུ་སྦུག་ལས་ ཏེ་ང་གིས་ཞུའི།
  • དཔའོ་ཨ་ཞོ
    རྫོང་བདག་ལོ་ལྔ་པ་འབྱོན་ནི་འོང་ རྒ་པ་ལོ་ལྔ་པ་འབྱོན་ནི་འོང་ ཤོ་མ་ཅིག་པའི་ཤོ་རང་ཨིན། གཡག་འདི་འ་ན་བཏགས་ ཆུ་བླུགས་ ཤ་སྔར་ཤ་ཅིག་དང་ཚོགས་ཤ་ཅིག་ཉོ་དེ་གི་ཁྱོད་རང་གི་ཕུལ་དགོ་ཟེར།
  • དཔའོ་ཨ་ཞོ
    ཏེ་འ་ན་བཏུབ་ཟེར་སང་མ་རྒཔ་གིས་གསུངམ་མས་ ཤོ་འདི་ཁོ་གིས་རྐྱབ་གེ་ཟེར་ ཁེན་ལེན་འདི་ང་ཀྱིས་རྐྱབ་ཟེར་ ཏེ་མ་པ་སང་མ་རྒཔ་འདི་ཡང་ལུང་བསྟན་གྱི་རྒཔ་ཅིག་འོང་ནི་མས་ དགུ་ལོ་གཞོན་རུང་འ་ནི་སྦེ་སླབ་དེས།
  • དཔའོ་ཨ་ཞོ
    ཏེ་འ་ནེ་ ད་རེས་འཛོམས་བསྡུ་ཁ་ལུ་ ཡ་ཕོ་ལྷ་མར་སུ་ཁྱུང་བདུད་ མར་མེ་གནམ་མཁའ་སྒོ་མ་སྐོར།། རྩིག་མི་གནམ་མཁའི་འཇུག་མ་དཀྲོགས།། ཕ་སི་སེར་གྱི་དགའོ་ཆགས་མི་བཞག། མ་སི་གཡུས་ཡི་ལུང་པ་གྲུ་མི་རུང་།། མོ་ནི་བཟང་པོ་ཨིན་ན་བཟང་ཞིག། ཏེ་ངན་པ་ཨིན་ན་ངན་ཞིག། ཟེར་ཅིན་ཤོ་བཅུ་གཅིག་མས།
  • དཔའོ་ཨ་ཞོ
    ཏེ་འ་ན་ལས་བཏུབ་པས་ཟེར་ཞུ་ཆགས་དང་ཧུར་ལེན་ བཏུབ་ནི་བཏུབ་འདི་སྦེ་ ཐ་བཅད་དའི་ཟེར་ཞུ་ནི་ཨིན།
  • དཔའོ་ཨ་ཞོ
    ཏེ་ནི་ལས་ དུས་ཅུད་རྐྱབ་རྫེ་སྐུ་མདུན་ལུ་ཡང་ང་འ་ནེ་འབད་ཞུ་ཡི། ཏེ་གཞན་དེ་ང་རང་ ལོ་བཞི་བཅུ་བཞེ་གཉིས་ལས་དཔའོ་འཐོན་མས།ཏེ་རྒན་ཤོས་ནེ་ལྷོདཔ་ད་ རོགས་ཀྱི་ལྟེམ་བལྟ་ རང་གི་འཆམ་རྐྱབ་མནོ་ བློ་ཡང་ཕམ་མི་ སེམས་ཡང་སྐྱོ་ཡི།
  • དཔའོ་ཨ་ཞོ
    ཏེ་ན་ཧི་འབདཝ་ད་ འ་ནི་རྐྱབ་རྗེའི་སྐུ་མདུན་ལུ་ཡང་འ་ནི་ཞུ་དགོ་པའི་ཁུངས་ནི་ ཏེ་དུས་ཅིག་ཐུད་ཐུད་ཧ་ལུ་སྨོན་ལམ་བཙུགས་འདི་ལོ་བཅོ་ལྔ་ཡར་སོང་ཡི་ གྲོལ་བའི་ཚད་མགོནམ་བཏང་མཆོད་ཟེར་མེནཔ་ ཁྱུང་བདུད་མ་པ་ལས་ཆོས་གྲལ་མིན་འདུག
  • དཔའོ་ཨ་ཞོ
    ཏེ་དུས་ཅིག་མཁན་པོ་ནི་གིས་སླབ་དེས་ ནངས་པ་ཁྱུང་བདུད་ཁུ་ཆོས་ཨིན། རང་ས་རང་ཕུལ་ཡོདན་འབག་ཤོག་ཟེརཝ་ད།
  • དཔའོ་ཨ་ཞོ
    ཏེ་དྲོ་པ་དྲོགས་པདམ་བྱུང་གནས་དང་མཁན་པོ་གིས་ང་ཕར་ཤོག་ཟེར་གསུངས་དེས།
  • དཔའོ་ཨ་ཞོ
    ཏེ་ང་ཕར་སོངམ་དན་ མཁན་པོ་གིས་གསུངས་མས་ གདངས་རྐྱབ་རྗེ་གི་གཉིད་ལམ་ནང་ལུ་ཧཱ་གི་ཁྱུང་བདུད་ངའི་གི་སྦོ་ལོག་འོང་འདི་ ཏེ་ ཁྱོད་ང་ཆོས་གྲལ་མེད་པོ་ཟེར།
  • དཔའོ་ཨ་ཞོ
    ཏེ་ཁྱོད་ཀྱི་ཆོས་གྲལ་ཚུག་པ་ ལོ་ནམ་ཆད་རང་དེ་མི་ཤ་ཟ་དགོཔ་པ་ཅིན་ ཐང་ཡང་ན་འོངམ་ཤོལ་ནི་ཟེར།
  • དཔའོ་ཨ་ཞོ
    ཏེ་ང་ཤ་མ་ཟ་ ཤ་མི་ནི་སྦེ་སླབ་ཚར་ཡིས་ཟེར།
  • དཔའོ་ཨ་ཞོ
    ཏེ་དེན་བཏུབ་པས་ ང་ནངས་པ་ལས་ང་ཁྱོད་ཀྱི་ཆོས་གྲལ་བཚུགས་གེ་ཟེར་ ཏེ་ནངས་པ་འདི་ཁྱུང་བདུད་ཀྱི་སྐུ་མཆོད་ཡོད་ཟེར།
  • དཔའོ་ཨ་ཞོ
    ཏེ་ང་ཡར་ལོང་སྟེ་ཞུ་ཞུཝ་བའི་ རྐྱབ་རྗེ་གིས་མངོན་པ་མཁན་ཅིག་ནུག་ ང་བཅས་བྱག་ཁག་ཁ་ལུ་ཤ་འདི་ཟ་ནི་མེདཔ་སྦེ་འ་ནི་བཟོ་འདི་ རྐྱབ་རྗེ་རིན་པོ་ཆེ་གིས་མངོན་པ་མཁན་ཆེ་ནུག་ཟེར་ཞུ་སྟེ་ ཏེ་ད་རེས་འ་ན་གཡག་འདི་མ་འོང་མི་འདི་ བསད་མ་དགོཔ་མི་འ་ནི་ཨིན།
  • དཔའོ་ཨ་ཞོ
    ཏེ་གཡག་འདི་བདའ་ཤོག་སླབ་སླབ་ཨིན། ཏེ་བདའ་འོངམ་ད་ཡར་ལམ་ཐ་རིང་ གཡག་འདི་ཡར་ཁཝ་ནང་ལུས་ ཏེ་ཨ་ཡ་ལས་ཁོ་ལྷམ་པ་པེད་ ལམ་བཅིང་ བག་དྲང་འདི་ན་ལྷོད་ལྷོད་ ད་རུང་ན་ལས་ཡར་བསྐྱལ་འདི་ ཏེ་ལས་བསག་ད་པས་ཟེར་ འ་ནི་སྦེ་བཞག་བཞགཔ་ཨིན། ཐག་འ་ནི་གུ་བཅད་ཅིག་ཟེར་ཞུ་ནི་ཨིན།
  • དཔའོ་ཨ་ཞོ
    ཏེ་གཞན་ང་བཅས་རང་གི་དང་ཕུག་ལས་ རོགས་ཕ་མའི་སྐབས་ལས་རང་ ང་གིས་ནི་སླབ་མི་ཤེས་པས་ ནི་རང་ཨིན་རུང་ད་ང་བཅས་འབྲུག་ཆོས་ལྡན་གྱི་ཞིང་ཁམས་ ནང་པ་སངས་རྒྱས་ཨིན་ཟེར་སྟེ།
  • དཔའོ་ཨ་ཞོ
    ཏེ་ནི་རང་ན་རྒན་ཤོས་འ་ནེ་ཅིག་འགྱུཝ་ད་ ཏེ་གཞན་ཤ་ཟ་ ཆང་འཐུང་ཟེར་ནི་ཨིན་མས་ དཔའོ་ཟེར་མི་འདི་ ནི་ཨིན་རུང་ཚེ་ནི་དང་ཕྱི་མ་གི་མནོ་འདི་ ང་རང་གིས་ཐ་བཅད་བཅདཔ་མེན།
  • དཔའོ་ཨ་ཞོ
    ཏེ་ཧཱ་རྫོང་ཁག་གི་མི་སེར་ དཔོན་ཁག་དམང་གི་དང་ཐ་བཅད་དེ་ ང་བཅས་ཧཱ་གི་ཁྱུང་བདདུ་ཀྱི་བལ་གཡང་ཟེར་མི་ནི་འ་ནི་སྦེ་སླབ་སླབ་ཨིན་ཟེར་ཞུ་ནི་ཨིན།
  • དཔའོ་ཨ་ཞོ
    ཏེ་ང་རང་ཡང་དཔའོ་ཟེརཝ་ད་ལུ་ ཏེ་དཔའོ་ག་དེ་སྦེ་འོང་ནི་ ཏེ་གཡག་འདི་བསད་ནི་འབདཝ་ད་ ཏེ་ཁྱུང་བདུད་ཀྱིས་ཏེ་དཔའོ་དེ་ཡང་ཡར་ང་རང་གི་ཁྱིམ་ནང་ལས་རང་བཏོན་དགོ་པས་ཟེར་ ང་རང་གི་གྲང་ཡར་ ཧཱ་སྟོད་རྒས་ཆོད་ཁ་ལས་དཔོན་སློབ་ཧཱཔ་ཟེར་བའི་ ཏེ་ཡུམ་གི་མཚན་འདི་དཔོན་སློབ་སྟག་གཛིག་ལྷམ་ཟེར་ཞུཝ་མས་ལགས།
  • དཔའོ་ཨ་ཞོ
    ཏེ་དཔའོ་འདི་འ་ན་ལས་ དང་པ་རང་དཔའོ་རྒྱས་ཆོད་དུང་དཀར་གཡས་ཁྱིལ་ལས་གཞན་རི་རྟ་དཀར་མི་དཀར་ཟེར་མི་ལགས།
  • དཔའོ་ཨ་ཞོ
    རྒྱས་ཆོད་དུང་དཀར་གཡས་འཁྱིལ་ལས།། གཞན་རི་རྟ་དཀར་མི་དཀར་ཟེར།། མར་དཀར་དཔའ་ཆི་ལྟེམ།། ཆུ་པ་དཔའོའི་ཟིམ་མོ།།དཔའོ་ཉིམ་མིའི་འོད་ཟེར།། དཔའ་ཆེན་ཐུབ་པའི་རབ་ཆག། དཔའོ་དུན་གྲུབ་སྒོ་ལས།། དཔའོ་བིག་ཆི་ཚི་རིང་།། དཔའོ་རྡོ་རྫེ་སྔར་རྒྱུ།།དཔའོ་རྒྱུ་དགུ་རྫེ་ལུང་གི།
  • དཔའོ་ཨ་ཞོ
    ཏེ་ལ་ལོ་ཅིག་བལྟཝ་ད་ ང་བཅས་དཔའོ་དེ་ཤ་ཟ་ནི་ཡོད་ མར་ཟ་ནི་ཡོད་ དགོ་དེ་ཡོདཔ་བཟུམ་སྦེ་ཆརཝ་མས་ ནེ་སྦེ་མེན།
  • དཔའོ་ཨ་ཞོ
    ལོ་བཞི་བཅུ་བཞི་གཉིས་ཐུད་ཐུད་ཟཱོབོ་ཨིན།
  • དཔའོ་ཨ་ཞོ
    མགོན་སྡེ་ མཉམ་ས་ གཙུག་ལག་ཁང་ གང་ ཆ་མཉམ་ནང་ལུ་ལྷོད་ཅིག་ལགས།
  • དཔའོ་ཨ་ཞོ
    ཏེ་ལོ་བཞི་བཅུ་བཞི་གཉིས་ལས་དཔའོ་འདི་ཕོག་ཆེ་འདི་ཐབས་རང་མེད་པ་ གཞན་གི་གཡག་ང་ས་སའི་ཧང་ཁ་ལས་ང་གིས་ཕྱི་བཏང་ཡི་ རོག་བརྟན་ཁ་ལས་གཅིག་བཏང་ཡི་ ཏེ་ན་གི་འདི་དུད་ཅིག་ ན་ཧི་ཐུད་ཐུད་ང་ཞུ་རང་མ་ནུམ།
  • དཔའོ་ཨ་ཞོ
    ཏེ་ན་ཧི་ལས་རོགས་ཧཱ་རྫོང་ཁག་གཅིག་གི་ ཆ་ཉམས་ དཔའོ་ མི་སེར་པུ་ར་མཐུན་འདི་སྦེ་ཏེ་བསྟུན་གྲུས་རྐྱབ་ད་ ཏེ་འཚོ་ན་ཁ་གི་རྩབོ་བདུན་དང་ང་བསྟུན་གྲུས་རྐྱབ་ད་ཁྱུང་བདུད་ཀྱི་བཞེས་བསྐྱེ་བཞེས་ད་ཡི། ཏེ་ན་གི་འདི་ཡང་བཞེས་བསྐྱེས་བཞེས་མནོ་གི་འབད་འ་ནི་གུར་ཐ་བཅད་ཅི་ཟེར་ཞུ་ནི་ཨིན་ལགས།
  • དཔའོ་ཨ་ཞོ
    ཤ་སྔར་ཤའི་ཕུད་འདི་དྲངས་ཞིམ་ཅིག་ ཏེ་ཧེམ་གྲོ་ལྷ་འདི་གསོལ་ ཏེ་ནི་ལས་ལྷ་ཞུ་དགོ་ལགས་ ཆུང་དུད་ཀྱི་གོང་བཞག་གསོལ་ནི་འདི།
  • དཔའོ་ཨ་ཞོ
    རྒྱ་ནག་དཔལ་ཞིང་ཕོ་བྲང་ལས།། གྲོ་ལྷ་ཁྱུང་བདུད་སྐུ་འཁྲུངས་དོ།། ཡབ་ཡུམ་མེད་པ་སྐུ་འཁྲུངས་མི་ཤེས།། ཡབ་འདི་སྟན་འཛིན་དཔའོ་གྲོ་ལས་ཡབ།། ཡུམ་ཚུང་སྲུད་བུར་ཁྲི་གྲོ་ལས་ཡུམ།།
  • དཔའོ་ཨ་ཞོ
    གྲོ་ལ་འཁྲུངས་པའི་ཕྱི་རུ།། གསེར་ཞིང་མེ་ཏོག་དོ་དྲ་རྒྱས།། གྲོ་ལ་འཁྲུངས་པའི་ངག་ལུ།། གནམ་མཁའ་འཇའ་དང་འོད་ཀྱི་གང་།།
  • དཔའོ་ཨ་ཞོ
    གྲོ་ལ་འཁྲུངས་པའི་ཉིན་གུང།། བར་ལས་དུས་ཚོད་ཆར་རང་འབབ།། སྲས་དཀར་ལས་མེན་པ་གྲོ་ལས་སྲས།།
  • དཔའོ་ཨ་ཞོ
    རྒྱ་ནག་རྡོ་རྫེ་ས་ཡར་ཞུ་གེ། བོད་ཁ་བ་ཅན་ལས་མར་ཞུ་གེ། རྒྱལ་པའི་ཧུ་སུ་གཉིས་ལས་ཚུར་ཞུ་གེ།
  • དཔའོ་ཨ་ཞོ
    ད་རིས་ཆགས་དང་ཧུ་གིས་གཡུས་ལུ་ཆགས།། བཞུགས་པ་ཧུ་གི་རྒྱལ་པོའི་བཞུགས།། སེས་ཆུ་ཧུ་པ་རྒྱལ་པོ་དྲངས།། ཞུཔ་ཆགས་ཧུ་མོ་རྒྱལ་མོའི་སྲས།།
  • དཔའོ་ཨ་ཞོ
    ཉིན་སུ་རྔ་དང་རིལ་མོའི་མཆོད་པ་བཞེས།། ནུབ་སུ་པོད་དང་མར་མེ་མཆོད་པ་བཞེས།། ད་རིས་གྲོ་ལས་རྒྱལ་པོའི་ཞལ་མཇལ་གེ།། ཆགས་པ་སོག་ཕོད་གཡུས་ལས་ཆགས།། བཞུགས་པ་སོག་ཕོད་རྒྱལ་པོའི་བཞུགས།། སིལ་ཆུ་སོག་པོའི་རྒྱལ་པོ་དྲངས།། ཞིབ་ཆ་སོག་པོའི་རྒྱལ་མོའི་སྲས།། ཉིན་སུ་རྔ་དང་རིལ་མོའི་མཆོད་པ་བཞེས།། ནུབ་སུ་པོད་དང་མར་མེའི་མཆོད་པ་བཞེས།། ད་རིས་གྲོ་ལས་རྒྱལ་པའི་ཞལ་མཇལ་གེ།
  • དཔའོ་ཨ་ཞོ
    ལབ་ས་དཀར་གནག་གཉིས་ལས་མར་འབྱོན་དོ།། ལབ་ས་གནག་པོ་བསྟན་འཛིན་བཙུགས།། དར་ཆང་དཀར་པོའི་མཆོད་པ་བཞེས།།ཆགས་པ་ལྷ་ས་བསམ་མེད་ཆགས།། ཞུ་པ་པོད་ཀོར་ཡོངས་ཀྱི་བཞུགས།། སིལ་ཆུ་ཚོང་དཔོན་དམངས་ཀྱི་དྲངས།། ཞིབ་པ་ཚོང་ཁྲུག་ཁེ་ལྔ་ཚད།།
  • དཔའོ་ཨ་ཞོ
    ཉིན་སུ་རྔ་དང་རིལ་མོའི་མཆོད་པ་བཞེས།། ནུབ་སུ་པོད་དང་མར་མེའི་མཆོད་པ་བཞེས།། གྲོ་ལས་རྒྱལ་པའི་ཞལ་མཇལ་གེ།།
  • དཔའོ་ཨ་ཞོ
    གྲོ་ཆས་རྟ་མགོ་གཉིས་ལས་མར་འབྱོན་དོ།། གྲོ་ཆས་ལེགས་པ་འོར་སྟག་བཙུགས།། དར་ཆུ་དཀར་པའི་མཆོད་པ་ཕུལ།། ལམ་དོང་རིག་ལ་ལས་མར་འབྱོན་དོ།། ས་བོད་པའི་བྱོ་མོ་ལྷ་རི་མཇལ།། དཔོན་འབྲུག་གི་ས་དྲུག་ལ་དགོ་མཇལ།།
  • དཔའོ་ཨ་ཞོ
    ནམ་དགའ་བའི་རྟ་རི་སྤང་ལུ་ལྷོད།། རྟ་གྲུན་ལུང་གཉིས་ཀྱི་དགའ་ཚོར་གྲོན།། ལམ་གཡག་གི་ལ་ལས་མར་འབྱོན་དོ།། ཞུ་བ་གྲོགས་པོའི་བྲོ་མོའི་ཞུ།། ནོར་གནག་ལོ་གཉིས་ཀྱི་བསྟན་པ་བཙུགས།། ཨོམ་ཞོ་དར་གཉིས་ཀྱི་མཆོད་པ་བཞེས།།
  • དཔའོ་ཨ་ཞོ
    ལམ་དགོངས་རྫོགས་གཉིས་ལས་མར་འབྱོན་དོ།། ཉམས་དགའ་བའི་ཕྱ་ལི་མཐོང་ལི་ལི།། བྱེམ་ལྷ་ཡ་གཉིས་ཀྱི་གཡག་དོ།། སྟེང་ཁ་སེ་ཁ་སྐདཔ་ལས་མར་འབྱོན་དོ།། ཉམས་དགའ་བའི་བྱང་ཁ་རྩེ་ལུ་ལྷོད།།
  • དཔའོ་ཨ་ཞོ
    ཞུ་བ་དབང་ཕྱུག་དཔོན་གྱི་ཞུ།། སིལ་ཆུ་དབང་ཕྱུག་དཔོན་གྱི་དྲངས།། ཞུབ་ཆ་དཔའོ་དཔའ་མོའི་བཙེ།། ད་གྲི་ལག་ལས་ལེན་པའི་མཆོད་པ་བཞེས།།
  • དཔའོ་ཨ་ཞོ
    མར་ཆང་ཡང་མཐོ་དམངས་ཀྱི་དྲངས།། ཆུ་གང་ཆེ་བརྒྱད་ལས་མར་ཞུ་གེ། ནང་རྫོང་ན་བརྒྱད་ལས་ཞུ་ཆེ་གེ་ཟེར།།
  • དཔའོ་ཨ་ཞོ
    འདི་ཆིབས་གྲིལ་བཙར་དགོ་མི་འདི་ ཏེ་འ་ན་ལས་དགོངས་ཟིམ་ཀ་ཛིན་ཨོ་རྒྱན་དང་ བཀའ་གནང་པའི་གང་འ་ནི་ཁྱོད་ལྷ་ཁང་དཀརཔོ་འདི་ཕྱི་རུ་ལས་རང་དཔའ་དུམ་བཀུད་ བང་རྔ་ ཀྲིང་ཀྲི་དུང་ དུང་ཇ་གླིང་འཕུ།
  • དཔའོ་ཨ་ཞོ
    ཏེ་འ་ནི་དཔའ་ཟབ་ཟེར་ དཔའ་ཟབ་འདི་དཀར་ཚོར་རྒད་འོག་ལུ་ཕོགཔ་ཨིན།
  • དཔའོ་ཨ་ཞོ
    ཡར་ཆིབས་པའི་པུ་ར་ཆིབས་ཀྱི་རྒྱས་བཙར་ བང་རྔ་ཀྲིང་ཀྲི་དུང་ མར་ལས་ཡར་རང་ཏེ་ཁྱུང་བདུད་ཀྱི་ཆིབས་ཨིན་ཟུར་མི་འདི་ ཨ་ན་ལས་ ཡབ་ཀ་ཛི་ཨོ་རྒྱན་དང་འཇལ་བའི་བསྒང་ལས་ཁྱུང་བདུད་རྟ་ཧོན་པོ་ཅིག་གུར་ཆིབས་ཏེ་འདུག་ཟེར་མས་ལགས།
  • དཔའོ་ཨ་ཞོ
    ཁྱུང་བདུད་ཀྱི་ཆིབས་རྟ་བསྐྱལ་དགོ་པའི་རྒྱུ་མཚན་འ་ནི་ཨིན།
  • དཔའོ་ཨ་ཞོ
    ཏེ་མར་ལས་ཡར་རང་གྱལ་འདི་ ད་ད་རེས་འབདཝ་ད་ ཏེད་འ་ནེམ་ཅིག་མས་ དང་ཕུག་འབདཝ་ད་ འ་ནི་ཡིག་ཕྲིགཔ་ཟེར་ ཡབ་ཨོ་རྒཱན་རྡོ་རྗེ་གི་ཡིག་ཕྲིགཔ་རྒྱས་བཙར་དགོཔ་པས་ལགས་མར་ལས་ཡར་ ད་རེས་ཨིས་ཀུ་ལི་ཟེར་སླབ་མས་ལགས།
  • དཔའོ་ཨ་ཞོ
    འ་ནི་བང་རྔ་ ཀྲིང་ཀྲི་དུང་ཏེ་རང་ན་ལྷོད་ལྷོད་རྒྱས་བཙར་དོ་མི་འདི་ ཏེ་འ་ནི་ང་བཅས་རང་གི་འབྲུག་རྒྱལ་ཁབ་ རྫོང་ཁག་ཁེ་ཅིག་གི་ནང་ལས་ ནད་ མུགས་གེ་ དམག་ཁྲུག་ཆ་མཉམ་བཏོར་དགོ་པའི་དོན་དག་ལས།
  • དཔའོ་ཨ་ཞོ
    ནི་ལས་ འ་ན་ད་ལྟོ་ང་གིས་དགྲ་ལྷ་མཆོད་མི་འདི་ འ་ནི་ལ་ལུ་གི་ཅིག་བལྟན་རྩེདམོ་བརྩེ་དོ་བཟུམ་ཅིག་ ཏེ་ལ་ལུ་ཅིག་གི་བལྟན་འ་ནི་ཤར་ ལྷོ་ ནུབ་ བྱང་གི་ཆ་མཉམ་གྱི་དགྲ་བཏུལ་བའི་ཆགས་ཚུལ་ཅི།
  • དཔའོ་ཨ་ཞོ
    འ་ནི་དགྲ་འདི་བཏུལ་ ང་བཅས་རང་འབྲུག་ཆོས་ལྡན་གྱི་ཞིང་ཁམས་ ནངས་པ་སངས་རྒྱས་ཁབ་ནི་ནང་ལས་ ཏེ་ནད་ཡང་མུགས་གེ་དེ་ཚུ་ཆ་མཉམ་ཚར་བཅད་ཚར་ལས་ མངའ་བདག་རྒྱལ་པོ་ཡབ་སྲས་ སྐུ་འཁོར་ཚུ་ ཇི་སྲིད་འཁོར་བ་མ་སྟོང་པའི་བར་དོ་ལུ་ སྐུ་ཚད་ལུ་བར་ཆད་མ་བྱུང་ནི་དོན་དག་ལས་ འབངས་མི་སེར་ཚུ་དར་ཞིང་རྒྱས་ཚུགས་པའི་དོན་དག་ལས་ འ་ནི་འབད་བརྩམ་བརྩམས་ཨིན་ཟེར་ཨིན་པས་ལགས།
  • དཔའོ་ཨ་ཞོ
    ཁྱུང་བདུད་བོད་ལས་འབྱོནམ་པའི་བསྒང་ བདན་ས་འདི་འཚོལ་བ་བྱ་དཀརཔོ་དང་གནགཔོ་བཏངམ་ད་ འ་ནི་བྱ་དཀརཔོ་འདི་ཆགས་སའི་ནི་འ་མ་འབདཝ་ལས་བརྟེན་ཏེ་གི་རྒྱས་དེ་མར་ལས་བཙར་དགོཔ་པའི་ཁུངས་འདི་འ་ནི་ཨིན་མས་ལགས།
  • དཔའོ་ཨ་ཞོ
    ཏེ་འ་ནི་ལམ་ལུགས་སྲོལ་ཟེར་ གོངས་མ་འ་ནི་ཁྱད་འབད་ཟེར་བངས་ཅད་བཙོང་བཙོང་མེན་པས་ལགས། ང་བཅས་རང་མི་སེར་གིས་རང་ ཨའོ་་་མར་ལས་འ་ནི་སྦེ་འོང་དེ་བ་ དཔེ་བཞགན་ད་རེས་ང་བཅས་བླམ་ཅིག་བྱོན་དེ་ ང་བཅས་རང་ཐུགས་རྗེ་བྱིན་རླབས་དགོ་པ་ཟེར་ ལམ་ཁ་ལས་ཇ་ཆང་གྲིགས་ བསང་བཏང་འབད་ནི་ཡོད་པ་སྨོ་ལགས?
  • དཔའོ་ཨ་ཞོ
    འ་ནི་བཟུམ་སྦེ་ ཏེ་ད་རེས་ང་བཅས་མར་ལས་དགོངས་ཟིམ་ འཕུ་ལས་མ་ས་ཁྱུང་བདུད་ཆ་མཉམ་བྱོན་དེས་ ང་བཅས་རང་རྒད་འོག་སོ་སོར་མི་སེར་གི་ཇ་ཆང་གྲིགསན་ང་བཅས་རང་ཞིང་ཁར་ལོ་ཐོག་ཅིག་བཏབ་རུང་ལེགས་ ནད་མུགས་གེ་དེ་ཚུ་ཆ་མཉམ་རང་ཚར་བཅད་ ང་བཅས་རང་ག་ར་ཚད་རིང་ནད་ཉུང་ཟེར་ཅུག་མནོ་བའི་དོན་དག་ལས་ རང་ས་རི་དད་པ་དང་མུས་གུས་ལས་བཅད་དེ་འ་ནེ་སྦེ་འབདཝ་མས་ཟེར་ཞུ་ནི་ལགས།
  • དཔའོ་ཨ་ཞོ
    ལ་ལུ་གིས་བལ་ཡངས་མས་ཟེར་སླབ་པའི་བསྒང་ལས་ཆ་མཉམ་རང་དད་པ་སྨོད་འདི་ ད་ན་གཞོན་ཚུ་གིས་གནམ་མེད་ས་མེད་མ་ཤེསཔ་མེད་པ་ ཨ་རྒས་དང་ཨང་རྒས་ཚུ་གི་དང་ཕུག་འབདན་ཨ་ན་གཡག་འདི་ད་ལྟོ་བསད་ ད་ལྟོ་བཏངམ་ད་ ནི་ཡང་བྱིན་རླབས་ཨིན་ཟེར་ཟ་བའི།
  • དཔའོ་ཨ་ཞོ
    འ་ནི་ཏེ་ཁྱུག་བདུད་ཀྱིས་ང་བཅས་འབྲུག་རྒྱབ་ཁབ་གཅིག་གི་ཆ་མཉམ་རང་ ང་བཅས་ལུ་ནད་མུ་གེ་མེད་པའི་དོན་བདག་ལས་ མུས་གུས་བསྐྲེད་དེ་སྦེ་འོང་པའི་ཟེར་ཞུ་ནི།
  • དཔའོ་ཨ་ཞོ
    ཏེ་ནིའི་ཁར་ ལྷག་པར་དུ་དུས་ཅིག་ཆ་མཉམ་རང་འོང་མི་ནི་ དུས་ཅིག་ལས་གཡག་བསད་མི་དགོ་ནི་མས་ ང་བཅས་རང་དགའ་བས་ཟེར་ ད་འབདན་ངལ་རངས་པས་ ཨ་རྒས་ ཨང་རྒས་ཆ་མཉམ་རང་འ་ནི་ཏེ་ངལ་རངས་པས་ཟེར་ འ་ནི་གིས་མུས་གུས་བཅད་དེ་འོང་ མས་ མུས་གུས་བཅད་དེ་འོངམ་མས་ཟེར་ཞུ་ནི་ལགས།
  • དཔའོ་ཨ་ཞོ
    ང་དཔའོ་འཐོན་ཚརཝ་ལས་ གཉིས་སོར་ཡི་ལགས། ཏེ་འ་ནི་འདི་རང་ལོ་རྒྱས་ཏེ་ཤི་ཚརཝ་ཅིན་ ཏེ་ཨིན་ཅིག་མི་ཅིག་ཧོན་པོ་ ཁྱུང་བདུད་ཧོན་པོ་ཅིག་དགོ་པའི་ལགས།
  • དཔའོ་ཨ་ཞོ
    ཏེ་སྔོན་མ་སྔོན་མ་ན་ཧཱ་རྫོང་བདག་གི་ཐུགས་རྒྱུད་མེད་པ་དམརཔོ་ཅིག་ཉོ་ཆི་ནུག ཏེ་ང་གིས་ནི་མི་བཏུབ་ཟེར་ཏེ་ཁྱུང་བདུད་ཀྱི་ཆིབ་མོ་དེ་ཧོན་པོ་ཅིག
  • དཔའོ་ཨ་ཞོ
    ཏེ་དུས་ཅུད་ད་རེས་མས་ དང་ཕུག་ང་བཅས་ཨ་ལོ་གཞོནམ་དེ་ཅིག་ཁར་ ལོ་བཅུ་ཐམ་བཅུ་གཅིག་འབད་བའི་བསྒང་ ང་བཅས་རའི་སྒོ་ཁ་ལས་ངའི་མགྱོནམ་ཅིག་གི་ཁྱུག་གུ་ཚརན་ ཁྲང་ཁྲ་རང་ཁྱུང་བདུད་ཆིབ་ཟེར་བའི་བསྒང་ལས་རྒཔ་ སྤྱི་དཔོན་གཞུང་ལུ་གཉན་ཞུ་ཞུ་བར་ལས་མར་བདའ་ཡར་ཉོང་ལགས།
  • དཔའོ་ཨ་ཞོ
    ཕར་ཧུང་རོལ་མརྒྱོནམ་མའི་ཆིབས་ཟེར་ བྱ་འོག་གནས་པའི་ཆིབས་པའི་ཟེར་ ཏེ་སྤུ་ར་འ་ནི་སྦེ་བདའ་ཡར་ཉོང་ལགས།
  • དཔའོ་ཨ་ཞོ
    ཏེ་དུས་ཅུག་ ད་རེས་ལས་ནེ་སྦེ་མེན་ ད་གོང་མ་གིས་རོགས་ཞུ་སྦེ་ང་བཅས་རང་ག་དགའ་ས་ལས་བློ་དུ་ དཔེ་བཞག་པ་ཅིན་ ང་ལུ་རྟ་ཧོན་པོ་ཅིག་ཡོདན་ ངའི་འདི་ན་ཆིབས་སྦེ་བཞེས་གནང་ཟེར་ ཏེ་ཕུལ་མི་ཡང་ཡོད།
  • དཔའོ་ཨ་ཞོ
    ཏེ་དང་ཕུག་འབད་བན་འ་ནེ་སྦེ་ཨིན་མས།
  • དཔའོ་ཨ་ཞོ
    ཏེ་ད་རེས་འ་ནི་ཁྱུག་གུ་འདི་ཤི་ཤི་ ཁྱུག་གུ་ནི་དགོ་རང་དགོ་ལགས། འ་ནི་ཁྱུང་བདུད་ཀྱི་ཆིབས་རྟ་དེ་ ནི་ཨིན་ཅིག་མི་ཅིག་ཁྱུག་གུ་ནི་དགོཔ་ཨིན།
  • དཔའོ་ཨ་ཞོ
    དཔེ་བཞག་པ་ཅིན་ ད་ཅིག་ང་གིས་ཞུའི་མེན་ན་གོང་ལས་ དགོངས་གཟིམ་ཡབ་ཀ་ཛི་ཨོ་རྒྱན་རྡོ་རྗེ་ཟེར་མི་དེ་གི་ ཡབ་ཀ་ཛི་ཨོྱ་རྡོཻ་གི་སྲས་ཡབ་དགོངས་རྫོགས་སྟབས་རྒྱས་མས་ དགོངས་རྫོགས་སྟབས་རྒྱས་ཀྱི་སྲས་རྒྱལ་ཡུམ་སྐལ་བཟང་མས་ འ་ནི་ ཏེ་འ་ནི་དྲོགས་བླ་དཔོན་སྲས་དང་སྲསམོ་འོང་དགོ་མི་འདི་ ཡབ་སྟབས་རྒྱས་ཀྱི་སྲས་དང་སྲསམོ་མས་དྲོགས་བླ་དཔོན།
  • དཔའོ་ཨ་ཞོ
    འ་ནི་ང་བཅས་འབད་བ་ཅིན་ ན་གི་གི་ཨཔ་དང་ཨའི་གི་ལྷ་གསོལ་དོ་བཟུམ་ཅིག འ་ནི་རྒྱུད་ལུགས་ནི་འ་ནེ་སྦེ་འོང་དགོཔ་མས་ལགས།
  • དཔའོ་ཨ་ཞོ
    འ་ནི་ང་བཅས་ཁྱུང་བདུད་ཀྱི་ལྷ་མཆོད་རུང་སྨོ་ཞིག་ དབང་ཆེན་དཔོན་པོ་བརྟན་པའི་ཆོས་སྐྱོང་ཨིན།། མཚན་དན་བླ་མ་བརྟན་པའི་བཀའ་སྲུང་ཨིན།། གཞན་དཔའོ་ག་ཏི་ཡང་འདུག དབང་ཆེན་དཔོན་པོ་བསྟན་པའི་ལྷ་མིན་འདུག་པ་ཏེ།
  • དཔའོ་ཨ་ཞོ
    ཏེ་ན་གི་འདི་འ་ནི་ཡབ་ཀ་ཛི་ཨོ་རྒྱན་གྱི་སྲས་དང་སྲསམོ་མས་ དྲོགས་བླ་དཔོན་གྱི་སྲས་དང་སྲསམོ་འབྱོན་དགོ་མི་གི་ཁུངས་དེ་འ་ནི་ཨིན་མས་ལགས། ཏེ་ཁོང་རང་གིས་མཛད་དགོ་ནི་དེ་གི་གཡག་ཡང་ཁོང་རང་ལས།
  • དཔའོ་ཨ་ཞོ
    དང་ཕུག་སྔོན་མ་སྔོན་མ་ཆུང་ཀུ་བསྒང་ གཡག་མི་སེར་ལས་བཏོན་དགོ་ལོ་ ཏེ་ནི་ལས་གོངམ་ཁོ་རང་གི་ཁོ་རང་གི་མཛད་མས་ལགས།
  • དཔའོ་ཨ་ཞོ
    ཏེ་གཡག་འདི་ཁོང་དྲོགས་བླ་དཔོན་གྱི་སྲས་དང་སྲསམོ་གིས་བཏོན་དགོ་ལགས།
  • དཔའོ་ཨ་ཞོ
    འ་ནི་མས་ རྒྱུད་ལུང་དེ་འ་ནི་སྦེ་ཨིན་མས་ཟེར་ཞུ་ནི་ལགས།
  • རིན་འཛིན། འ་ནིམ་ཅིག་ཨིན་པས་སྨོ་ལགས།གནམ་མེད་ས་མེད་བཀའ་དྲིན་ཆེ་ལགས་ཨ་ཞཱ།