Video Overview
Rikkyap from Gartsé village tells the story of the people of Meshül village originated from the daughter of a local deity.
དམེ་ཤུལ་སྡེ་བའི་མི་རྒྱུད་ནི་དམེ་ཤུལ་ས་ཁུལ་གྱི་སྐྱེས་པ་ཞིག་དང་ས་དེའི་གཞི་བདག་གི་བུ་མོ་གཉིས་ལས་འཁྲུངས་པའི་བུ་དེའི་རྒྱུད་པ་ཡིན་པ་བརྗོད་ཡོད།
འདིར་མགོན་ཤུལ་སྡེ་བའི་མི་རྒྱུད་ཇི་ལྟར་བྱུང་ཚུལ་བརྗོད་ཡོད་ལ། སྔོན་དམེ་ཤུལ་ས་ཁུལ་གྱི་ནགས་འདབས་ཤིག་ན་མ་བུ་གཉིས་ཡོད་པ་དང་། བུ་དེ་ཉིན་རྒྱུན་དུ་ནགས་ཁྲོད་དུ་ར་ལུག་འཚོ་རུ་འགྲོ་བ་ཡིན། རེ་ཞིག་བུ་མོ་ཞིག་དང་འཕྲད་པ་དང་དེའི་རྗེས་ནས་ཉིན་རྒྱུན་དུ་མཉམ་དུ་རྩེད་དགོད་བྱས་ནས་བསྡད་པས། ཁོ་གཉིས་བར་ལའང་ཕོ་མོའི་བརྩེ་དུང་ཆགས། རེ་ཞིག་བུ་མོ་དེས་ཁོ་ལ་ད་ནི་ཁོ་དང་མཉམ་དུ་འཚོ་བ་རོལ་ནས་འདུག་ཐབས་བྲལ་བས།སང་ཉིན་རི་ངོས་དེ་ནས་སྣང་ཚུལ་ཇི་འདྲ་ཞིག་བྱུང་ཡང་བལྟ་དགོས་ཟེར་ནས་བུད་སོང་། ཉིན་དེར་དངོས་ནས་ཤྭ་བ་མོ་ཞིག་གིས་བུ་ཕྲུག་ཅིག་བཙས་པ་དང་ཁྱིམ་ལ་ཁྱེར་ནས་གཉོར་སྐྱོང་བྱས། བུ་མོ་དེ་ནི་དོན་དངོས་ནས་ས་ཁུལ་དེའི་གཞི་བདག་གི་བུ་མོ་ཡིན་པས་གནས་ཚུལ་དེ་ཤེས་རྗེས་མོ་རང་རྒྱང་ཕུད་དུ་བཏང་། བུ་ཕྲུག་དེ་ནི་མགོན་ཤུལ་སྡེ་བའི་མེས་པོ་ཡིན་པའི་བཤད་སྲོལ་ཡོད།
讲述了关秀村的祖先起源的故事,在当初那里只有两个母子的一户人家,之后儿子跟当地山神的女儿生下的一个儿子。那是关秀村的祖先的故事。
从前在麦秀的地区住着两个母子,儿子每天都会去山上赶羊,有一天在山上遇到了一位姑娘。之后他们每天都会见面,久而久之他们开始恩爱。不久之后说姑娘说她是没有办法跟他一起生活下去,去一个很远的地方。让他明天关注山坡上会出现什么现象,确实那天一只母鹿生了一个孩子走了,他带回家开始抚养。那位姑娘其实是当地山神的女儿,当父亲得知后处罚她赶到了别处。他们那个孩子就是关秀村的祖先。
- Tsekhok
- གནའ་གནའ་ཞིག་ལ་ད་བར་གྱི་རྩེ་ཁོག་གི་ཡུལ་གྲུ་འདིར།
- ཅི་འདྲ་ཞིག་རེད་ཟེར་ན།
- སྔོན་ཆད་རི་མཐོ་བ།
- རི་ཐམས་ཅད་ནགས་ཚལ་གྱིས་ཁེབས་པ།
- རི་ཀླུང་ཐམས་ཅད་ན་ཆུ་གཙང་ཞིང་དྭངས་ལ།
- ལྷུང་ལྷུང་དུ་འབབ་པ།
- སྤང་ཐང་ཡངས་བ།
- སྤང་ཐང་ཐམས་ཅད་རྩི་ཤིང་དང་མེ་ཏོག་གིས་རྒྱན་པ།
- ནགས་ཚལ་ན་གཅན་གཟན་སྟག་དང་དོམ་དང་།
- སེང་གེ་དྲེད་མོང་ལ་སོགས་པ་གཅན་གཟན་མང་པོ་ཡོད་པ།
- ཆུ་ཕྲན་དང་རི་ཀླུང་ཐམས་ཅད་ན།
- འདབ་ཆག་ནེ་ཙོ་དང་འཇོལ་མོ།
- ཁུ་བྱུག་ལ་སོགས་པ་འདབ་ཆག་མང་པོ་ཡོད་པ།
- སྤང་ཐང་ན་རི་དྭགས་གནའ་དང་གཉན།
- རྒོ་བ་དང་རྩོད་འབྲོང་གླ་ལ་སོགས་པ།
- རི་དྭགས་མང་པོ་ཡོད་པའི་ཡུལ་ལྗོངས།
- དེའི་སྐབས་དེར་རི་དྭགས་དང་སྲོག་ཆགས་མང་པོ་ཡོད་པ་ལ།
- འགྲོ་བ་མི་འདིའི་གྲངས་འདི་ཧ་ཅང་ཉུང་བའི་སྐབས་དེ་འདྲ་ཞིག་ཡིན།
- དེའི་སྐབས་དེར་ས་གཞི་འདིའི་སྟེང་ན།
- ཁྱིམ་ཚང་གཅིག་རེ་གཉིས་རེ་མ་གཏོགས་མེད་པ།
- ཐག་རིང་ནས་བར་ཐག་རིང་བ།
- ཁྱིམ་ཚང་རེ་རེ་ཡི་བར་ཐག་ན་ཉེ་ལམ་ལེ་དབར་གཅིག་རེ་ཡོད་པའི་མཚམས།
- དེ་འདྲའི་སྐབས་ཡིན་པ་རེད།
- དེ་དུས་ང་ཚོ་ད་ལྟ་ཡི་དཔེ་ཤུལ་གྱི་ནགས་ཀྱི་ཉེ་འདབས་དེ་ན།
- ཁྱིམ་ཚང་གཅིག་ཡོད།
- ཁྱིམ་ཚང་དེར་མ་བུ་གཉིས་ལས་མེད་པ་རེད།
- བུ་དེར་ཁོ་ཚང་ལ་ར་ལུག་འགའ་ཡོད།
- ར་ལུག་འགའ་དེད་ནས་སྨད་ཕྱོགས་ཀྱི་ནགས་ནང་ནས།
- ཁོ་ཡིས་ར་ལུག་འཚོས་པ་རེད།
- ཨ་མ་ཡིས་ཡུལ་ནས་ཁྱིམ་ལས་བྱས་ནས་དེ་ལྟར་འཚོ་བ་རོལ།
- དེའི་སྐབས་དེར་ཉིན་ཞིག་ལ་ཁོ་ཡིས་ར་ལུག་དེད་ནས།
- ནགས་ཚལ་ལ་ཁོ་དེ་འཚོ་རུ་སོང་།
- ར་ལུག་དེ་འཚོ་རུ་སོང་ནས་ནགས་ཚལ་ན།
- དུས་རྒྱུན་དུ་ཁོ་གཅིག་པུ་ལས་ཟོག་ལུག་འཚོ་བའི་མི་མེད་པ་རེད།
- འཇམ་ཐང་ངེ་དབེན་འཇགས་སེ་དེ་འདྲ་ཞིག་ཡིན།
- དེ་ནས་ཉིན་ཞིག་གི་སྔ་དྲོ་ལ།
- ལུང་བ་ཐམས་ཅད་སྨུག་པའི་ཁེངས་ནས།
- སྨུག་པ་འཐིབས་ནས་རྒྱང་རིང་མི་མཐོང་བ།
- ཁོ་ཡི་ཉེ་འདབས་མི་མཐོང་བའི་ཚད་དེ་འདྲའི་སྨུག་པ་འཐིབས་ཡོད།
- ཆར་བ་སམ་སིམ་འབབ་པའི་དུས་དེར།
- བུ་མོ་ཡག་མ་ཤ་མདངས་དཀར་བ།
- ཤ་རྩ་དམར་བ་སོ་ཞོ་དཀར་བ་སོ་མདངས་དམར་བ།
- དེ་འདྲ་ཞིག་ཡོང་ནས་བསྡད་དེ།
- ཡ་ཨ་རོད་ཁྱོད་ཀྱི་རི་གང་ན་ཡོད།
- འདི་ནས་ཟོག་འགའ་ཕ་རོལ་ལ་ཤོར་བ་མ་མཐོང་ངམ་ཞེས་དྲིས།
- དེ་ནས་ཁོ་ཡིས་དེ་རིང་གནམ་ངོ་མི་བཟང་བའི་རྐྱེན་གྱིས་རེད།
- སྨུག་པ་འཐིབས་སོང་བས་རི་ཀླུང་ཐམས་ཅད་ལ།
- ངའི་ཉེ་འདབས་དང་ངས་མཐོང་ས་འདི་ནས་ཟོག་མ་མཐོང་བ་རེད།
- ཁྱོད་ཀྱི་རི་གང་ན་ཡོད་ཟེར།
- མོ་ཡིས་ཕྱིར་ངའི་རི་ལུང་བ་འདིའི་ཕ་རོལ་ན་ཡོད།
- ཕ་རོལ་གྱི་ལྟག་ག་དེ་ན་ཡོད་ཟེར།
- དེ་ནས་ཁོ་ལུང་བ་དེའི་ཕ་རོལ་ལ་སོང་མྱོང་བ་རེད།
- སོང་མྱོང་བ་རེད་ལ་དེའི་ཕ་རོལ་ན་རི་མེད་པ་ཁོ་ཡིས་ཤེས་ཡོད།
- ཤེས་ཡོད་ན་ཡང་བུ་མོ་དེའི་དེ་ལྟར་བཤད་ན།
- མི་མཐོང་ས་ཞིག་ན་རི་ཞིག་ཡོད་པ་ཡིན་རྒྱུ་རེད་བསམ་ནས།
- འདི་ནས་བཙོག་ལ་ངེད་གཉིས་ཀྱིས་ཁ་བརྡ་བྱེད་ཟེར་ནས།
- དེ་ནས་ཁ་བརྡ་ཡུན་རིང་འགོར་ནས།
- བུ་མོ་དེའི་ཅི་ཞིག་ཟེར་བ་རེད་ཟེར་ན།
- ང་འགྲོ་རན་ཡིན།
- འགྲོ་རན་ཡིན་ལ་སང་ཉིན་ངེད་གཉིས་ལ་ཁོམ་པ་ཡོད་ན།
- ཡང་ས་འདི་ནས་སང་ཉིན་འཕྲད་ལ་ཁ་བརྡ་བྱེད་ཟེར།
- ཁོ་གཉིས་ཀྱིས་དུས་བཅད་བྱས་ནས།
- བུ་མོ་དེ་བུད་སོང་།
- དེའི་སྐབས་དེར་ཉི་མ་ནུབ་ལ་ཉེ་དུས།
- ཁོ་ཡིས་ལུག་དེད་ནས་ཉིན་མོར་ཁོ་ལ།
- ས་སྟོང་དེ་ན་ཁ་བརྡ་བྱེད་རོགས་བུ་མོ་ཞིག་ཡོད་པའི་སྟབས་ཀྱིས།
- ཁོ་ཡིས་སེམས་དགའ་སྤྲོས་ཁེངས་ནས།
- ར་ལུག་དེད་ནས་ཡུལ་ལ་བུད་སོང་།
- དེ་ནས་ཕྱི་ཉིན་ནམ་ལངས་བ་དང་མཉམ་དུ།
- ཁོ་ཡིས་སྔར་བཞིན་ར་ལུག་དེད་ནས།
- ཁ་སང་གི་གནས་ནགས་ཚལ་དེར་ཡོང་ནས།
- བུ་མོ་དེར་སྒུག་པ་ཡིན།
- བུ་མོ་དེར་སྒུག་ནས་བསྡད་པའི་བུ་མོ་ཡོང་རྒྱུ་མེད་པ་རེད།
- དེ་ནས་ཕྱི་ཉིན་ཡང་དེ་བཞིན་དུ་ཁོ་ཡིས་ར་ལུག་དེད་ནས།
- ས་དེར་ཡོང་ནས་ཉིན་རྒྱུན་བུ་མོ་དེར་སྒུག་ས་ནས།
- ཉི་མ་མང་ཤས་ཤིག་ལ་བུ་མོ་དེ་མཐོང་རྒྱུ་མེད་པ་རེད།
- ཡང་ཉིན་ཞིག་གི་སྔ་དྲོ་ཞིག་ལ་སྔོན་བཞིན་དུ།
- ས་ཆ་དེར་སྨུག་པ་འཐིབས་ནས།
- རི་ཀླུང་ཐམས་ཅད་སྨུག་པས་གཡོགས་ནས།
- ཁོ་ཡི་ཉེ་འདབས་ལས་མི་མཐོང་བ་དེ་འདྲ་ཞིག་གི་སྐབས་ལ།
- ཡང་སྔར་བཞིན་བུ་མོ་དེར་ཁོ་ཡི་འདབས་ལ་ཐོན་ནས།
- གཉིས་ཀྱིས་ཁ་བརྡ་བྱས་ནས་ཕོ་མོ་བརྩེ་དུང་དེ་གླེང་ནས།
- གཉིས་ལ་མཛའ་བརྩེ་ཆགས།
- དེ་ནས་གཉིས་ཀ་དུས་རྒྱུན་དེ་ནས་ཁ་བརྡ་བྱས་ཏེ།
- ཉི་མ་རེ་རེ་བཞིན་ཏུ་གཉིས་ཀ་རྩེད་ཞོར་དགོད་ཞོར་བྱས་ནས།
- དེ་ལྟར་ཁོ་ཡིས་ར་ལུག་དེ་འཚོས།
- དེ་ནས་ཉིན་ཞིག་ལ་གཉིས་ཀ་བརྩེ་དུང་གི་དབང་དུ་གྱུར་ནས།
- ཕོ་མོ་ཡི་འབྲེལ་བ་དེ་བྱུང་བ་ཡིན།
- དེ་ལྟར་ཉིན་མ་འགའ་ཤས་འགོར་བའི་ཉིན་ཞིག
- ཉིན་ཞིག་ལ་སྔར་བཞིན་བུ་མོ་དེ་ཡོང་ནས།
- ཉིན་དེར་བུ་མོའི་གདོང་ན་མཛུམ་མདངས་མེད་ལ།
- སེམས་ཕམ་པའི་རྣམ་པ་བྱས་ནས་ཁོ་ཡི་འདབས་ལ་ཐོན་པ་རེད།
- དེ་ནས་ཁོ་ཡིས་བུ་མོ་དེ་ལ་དེ་རིང་ཁྱོད་ཅི་བྱུང་བ་ཡིན།
- ཁྱོད་ཁམས་དྭངས་མེད་གི
- ཁྱོད་ཀྱི་རྣམ་འགྱུར་དང་ངོ་མདོག་ལ་བལྟས་ན་ཁྱོད་དགའ་བཞིན་མེད་གི
- དེ་རིང་དོན་དག་ཅིག་ཡོད་གི
- དེ་རིང་ནས་ངེད་གཉིས་ངོ་འཕྲད་ཐུབ་འདུག་མི་ཤེས།
- ངེད་གཉིས་ཀྱིས་འབྲེལ་བ་འདི་ཨ་ཕ་ཨ་མ་གཉིས་ཀྱིས་ཤེས་ཡོད་གི
- ཤེས་ཡོད་ན་ཁོ་ཨ་ཕ་ཨ་མ་གཉིས་ཀྱིས།
- ས་ཆ་གཞན་པ་ཞིག་ལ་འགྲོ་བའི་བཀའ་བབས་པ་རེད།
- དེ་ཡིན་ན་ད་ནས་བཟུང་ངེད་གཉིས་ངོ་འཕྲད་ཐུབ་རྒྱུ་མ་རེད།
- དེ་ཡིན་ན་ཡང་ངེད་གཉིས་ངོ་འཕྲད་པ་ནས་བཟུང་།
- ངས་ཁྱོད་ལ་ཕན་འདོགས་པའི་བསམ་པ་སྐྱེས་ཡོད།
- ཁྱོད་ལ་ཕན་ཆེན་པོ་ཞིག་མི་ཐོགས་གི
- དེ་ཡིན་ན་སང་ཉིན་སྔ་དྲོ་ཁྱོད་ཤོག་ལ།
- ངེད་གཉིས་ཀྱི་གནས་འདིར་ཤོག་ནས་སྡོད་ལ།
- ཕ་རོལ་གྱི་རི་ངོས་ཀྱི་ནགས་ཚལ་ནང་ལ་བལྟས་ནས།
- གན་ནས་ཅི་ཞིག་ཡོང་བ།
- གན་ནས་ཅི་ཞིག་འབབ་གི
- བྱ་དང་རི་དྭགས་གང་ཞིག་ཡོང་གི་བལྟས་ནས་སྡོད་ལ།
- གན་ནས་གནས་ཚུལ་ལམ་རྟགས་ཞིག་སྟོན་པ་རེད།
- རྟགས་དེ་སྟོན་ན་ཁྱོད་ཀྱིས་དེ་ཅི་ལྟར་སྒྲུབ་པ་བྱོས།
- དེར་བདག་བཟང་བོ་བྱས་ལ་དོ་དམ་བྱོས།
- དེ་ལྟར་བྱོས་ལ་མ་འོངས་བར་ཕན་ཅུང་ཙམ་ཞིག་ཐོགས་པ་རེད།
- དེ་མིན་ན་ངས་གཅིག་ཀྱང་སྒྲུབ་མི་ཐུབ་པ་རེད།
- དེ་མིན་ན་ངེད་གཉིས་ཀྱི་བརྩེ་དུང་འདིའི་དབང་དུ་གྱུར་ནས།
- ངེད་གཉིས་དེ་ལྟར་ཁྱིམ་ཐབ་སྒྲིག་པའི་སྐལ་བ་ལྡན་ནི་མ་རེད།
- གཏན་ནས་ལྡན་ནི་མ་རེད།
- དེ་ཡིན་ན་ང་ཕ་མའི་བཀའ་ལྟར།
- བཀའ་དེའི་དབང་གིས་ང་རྒྱང་རིང་ཞིག་ལ་འགྲོ་དགོས་ཟེར།
- དེ་ནས་གཉིས་ཀྱིས་སེམས་འཁུར་བྱས་ནས།
- སྐྱོ་གདུང་དྲག་པོ་བྱས་ནས།
- ཉིན་མོར་རང་རང་གི་སེམས་ནས།
- བཤད་འདོད་པའི་སྐད་ཆ་དེ་བཤད་ནས།
- ཉི་མ་ཕར་ལ་སྐྱེལ་བ་ཡིན།
- དེ་ནས་བུ་མོ་སྔར་བཞིན་ནགས་ཚལ་གྱི་ཁྲོད་ནས།
- ཕ་རོལ་ལ་བུད་སོང་།
- དེ་ནས་ཁོ་ཡིས་ར་ལུག་དེད་ནས་ཡུལ་ལ་ཡོང་བ་ཡིན།
- ཕྱི་ཉིན་ནངས་མོར་ཁོ་ཡིས་ར་ལུག་དེད་ནས།
- གནས་དེར་ཡོང་ནས་ཕ་རོལ་གྱི་རི་ངོས་དེར།
- ཁ་སང་བུ་མོའི་བཤད་པ་དེ་བཞིན་དུ་རི་ངོས་བལྟས་ནས་བསྡད་དུས།
- རི་ངོས་དེ་ནས་གླ་བ་ཞིག
- གླ་བ་མ་རེད་ཤྭ་བ་ཡུ་མོ་ཞིག
- ཁོ་ཡི་མཐའ་ལ་ཡོང་ནས་ཤྭ་བ་ཡུ་མོ་དེ་ཉལ་བ་རེད།
- ཉལ་ནས་ནགས་ཚལ་དེ་ནས་བསྡད།
- ཁོ་ཡིས་ཁ་སང་གི་སྐད་ཆ་དེ་ཡིད་ལ་བཟུང་ནས།
- དེར་བལྟས་ནས་བསྡད་པས།
- ཤྭ་བ་ཡུ་མོ་དེ་བལྟས་ཚོད་ལ་སྐྱེས་པའི་རྣམ་པ་ཞིག་ཡོད་པ་རེད།
- དེའི་སྐབས་དེར་ཁོ་ཡིས་ཤྭ་ཡུ་མོ་དེས་སྐྱེས་པ་རེད་འདོད་ནས།
- ཡུ་མོ་དེའི་ཁོ་ཡིས་སྐྱེས་པའི་ཕྲུ་གུ་དེར་ལྕེ་ལྡེག་བྱས་པ།
- དེ་འདྲའི་གཟུགས་རིས་ཞིག་ཁོ་ཡིས་མཐོང་བ་རེད།
- དེ་ནས་ཤྭ་དེ་སྐྱེས་ནས་སྐོར་བ་ཞིག་བྱས།
- ཁོ་ཡིས་ཕྲུ་གུ་ལ་སྐོར་བ་གསུམ་བྱས་ནས།
- ཉག་ག་ནས་ཕ་རོལ་ལ་བུད་སོང་།
- དེའི་སྐབས་དེར་ཁོ་ཡིས་ཡར་བལྟ་མར་བལྟ་བྱས་པས།
- བྱིས་པ་ཞིག་གི་ངུ་སྐད་གོ་བ་ཡིན།
- དེ་ནས་ཉལ་ནས་བསྡད་སའི།
- ཤྭ་བ་ཡུ་མོའི་ཤྭའི་ཕྲུག་དེ་བྱིས་པ་ཞིག་ཡིན་པ་འདྲ་བ།
- ངུ་བ་ཡིན་པ་འདྲ་བ་སྒྲ་ཞིག་གོ་བ་ཡིན།
- ཁོ་རྒྱུགས་ནས་སོང་སྟེ་བལྟས་དུས།
- བུ་ཆུང་སྙིང་རྗེ་ཞིག་ཡུ་མོ་ལ་སྐྱེས་པ་ཡིན།
- དེ་ནས་ཁོ་ཡིས་བུ་ཆུང་དེ་པང་ལ་བཟུང་ནས།
- དེ་ནས་ཕྱིར་ཡུལ་ལ་ཡོང་ནས།
- དེ་ལྟར་ལོ་རྒྱུས་དེ་ཨ་མ་ལ་བཤད་ནས།
- བུ་ཆུང་གཉོར་ནས་ནར་སོན་ཏེ།
- དེ་ནས་དམེ་ཤུལ་གྱི་ལུང་བ་དེ་ནས་སྡེ་བ་ཆུང་ཆུང་ཞིག་ཆགས།
- ཁོ་ཡིས་བུ་དེའི་མིང་ལ་འོས་མཚམས་ཤིག་བཏགས་ནས།
- དེ་ནས་སྡེ་བ་དེའི་ཚོ་དཔོན་བྱས་ནས།
- ཁོ་ཡི་ཨ་མ་དང་ཁོ་གཉིས་གཉོར་སྐྱོང་བྱས་ནས།
- སྐྱིད་པོ་བདེ་མོ་བྱས་ནས་འཚོ་བ་རོལ།
- དེ་ལྟར་བཤད་ནས་སོང་ན་ནགས་ཚལ་གྱི་ནང་ནས་ཁོ་འཕྲད་པ་དེ།
- ས་དེའི་གཞི་བདག་ཅིག་གི་བུ་མོ་རེད།
- དེ་ནས་གཉིས་ཀ་བརྩེ་དུང་གི
- འཇིག་རྟེན་གྱི་བརྩེ་དུང་གི་ནང་ལ་སོང་ནས།
- ཕོ་མོ་ཡི་ལས་འབྲེལ་བྱུང་བས།
- ཁོ་ཡི་གཞི་བདག་སྟེ་ཁོ་ཡིས་ཡབ་དེས་ཤེས་ནས།
- བུ་མོ་དེ་ལྷ་ཡི་གཞི་བདག་གི་བཀའ་གྱོན་གནང་ནས།
- ས་གནས་གཞན་ཞིག་ལ་འགྲོ་བའི་བཀའ་བབས་ནས།
- ཁྲིམས་འདྲ་བ་གཞི་བདག་གི་ཁྲིམས་དེར་ཐོགས་ནས།
- ཕ་རོལ་ལ་རྒྱང་འཕེལ་ལ་བཏང་བའི་ལོ་རྒྱུས་ཤིག
- བཤད་ཚུལ་ཡོད་པ་དེ་འདྲ་རེད།