31 Jan 2012
7 min 41 sec
Video Overview
Creators:
Unknown
Drolgar's friend accompanies her to a tailor's shop in the Barkor to order a traditional Tibetan Chupa. They talk about the materials, color, and other details such as patterns and styles. They also bargain with the tailor. In the end, the tailor measures Drolgar, and Drolgar gives a deposit to him.
本段主要描述了卓嘎的朋友陪同她到八郭街的裁缝店去订做藏袍的事情,经过一番比较与讨价还价,最终卓嘎把押金交给了店主,并得到承诺3天后取货。其中谈论到藏袍的质地、颜色和搭配等多方面的问题。 在八角街订做西藏服。
- Lhasa
- སྙིང་རྗེ་པོ་ཨེ་འདྲས་འདུགThese are beautiful dresses.
- འདི་ལྟ་གྲུ་བཞི་ཚ་དྲགས་འདུག་གI think its shape looks like a square.
- རེད་ཤག འདི་སྙིང་པོ་ཞིག་འདུགYou are right. This one is pretty.
- ཡང་སྣུམ་དྲག་མི་འདུག་གས། ཏིག་ཙམ་སྣུམ་དྲགས་འདུག་ག་འདའི།Don't you think it is too sleek?
- རི་མོ་ལྟ་སྙིང་རྗེ་པོ་ཞིག་འདུགBut the patterns are lovely.
- འོ་རེད་ཤག རི་མོ་ལྟ་སྙིང་རྗེ་པོ་ཞིག་འདུག ཏིག་ཙམ་སྣུམ་དྲགས་ཤགI agree. The patterns are nice, but it is bit sleek.
- ཨེ་གས། འདིར་ལྟོས་དང་། སྤུ་གུ་བཟོས་ན་སྙིང་པོ་ཞིག་ཡོང་བ་འདུག་གཱLook at this one! It is good for a kid.
- རང་གི་བུ་མོ་ཕྱུ་པ་ཞིག་བཟོ་གི་མིན་དཱ།Do you want to make a chupa for your daughter?
- ངའི་བུ་མོ་འདི་མ་གཏོགས་མེད་པཱ་ད་ལྟ།Right now I only have this mannequin child.
- འདི་ནས་གཅིག་བཟོས་བཞག་ན་ཏག་ཏག་རེད། འདི་ག་ཙམ་ཙམ་སྤུ་གུ་ཚོར་གྱོན་ཡག་གི་ཕྱུ་པ་བཟོས་ན་ཏག་ཏག་རེད།If we make one for a kid of this size, it will look nice.
- བྱས་ཙང་ལྟ་ང་ཞུ་གུ་བཟོ་ཀ་ཡོང་གི་ཡིན་དཱ། དེ་རིང་དུས་ཚོད་མིན་འདུགRight. I will come later; today I don't have much time.
- འདི་གང་འདྲ་འདུག འདའི། འོ་རེད་ཤག འདི་སྙིང་རྗེ་པོ་ཞིག་འདུགWhat do you think of this one? Isn't beautiful?
- སྙིང་རྗེ་པོ་ཞིག་འདུག་གཱIt's nice.
- ཡིན་ནའི་སྤང་གདན་འདི། ཨཱ་ཙི།Oh no. The apron is not compatible.
- སྤང་གདན་གཞན་དག་ཞིག་འདི་བྱས་ན་འགྲིག་གི་ཡོག་རེད། རེད་པཱ།You can choose another apron. Right?
- བྱས་ཙང་།Right.
- ཨ་ལའི་རས་འདི་མིག་ཞིག་སྟོན་དང་ཟེར་ན།Should we first ask him to show the fabric to us?
- འོ་རེད། སྔས་ལ་ཕ་གིར་ལྟ་ག་འགྲོ་དང་།Okay. Let's go over there.
- ངས་ཚད་ཅིག་རྒྱགLet me take a measurement.
- འོ་རེད། རང་གིས་ཚད་ཅིག་རྒྱོབ་དང་།Sound good. I will see if it fits me.
- འདའི། འདི་ཕྱུ་པ་བཟོས་ན་སྙིང་རྗེ་པོ་ཞིག་ཡོང་བ་མི་འདུག་གས།If I make a chupa with this fabric, I think it is going to look nice.
- འོ་རེད་ཤག སྙིང་རྗེ་པོ་ཞིག་འདུག ལྟ་གོང་ཚད་ཅིག་སྐད་ཆ་དྲིས་ན།Yes. It is pretty. Let's check the price.
- བྱས་ཙང་། སྙིང་རྗེ་པོ་འདུག་ག ཞོ་སྟོན་ལ་གྱོན་ན་ཏག་ཏག་བྱས་པ་མི་འདུག་གས། མཐུག་ལོད་དང་བྱས།Right. This one is also pretty. It is good for an occasion like the Curd Festival.
- འོ་རེད་ཤགIt is.
- ཕྱུ་པ་འདིར་ག་ཚོད་རེད།What is the cost of this chupa?
- ཕྱུ་པ་འདིར་༢༥༠རེད།This chupa is 250 Yuan.
- ༢༥༠ནས་ཡང་ཏིག་ཏིག་ཙམ་ཡོག་མ་རེད་པས།Can you please give a little discount from 250?
- ༢༥༠ནས་༢༣༠ལ་བྱེད། མ་ཙང་འདི་ཏིག་ཙམ་སྣུམ་དྲགས་མི་འདུག་གས་བུ་མོ་ཁྱེད་རང་ལ།I can reduce the price from 250 Yuan to 230 Yuan. Don't you think it is little sleek for you?
- ཚོས་གཞི་ཧར་པ་ཨེ་འདྲས་ཡོག་རེད་པས།Do you have something slightly brighter than this one?
- ཁྱེད་ལ་ཏིག་ཙམ་སྣུམ་དྲགས་པ་རེད། འདི་འདྲས་གཅིག་གིས་བཟོས་ན། གཅིག་དེ་འདའི་མི་འདུགThis one is surely too sleek for your age. How about making a chupa out of this fabric?
- ཕྱུ་པ་འདི་འདྲས་གཅིག་གིས་བཟོས་ན་སྙིང་རྗེ་པོ་ཡོག་རེད།If you make a chupa with this textile, you will look great in this chupa.
- འདི་ལགས།You mean this one?
- འོ།Yes.
- ཨཱ་ནི་འང་འཇུག་བིད་ཀྱི་རེད་པཱ་འདི་སྒང་ལ། ཨཱ་ནི་སྤང་གདན་ཞིག་བིད་ལ་ཡག་པོ་ཆགས་ཀྱི་རེད། དེ་ཤག་མང་ཆེ་བས་འདི་འདྲས་བཟོ་གི་རེད། ཡང་གོས་ཆེན་རང་གི་འང་འཇུག་བིད་ཀྱི་རེད།This one match well with any shirt and apron. These days, most of the customers order something like this. It also matches well with a silk shirt.
- འདིའི་སྒང་ལ་གོས་ཆེན་རང་གི་འང་འཇུག་ལགས།Silk shirt on this?
- འོ། འདི་སྙིང་རྗེ་པོ་ཆགས་ཀྱི་རེད། འདི་འདྲས་བཟོས་ན། འདི་ནས་མར་བཏང་གནང་དང་། འོ་ཁ་ཐུག་བཏང་གནང་དང་། ཨཱ་ནི་སྙིང་རྗེ་པོ་ཞེ་པོ་ཆགས་ཀྱི་རེད།Yes, it will look very nice. Yes, like that.
- ཨཱ་ནི་འདི་ལ་གོས་ཆེན་རང་གི་འང་འཇུག་ཞིག་བིད་ན། ཕྱུ་པ་ཕུ་ཡོད་ཕུ་མེད་ལ་འགྲོ་གི་རེད། ཕྱུ་པ་ཕུ་ཐུང་ཡོད་པ་དང་ཕུ་ཐུང་མེད་པ་འདི་འདྲས་ལ་འགྲོ་གི་རེད།If you wear a silk shirt, you can wear a chupa with or without sleeves.
- ཨ་ལས།I see.
- ཨཱ་ནི་ཡང་སྤང་གདན་ཚོས་གཞི། ཁྱེད་རང་ཕྱུ་པ་འདི་འདྲས་སེ་བཏང་གནང་དང་། ཨཱ་ནི་འདི་སྤང་གདན་ཡག་པོ་ཞེ་པོ་འགྲོ་གི་རེད། འདི་འདྲས།Try the chupa like this, and then you match it with this apron, then they are a perfect match.
- འོ་རེད་ཤགYou are right.
- འདུག་ག ཨཱ་ནི་ཡང་འང་འཇུག་ཁོ་ར་འདྲ་པོ་གསེར་ཙམ་བིད་ལ་ཡག་པོ་ཞེ་པོ་ཆགས་ཀྱི་རེད།If you wear a shirt that is close to this color, this combination is also very nice.
- ཨ་ནི་ཕྱུ་པ་ཨེ་འདྲས་ཤིག་བཟོས་ན།I think I will make one like this.
- ཡང་ཕྱུ་པ་འདའི་བཟོས་ན་༣༣༠རེད་ཤགIf you order a chupa here, the price is 330 Yuan.
- ༣༣༠330 Yuan?
- ལགས་འོང་། ཨ་ནི་ཡི་ཐོའུ་(Ch. 一套)གཅིག་བཟོས་ན་༥༡༠Yes. And if you order a set, the total price is 510 Yuan.
- ཡང་ཏིག་ཏིག་ཙམ་ཡོག་མ་རེད་པས།Can you please give me some discount?
- ཨམ་་་ ༤༨༠ལ་ཕུལ་གྱི་རེད།Um... I can offer it to you at 480 Yuan.
- ༤༨༠ལ།480 Yuan?
- ལགས་འོང་།Yes.
- འང་འཇུག་འདི་འདྲས་ཤིག་བིད་ཀྱི་རེད། འང་འཇུག་འདི་འདྲས་ཤིས་བིད་པ་ཡིན་ན་ཏིག་ཙམ་ཧར་རུ་འགྲོ་གི་རེད།With that chupa, you can also make a shirt with this fabric to match with it.
- འདི་ཏིག་ཙམ་སེར་ཙམ་འདུག་གཱI think it is too yellow.
- འོ་འདུག་གཱ འོང་འཇུག་འདི་འདྲས་ཤིག་བིད་ཀྱི་རེད། འདི།Yes, it is. You will get a shirt like this.
- ཨ་ལས།I see.
- སྙིང་རྗེ་པོ་ཆགས་ཀྱི་རེད། ལོ་ཆུང་ཆུང་རང་ཆགས་ཀྱི་རེད། ལོ་ཆུང་ཆུང་གི་ཕྱུ་པ་ཆགས་ཀྱི་རེད།It will look nice and that outfit makes you look younger.
- སྤང་གདན་འདི་འདྲས་ཤིག་བིད་ན་ཡི་ཐོའུ་རང་ཆགས་ཀྱི་རེད། འདི་ཤག་གི་འགྲོ་སྟངས་བྱས་པ་ཡིན་ན།If you wear an apron like this with chupa, it will become a perfect set. It is the latest trend.
- སྤང་གདན་གཟིགས་པ་ཡིན་ན་འདི་རེད་ཤག་༢༦༠The price for the apron is 260 Yuan.
- སྤང་གདན་བྱས། འང་འཇུག ཕྱུ་པ་གང་ག་ལ་ག་ཚོད་རེད།What is the total price for one apron, one shirt, and one chupa altogether?
- སྤང་གདན་ལ་༢༦༠བྱས། ཅག་ཡག་མེད་པ། དེ་ནས་ཕྱུ་པ་ཡི་ཐོའུ་ལ་འདི་རེད་ཤག་༥༡༠ནས་༤༨༠ལ་ཕུལ་གྱི་རེད། ༤༨༠ལ་ཕུལ་བ་ཡིན་ན་འདི་རེད་ཤགThe price for the apron is 260 Yuan and there is no discount for this item. And the price for the chupa set is 480 Yuan after discounting it from 510 Yuan.
- ༤༨༠བྱས་འདི་སྒང་ལ་༢༦༠བྱས། འདི་རེད་ཤག་༧༤༠480 Yuan plus 260 Yuan, your total is 740 Yuan.
- ༧༤༠740 Yuan.
- དེ་ནས་ཅག་ཡག་མེད།I can't give further discount.
- དེ་ནས་བཅས་ཅག་ཡག་མ་རེད་པཱ།So no further discount?
- ཅག་ཡག་ཡོག་མ་རེད། དེ་ནས་ཏིང་ཙོག་(Ch. 定做)བཟོ་གི་རེད།No more discount.
- བཟོས་པ་ཡིན་ན།Do you make the chupa here?
- འོ་ང་ཚོས་བཟོ་གི་རེད། ལགས།Yes, we provide this service. Yes?
- ག་དུས་ལེན་ཡག་ཡོད་ནཱ།How soon can I pick up my order?
- ཉིན་མ་གསུམ་རྗེས་ལ་སླེབས་ཐུབ་ཀྱི་རེད།You will get them after three days.
- ཨ་ལས། ཨེ་འདྲ་ཤིག་བཟོ་གི་ཡིན།I want to make one like this.
- སུ་ལ་བཟོ་གི་ཡོད་ན། ཁྱེད་རང་ལ་བཟོ་གི་ཡིན་པས།For whom are you ordering? Is it for you?
- ང་ལ་བཟོ་ཡག་ཡིན།It's for me.
- ཁྱེད་རང་གི་མིང་ག་རེ་ཟེར་གྱི་ཡོད།What is your name?
- སྒྲོལ་དཀར་ཟེར་གྱི་ཡོད།Drölkar
- བཞུགས་ཨཱ།One moment, please.
- ལཱ་སེ།Okay.
- དཔུང་པ་དགུ་བྱས།Nine inches for the shoulder.
- རིང་པོ་ཞེ་པོ་ཨེ་འདྲས་མ་བཟོས་རོགས་གནང་།Please, don't make it too long.
- ལཱ་སེ། ཏིག་ཙམ་དམ་ཙམ་བཟོས་ཀ སྙིང་རྗེ་བ་ཡོག་རེད། ༢༨བྱས།Okay. Make it little tight, it will look better.
- སྐེད་པ་ཏིག་ཙམ་ཕ་པོ་བཟོ་གཱDo you prefer a smaller waist?
- འོ། སྐེད་པ་ཏིག་ཙམ་ཕ་ཙམ།A little bit, please.
- ལཱ་སེ། ༢༢Okay. 22 inches.
- རྟིང་ཀ་ཙིག་ཙམ་མཐོ་ཙམ་ཡོད་པས།What about the length of chupa for your heel height?
- ཧྲིབ་ཙམ་མཐོ་ཙམ།A little bit longer, please.
- ལཱ་སེ།Okay.
- མཐོ་པོ་ཞེ་པོ་ཨེ་འདྲས་གྱོན་ཐུབ་མི་འདུགI can't wear high heeled shoes.
- ལཱ་སེ།Okay.
- ཡང་སྤྱིར་བཏང་ཕྱུ་པ་གྱོན་དུས་རྟིང་ཀ་ཏིག་ཙམ་མཐོ་ཙམ་གྱོན་ན་སྙིང་རྗེ་བ་ཡོག་རེད།Generally speaking, if you wear high heeled shoes with a chupa, it looks nicer.
- འོ།Okay.
- ལཱ་སེ་༤༥རེད་ཤགOkay, it is 45 inches.
- ཨཱ་ནི་དངུལ་ད་ལྟ་གང་འདྲ་སེ་བྱེད་དགོས་ཀྱི་རེད།How about the payment?
- དངུལ་ཡ་ཅིན་(Ch.押金)བཞག་ན་འགྲིག་གི་རེད། ཡང་ན་པད་ཤག་གང་ག་སྤྲད་ན་འགྲིགYou can leave security deposit. Or you can also pay the full amount in cash.
- ལཱ་སེ།Okay.
- ཕུ་ཐུང་འདི་ད་ག་ཙམ་བཟོ་གHow about the length of your sleeves?
- འོ་ཐུགས་རྗེ། ད་ག་ཙམ།This length is good. Thank you.
- ལཱ་སེ།Okay.
- འོང་འཇུག་ད་ག་ཙམ་བྱས།And length of your shirt?
- འོ།Right.
- ཨཱ་ནི་འོ་འཇུག་འདི་འདྲ་བྱས་གླིང་རྩེ་ཕར་སློག་ཡག་བཟོ་དགོས་ཀྱི་རེད་པ།Do you want a shirt that you can adjust the collar?
- ཕར་སློག་ཡག་བཟོ་དགོས་ཀྱི་རེད།So you need a flex collar?
- ལཱ་སེ། འདི་འདྲས་ཕར་བཏུག་རྒྱོག་འདི་བཟོ་དགོས་ཀྱི་རེད་པ། བཏུབ་ན་སྙིང་བརྗེ་བ་ཡོག་རེད། ཕ་གིར་ནང་ལྟར་འགྲོ་གི་རེད། འདི་འདྲས། ཕར་བཏུབ་བཞག་པ་ཡིན་ན་འདི་འདྲས་བྱས་ཡག་པོ་བསྡད་ཀྱི་རེད།Do you prefer with a cut like this? Like that one over there?
- ཨ་ལས། འདུག་སེ་ཡར།I see. Like this.
- མ་རེད། ལྟ་འདི་ཁྱེད་རང་། འདི་ཀྲབ་པོ་རེད་པཱ། ཁྱེར་རང་གི་དེ་གོས་ཆེན་རེད་པཱ། གོས་ཆེན་ཏིག་ཙམ་མཐུབ་པོ་ཡོད་ཙང་བཏུབ་བཞག་ན་ཡག་ག་ཡོག་རེད། མར་བསྡད་ཆེ་བ་ཡོག་རེད།No. This fabric is thin. If you use silk material for your shirt, it is better to it cut because the silk is thick.
- ལཱ་སེ། ཨཱ་ནི་འོ་འདི་འདྲས་བཟོ་རོགས་གནང་།Alright.
- ཨཱ་ནི་ཞུ་གུ་འདི་ནས་འདི་ནས་གཅིག་བརྒྱབ་ཡག་གཅིག་ཡོད་པ། འོ་འདི་བརྒྱབ་ན་ཡག་པོ་ཡོག་རེད།And you can use a dress pin to hold them together.
- ལགས་སེ།Okay.
- ༧༤༠རེད་ཤགYour total is 740 Yuan.
- ཡཱ་ཅིན་ག་ཚོད་བཞག་དགོས་ཀྱི་རེད།How much security deposit I have to leave?
- ག་ཚོད་བཞག་གནང་ནའི་འགྲིག་གི་རེད། ག་ཚོད་བཞག་གནང་གYou can leave any amount.
- ༧༤༠བྱས་ཡཱ་ཅིན་༡༠༠བཞག་ན་འགྲིག་གི་རེད།The total is 740 Yuan; it is okay if you want to pay 100 Yuan now.
- ལགས་སེ། ཉི་མ་གསུམ་བཞི་རྗེས་ལ་ཕེབས་ན་ཚར་གྱི་རེད།Here it is. You order will be ready within three to four days.
- ལཱ་སེ། ཐུགས་རྗེ་ཆེ།Thank you.
- ཕེགས་གོGoodbye.