Skip to main content Skip to search
30 Aug 2012
1 hr 39 min 44 sec
Video Overview
Creators: 
Unknown

གཏེར་བདག་ཟླ་བ་ཚེ་རིང་གིས་ཟངས་དཀར་སྡེ་བའི་ལོ་རྒྱུས་གླེང་བ།

Derdak Dawa Tsering provides an oral history of Zangkar Village located in Kakhok County, Ngawa, Amdo.

Transcript search
No results found for this search
0 of 0
  • ད་ངས་འདི་ནས་ཟངས་དཀར་རམ་ཟངས་དཀར་མ་ཟེར་བ་དེའི་ཆགས་ཚུལ་ཅུང་ཙམ་བཤད།
  • སྔོན་ཐོག་དང་པོ་ཡིན་ན་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱའི་བུན་ཤིང་ཀོང་ཇོ་ཡར་བོད་ལ་
  • གདན་དྲངས་དུས་བོད་ཀྱི་དམག་རུ་བདུན་ས་ཕྱོགས་འདིར་གཟིགས་ཞིབ་གནང་ནས་
  • འདིའི་ས་ཕྱོགས་ཀྱི་ཟུང་ཆུ་ཡིན་ན་ཡུལ་ཁུལ་ཆེན་པོ་ཡིན་པ་རེད།
  • དེ་དུས་འཁྲུགས་ཆེན་མང་པོ་བྱུང་ནས་སོག་པོས་ཀྱང་བརྒྱབ་ཡོད་པ་རེད།
  • ཟུང་ཆུ་ས་མཚམས་དེར་སོང་ན་དགོན་པའི་དོན་དག་སྟེ་དགོན་པ་བཞི་གཙོ་བྱས་བཤད་དགོས་པ་རེད།
  • ང་ཚོས་ཟངས་དཀར་གྱི་ལོ་རྒྱུས་བཤད་དུས་ན།
  • དགོན་པ་བཞི་བོ་ཅིའི་ཕྱིར་བཤད་དགོས་ཅེས་ན།
  • འདི་ནས་ཕར་ཤར་ཕྱོགས་སུ་སོང་ན་ཟུང་ཆུ་དེ་སྤྱི་ཚོགས་རྙིང་བ་དང་ཅང་ཅའེ་ཧྲིའི་སྐབས་སུ་རྫོང་རེད།
  • གོ་མིན་ཏང་གི་རྫོང་དཔོན་དེར་བསྡད་ཡོད་པ་རེད།
  • དེ་དུས་མཁན་ཆེན་ངག་དབང་གྲགས་པ་ཆོས་ཀྱི་གྲགས་པ་ཀིརྟི་ལྗགས་ནགས་རིང་བོ་
  • འདི་རྣམས་པ་གསུམ་པོ་དེ་འཇམ་མགོན་གསུམ་གྱི་ཚུལ་དུ་དངོས་སློབ་ཏུ་མདོ་སྨད་འདིར་
  • དགོན་པ་བརྒྱ་དང་བརྒྱད་འདེབས་པར་མངགས་དུས་ཚེ་བདག་གི་མགོན་པོ་ཕྱག་དྲུག་པ་དེ་
  • རྟེན་སྐལ་ལ་གནང་སྟེ་རྒྱ་བོད་ཀྱི་ས་མཚམས་སུ་དམུ་དགེའི་བཀྲ་ཤིས་འཁོར་ལོ་དེ་བཏབས་པ་རེད།
  • དེ་ནས་ལྷ་རྒྱལ་གླིང་ལ་གླིང་ཞེས་ཐོགས་པའི་རྒྱུ་མཚན་ནི་རྒྱལ་པོ་ཞིག་སྟེ་མིང་ལ་དགེ་རྩ་ནང་སོའམ་
  • ནང་སོ་སྤྱོད་ངན་ཞེས་པའི་རྒྱལ་བོ་མང་ཚོགས་ལ་ཁྲིམས་ཆད་པ་རྒྱུན་དུ་འཇོག་པའི་སོག་དམག་གི་
  • རྒྱལ་བོ་མ་རབས་སྤྱོད་ངན་ཞིག་ཡོད་པ་རེད།
  • དེ་དུས་ང་ཚོའི་ཨེ་ཝཾ་བདེ་ལྡན་གླིང་འདི་མཁན་ཆེན་ངག་དབང་གྲགས་པ་ཆོས་ཀྱི་གྲགས་པ་
  • ཀིརྟི་ལྗགས་ནགས་རིང་བོ་གསུམ་གྱིས་བཏབས་དུས་བར་ཆད་ཀུན་སེལ་གྱི་མགོན་པོ་ཕྱག་དྲུག་པ་
  • དེ་རྟེན་སྐལ་ལ་གནང་ནས་མ་གཅིག་དཔལ་ལྡན་ལྷ་མོ་དང་བཅས་གནང་བ་རེད།
  • དེའི་སྐབས་དེར་མགོན་ཆེན་བཞི་དེ་རྟེན་སྐལ་དུ་བྱས་ནས་ངག་དབང་གྲགས་པ་ཆོས་ཀྱི་གྲགས་པ་
  • ཀིརྟི་ལྗགས་ནགས་རོང་བོ་སོགས་ཕེབས་ནས།
  • དེ་་་ཁང་དམར་དགོན་པ་དེར་བར་ཆད་ཀུན་སེལ་གྱི་མགོན་པོ་
  • ཀུན་མཁྱེན་སྐུ་ཕྲེང་རིམ་བྱོན་ལ་རབ་གནས་བྱས་ཨེ་སོང་ཟེར་ན་བཟང་བོ་བྱས་སོང་བ་རེད།
  • བར་ཆད་ཀྱི་རྐྱེན་སེལ་ན་དེ་སེལ་མཁན་མགོན་པོ་ཡིན་པ་རེད།
  • དེ་རྒྱ་བོད་ཀྱི་ས་མཚམས་ཨེ་ཝཾ་བདེ་ལྡན་གླིང་དུ་བཙུགས་པ་རེད།
  • དེ་ནས་ཕར་སོང་ན་འབར་ཁམས་དང་ཡང་རྒྱལ་རོང་གི་ས་མཚམས་དེར་
  • ད་ཚང་ལྷུན་གྲུབ་གླིང་གི་དགོན་པ་འདི་སྟེ་དགོན་མ་ལག་བརྒྱ་དང་བརྒྱད་པོ་བཏབས་སྟེ་ད་ཚང་སོང་ཞེས་
  • ད་ཚང་དགོན་པ་འདིས་ཚང་ནི་བྱེད་དུས།
  • གསུང་གི་མགོན་པོ་དེར་རྟེན་སྐལ་དུ་བྱིན་ཏེ་མགོན་ཆེན་རྣམས་པ་
  • བཞི་བོ་བྱས་ཏེ་བཞི་བོ་རྟེན་སྐལ་དུ་ཐོབ་ཡོད་པ་རེད།
  • དེ་ནས་ཕར་ཛམ་ཐང་སོགས་ཕྱོགས་དེ་ནས་ཀིརྟིའི་རོང་དགོན་བཏབས་སྟེ་གསུང་གི་མགོན་པོ་དེར་ཡང་
  • བཞག་པ་རེད་ད་ཚང་དུ་ཡང་བཞག་པ་རེད་མགོན་ཆེན་རྣམས་པ་བཞི་བོ་མ་ཚང་ན་སངས་རྒྱས་ཀྱི་
  • བསྟན་པ་འཐུས་འཚང་དུ་མི་འོང་ཞེས།
  • སྔོན་གྱི་མཁན་ཆེན་ངག་དབང་གྲགས་པའི་ལོ་རྒྱུས་སུ་དེ་འདྲ་རེད།
  • ད་ཟངས་དཀར་འདི་ཆགས་ཚུལ་ཇི་འདྲ་ཞིག་རེད་ཅེས་ན་དགོན་སྡེ་འདིའི་མཆོད་སྦྱིན་གཙོ་བོར་
  • འདིར་གྱུར་བ་ན་ཟངས་དཀར་ཁག་གསུམ་ཞེས་ཟངས་དཀར་འདི་ཁག་གསུམ་དུ་དབྱེ་ཡོད་གི
  • ཡུལ་སྡེ་འདིའི་ལོ་རྒྱུས་རིང་ཞིང་ཡུལ་ཕྱོགས་འདི་ཆགས་ཚུལ་ཡ་མཚན་ལྡན་པ་ཞིག་ཡིན།
  • སྡེ་འདི་ཐོག་མར་ཡུལ་དབུས་མཐོ་སྒང་གི་ཕྱོགས་ནས་འོངས་སྟེ་ས་འདིར་གཞི་ཆགས་པའི་
  • རུ་བ་ཁག་ཅིག་ཡིན་ཕྱིར་ཡར་སྟོད་མངའ་རིས་ཟེར།
  • ཡར་ཏེ་སའི་ཆགས་དབྱིབས་ལྟར་དབྱེ་ན་མང་ཡུལ་ཟངས་དཀར་མཚོ་ཡིས་བསྐོར་བ།
  • སྟག་མོ་སྤུ་ཧྲེང་གངས་ཀྱིས་བསྐོར་བ་ཞང་ཞུང་གུ་གེ་གཡུ་ཡིས་བསྐོར་བ་
  • བཅས་སྐོར་གསུམ་དང་ལྡན་པར་གྲགས་ལ།
  • དེ་ཡང་སྡེ་འབངས་རུ་བས་སྐོར་གྱིས་དབྱེ་ན་གཡས་ན་སྤུ་ཧྲེང་གཡོན་ན་མང་ཡུལ་
  • ཟངས་དཀར་ཁག་གསུམ་སྐོར་གཅིག་དང་ཞང་ཞུང་ཁྲི་སྡེ་སྟོད་སྨད་བཅས་སྐོར་གཅིག
  • ཡིན་པའི་མངའ་རིས་སྐོར་གསུམ་ཞེས་པའི་ཟངས་དཀར་སྐོར་བ་ལས་ཆད་པ་ཡིན།
  • དེ་ཡང་བོད་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ།
  • མཐའ་བཞིའི་རྒྱལ་ཁམས་དབང་དུ་བསྡུས་ཤིང་
  • གཡུལ་ས་བཙུགས་ནས་མཐའ་མཚམས་ཡུན་དུ་བསྲུངས་བའི་བཀའ་གནང་།
  • རྒྱ་བལ་གྱི་སྲས་མོ་ཀོང་ཇོ་ཁྲི་བཙུན་ཁབ་ཏུ་བཞེས་ཤིང་ཀོང་ཇོ་རྣམས་གཉིས་དབུས་སུ་གདན་དྲངས་
  • ནས་གཙུག་ལག་ཁང་བཞེངས་པ་དང་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་བཟོས།
  • དམར་པོ་རིར་ཕོ་བྲང་བརྩིགས་སྟེ་ཆབ་སྲིད་བསྐྱངས་བ་སོགས་ཀྱི་མཛད་ཆེན་བཞག་པ་
  • རྒྱལ་རབས་དང་ལོ་རྒྱུས་དག་དུ་གསལ།
  • དུས་དེར་མདོ་སྨད་རྒྱལ་རོང་དང་ཟུང་ཆུའི་ཕྱོགས་ཀྱི་མཐའ་མཚམས་སུ
  • ཐང་སྲོང་འཁྲུགས་པ་མང་དུ་བླངས་བས་མཐའ་སྲུང་དམག་གིས་ས་བཟུང་བ་རེད།
  • དེང་དུས་ཤར་བ་ཟེར་བ་དེ་ཡང་སྟོད་མངའ་རིས་ཤར་རྒྱུད་ནས་ཐོན་པའི་དམག་གི་རྒྱུད་ཡིན།
  • དུས་དེར་སྤྱིར་དམག་དཔུང་ཡིན་ཞིང་རང་གི་རུ་སྡེའི་མིང་དང་རུས་རྒྱུད་འཛིན་སྲིད་ཞེས་
  • སྡོད་དམག་སྟེ་ལུས་སྟོད་མངའ་རིས་ཟངས་དཀར་ཕྱོགས་ཀྱི་དམག་རུ་འགར་འགྲོགས་ཏེ་
  • ཧོར་སྐྱོང་གོམས་གཤིས་ལྟར་ས་འདིའི་ཡུལ་མི་དང་མཉམ་དུ་གཞི་ཆགས་ཤིང་ཐོག་མར་དེ་འཛིན་
  • པའི་རེ་བ་དེ་དག་ལ་ཟངས་དཀར་རུ་བདུན་དུ་གྲགས་པའི་བཤད་རྒྱུན་དེའང་
  • མཁས་དབང་དམུ་དགེ་བསམ་གཏན་གྱིས་བརྩམས་པའི་ལོ་རྒྱུས་ཀྱི་ཁུངས་ལས་ར་སྤྲོད་ཐུབ།
  • ཁོ་ཚོ་མི་རབས་ནས་མི་རབས་བར་བསྒྲགས་གཏམ་ཚིག་གི་མགོ་རྒྱན་དཔའ་གཏམ་
  • དྷ་རྨ་་གནོག་དམ་ལ་་རྔ་ཐོག་་དོམ་མོང་་ངེད་ཟངས་དཀར་རུ་བདུན་ཆགས་ནས་བཟུང་ཟེར་བ་སྟེ་
  • སྡེ་འདི་འབྲོང་རུ་རྔ་སྡེ་ཡིན་པས་བེ་ར་པ་པུར་མིན་པས་དོན་གཏམ་དུ་འཛིན་ཅིང་།
  • མི་རྣམས་ཀྱི་ཁ་རྒྱུན་དུ་ཡོད་ལ་གཏམ་སྲོལ་ཞིག་ཏུ་འགྱུར་འདུག
  • དེ་ཡང་རྒྱལ་མོ་རྔུལ་ཆུའི་སྟོད་ཀྱི་ཆུ་ལག་སོ་མང་ཆུའི་སྟོད་རྒྱུད་ཟངས་དཀར་ཁོག་ཆུ་ཟེར་བ་ནི་
  • ཨོཾ་མཚར་གྱིས་བརྒྱན་པའི་རྫ་རི་་་་
  • ད་འདི་ཟངས་དཀར་ཟེར་བའི་མིང་དེ་ཇི་ལྟར་ཐོགས་ནི་རེད་ཟེར་ན་
  • སྟོད་མངའ་རིས་གསེར་བཟང་ནས་དམག་རུ་བདུན་རྒྱ་བོད་ཀྱི་ས་མཚམས་འདིར་སྲུང་སྐྱོབ་བྱེད་པར་
  • ཆོས་རྒྱལ་སྲོང་བཙན་སྒམ་པོས་བཞག་པ་རེད།
  • དེ་ནས་དམག་བདུན་པོས་ཁྱིམ་ཚང་དང་མཉམ་དུ་སོང་ཨེ་ཆོག་ཅེས་ཡར་ཞུ་བྱས་པས་
  • རྒྱལ་བོས་ཆོག་ཅེས་བཀའ་བབས་པས་དམག་རུ་བདུན་པོས་གནམ་ཁ་གང་ཡར་དེད་ནས་
  • ས་ཁ་དང་མར་དེད་ནས་ཙག་དཀར་གོང་བོ་མིན་ན་ཁེར་འདུག་མ་ཐུབ་པར་རི་སྤྱང་སྔོན་མོ་མིན་ན་
  • ཁེར་འདུག་མ་ཐུབ་པར་འདིར་ས་བཟུང་སོ་བཙུགས་པས།
  • ད་གཟོད་ཟངས་དཀར་རུ་བདུན་པོ་འདི་ཟངས་དཀར་སྟོད་མ་ཟངས་དཀར་བར་མ་ཟངས་དཀར་སྨད་མ་
  • བཅས་ཟངས་དཀར་ཁག་གསུམ་དུ་བགོས་ཏེ་མིང་དེ་ཐོགས་པ་དེ་སྟོད་མངའ་རིས་ནས་ཟངས་དཀར་གྱི་
  • སྡེ་རྒྱུད་ཆད་པ་དང་རྔ་བ་མཚོན་རྒྱུ་ན་རྔ་བ་ཟེར་བ་སྟོད་མངའ་རིས་ནས་སྟེ་རྔ་ཁོག་དཔལ་སྤྲུལ་བརྒྱད་པོ་
  • དེ་སྟོད་མངའ་རིས་ཕྱོགས་ནས་ཡོང་བ་ཡིན།
  • ཟངས་དཀར་ཨ་མཆོག་སྟེ་ཨ་མཆོག་ཚོ་བ་བདུན་པོ་དེ་ཡང།
  • སྟོད་མངའ་རིས་ཟངས་དཀར་ནས་མར་ཆད་པ་དང་།
  • ད་ང་ཚོ་བོད་གངས་ཅན་གྱི་རུས་རྒྱུད་འདི་གང་ནས་ཆད་པ་རེད་ཟེར་ན།
  • ཡུལ་དབུས་ན་རྩེ་ཐང་མགོན་པོའི་རི་ནས་
  • སྤྲེའུ་བྱང་ཆུབ་སེམས་དཔའ་དང་བྲག་སྲིན་མོ་ལས་ཆད་པའི་རིགས་རྒྱུད་ཡིན་པ།
  • སྡེ་རྒྱུད་ནི་སྟོད་མངའ་རིས་གསེར་རྫོང་ནས་ཆད་པའི་སྡེ་རྒྱུད་ཡིན་ཏེ་ལོ་རྒྱུས་དེ་འདྲ་རེད།
  • ད་ཡང་ཨ་མྱེས་དང་གནའ་མིའི་ངག་རྒྱུན་ལྟར་དུ་བཤད་ན།
  • ཟངས་དཀར་མ་ཞེས་པའི་མིང་དེ་ཅི་ལྟར་ཐོགས་པ་རེད་ཟེར་ན།
  • དབལ་བའི་རྫ་རྒྱུད་དང་ཟངས་དཀར་ཁོག་ཐུར་མ་ཟེར་བ་དེ་དམུ་དགེ་མཁས་དབང་བསམ་གཏན་གྱིས་
  • སྔོན་གྱི་ལོ་རྒྱུས་ཡིག་ཆ་སོགས་བསྡུར་ནས་བཤད་ན།
  • ཨོཾ་མཚར་གྱིས་བརྒྱན་པའི་རྫ་རི་ཨོཾ་པའི་ངོས་དམར་
  • གྱི་རྫ་རྒྱུད་ལས་རྫ་རྡོ་དཀར་བོ་ཟངས་ང་སྟེ་སླ་ང་ལྟ་བུ་ཞིག་གི་ནང་ནས་མུ་ཏིག་ཆུར་བ་ཐོན་ཅེས་
  • ཡོད་པས་ཟངས་དཀར་ཁོག་ཅེས་ས་མིང་དུ་ཐོགས་པའང་གནའ་མིས་ངག་རྒྱུན་དུ་ཡོད།
  • གང་ལྟར་ངེད་ཀྱི་སྡེ་མིང་དང་སའི་ཆགས་དབྱིབས་སོགས་ལ་ཐེ་ཚོམ་འདུག་པས་
  • དེང་དུས་རྔ་བ་ཁུལ་ཧུང་ཡོན་རྫོང་གི་སྡེ་ཟངས་དཀར་མ་ཞེས།
  • ལུང་ཟུའི་ཡུལ་ཚོ་དང་ཟངས་དཀར་ཡུལ་ཚོ་
  • སོགས་རུ་ཕྱོགས་ཁ་ཤས་ཡོད་པ་དེར་ཟངས་དཀར་ཞེས་ཐོགས་པའི་དོན་ནི་ཟུང་ལྡན་ཡིན་པའི་
  • འདོད་ལ་སྡེ་འདི་སྟོད་མངའ་རིས་ཟངས་དཀར་ནས་ཐོན་པའི་དཔའ་དམག་གི་རུས་རྒྱུད་ཞིག་ཀྱང་ཡིན།
  • ཡུལ་འདིར་གཞི་ཆགས་ནས་ད་བར་དུ་ལོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ཡོད།
  • དེར་ཞིང་འབྲོག་རྣམས་ཀྱིས་ཟངས་དཀར་དང་ཨ་མཆོག་གཉིས་ལ་ཨ་མཆོག་ཟངས་དཀར་རམ་
  • ཟངས་དཀར་ཨ་མཆོག་ཅེས་ཟེར་སྲོལ་ཡོད་པ་ལྟར་ཡར་དེའི་ཕྱོགས་ལ་འབྲེལ་བ་ཆེ།
  • སྤྱིར་ཟངས་དཀར་རུ་སྡེ་འདི།
  • རྒྱལ་རོང་སོ་མང་རྒྱལ་བོའི་མངའ་འོག་ཏུ་འབྲོག་རུ་བར་བདག་ཏུ་བཟུང་སྟབས་
  • རྒྱལ་བོ་དེའི་མངའ་འོག་ཏུ་ཡུལ་སྡེ་འབུམ་ཁག་ཏུ་དབྱེ་ལ་འབྲེལ་བ་ཆེ་ཞིང་ས་རྒྱ་ཆེ་རུ་གྱུར་ནས་
  • ལོ་དུ་མ་སོང་བ་ན་རིམ་བཞིན་ཟངས་དཀར་སྟོད་མ།
  • ཟངས་དཀར་བར་མ་ཟངས་དཀར་སྨད་མ་སྡེ་ཕྱོགས་གསུམ་དུ་
  • ཆགས་པར་ཟངས་དཀར་སྟོད་སྨད་བར་གསུམ་རུ་ཕྱོགས་གསུམ་སྤྱིར་སོ་མང་དང་འདབ་མཁན་གྱིས་
  • དཔོན་གྱིས་མངའ་འོག་ཡིན་ལ་་་
  • ད་ཅི་རེད་ཟེར་ན་ཟངས་དཀར་ཁག་གསུམ་པོ་དེ།
  • སྔོན་ཆད་ལོ་རྒྱུས་སུ་ཁྲོ་ཆུ་མདའ་མཁན་སྟོབས་ཆེ་སོང་བ་རེད།
  • སྤྱིར་ཡིན་ན་ས་ཆེན་སོ་མང་རྒྱལ་བོར་སྟོབས་ཆེ་སོང་བ་རེད།
  • སོ་མང་རྒྱལ་བོ་ཞེས་པ་ལོ་རྒྱུས་དང་ངག་རྒྱུན་དུ་
  • གནའ་མིས་བཤད་ཚུལ་ལ་དེ་ལ་སོ་མང་རྒྱལ་བོ་ཟེར་བ་མིན་པར་ས་མང་རྒྱལ་བོ་ཟེར་བ་རེད།
  • རྒྱ་གོང་མའི་ཨ་བཅིངས་བྱེད་ཨོཾ་བཅིངས་བྱེད།
  • བྱུ་རུ་དམར་བོའི་ཐོག་དམར་ཤེལ་གྱིས་བརྒྱན་པའི་རྒྱལ་གོང་མའི་
  • སྐུ་རིང་གི་ཐོག་ནས་གསེར་ནག་གི་ཐམ་ག་ཡོད་པའི་གོང་མ་ཆན་ལུང་རྒྱལ་སྐབས་སུ་
  • རྒྱུས་སྟོབས་ཆེ་བའི་རྒྱལ་ཁབ་ཞིག་ཡོད་པ་དེ་སོ་མང་རྒྱལ་བོའི་མངའ་ཁོངས་ཡིན་པ་དང་།
  • སོ་མང་ལ་མཚོན་ན་སོ་མང་གི་རྒྱལ་བོ་དང་པོ་ནི།
  • ཡིག་ཆ་སོ་སོར་བལྟས་ན་མདོ་སྨད་ཆོས་འབྱུང་ལ་བལྟས་ན་
  • ཡིག་ཆ་གང་ལ་བལྟས་ན་རྒྱལ་བོ་བཙན་བན་ཐར་ཟེར་བ་ཞིག་ཡོད་ལ།
  • དེ་ནི་སོ་མང་གི་རྒྱལ་བོ་དང་པོ་ཡིན་
  • ཞེས་ལོ་རྒྱུས་སུ་དེ་ལྟར་བཤད་ཡོད།
  • དེ་མདོ་སྨད་ཆོས་འབྱུང་དུ་དེ་ལྟར་བཤད་ཡོད།
  • དེར་བུ་གསུམ་ཡོད་དེ་ཆེ་བའི་མིང་ལ་ནོར་བུ་ཟེར་བ་དང་སོ་མང་ནོར་བུ་གླིང་ཟེར་བའི་ནོར་བུ་གླིང་ཞེས་པ་
  • སོ་མང་གྱི་རྒྱལ་བོ་ཟེར་བ་དེ་དེ་ཡིན།
  • བུ་འབྲིང་བའི་མིང་ལ་ཉི་མ་ཕུན་ཚོགས་ཟེར་བ་དང་རྫི་འགག་གི་རྒྱལ་བོ་ཡིན་པས་
  • རྫི་འགག་ཕུན་ཚོགས་གླིང་དེ་དེར་ཐོགས་པ་ཡིན།
  • ཆུང་བའི་མིང་ལ་སྟག་འབུམ་ཟེར་བ་དང།
  • མཆོག་རྩེ་སྟག་མོ་རྫོང་ཟེར་བ་ཞིག་ཡོད་པའི་མཆོག་རྩེ་རྒྱལ་བོ་ཡིན།
  • དེ་གསུམ་པོའི་སྲིང་མོས་ང་ཚོ་ཁང་དམར་གྱི་གདན་རབས་སུ་བསྟན་པ་རྒྱལ་བོ་ཞེས་པ་ཡོད་པ་དེས་
  • ས་ཆེན་བཞི་རུ་བཅད་ནས་རྒྱལ་རྩ་ཁག་བཞི་ཞེས་པའི་མིང་དེ།
  • དེ་ལས་བྱུང་བ་ཡིན་ཞེས་བཤད་སྲོལ་ཡོད།
  • སྔོན་ས་རྣམས་དབྱེ་སྲོལ་དེ་འདྲ་རེད།
  • ཡིག་ཆ་གཞན་ཞིག་ཏུ་མི་འདྲ་ས་ཞིག་ཡོད་པ་ནི།
  • མཁས་དབང་དམུ་དགེ་བསམ་གཏན་གྱིས་བཞེད་ཚུལ་ལ་
  • ཡུལ་དབུས་ནས་སྤྲང་བོའི་ཚུལ་བཟུང་ནས་ཁུར་བོའི་ཐོག་ལ་
  • མདའ་དར་བཙུགས་ནས་རྒྱལ་བོའི་མདའ་དར་དཀོན་ཚེགས་སྐྱབས་ཞེས་སོ་མང་གི་རྒྱལ་རྒྱུད་
  • དེ་མར་ཉམས་བཞིན་པའི་སྐབས་དེ་ཡོངས་ནས་བཟུང་།
  • དེ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་གདུང་རྒྱུད་ཡིན་ཏེ་དེས་སོ་མང་གི་རྒྱལ་རྒྱུད་བཟུང་བ་བཤད་ཡོད།
  • ཡིག་ཆ་གཅིག་ན་དེ་མིན་ཏེ་རྒྱལ་བོ་ཚེ་མགོན་ལེགས་པ་ཟེར་བ་དེ་གྲུབ་ཐོབ་བེརོ་ཙ་ན་གཉིས་ཀ་
  • དུས་མཉམ་ཡིན་གྲི་གྲུབ་ཐོབ་བེ་རོ་ཙ་ན་ས་འདིར་ཕེབས་དུས་རྒྱལ་བོ་ཚེ་མགོན་ལེགས་པའི་བཟུང་།
  • རྒྱལ་བོ་ཚེ་མགོན་ལེགས་པ་དེ་ཡང་སོ་མང་གི་རྒྱལ་བོ་ཨང་དང་པོ་ཡིན་ཟེར།
  • ཡིག་ཆ་མང་པོར་བལྟས་ན་དེར་ཡང་དོག་གཞི་མང་པོ་འདུག་མོད་རྒྱལ་བོ་ཚེ་མགོན་ལེགས་པ་
  • དེ་སོ་མང་གི་རྒྱལ་བོ་དང་པོ་ཡིན་པ་དེ་རེད་བསམས་རྐྱེན་ནི་ཡིག་ཆ་ན་གསལ།
  • སྔར་ཝ་ཤུལ་དཔོན་རེ་འགའ་བསྐྱངས་་་
  • ཟངས་དཀར་སྟོད་མ་ཟེར་བ་དེ་སྔོན་ལ་ཟངས་དཀར་རུ་བདུན་ཞེས་ཆགས་ཚུལ་གྱི་ཐོག་ནས་བཤད་ན་
  • དཔོན་ས་ཝ་ཤུལ་ཟེར་བ་དེས་བསྐྱངས་པ་རེད།
  • ཝ་ཤུལ་ཟེར་བ་དེ་ཅི་རེད་ཟེར་ན་ཝ་ཤུལ་བསོད་དར་ཟེར་བ་དེས་དཔོན་བཟུང་།
  • ཝ་ཤུལ་གུ་གྲགས་སྐྱབས་ཟེར་བ་དེས་དཔོན་བསྐྱངས་པ་རེད།
  • ཝ་ཤུལ་འདུས་བདག་ཟེར་བ་ཞིག་གིས་བཟུང་ཕུར་བ་མགོན་ཟེར་བ་ཞིག་གིས་བཟུང་།
  • དེའི་རྗེས་ནས་དུས་ཉམས་སོང་བ་སྟེ་གཅིག་ན་རྒྱུ་མར་འགྲིབ་པ་དང་གཉིས་ན་ནུས་པ་ཅན་གྱི་མི་
  • སོགས་ཇེ་ཉུང་དུ་སོང་ནས་རྗེས་མར་ཚེ་མགོ་ལེབ་ཟེར་བ་དེ་ང་ཚོ་ལྷ་ལུང་མའི་ནང་གི་རེད།
  • ལོ་ལོན་ཚོས་བཤད་ན་རྒྱུས་མ་ཐུབ་མིས་མ་ཐུབ་དཔོན་མ་ཟིན་པར་བྱས།
  • དེའི་བུ་དཔལ་ཕུར་ཟེར་བ་སྔགས་པ་ཞིག་ཡིན་ཏེ་ཡོན་ཏན་པ་ཆེན་པོ་ཞིག་ཡིན།
  • དམུ་དགེ་དགོན་དུ་རབ་འབྱམས་པ་གྲགས་ཅན་བརྒྱད་བཅུ་ཡོད་པ་ལས་ཡི་གེའི་ཕྱོགས་
  • སྙན་ངག་སྒྲ་སོགས་གང་ཐད་ནས་ཨ་མཆོག་ཕུར་བ་ཟེར་བ་དེ་ཨང་དང་པོ་ཡིན་ཟེར།
  • དེའི་བུ་ཤེས་རབ་རེས་ཆུང་བ་ཟེར་བ་དེ་ནི་དེང་སང་འབར་ཁམས་གྱི་དགེ་རྒན་ཡིན།
  • ཁ་སང་དེ་རིང་པེ་ཅིན་དུ་པན་ཆེན་གྱི་ཡང་སྤྲུལ་ལ་སྒྲ་དང་སྙན་ངག་དག་ཡིག་སོགས་
  • ཁྲིད་པར་ཕེབས་ཡོད་པ་རེད།
  • ཟངས་དཀར་གྱི་དཔོན་ཞེས་པ་དེ་འདྲ་ཞིག་རེད་དེ་ཉམས་སོང་བ་ནི།
  • བྲ་ཁྱོམ་ཟེར་བ་དེ་མཛོ་དགེ་ཞག་སྡོམ་ནས་མར་ཡོངས་བ་རེད།
  • དེ་མར་ཐོན་དུས་ན་ཨ་མཆོག་ལུང་ཟུ་མའི་ནང་དུ་བྲ་ཁྱོམ་ཁྱིམ་ཚང་བཞི་ཡོད།
  • དེ་ཚོ་ཉེ་ས་ཡིན་པས་བསུ་མ་བྱས།
  • འདི་རུ་ངེད་ཟངས་དཀར་སྟོད་མར་བྲ་ཁྱོམ་དུད་ཁྱིམ་ལྔ་ཡོད།
  • ལྔ་བོའི་ནང་གི་གཅིག་སུ་རེད་ཟེར་ན་བྲ་ཁྱོམ་ལེ་པུར་ཚང་སྟེ་ད་ལྟའི་ཤུལ་འཛིན་སྟག་ལོ་ཚང་།
  • བྲ་ཁྱོམ་ཤ་གཟན་ཚང་སྟེ་ད་ལྟའི་ཤུལ་འཛིན་སང་སང་བསོད་དར་ཚང་།
  • བྲ་ཁྱོམ་རྒྱམ་བཟང་ཚང་སྟེ་ད་ལྟའི་ཤུལ་འཛིན་སྐྱབས་བློ་ཚང་།
  • བྲ་ཁྱོམ་འཇམ་ཀ་ཚང་སྟེ་ད་ལྟའི་ཤུལ་འཛིན་ནག་ཤུལ་ཤེར་བཟང་མག་པར་བསྡད་ཡོད་ས་ཚང་
  • སྟེ་ཤེས་རབ་བསྟན་འཕེལ་ཚང་རེད།
  • བྲ་ཁྱོམ་ཆོས་མཆོག་ཚང་སྟེ་ད་ལྟའི་ཤུལ་འཛིན་ཟླ་བ་དང་བསོད་ནམས་མགོན་པོ།
  • དེ་ཚོ་དུད་ཁྱིམ་ལྔ་བོ་དེ་ས་འདིར་གནས་སྤར་ནས་དེར་སོ་མང་རྒྱལ་བོས་བཀའ་ཤོག་གནང་ནས་
  • དེར་གོ་གནས་རེ་སྦྱིན་རྗེས་རིམ་གྱིས་ལག་ཏུ་དཔོན་གནས་ཐོབ་སོང་བ་ཡིན་ས་རེད།
  • དེ་ལྟར་ངེད་ཟངས་དཀར་བྲ་ཁྱོམ་གྱིས་དཔོན་བསྐྱངས་པའི་ལོ་རྒྱུས་དེ་འདྲ་རེད།
  • སྔོན་གྱི་ལོ་རྒྱུས་ཡིག་ཆ་སོགས་ལ་དཔྱད་ན་དཔོན་བསྐྱངས་པའི་ལོ་རྒྱུས་དེ་འདྲ་ཞིག་རེད།
  • དེ་རུ་ཕྱོགས་གསུམ་གྱི་བསྐྱུར་ནས་སོ་མང་རྒྱལ་བོའི་མངའ་འོག་གོ་འདབ་མཁན་གྱི་ཁོངས་ཡིན།
  • སོ་མང་རྒྱལ་བོ་སྟེ་རྒྱལ་བོ་ཚེ་མགོན་ལེགས་པ།
  • རྒྱལ་བོ་ཤཀྱ་རྒྱལ་མཚན་སྙན་གྲགས་ནམ་མཁའ་ཀུན་ཁྱབ་
  • བདུད་འདུལ་པད་མ་དབང་གྲགས་སོགས།
  • རྒྱལ་བོ་འཁྲུངས་རབས་ལས་རྒྱལ་བོ་བཅུ་དྲུག་པའི་མཚམས་རེད།
  • ཁོར་བུ་རྒྱུད་མེད་དེ་ཆུང་མ་ནི་འདམ་ཁོག་གི་འདམ་བཟའ་ཞིག་ཡིན་ལ་བསྟན་པའི་ས་དེར་
  • ཐང་བུ་ཞིག་ཡོད་དེ་གལ་ཏེ་ས་འདིའི་སོ་མང་རྒྱལ་བོའི་རྒྱལ་ས་འཛིན་དགོས་ན་ཁོ་སྐྱོང་དང་།
  • མི་དགོས་ན་ཁོང་གི་རྒྱལ་ས་འདི་ཉམས་སོང་བ་ཡིན་ཅེས་གསུངས།
  • དེ་ནས་སོ་མང་རྒྱལ་བོའི་རྒྱལ་རྒྱུད་དེ་ཆད་སོང་བ་རེད།
  • སྔོན་རྒྱལ་རོང་དུ་འབངས་མི་ཁྲི་ཚོ་བཅུ་ཡོད་པ་དང་ཟངས་དཀར་ཁག་གསུམ་པོ་འབྲོག་སྡེ་རེད།
  • དེ་ཐམས་ཅད་པོ་སོ་མང་རྒྱལ་བོའི་མངའ་འོག་ཡིན་པ་དང་རྒྱལ་བོར་མཚམས་ཞུ་སོགས་བྱ་བ་ཅི་བྱུང་ན་
  • རྒྱལ་བོར་བྱ་བ་ཅི་ཞིག་བསྒྲུབ་དགོས་ན་རྒྱལ་རོང་ཁྲོ་ཆུར་དབང་ཆ་ཡོད་མ་རེད།
  • སོ་མང་གི་མངའ་འོག་རེད།
  • ཟངས་དཀར་ཁག་གསུམ་པོའང་སོ་མང་གི་མངའ་འོག་རེད།
  • དེ་བསྟན་པའི་ཁོག་གི་ཐང་བུ་དེར་བདག་སྐྱོངས་མ་བྱས་པར་སོ་མང་གི་རྒྱལ་རྒྱུད་ཆད་སོང་དུས།
  • ལོ་རྒྱུས་སྟེང་གོང་མ་ཆན་ལུང་གིས་བྱིན་པའི་གསེར་ནག་རྒྱ་མ་ལྔ་ཅན་གྱི་ཐམ་ག་ཞིག་ཡོད་པ་དེ།
  • ཁྲོ་ཆུའི་མདའ་མཁན་གྱི་བློན་པོ་དེ་ང་རོ་དབང་ཆེན་ཟེར་བ་དེ་རེད་དེ་སོ་མང་གི་བློན་པོ་རེད།
  • ཨ་ལག་བཙན་ལྷའི་སྐུ་གཡོག་ཀིཆུ་ང་རོ་སྟག་ཟེར་བ་དེའང་སོ་མང་གི་བློན་པོ་རེད།
  • དེ་ནས་ཁྲོ་ཆུའི་མདའ་མཁན་གྱི་ང་རོ་དབང་ཆེན་གྱིས་གསེར་ནག་གི་ཐམ་ག་དེ་ཁྱེར་སོང་བ་རེད།
  • དེ་དུས་སོ་མང་ནི་སྡེ་བ་ཉུང་ཉུང་རེད།
  • ཞང་གཅིག་རེད་ཁྲོ་ཆུར་བེ་སང་ཁྲི་ཚོ་བཅུ་ཐམ་པ་བཞི་ཆའི་གཅིག་རེད།
  • དེ་ནས་འཐབ་རྩོད་བྱས་ནས་སོ་མང་ལ་རྐུ་བྱས་པ་དང་སྡུག་མང་པོ་ཕབ་ནས་ཐུབ་ཚོད་བྱས་ཏེ་
  • སོ་མང་རྒྱལ་བོའི་གསེར་གྱི་ཐམ་ག་དེ་ཁྲོ་ཆུའི་ང་རོ་དབང་ཆེན་གྱི་ལག་ཏུ་ཤོར་སོང་བ་རེད།
  • ང་རོ་དབང་ཆེན་གྱི་ཨ་མའི་མིང་ལ་ཨ་ལ་བཀྲ་ཤིས་ཟེར་བ་རེད།
  • ཁང་དམར་དགོན་པ་འདེབས་པའི་སྐབས་སུ་ཆུ་བོ་ཆུ་མར་གྱི་གཙོ་ཡིན་ཞེས་ཆ་ལེན་ཆེན་པོ་ཏི་
  • བརྒྱད་བཅུ་ཐམ་པ་བྱིན་པ་དང།
  • དེ་དུས་འདུ་ཁང་གི་ཀའི་སྟེང་དུ་ཨ་ལ་བཀྲ་ཤིས་ཅེས་བཏེགས་ཡོད་པ་རེད།
  • དེང་སང་དེ་རྐུ་བར་དོག་ནས་མང་ཚོགས་མཇལ་སར་མ་བཞག་པར་ཡར་ནང་དུ་བདག་གཉེར་བྱས་ཡོད།
  • དེ་ནས་སོ་མང་གི་དབང་ཆ་འཛིན་མཁན་ཁྲོ་ཆུ་མདའ་མཁན་ལ་ཐོབ་སོང་བ་དང་
  • སོ་མང་དེའི་མངའ་འོག་ཏུ་ཚུར་ལ་ཆགས་སོང་བ་རེད།
  • དེ་དུས་རྡོ་རྗེ་དཔལ་བཟང་ཞེས་པ་དེ།
  • སྔོན་ཀྱི་མདའ་དར་དཀོན་ཚེགས་སྐྱབས་ཀྱི་ཡུལ་དབུས་ནས་མར་ཡོང་དུས་
  • སོ་མང་གི་རྒྱལ་བོ་འཛིན་པའི་སྲིང་མོ་དེ་ཅ་ཀི་ཧེ་ཐོའོ་ཚང་ལ་མནའ་མར་སོང་བ་དང་།
  • སོ་མང་གི་རྒྱལ་རྒྱུད་མ་ནོར་བ་ཞིག་ཡོད་པ་ནི།
  • རྡོ་རྗེ་དཔལ་བཟང་གི་རྒྱུད་ཡོད་པ་ལིན་ཧྲན་པའོ་ཡིས་ནང་དུ་ཡོད།
  • དེ་སང་འབར་ཁམས་ན་བདུད་འདུད་དབང་གྲགས་ཟེར་བ་དེ་ལོ་རེས་རྟ་རེད།
  • ང་ལས་ལོ་གཅིག་གི་ཆུང་བ་རེད་ལོ་བདུན་བཅུ་དོན་གཅིག་རེད།
  • དེ་ཧེ་ཚང་དགོན་ཆེན་གྱི་སྤྲུལ་སྐུ་རེད།
  • རྡོ་རྗེ་དཔལ་བཟང་ལ་མིང་སྲིང་བཅུ་དྲུག་ཡོད་པ་རེད།
  • བློ་སྨག་ན་རྒྱལ་ས་གཅིག་ང་རོ་ཀུན་བཟང་གིས་བཟུང་ཡོད་པ་རེད་་་ཁོས་སྤུན་ཤི་སོང་བ་རེད།
  • དེའི་ཆུང་མ་མངའ་ཞི་ཐོད་མ་རེད་ཁོས་བདག་ཏུ་བྱས་པ་རེད།
  • ཁོའི་ཆུང་མ་ངར་མེ་ཞེས་པ་རེད་་་དེ་་ཆུང་མ་དེ་གཉིས་པོ་དེར་བུ་བཅུ་དྲུག་ཡོད་པ་རེད།
  • ད་དེ་བྱས་དུས་རྡོ་རྗེ་དཔལ་བཟང་ལ་དམིགས་ཡུལ་ཆེན་པོ་ཞིག་ཡོད་སོང་སྟེ་
  • ཁོས་དབང་ཆ་ཆེན་པོ་ཞིག་འཛིན་དགོས་བསམས།
  • དེང་སང་གི་ལི་རྫོང་དང་མོང་རྫོང་སོགས་ས་ཆར་བུ་ཆེ་ང་རོ་ལྷ་རྒྱལ་འབུམ་ས་དེར་བཞག་སྟེ།
  • མིང་ལ་ཅ་པི་ཟེར་བའི་ས་དེར་རྒྱལ་ས་དང་མཁར་སོགས་ཡོད་པ་རེད།
  • དེ་ནས་ལི་རྫོང་དང་མོང་བོའི་རྫོང་སོགས་མར་ཀའན་རྫོང་ཡོད་སའི་བར་དུ་རྒྱལ་ས་བཟུང་བ་རེད།
  • མགོན་པོ་རྣམ་རྒྱལ་ཟེར་བ་དེ་དེང་སང་ཁ་ན་ཊར་ཡོད་པ་རེད་ལོ་རེས་སྤྲེལ་རེད།
  • ལོ་བརྒྱད་བཅུ་གྱ་གཅིག་ལ་ཐོན་ཡོད་པ་རེད།
  • དེ་རྫི་འགག་གི་རྒྱལ་བོར་བྱིན་པ་རེད།
  • དེས་རྫི་འགག་གི་རྒྱལ་བོ་བཟུང་ཏེ་རྡོ་རྗེ་དཔལ་བཟང་གི་བུ་གཉིས་ཀྱིས་རྫི་འགག་གི་རྒྱལ་ས་བཟུང་།
  • ཁོས་བུ་མོ་ཆེ་བ་མངའ་ཞི་དར་མཚོ་ཟེར་བ་དེ་དེ་དུས་ཀྱི་རྫི་འགག་རྒྱལ་བོར་མནའ་མར་བྱིན།
  • དེ་བྱས་རྗེས་རྫི་འགག་ཏུ་གོ་གནས་ཡོད་སོང་བ་རེད།
  • མཆོག་རྩེ་དང་ལི་རྫོང་སོགས་སུའང་ཁོར་དབང་ཡོད་པ་རེད།
  • དེ་ལྟར་ཁོར་ཐབས་བཀོད་ཡག་པོ་ཡོད་སོང་བ་རེད།
  • མཆོག་རྩེ་ཡིན་ན་མདོ་སྨད་ཆོས་འབྱུང་དུ་ཨ་ལག་ཨ་མཆོག་ཚང་གི་
  • སྐུ་ཕྲེང་དང་པོ་མཁར་དགུ་ཚང་ལ་འཁྲུངས་པ་རེད།
  • གཉིས་པ་མཆོག་རྩེར་འཁྲུངས་པ་རེད་གསུམ་པ་མཆོག་རྩེར་འཁྲུངས་པ་རེད།
  • ཁོང་གི་གདན་རབས་ཅིག་ཕུད་བཞིན་པ་རེད་ལ་དེ་དགེ་བཤེས་ལོ་ལོན་སོགས་
  • ངག་རྒྱུན་ཐད་ལ་ཕྱོགས་གང་ཐད་ནས་གསལ་ཆ་ཡོད་མཁན་ཡོད་མེད་དང་།
  • སྔོན་གྱི་བློན་པོ་གསལ་ཆ་ཅན་ཡོད་མེད་དང་ཁོང་གོ་ལོ་རྒྱུས་དེ་རྒྱལ་བོ་ལྷ་ཐོ་ཐོ་རིའི་རིང་བར་གཏུགས་
  • དགོས་སམ་མི་དགོས་སོགས་ལ་བསམ་བློ་གཏོང་དགོས།
  • གལ་ཏེ་རྒྱལ་བོ་ལྷ་ཐོ་ཐོ་རིའི་རིང་བར་གཏུགས་དགོས་ན་རྒྱལ་རབས་ཉི་ཤུ་ཉེར་བརྒྱད་པའི་དུས་
  • སངས་རྒྱས་ཆོས་ལུགས་དབུ་བརྙེས་པའི་སྐབས་རེད།
  • དེ་གསལ་མཁན་གྱི་མི་ནི་ངས་བསམས་ན་ཡོད་ས་མ་རེད།
  • དེ་ཡིག་ཆར་བསྟེན་དགོས་པ་མ་གཏོགས་དེ་གསལ་བོར་ཤེས་མཁན་གྱི་མི་མི་འདུག
  • འོན་ཀྱང་མདོ་སྨད་ཆོས་འབྱུང་ལ་བལྟས་ན།
  • མཆོག་རྩེའི་རྒྱལ་རབས་བདུན་ལྷག་ནང་དུ་བཤད་ཡོད་པ་རེད།
  • དེའི་རྗེས་ཀྱི་མཆོག་རྩེ་རྒྱ་རྒན་རྒྱ་ཕྲུག་གཉིས་ནང་དུ་བསྟན་མེད་པ་རེདའ
  • བྲག་སྒོམ་རབ་འབྱམས་པས་མདོ་སྨད་ཆོས་འབྱུང་བརྩམས་དུས་ཁོང་གཉིས་ལོ་དེར་ཐོན་མེད་གི
  • ཀྲུང་གོ་གུང་ཁྲན་ཏང་ཐོན་དུས་མཆོག་རྩེ་རྒྱལ་བོའི་མིང་ལ་སོག་པོའི་ཀྲུའུ་ཞི་ཞེས་བཏགས་པ་རེད།
  • དེ་ནས་སྨད་རྒྱལ་བོ་དཔལ་མགོན་འཕྲིན་ལས་རབ་བརྟན་ལ་དཔལ་ཀྲུའུ་ཞི་ཟེར་བ་རེད།
  • དེ་ལོའོ་ཧུང་ཅིན་ཏེ་དམར་དམག་གི་གྲས་སུ་ཞུགས་ནས།
  • བསྟན་པ་ས་ཆའི་བསྟན་པ་སངས་རྒྱས་ཡེ་ཤེས་
  • ཟེར་བ་དེར་ཐེན་པོ་ཀྲུའུ་ཞི་ཞེས་ཀྲུའུ་ཞི་མིང་གྲགས་ཅན་གསུམ་ཡོད་པ་རེད།
  • དེ་ནས་སོག་པོ་ཀྲུའུ་ཞི་ཟེར་བའི་རྒྱུ་མཚན་ཅི་རེད་ཟེར་ན་མཆོག་རྩེ་རྒྱ་རྒན་ཞེས་པ་ཁོང་གི་ཁྱིམ་ནས་
  • སྐྱེས་པ་མིན་པར་མག་པར་ཡོང་བའི་རྒྱ་ཞིག་མིང་ལ་སོའོ་ཀན་ཉིན་ཟེར་བས་རུས་སོའོ་དེས་མིང་ལ་
  • སོག་པོ་ཀྲུའུ་ཞི་ཟེར་བའི་མིང་དེ་ཐོགས་པ་རེད།
  • དེའི་བུའི་མིང་ལ་ཚེ་དབང་ཕུན་ཚོགས་ཟེར་ཏེ་དེར་རྡོ་རྗེ་དཔལ་བཟང་གི་
  • བུ་མོ་མངའ་ཞི་དར་མཚོ་ཆུང་མར་འགྲོ་ས་དེ་རེད།
  • དེ་བས་བདུན་གྱི་སྟེང་བརྒྱད་དང་དགུ་སྟེ་རྒྱལ་རབས་དགུ་ལྷག་གསལ་བ་རེད།
  • ཨ་མཆོག་ཚང་གི་ལོ་རྒྱུས་དེ་གསལ་བོ་ཞིག་ཨེ་ལོན་བསམས་ནས་ངས་ཡིག་ཆ་སོགས་ཀློག་པ་ཡིན།
  • དེ་ནས་རུ་ཕྱོགས་གསུམ་གྱི་སྤྱིར་སོ་མང་དང་མདའ་མཁན་གྱི་མངའ་འོག་ཡིན་ལ་སྔར་
  • སྔར་ཝ་ཤུལ་དཔོན་དང་དཔོན་རབས་ཀྱིས་བསྐྱངས་པ་སྟེ་བར་སྐབས་ལ་བྲ་ཁྱོམ་དང་འདམ་མདོ་
  • ཧམ་མདའ་སོགས་ཀྱིས་སྟོད་སྨད་བར་གསུམ་གྱིས་སོ་སོར་བསྐྱངས།
  • ཟངས་དཀར་སྨད་མར་མཚོན་ན་ཅི་རེད་ཟེར་ན་འདམ་མདོ་ཟེར་བ་དེས་དཔོན་བསྐྱངས་པ་རེད།
  • དེ་ངག་རྒྱུན་ལྟར་སོང་ན་གནའ་མིས་བཤད་པ་གོ་ཐོས་ཡོད་པ་རེད།
  • དེར་མ་ཟད་འདམ་མདོའི་བུ་གཉིས་དཔེ་མེད་པ་རྒོད་པོ་ཡིན་ས་རེད།
  • དོན་མེད་དུ་མི་གཞན་ལ་མགོ་བསྒུར་མཁན་ཞིག་མ་རེད།
  • དེ་བས་ཁྲོ་ཆུས་ཁོང་གི་མངའ་འོག་ཏུ་བསྡུ་མི་ཐུབ་བསམས་ནས་ཟངས་དཀར་ཁག་གསུམ་པོས་
  • བུ་དེ་གཉིས་བཟུང་སྟེ་དམར་གསོད་བྱ་དགོས་ཅེས་སྨྲས་པ་རེད།
  • དེ་ནས་བུ་གཅིག་འབྲོང་བུ་ནས་མགོ་གཏོར་བ་དང་གཞན་དེ་ལྷ་རྒྱལ་གླིང་ནས་མགོ་གཏོར་བ་རེད།
  • དེ་ལྟར་འདམ་མདོ་ཞེས་པའི་དཔོན་དེ་ཤུལ་མེད་བྱས་སོང་།
  • དེང་སང་འདམ་མདོ་ཞེས་པའི་མི་རྒྱུད་དེ་འདེད་དགོས་ན་ཅའོ་ཅའོ་ཀའ་པེ་ཉིན་གྱི་ཆུང་མ་དེ་འདམ་མདོའི་
  • བུ་གཉིས་ཀྱི་སྲིང་མོ་རེད་ལ།
  • ད་རུང་རུས་རྒྱུད་དེད་ན་འདམ་མདོའི་བུ་ཆེ་བའི་བུ་མོ་སྟེ་འདམ་མདོ་ལྷ་མོ་ཟེར།
  • མོ་ནི་རྒྱམ་བཟང་དང་སྐབས་སྦྱིན་གཉིས་ཀྱི་ཨ་མ་རེད།
  • རུས་རྒྱུད་དེད་ན་ཕལ་ཆེར་དེ་འདྲ་རེད།
  • དེ་ནས་ཟངས་དཀར་སྨད་མར་དཔོན་མ་ཡོད་པར་ཁྲོ་ཆུ་མདའ་མཁན་གྱིས་
  • དཔོན་གྲུབ་ཐོབ་བླ་མ་ཟེར་བའི་བར་སྐབས་ཀྱི་དཔོན་རེ་མངགས་པ་རེད།
  • དེའི་རྗེས་ཀྱི་རྒྱ་ཆུང་ཚང་ནི་རྒྱལ་རོང་ཁྲོ་ཆུའི་བློན་ཆེན་ཞིག་རེད་མིང་ལ་རྒྱ་ཆུང་ང་རོ་བསོད་ནམས་ཟེར།
  • རྒྱ་ཆུང་ཆུ་ལི་སྟེ་རྗེས་ནས་རྒྱ་གར་དུ་བུད་སོང་།
  • དེ་ཡང་མཚམས་རེར་ཟངས་དཀར་སྨད་སྡེ་ནང་དུ་ཚབ་བྱས་ནས་བསྡད།
  • ཕ་མཐའ་ཟེར་བ་དེར་ལོ་རྒྱུས་རྒྱུན་རིང་བ་རེད།
  • ངེད་ཟངས་དཀར་བར་མའི་དཔོན་པོ་དེ་ཕ་མཐའ་རེད།
  • རྒྱ་ནག་པོ་ཚུར་མཐའ་སོ་གསེར་བོའི་ཕ་མཐའ་ཞེས་གྲགས་ལ།
  • ཟུང་ཆུའི་མགར་བ་ཚང་གི་ཕྱོགས་ནས་འོང་།
  • ཕ་མཐའ་འདི་ཧ་ཅང་གི་ཆེ་བ་དང་བླ་སྤྲུལ་སོགས་ཧ་ཅང་གི་མང་བ་རེད།
  • ཕ་མཐའི་ཕ་ནོར་ཟེར་བ་དེར་བླ་མ་གསུམ་འཁྲུངས་པ་རེད།
  • ཕ་མཐའི་གསེར་ཁྲི་འཁྲུངས་པ་རེད།
  • ཕ་མཐའི་གསེར་ཁྲི་དེས་དགའ་ལྡན་གསེར་ཁྲིའི་གོ་ས་བཟུང་ཡོད་པ་རེད།
  • སྤྲུལ་སྐུ་ཕ་མཐའ་འཁྲུངས་ནས་ཁྲི་རབས་བརྒྱད་ཅུ་སོང་ཡོད་པ་རེད།
  • ཛམ་ཐང་ཆོས་རྗེ་ཚང་འཁྲུངས་པ་རེད་དེ་ཚང་ནི་ཛམ་ཐང་གི་དཔོན་བླ་ཡིན་པ་རེད།
  • ཡར་ཁྲིར་བཀོད་དུས་ཁོང་ལ་ཅང་ཅེ་ཧྲིའི་གསེར་ནག་གི་ཐམ་ག་བཟུང་ཡོད་མཁན་
  • ས་ཆོས་རྗེ་གནམ་ཆོས་རྗེ་ཛམ་ཐང་གི་དཔོན་བླ་བྱས་པ་རེད།
  • ཕ་མཐའི་ཕ་ནོར་གྱི་བུ་གཉིས་དེ་རེད།
  • བུ་གཞན་དེ་སུ་རེད་ཟེར་ན་ཕ་མཐའ་ཕྱག་ན་རྡོ་རྗེ་རེད།
  • ཁོང་ནི་ཡང་མཚན་སྙན་གྲགས་ཅན་མི་སྟོབས་ཆེན་ཞིག་ཡིན་པ་རེད།
  • དེར་སྐུ་ཕྲེང་བཞི་སོང་ཡོད་པ་རེད།
  • དེ་ནས་ཕ་མཐའི་ཆོས་རྒྱན་དེ་ནི་རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུའི་ནང་གི་གཅིག་
  • ང་ཚོ་ཕ་མཐར་འཁྲུངས་པ་རེད།
  • བྲག་གཡེར་བའི་ཚུལ་ཁྲིམས་རྒྱ་མཚོ་ཟེར་བ་དེའི་སྤྲུལ་བ་ཡིན་ཟེར་བ་རེད།
  • དེ་སྔོན་གྱི་ཕ་མཐའི་བླ་མ་བཞི་བོའི་ཨ་ཞང་རེད།
  • དེ་ཕ་མཐའ་ནི་དེ་འདྲའི་གྲགས་ཆེན་ཞིག་རེད།
  • ཕ་མཐའ་ནི་ཟངས་དཀར་བར་མའི་སྡེ་བ་ཆུང་ཡང་བཤད་རྒྱུ་ཆེན་པོ་ཡོད་ས་ཡིན་པ་རེད།
  • དེ་དཔོན་མི་དྲང་གི་ཟེར་ནས་དཔོན་དེ་ཟུར་དུ་བཤོལ་བར་བྱས།
  • ཟངས་དཀར་བར་མར་སྔོན་དཔོན་པོ་ཝ་ཤུལ་ཟེར་མཁན་ཞིག་ཡོད་པ་རེད།
  • ཝ་ཤུལ་དཀོན་ཕྱི་ཟེར་བ་དེས་དཔོན་བཟུང་བ་རེད།
  • ཁོང་གིས་དཔོན་བཟུང་བ་རེད་ཁོས་ཝ་ཤུལ་མི་འགྱུར་གྱི་ཤུལ་བཟུང་བ་རེད།
  • དེ་མི་འགྱུར་གྱིས་བཟུང་དུས་དེའི་ཆུང་མར་ཨ་ཁུ་ཕྱག་གཉེན་དང་ཚེ་དཔལ་ཧྲེ་ཐོ་
  • གཉིས་ཀྱིས་ཨ་མ་དེ་མནའ་མར་བླངས་པ་རེད།
  • ཨ་ཁུ་ཕྱག་གཉེན་ནི་ཝ་ཤུལ་གྱི་བུ་ཡིན་ཟེར་བ་དང་ཚེ་དཔལ་ནི་མིན་ཟེར་བ་རེད།
  • དེའི་རྗེས་རུ་སེར་གྱི་སྤྱི་འཕགས་ཚང་རེད་རུ་སེར་ཨ་ནོར་ཟེར་དང་ཝ་ཤུལ་མི་འགྱུར་གཉིས་
  • མག་སྐལ་རེད་བཙན་ལྷའི་རོང་རྒྱ་མང་པོ་ཞིག་ཚོང་ལ་ཡོང་ནས།
  • རྒྱག་རེས་བྱས་ནས་གཉིས་ཀ་བསད་པ་རེད།
  • དེ་ནས་ཝ་ཤུལ་གྱི་བུ་བསད་སོང་བ་རེད།
  • དེ་ནས་མཁས་གྲུབ་དམར་ལི་མ་ཟེར་བའི་གྲྭ་ས་རུ་དགེ་བཤེས་དཔེ་མེད་པ་ཞིག་ཡོད་པ་རེད།
  • དེ་ཨ་ཁུ་བཤེས་གཉེན་འདི་ཝ་ཤུལ་གྱི་མི་རྒྱུད་ཡིན་ཟེར་བ་རེད།
  • དེ་ནས་ཝ་ཤུལ་གྱི་དཔོན་དེ་ཡང་ཉམས་སོང་བ་རེད།
  • དེའི་རྗེས་ཝ་ཤུལ་མཚོ་དར་ཟེར་བ་དེ་ཝ་ཤུལ་གྱི་བདག་པོར་བསྡད།
  • དེ་ནས་ཡང་སྨད་ཕྱོགས་ཀྱི་རྒྱ་མི་ཞིག་ཡར་བཙན་ལྷའི་གཡོག་པོར་ཡོང་བ་ཨ་པ་ལོའོ་ཡང་ཟེར་བ་
  • མག་པར་བསྡད་དེ་ཝ་ཤུལ་གྱི་དཔོན་ལ་དེ་བསྡད་པ་རེད།
  • དེང་སང་ཅོའོ་ཆུའི་ཨ་ནེ་ཞིག་མིང་ལ་འཇམ་དབྱངས་ཅི་ཞིག་ཟེར་བ་ཤིག་ཡོད་པ་དེ་དེའི་
  • ཤུལ་འཛིན་ཏེ་རྒྱུད་འཛིན་དེ་རེད་དེ་ལྟར་ཟངས་དཀར་བར་མའི་དཔོན་ཉམས་སོང་བ་རེད།
  • བཅོས་བསྒྱུར་བྱེད་སྐབས་སྡེ་བ་ཉུང་ཉུང་དཔོན་པོ་མང་པོ་ཡོད་ས་རེད།
  • ར་གཉིས་ཀྱི་ནང་དུ་རུ་ནང་དབང་གྲགས་དང་ཨོ་རྒྱན་སྐྱབས་ཟེར་མཁན་གཉིས་བློན་པོ་རེད།
  • དོ་ལོང་ནང་དུ་ཕ་མཐའ་སྐྱབས་ཀྱི་ཕ་རྒན་གླང་རིན་ཆེན་ཟེར་བ་བློན་པོ་རེད།
  • རླུང་ནག་ནང་ན་གུ་རུ་སྒྲ་བུམ་ཟེར་བ་བློན་པོ་རེད་བློན་པོ་བཞི་ཡོད་པ་རེད།
  • བློན་པོ་དེ་བཞི་བོ་རེད།
  • མང་ཚོགས་བཅོས་བསྒྱུར་བྱེད་དུས་ཟངས་དཀར་བར་མ་གསར་རྗེ་ངོ་ལོག་ལ་བུད་པ་རེད།
  • ཟངས་དཀར་སྨད་མ་ཡིན་ན་ཉིན་གང་བོར་ཀྲུང་གོ་གུང་ཁྲན་ཏང་གིས་ཚོགས་འདུ་འཚོགས་ནས་
  • མདའ་བོའུ་ལག་ཆ་རྣམས་ཡག་པོ་བྱས་ནས་ཡར་སྤྲོད།
  • དེ་ནས་ཕྱི་དྲོ་ཀྲུང་གོ་གུང་ཁྲན་ཏང་ལ་དམག་མི་ཚོའོ་ཧྲེ་ཟེར་བ་དང་མུའུ་པིན་ཟེར་མཁན་ཞིག་ཡོད་པ་རེད
  • དེ་ཚོས་དམག་ཁྲིད་ནས་ཇག་པ་སོགས་ཁྲིད་ནས་བཀོད་པ་རྒྱག་མཁན་ཏུ་འགྲོ་དགོས་ཟེར་ནས་
  • ཟངས་དཀར་བར་མ་རུ་གྲི་རྒྱག་བོའུ་རྒྱག་བྱས་ནས་མར་དེད་
  • མི་རྣམས་ཇག་ལ་སོང་བ་རེད་ཤུལ་དུ་དགེ་རྒན་རེ་ལྷག་པའམ་མི་རེ་ལྷག་ཡོད་པ་སོགས་ཁྲིམས་ཁང་
  • དུ་བསྡུས་པ་རེད་དེ་ཚོས་ཅི་ཡང་བྱས་ཡོད་པ་མ་རེད་མོད་ཐུབ་ཚོད་བྱས་པ་རེད།
  • དེ་དུས་ཁང་དམར་དགོན་པའི་འདུ་ཁང་ལ་འགྲུབ་སྟོན་བྱས་དུས་
  • མི་རྣམས་ཀྱིས་དེ་རིང་སྔ་དྲོ་ཟངས་དཀར་སྟོད་མར་ཇ་ལྡུད་མཁན་ཟངས་དཀར་སྨད་མ་ཡིན།
  • ཕྱི་དྲོ་ཟངས་དཀར་སྨད་མར་ཇ་ལྡུད་མཁན་ཟངས་དཀར་སྟོད་མ་ཡིན་ཞེས་གྲོས་བྱས་པ་རེད།
  • དེ་ཟངས་དཀར་བར་མར་ད་རུང་བཅིངས་གྲོལ་མ་ཐོབ་པ་རེད།
  • དེ་བརྟག་ན་ཟངས་དཀར་བར་མར་ཇ་ལྡུད་རྒྱུ་ལས་སླ་མོ་ཞིག་རེད།
  • ཟངས་དཀར་ཁག་གསུམ་པོས་རྒྱུ་བསྡུས་ཡོད་པ་རེད་དགོན་པ་གྲྭ་ཚང་གི་རྒྱུ་བསྡུས་ཡོད་པ་རེད།
  • ཁོ་ཚང་ད་རུང་ཡིན་ལ་ཁད་ཀྱི་ཐམས་ཅད་འཕྲོག་བཅོམ་བྱས་ཡོད་མོད་ད་རུང་བཅིངས་གྲོལ་བྱས་མེད།
  • སྤྱིར་ན་ཟངས་དཀར་བར་མར་དྲང་མེད་པ་རེད་སྨད་མ་ཚང་བར་མ་ཚང་ཞེས་ཞང་དང་ཞང་ཉེ་བ་རེད་མོད་
  • བདེན་པ་བཤད་ན་དེར་དྲང་ཡོད་པ་མ་རེད།
  • རྗེས་ནས་ཚང་མས་མགོ་བཏེགས་ཡོད་དུས་ཡང་བློམ་རྒྱུ་ཡོད་པ་མ་རེད་ཡག་པོ་བྱས་ནས་ལག་ཆ་
  • ཡར་སྤྲད་དུས་ཡང་མགོ་འཛིན་ནམ་དབང་འཛིན་འདི་རེད་བསམས་པའི་མི་ལྔ་བཟུང་ནས་
  • དཔེ་མེད་གཅར་རྡུང་བྱས་པ་རེད་དེ་ཟངས་དཀར་བར་མར་ཧ་ལས་པ་བྱས་སོང་།
  • དེ་ལྟར་ཟངས་དཀར་བར་མར་དེ་འདྲ་དྲང་ཡོད་པ་མ་རེད།
  • རྗེས་མར་ཟངས་དཀར་བར་མ་དེ་ལོག་ཏུ་ཞང་ཞིག་ཏུ་འཛུགས་དགོས་ན་དེ་ཆུང་སོང་བ་རེད།
  • དེ་ལས་བྱེད་ལ་འགྲོ་རྒྱུ་མང་སོང་བས་ཁྱིམ་ཚང་ལྔ་བཅུ་ཁ་མི་བཀང་གི་བཞི་བཅུའི་ནང་ཞིག་རེད།
  • དེ་ཚུན་ཆད་ནས་བསྒྱུར་ཡོད་ཐ་ཨ་རོག་བ་ཐ་ཟེར་བའི་ཁྱིམ་མཚེས་ཡིན་ས་རེད།
  • སྐྱ་རོང་ཞང་ཞེས་སྐྱིད་མགོ་མ་དང་རོང་རུ་མ་གཉིས་ཞང་གཅིག་བྱས་ཏེ།
  • ཚ་རུ་ཚ་ལུང་གཉིས་ཀ་ཞང་གཅིག་བྱས་
  • ལོ་རྒྱུས་སུ་དེ་ལྟར་བགོས་ཡོད་པ་རེད།
  • བར་མ་དེ་ལྟར་རེད་སྨད་ནས་དེ་ལྟར་རེད།
  • སྨད་མ་དེ་བློན་པོ་སིང་སིང་ཟེར་མཁན་ཞིག་ཡོད་པ་རེད་སིང་སིང་དཀོན་ཚེ་ཟེར་བ་དེ་
  • མངའ་ཞི་མ་སྤྲི་དཀར་དགོན་གྱི་སོ་མི་ཡིན་ཟེར་བ་རེད།
  • ཟངས་དཀར་རུ་བདུན་ཏེ་ཁྱིམ་ཚང་བདུན་པོ་དེར་མིང་ཐོགས་ཅེས་ན་ང་མཚོན་ན་
  • སྔོན་བྱིས་པ་ཆུང་དུས་ནས་ལོ་་་་སྤྱིར་ང་ལོ་བཞིའི་སྟེང་གི་གནས་ཚུལ་དེ་ང་གསལ་བ་རེད།
  • ང་ལོ་བཞིའི་སྟེང་འཇམ་དབྱངས་བཞད་པ་བསྟན་པའི་རྒྱལ་མཚན་དང་མཁའ་སྐྱབས་དབུ་སྐྱ་གཉིས་
  • གདན་འདྲེན་བྱས་ཏེ་རུ་སྡེ་ཁག་བཞི་བོ་དེས་གསེར་དང་དངུལ་བྱིན་ཏེ་
  • དེང་གི་མཁར་ཁང་བ་སོགས་ཀྱི་སྟོབས་ཡོད་པ་མ་རེད་མོད་ཀུན་མཁྱེན་བཞུགས་སར་ལྕགས་རི་ཡོད་
  • དེ་དུས་རས་ལ་ལྕགས་ལུང་སྤྲད་ཡོད་པའི་ཡོལ་བ་དེ་ཐག་པའི་སྟེང་བཤམས་ནས་དྲ་ཡོལ་ཕྱེ་བ་ལྟར་
  • ཆོག་པའི་ཁང་བ་ལྟར་ཡིན་པ་དེ་འདྲ་ཡོད་གི
  • དེ་དུས་ང་རང་ལོ་བཞི་རེད།
  • ང་ཚོའི་བཀྲ་ཤིས་གཡང་ལུང་འདི་བྲ་ཁྱོམ་ཆོས་མཛད་ཀྱིས་ཁོང་རུ་སྡེ་འདི་མེད་པོ་ཞིག་ཡིན་ཏེ་
  • ཁྱེད་ཀུན་མཁྱེན་ཚང་གིས་རུ་སྡེ་འདིའི་ཁ་ལས་ཡར་འགྲོ་དང་ཕྱུག་པོར་འགྲོ་བྱེད་ཀྱི་
  • ལབ་རྩེ་ཞིག་འཕེན་དགོས་ཞེས།
  • དམེ་སྐོར་དར་རྒྱས་ལ་མདའ་ཞིག་གི་སྟེང་དུ་ཚོན་བྱུག་ནས་ཡག་པོ་བཟོས་རྗེས་
  • ཁོང་ཚང་གི་གོས་བཏགས་ཤིག་གི་ཁུག་ཏུ་བཅུག་ནས་ཉིན་བཟང་སྐར་བཟང་ཞིག་ལ་
  • སར་ལྟོས་ཏེ་ཁྱེད་ཚང་གིས་བྲ་ཁྱོམ་ཚོས་མཛད་ལ་ལབ་རྩེ་ཕོངས་དང་རུ་སྡེ་འདི་ཡར་འགྲོ་རྒྱུ་རེད།
  • ཞེས་གསུངས་པ་ཡིན་ཏེ་བྲ་ཁྱོམ་ཆོས་མཛད་ནི་རང་ག་བའི་ཆོས་མཛད་དང་མི་འདྲ་སྟེ་
  • ་གྱི་སྤྱི་མཐའ་ཡིན་ཟེར་བ་རེད་འཇམ་དབྱངས་སྨྲ་ཚང་གི་གྲྭ་རྒན་ཚོས་ངག་རྒྱུན་ལ་ཡོད་པ་རེད་
  • ཐོབ་གོ་ས་མཚན་སྙན་གྲགས་རྟོག་པ་ལྷ་མཉམ་པ་ཤིག་ཡིན་པ་རེད།
  • དེ་ལྟར་བཀྲ་ཤིས་གཡང་ལུང་ཕངས་བ་དེ་རེད།
  • དེ་དུས་ང་རང་ལོ་བཞི་ཡིན་ལ་ད་ནི་ལོ་དོན་གཉིས་རེད།
  • ལོ་དྲུག་བཅུ་རེ་བརྒྱད་ཙམ་འགོར་ཡོད་ཀི།
  • དེ་ཀུན་མཁྱེན་གྱི་བཙུགས་པ་རེད།
  • གཞི་བདག་དེའི་མིང་ལ་ཅི་ཟེར་ཞེ་ན།
  • བཙན་ནག་གཤེ་ཡིས་བློན་དཔོན་བྲལ་བའི་གཟིམ་དར་དཔུང་མཛད་ཟེར་བ་རེད།
  • དེ་ནས་ཡང་རྡོ་གེར་ལབ་རྩེ་ཡིན་ན།
  • ཧེ་ཚང་དགོན་ཆེན་མཁས་གྲུབ་རྒྱ་མཚོས་ཁོང་གིས་གཞི་བདག་མང་བོ་
  • གང་ས་གང་ནས་བསྐོས་འོང་སྟེ།
  • གཞི་བདག་རྣམས་དགའ་སའི་གྲུབ་ཐོབ་ཤིན་ཏུ་རྟོག་པ་ཅན་ཡིན་པ་རེད།
  • དེ་ནས་རོང་རུ་མའི་ནག་གེ་ཟེར་བ་དེ་ཡང་ཧེ་ཚང་མཁས་གྲུབ་རྒྱ་མཚོས་ཕངས་པ་རེད་དེ་བློན་ཆེན་
  • གྱི་ལབ་རྩེ་འདི་གཉན་པོ་གཡུ་རྩེར་བློན་ཆེན་ཤམ་པ་དམར་ནག་ཟེར་བའི་ཚ་བོ་ཞིག་ཁོང་གིས་བསྐོས་ཏེ་
  • ཡོབ་ཆེན་ནང་སྐོང་ནས་ཁྱེར་ཡོང་བ་རེད་དེ་ནས་ཨོ་རྒྱན་བོང་རིལ་ཟེར་བ་དེ་
  • ཟངས་དཀར་སྟོད་མའི་ནང་གི་མི་རྒྱུ་གཉིས་ཀ་དར་ཡོད་པའི་ཕྱུག་པོ་ཡ་མེད་ཅིག་ཡིན་པ་རེད།
  • ནག་ཚང་བཤད་སྒྲུབ་ཟེར་བ་དེ་གྲྭ་བ་ཞིག་རེད་ནག་ཚང་བསམ་ཁོ་ཟེར་བ་དེ་ཁོང་གིས་བུ་རེད།
  • ཟངས་དཀར་བྲ་ཁྱོམ་ཟེར་ནས་མིང་གྲགས་ཡོད་མཁན་ཞིག་རེད།
  • གསེར་དང་དངུལ་སོགས་ཧ་ལས་པ་ཡོད་པ་རུ་བཀལ་ན་རྟ་
  • རྟའི་ལྕགས་སྒྲོག་ཁལ་ལྔ་དྲུག་ཡོད་ཟེར་བ་རེད།
  • དེ་ཚང་ལ་མཚོན་ན་བློན་ཆེན་ལ་ཡ་མཚར་བ་མཆོད་ནི་རེད།
  • རྗེས་ནས་ཨ་ལག་ཆོས་རྫོང་ཚང་བླ་བྲང་ནས་
  • ནག་ཕྱོགས་ཀྱི་གཞི་བདག་ཆེན་པོ་དོ་ཡ་དཀོན་པ་འདི་
  • ཟངས་དཀར་སྟོད་མ་ནས་དབྱར་ཞིག་ལ་སྨྱུང་གནས་བརྒྱ་བསྲུངས་ནས་
  • དེ་ཚུར་དཀར་ཕྱོགས་ལ་ཅུང་ཙམ་བསྒྱུར་བ་རེད།
  • དེ་ནས་ཨ་ལག་མཚོ་ཁ་བ་བླ་བྲང་ནས་ཕེབས་ཏེ་བློན་ཆེན་ཡུལ་གྱི་ཁ་སོ་དེར་ཕངས་ནས་
  • གླང་ཟླའི་ཚེས་བཞི་ཉིན་གསོ་དགོས་ཞེས་བསང་ཡིག་བརྩམས་ཡོད་པ་རེད།
  • ཀུན་མཁྱེན་འཇམ་དབྱངས་བཞད་པས་རྡོ་གེར་ལ་གཡང་ལུང་ཕངས་བ་དེ་
  • དབྱར་མགོ་མའི་ཚེས་བཅུ་གཅིག་ལ་གསོ་རྒྱུ་བྱས་པ་རེད།
  • འོམ་བུ་ཟེར་བ་དེ་ཟངས་དཀར་སྤྱིའི་གཞི་བདག་རེད།
  • རག་ཁྲོམ་དེ་ཟངས་དཀར་སྟོད་སྨད་བར་གསུམ་པོས་
  • མཆོད་པ་རེད་ཐང་ལུང་ཡིན་ན་ཟངས་དཀར་སྨད་མའི་གཞི་བདག་རེད།
  • འོམ་བུ་ཡིན་ན་ཟངས་སྟོད་སྨད་གང་གིས་ཀྱང་མཆོད་པ་རེད།
  • དེ་གཙོ་བོ་འཕེན་མཁན་མཛོ་དགེ་ཁྲི་ཆུང་ཚང་གིས་
  • ཕངས་པ་རེད་འོམ་བུའི་ལབ་ཙེ་འདི།
  • དེ་སྟག་ཟླའི་ཚེས་གསུམ་ལ་གསོ་དགོས་ཞེས་ཁོང་གིས་བཀའ་བཀོད་དམ་བཅའ་དེ་བྱས་ཡོད་པ་རེད།
  • དེ་གཞི་བདག་ཧ་ཅང་གི་ཡ་མཚན་ཡིན་པ་རེད།
  • དེ་གཉན་པོ་གཡུ་རྩེར་ས་བརྒྱད་པ་ཐོབ་ཡོད་དེ་ས་ཐོབ་ཀྱི་སངས་རྒྱས་ཨ་མྱེས་རྨ་ཆེན་ལ་
  • ས་བཅུ་བ་ཐོབ་ཡོད་པའི་སངས་རྒྱས་ཡིན་ཞེས་འཛམ་གླིང་སྤྱིའི་བསང་མཆོད་མ་བྱས་སྔོན་ལ་
  • བསང་མཆོད་དེ་གཉིས་མ་བཏོན་ན་གཞི་བདག་གཞན་ཡོང་རྒྱུའི་དབང་ཆ་ཡོད་པ་མ་རེད།
  • འོམ་བུ་ཡིན་ན་མིང་ལ་གཡུ་ཆུང་དགྲ་ལྷའི་རྒྱལ་བོ་ཡིན་ལ་ཁོང་ལ་ས་བཅུ་བ་ཐོབ་ཡོད་
  • ཐོབ་པ་དེ་བླ་མ་བཅུ་གསུམ་གྱི་བཀའ་གཞི་གཅིག་ཏུ་བསྡུས་ཡོད།
  • ཀུན་མཁྱེན་འཇམ་དབྱངས་བཞད་པའི་
  • སྐུ་ཕྲེང་བཞི་བ་སྐལ་བཟང་ཐུབ་བསྟན་དབང་ཕྱུག་གིས་ཀྱང་ཁོང་གི་བསང་ཡིག་གསུངས་ནས་
  • ཁོང་ཕེབས་པ་རེད་མཛོ་དགེ་ཁྲི་ཆུང་ཚང་ཕེབས་པ་རེད་སྟོང་སྐོར་མདོ་སྡེ་རྒྱ་མཚོ་ཚང་ཕེབས་པ་རེད།
  • ཨ་ལག་མཚོ་ཁ་ཕེབས་པ་རེད་སང་བཟང་ཚེ་འཛོམས་པ་ཕེབས་པ་རེད།
  • བླ་མ་བཅུ་གསུམ་གྱི་མཉམ་དུ་ཐ་ཚིག་གསུངས་པས་ཁོང་གི་གོ་ས་ཡར་ཕྱིན་པ་རེད།
  • དེ་ལྟར་ས་ཐོབ་ཀྱི་གཞི་བདག་ཡིན་ཟེར་བ་རེད་དེ་སྐྱེས་པ་མིན་པར་དགེ་བསྙེན་ཞིག་ཡིན་པ་རེད།
  • དེའི་རྗེས་ནས་གད་དམར་ཚང་ཟེར་བ་རེད།
  • ཆོས་སྲིན་གྱིས་དེང་སང་གི་དྲ་འཐེན་བྱེད་ཀྱི་ལྕགས་སྡོང་ཞིག་རྒྱལ་ཁབ་ལ་ཡར་ཞུ་བྱས་ཡོད་
  • འགྲོ་སོང་ལ་སྒོར་ཁྲི་སུམ་བརྒྱ་ལྷག་རེད་ལ་ཁོས་དེ་གད་དམར་གྱི་མགོ་དེར་འཛུགས་རྒྱུ་ཡིན་ཟེར།
  • དེ་གད་དམར་དང་ལུང་ཟུ་ཚོ་གཉིས་ལ་འགྲིག་གི་མ་རེད།
  • ཁྱོད་ཀྱིས་གད་དམར་གྱི་མགོ་རུ་དེ་བཙུགས་དུས།
  • ང་ཚོ་གད་དམར་ལ་མཚོན་ན་རྒྱུ་ལོངས་སྤྱོད་ཀྱི་ཕྱོགས་ནས་
  • མི་རྒྱུ་གང་ཡིན་ཀྱང་གད་དམར་དང་འདྲ་མཁན་ད་སྔ་ཧུང་ཡོན་རྫོང་ལ་མི་འདུག
  • ཁྱོད་ཀྱིས་གད་དམར་ལབ་ཙེའི་ཁ་དེར་ལྕགས་དེ་བཙུགས་ན་་་་ཤིང་དང་ལྕགས་ཟེར་བ་རེད།
  • ང་ཚོའི་ལབ་ཙེའི་ཤིང་གི་མགོ་དེ་དྲ་རྒྱའི་ལྕགས་ཀྱིས་མནན་ན་འུ་ཚང་གད་དམར་ཚང་གི་
  • ཁ་ལས་རླུང་རྟ་སོགས་ཉམས་རྒྱུ་ཤ་སྟག་ཡིན།
  • ང་ཚང་ལ་སྐྱོན་མེད་གི་ངའི་ཁྱིམ་ཚང་དེར་མེད་གི
  • དེར་ཁོས་དེ་ན་ཁོས་ས་གཞན་ཞིག་ལ་འཛུགས།
  • དེ་མིན་དེ་འཛུགས་ས་ཞིག་ད་སྔ་རེག་མེད་ས་རེད།
  • དེར་གད་དམར་གྱི་ལབ་ཙེ་བསྟོད་དགོས་རྐྱེན་དེ་མདོ་སྨད་ཆོས་འབྱུང་དུ་སྔོན་སོ་མང་རྒྱལ་བོས་ཁོང་རང་
  • ཟངས་དཀར་ཁག་གསུམ་པོར་ལྟ་རྟོག་ལ་འགྲོ་དགོས་ཞེས་བཤད་པ་རེད།
  • དེ་དུས་ཁྲོ་ཆུའི་ང་རོ་དབང་འདུལ་ཟེར་བ་དེས་ཁྱེད་ཡོང་ན་མི་འགྲིག་གི་
  • ཆུ་དམར་ཕུང་ལོག་གི་ཆུར་བརྒལ་རྒྱུ་དཀའ་བ་རེད་ཟེར་དུས་
  • དེར་མ་ཉན་པར་འོམ་ཐང་གྱེན་དུ་ཡར་ཡོང་ནས་འོམ་བའི་ཆུ་དེ་ཧ་ཅང་འཁྲུགས་ཡོད་པ་རེད།
  • རོང་བ་དེའི་དྲུང་སྐོར་དེ་ཧ་ཅང་གི་དབང་ཆེན་མཚན་སྙན་གྲགས་ཆེ་སར་བརྩི་བ་རེད།
  • ང་ཚོ་བོད་ཡིན་ན་དྲུང་སྐོར་ཞེས་པ་ཧ་ཅང་དམན་པར་བརྩི་བ་རེད།
  • རྒྱུག་རམ་མདར་སོང་ན་བོའུ་ཁུར་རྒྱུ་མེད་ས་རྟ་འཛིན་རྒྱུ་མེད་ས་གཅིག་ལུས་ཤུལ་ན་རྒྱུ་མེད་ས་
  • གཅིག་ན་ཡུལ་ཁའི་འདི་ཅི་ཡིན་ན་དེ་འཁུར་དགོས་པ་རེད་དེ་རིང་རྐུན་མའི་རྟ་ཟོག་ཅིག་ཁྱེར་ན་
  • ནམ་གུང་མགོ་སྐོར་དྲུད་ནས་ད་རམ་མདའ་འཚོགས་དགོས་མ་འཚོགས་ན་ཆད་པ་ཡོད་
  • མིན་ན་དེ་རིང་ཡུལ་ཁ་འདི་སྐུ་རིམ་འདི་འདྲ་ཞིག་འཚོགས་དགོས་ཇ་རྒྱ་མ་འདི་འདྲ་ཞིག་ཁྱེར་ནས་
  • འཁོར་ལོ་བཀལ་ནས་ཡོང་དགོས་བུད་ཤིང་བཀལ་ནས་ཡོང་དགོས་ཅེས་སྐད་རྒྱག་དགོས་པ་རེད།
  • སོ་མང་རྒྱལ་བོ་ཡོང་དུས་ཁོ་ཚོས་དྲུང་སྐོར་དེ་བློ་ཐུབ་སའི་བུ་རྒྱུད་བྱིས་པ་སོགས་ལག་ཏུ་འཇོག་ས་དང་
  • དབང་ཆ་ཆེ་ས་སྟེ་བློ་གཏད་ས་ཡིན་པ་རེད།
  • ཟངས་དཀར་སྟོད་མའི་དྲུང་སྐོར་རྣམས་ད་ཐོན་ཏུ་བཅུག་བྱ་བ་འདྲ་ཡོད་གི་ཟེར་དུས་
  • དེང་སྐབས་རྟ་མགྲིན་ཚང་ཨ་ཁུ་སྟོབས་དབྱངས་ཚང་རེད་སིང་སིང་ཁ་ཐོགས་ཟེར་བ་དེ་དྲུང་སྐོར་རེད།
  • དེ་ནས་རིན་ཚགས་ཟེར་མཁན་ཞིག་ཡོད་པ་རེད་ང་ཚོས་ཨ་ཕྱི་ཟེར་ནི་རེད་དེ་གཉིས་དྲུང་སྐོར་ཡིན་ས་རེད།
  • དེ་གཉིས་ཀྱིས་ལྷམ་ཕུད་ནས་རུམ་དུ་བསྡུས་ནས་རྒྱལ་བོ་དང་རྒྱལ་མོ་རྟའི་སྲབ་བཟུང་ནས་འོམ་བུའི་
  • ཆུར་བརྒལ་ཏེ་ལབ་ཙེ་ཡོད་སར་ཐོན་ནས་མཁར་ཤུལ་ཚགས་དན་དང་ང་ཚོའི་ཨ་མེས་རྣམས་ཀྱིས་
  • ཁོང་ཚོས་འུར་རྡོ་འཁུར་ཏེ་རྒྱལ་བོ་ཁྲིད་ནས།
  • ཟོག་གི་ར་རེའུ་ལ་རེག་མི་ཆོག་ཅེས་འུར་རྡོ་བཟུང་ནས་བསྡད།
  • དེས་བསང་ཁྲི་ཞིག་བཟོས་ནས་ཡར་བསང་ཕུལ་དུས།
  • དེའི་བསང་ཡིག་གི་མཇུག་ན་དེ་ལྟར་གསུངས་ཡོད་པ་རེད།
  • སོ་མང་རྒྱལ་བོ་ས་དེར་ཕེབས་ནས་དེར་བསང་ཁྲི་བརྩིགས།
  • བསང་ཕུལ་བས་དེའི་བསང་ཁྲི་དེ་གདན་པ་བྱས་ཏེ་
  • ལབ་ཙེ་དེར་ཕུད་པ་རེད།
  • སྤྱིར་ན་ཡ་གིའི་གཏེར་རྙིང་ཧ་ལས་པ་ཡག་པོ་ཞིག་ཡོད་པ་དེའི་སྟེང་དུ་ཕུད་དགོས་མོད་
  • དེ་བེ་སང་གི་གཡོ་བྱས་ནས།
  • སོ་མང་རྒྱལ་བོ་དེར་ཕེབས་པས་རྟེན་འབྲེལ་གྱིས་དེར་ཕུད་ན་ཆོག་ཅེས་དེར་ཕུད།
  • ས་དེར་དཔྱད་པ་བྱས་ན་མདུན་མཐོ་བས་ལག་ཙེ་དེ་མདུན་ཅོག་བཞག་ཡོད་པ་དང་འདྲ་བ་རེད།
  • དེ་གཞི་བདག་བཤད་ན།
  • ཟངས་དཀར་སྟོད་མར་གཞི་བདག་བཤད་མཁན་རྒད་པོ་རྡོ་རྗེ་དང་ཤ་ཚེ་གཉིས་ཡོད་པ་རེད།
  • དེ་ལབ་ཙེ་ཁེར་མ་ཞིག་བླ་མ་སུས་ཕངས་པ་རེད་སྐབས་ནམ་ཞིག་ལ་སོང་བ་རེད་ཟེར་ནས་
  • འདྲི་དགོས་ན་དེ་གསལ་མཁན་གྱི་མི་སུ་ཞིག་མེད་པ་རེད།
  • དེ་རང་བདེན་རེ་བཤད་རྒྱུ་མ་གཏོགས།
  • ལོ་ལོན་རྣམས་ལ་ཁོང་ཁྲོ་སློང་དགོས་དོན་མེད་གི་རེད་རེད་ཟེར་རྒྱུ་མ་གཏོགས་
  • ད་ང་ཚོའི་ལུང་ཟུའི་ནོར་སྨོན་རེད་དེ་ཡིག་ཆ་གང་དུ་བལྟས་ཀྱང་བླ་མ་འདིས་ཕངས་བ་ཟེར་རྒྱུ་ཞིག་མེད་གི་
  • བླ་བྲང་གི་བླ་མ་ཞིག་ཡིན་རྒྱུ་རེད་སྐུ་ཕྱོགས་ཐེ་བོ་ཚང་ཟེར་བ་དེས་བསང་ཡིག་གསུངས་ཡོད་པ་རེད།
  • དེ་དུས་མི་དར་རྒྱུ་དར་ཡིན་དུས་དེ་གསོ་མཁན་ཡིན་འདུག་དེའི་རྗེས་ཟངས་དཀར་མས་གཡོ་བྱས་ནས་
  • ས་མཐོ་སོང་བས་རྟ་ཞོན་ནས་རི་སྐེད་ནས་མཆོད་དེ་རི་མགོར་མི་འགྲོ་བ་རེད།
  • ཁོ་ཚོ་ས་འདིའི་ཐོག་ཏུ་སྐྱེས་པ་རེད་ས་འདིའི་མི་རེད་ནགས་འདིའི་བླ་རེད་པིས་མོ་སོགས་བརྐོ་རུ་སོང་ན་
  • ཡ་གའི་ལོ་སྨོན་གྱི་སྒང་ནས་བྱིས་པ་འཇུ་རེས་བྱས་ན་རྩེད་མོ་སོགས་རྩེ་ན་
  • ཡར་རྒྱུག་མར་རྒྱུག་བྱས་ན་མགོ་ཞིག་ཀྱང་ན་རྒྱུ་ཡོང་བ་མ་རེད།
  • དེ་ནས་ཚ་གྲོད་ཉག་ག་བུད་ན་རྫ་མཐོ་བས་རྫ་དུག་གི་མི་བཟོད་པར་མི་རྣམས་
  • ཉ་རེ་ཉོ་རེ་བྱེད་ནས་ཁ་གྲགས་མི་ཐུབ་པར་འགྱུར།
  • དེ་དུས་ལྷ་རྒྱལ་གླིང་དུ་ཇ་ཞིག་འཐུང་སྐབས་དགེ་རྒན་བཀྲ་ཤིས་རྒྱ་མཚོ་ཕྱོགས་པ་
  • ཚང་དེ་ཇི་འདྲ་ཞིག་ཡིན་ནམ་ཞེས་བལྟ་རུ་འགྲོ་གི་ཡོད་གི་ཟེར།
  • ཟི་ཁྲོན་ཞིང་ཆེན་གྱི་ཞིང་ཆེན་ཨུ་ཡོན་གྱི་དྲུང་ཡིག་ཆེན་མོ་ཧུང་ཡོན་དུ་ཐོན་དུས་མཁས་པ་ཆེན་པོ་
  • རེད་མོད་དེར་ཉམས་མྱོང་འདྲ་མེད་ན་གྱོང་གུན་འདྲ་རེད་་་་ཁོར་རྩམ་པ་ཞིག་ཁྱེར་ཤོག་ཅེས་བཤད་པས
  • མར་ལ་ཆུ་མང་བར་མ་བལྟས་པར་སྟེང་དུ་རྩམ་པ་བཏབ་སྟེ་དཀྲུགས་གྲབས་བྱེད་དུས་མདུན་གྱི་མིས་
  • ཁོའི་རྣ་ནང་དུ་ཞག་ཆུ་ཅུང་མང་འདུག་ཅུང་ཙམ་འཐུང་དང་ཞེས་ཞུས་པས།
  • རྩམ་པའི་སྟེང་ལ་ཕུ་ཞིག་བཏབ་པས་རྩམ་ཕྱེ་ཡིས་ཁ་ངོ་ཐམས་ཅད་པོ་སྐྱ་ཐེར་སེ་བཏང་ལ།
  • ཁོས་བྲེལ་ཚུབ་གྱིས་ཁུག་མའི་ནང་ནས་ལག་ཕྱིས་བླངས་
  • ནས་དམར་པོར་གྱུར་བའི་ངོ་གདོང་ཡར་ཕུར་མར་ཕུར་བྱས་འདུག་ཟེར།
  • དེ་མི་ལ་ཉམས་མྱོང་མེད་ན་དེ་འདྲ་རེད།
  • ཟངས་དཀར་སྟོད་མའི་གཞི་བདག་གི་སྐོར་དེ་འདྲ་ཞིག་རེད།
  • ཟངས་དཀར་སྟོད་མ་ཡིན་ན།
  • དཔོན་འཛིན་ཚུལ་དེ་འདྲ་ཞིག་རེད་སྔོན་ཝ་ཤུལ་གྱིས་བཟུང་དེ་ནས་བྲ་ཁྱོམ་ལ་སྤྲད་
  • དེ་འདྲ་བྱས་ནས་ཡོང་བ་རེད་་་དེ་དུས་ཟངས་དཀར་སྟོད་མ་ཡིན་ན་དེའི་ནང་གི་ཚོམ་མི་རྣམས་མ་ཚང་ཐ་
  • རིན་རྡོ་གྲབས་ཟེར་བ་དེའི་སྔོན་རི་དཔལ་ཚོགས་ཟེར་བ་སོ་མང་རྒྱལ་བོ་མངའ་ཞི་མ་སྤྲི་དཀར་གྱི་
  • ཐོབ་དང་གོ་ས་བླངས་ཚོམ་མིའམ་བློན་པོ་བཟུང་བ་རེད།
  • རི་དཔལ་ཚོགས་ཀྱིས་བཟུང་བ་དང་གཅིག་རིན་རྡོ་གྲབས་ཀྱིས་བཟུང་བ་དང་གཉིས།
  • ཕྱག་ཕུན་བདེའི་བཟུང་བ་དང་གསུམ་རེད།
  • དེང་སང་བར་དུ་ཕྱག་འཛིན་དུ་མི་རབས་བཞི་འདྲ་ཞིག་སོང་ཡོད་པ་རེད།
  • ཝ་ཤུལ་གྱིས་བཟུང་བ་རེད་བཟུང་བ་སུ་རེད་ཟེར་ན་དེར་བཤད་རྒྱུ་མང་པོ་འདུག
  • ཁ་སང་བློ་ལྡན་གྱིས་བཤད་ན་ང་ཚོས་ཁང་དམར་གྱི་གདན་རབས་ཕུད་གི་ཡོད་དེ།
  • ཤེལ་བཟང་དང་གྲགས་ཤར་གཉིས་ཀྱིས་ཡིན་གཅིག་མིན་གཉིས་
  • ཡུལ་ཁའི་དཔོན་པོ་རྣམས་ནང་དུ་འཇོག་དགོས་ཟེར།
  • དབྱེ་ཡོད་པ་རེད་འདམ་མདོ་འཇོག་དགོས།
  • དཔོན་པོ་འཇོག་དགོས་ན་བྲ་ཁྱོམ་འཇོག་དགོས་ཟེར་ན་ཟངས་དཀར་སྟོད་སྨད་བར་གསུམ་དུ་
  • དེ་བྱས་དུས་ཝ་ཤུལ་བཀས་ཁོ་ཟེར་བ་དེ་ཟངས་དཀར་གྱི་དཔོན་ཡིན་དེ་འཇོག་དགོས་ཅེས་བར་སྨད་
  • གཉིས་ཀས་ཟེར་བ་རེད།
  • དེ་ནས་བློ་ལྡན་དང་ངེད་གཉིས་གྲོས་མ་བྱུང་བ་རེད་ཝ་ཤུལ་བཀས་ཁོ་དེའི་ནང་དུ་འཇོག་དགོས་ན་
  • སྔོན་ཟངས་དཀར་མའི་ལོ་རྒྱུས་ཕུད་དགོས་པས་ང་ཚོས་ལོ་རྒྱུས་བསྡུ་ལེན་བྱས་པ་རེད།
  • དེ་ཁོ་ཚོ་འབྲི་མཁན་བྱས་པ་རེད་་་རང་གི་ལོ་རྒྱུས་མདོར་བསྡུས་བྲིས་པ་རེད།
  • མདོར་བསྡུས་ཆོག་སོང་བ་རེད་་དེ་ང་ཚོ་མི་བཅུ་གསུམ་གྱིས་བསྡུ་ལེན་བྱས་པ་རེད།
  • ༡༩༨༨ལོར་ང་ཚོས་བསྡུ་ལེན་བྱས་པ་རེད།
  • ཝ་ཤུལ་བཀས་ཁོ་ཟེར་བ་དེ་འཇོག་དགོས་ས་ཞིག་མ་རེད་ཁྱོད་ཚོ་མགོ་འཁོར་བ་རེད།
  • དེ་དུས་ན་སྟག་ཚེ་མའི་བསང་ཡིག་ཕུད་དུས་ངས་བལྟས་ན་ཝ་ཤུལ་སྙིང་དཀར་ཚེ་རིང་ཟེར་བ་
  • རོང་རུ་མའི་དཔོན་པོ་དེ་གུང་ཐང་བསྟན་པའི་སྒྲོན་མེ་དང་དུས་མཉམ་ཡིན།
  • གུང་ཐང་བསྟན་པའི་སྒྲོན་མེ་གདན་ཞུ་བྱས་ནས་ཁོང་གིས་རོང་རུ་མའི་ཁ་ཡར་ལ་འགྲོ་བྱེད་
  • དུ་ཁྱེད་ཀྱིས་བསང་ཡིག་ཅིག་གསུངས་དགོས་ཅེས་ཞུས་པ་དེ་
  • ཝ་ཤུལ་སྙིང་དཀར་ཚེ་རིང་གིས་ཞུས་ཡོད་པ་རེད།
  • དེ་བསང་ཡིག་གི་མཇུག་ཏུ་ཡོད་པ་རེད།
  • ཝ་ཤུལ་སྙིང་དཀར་ཚེ་རིང་གི་བུ་ཝ་ཤུལ་བཀས་ཁོ་རེད་དེས་རོང་རུ་མའི་དཔོན་བཟུང་ནས་
  • མ་ཐུབ་པར་ཝ་ཤུལ་བསོད་ནམས་ཚང་རེད་ཟངས་དཀར་མའི་ནང་རུ་ཚུར་ལ་ཐོན་ཡོང་བ་རེད།
  • དེ་ནས་དེར་སོ་མང་རྒྱལ་བོས་བཀའ་ཤོག་ཅིག་བྱིན་ནས་དེས་ཚོམ་མི་བཟུང་བ་རེད།
  • དེ་ཝ་གཡེར་གྱིས་བཟུང་བ་རེད།
  • དེང་སང་མགར་རྩེ་མའི་ཤ་ཉེ་མ་ཝ་དྲོན་ན་ཟེར་བ་དེས་བཟུང་ཡོད་པ་རེད།
  • དེ་རིང་ཁ་སང་ཝ་ཚེགས་ཀྱིས་བཟུང་པ་དང་བཅོས་བསྒྱུར་བྱེད་དུས་ཝ་ཤུལ་བསོད་གཡང་རེད།
  • གོ་གནས་བྱིན་པའི་འགན་མི་ཐུབ་ཟེར་ནས་བཅོས་བསྒྱུར་བྱས་རྗེས་དེང་སང་མགོན་གྲབས་དང་ཨ་ཁུ་
  • སངས་རྒྱས་ཀྱི་ཤ་ཉེ་ཝ་བརྟན་ཟེར་བ་དེ་ཚང་གི་མག་པ་དེ་བསྡད་ཡོད།
  • དེ་བློན་པོ་གཉིས་རེད་་་ནམ་བུའི་ཚང་གི་ལོ་རྒྱུས་ཝ་ཤུལ་གྱི་ལོ་རྒྱུས།
  • དེ་ནས་ཝ་ཤུལ་བཀྲ་ཐར་གྱིས་ཚོམ་མི་བཟུང་བ་རེད་དེ་ནས་ཡེ་ཤེས་ཁ་རེས་མ་བཟུང་བ་རེད།
  • དེས་ཆུང་མ་ལྷམ་ཚང་བརྗེས་བརྗེས་བྱས་ནས་ཡར་ལྡོམ་མར་ལྡོམ་བྱས་ནས་བསྡད་པ་རེད།
  • དཔལ་མོས་བསྐྱུར་སང་ལོ་ཨ་ཇོ་གཉིས་ཀྱིས་བསྐྱུར་དེ་མ་བཟུང་བ་རེད།
  • དེ་ནས་ཐུབ་བསྟན་མིང་སྲིང་ཚོས་ཀྱང་བཅོས་བསྒྱུར་སྐབས་དང་ཁེལ་བས་འཛིན་མ་ཐུབ་པ་རེད།
  • ང་ཚོའི་ལྷ་ལུང་མ་ཡིན་ན་རིན་ཆེན་ཚོས་ཚོམ་མིར་བཞག་པ་རེད།
  • དེའི་ཤུལ་དུ་ལུས་ཡོད་པ་ནི་མདོ་སྡེ་དང་དམ་ཆོས་གཉིས་རེད།
  • དེ་ནས་མག་པ་བསོད་ནམས་རེད།
  • ཟངས་དཀར་སྡེ་བའི་ལོ་རྒྱུས་འདི་མགོ་ནས་གཅིག་བཤད་དགོས་ན།
  • མི་ལོ་༡༣༧༣ལྷག་ཡོད་པ་རེད་ཟེར་ལོ་རྒྱུས་ཡིག་ཆ་གང་དུ་བལྟས་ན་དེ་འདྲ་གསུངས་ཡོད་པ་རེད།
  • དེའི་ཐོག་དང་པོ་ཟངས་དཀར་རུ་བདུན་ཟེར་བ་དེ་ཆགས་པ་ནས་ས་འདི་བཟུང་དུས་
  • ཀྱི་གནས་ཚུལ་དེང་སང་རྒྱལ་ཁབ་ཀྱིས་བཤད་ན་གཙོ་བོ་སོ་མང་རྒྱལ་བོ་སོགས་རེད།
  • ཟངས་དཀར་ཁག་གསུམ་པོ་དེ་ས་ཆེན་སོ་མང་རྒྱལ་བོར་དབང་གི
  • ཡོང་རྒྱུ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོས་བུན་ཤིང་ཀོང་ཇོ་བོད་ལ་གདན་དྲངས་དུས་
  • རྒྱ་ནི་རྒྱ་དང་བོད་ནི་བོད་དེ་རང་རང་གི་ས་མཚམས་གསལ་བོ་ཤེས་ཏེ་རང་སར་བདག་གཉེར་
  • བྱེད་དགོས་ཞེས་ས་ཆར་གཟིགས་ཞིབ་གནང་ནས་ས་མཚམས་འདི་འཛིན་དགོས་བསམས་ནས་
  • སྟོད་མངའ་རིས་ཟངས་དཀར་ནས་དམག་རུ་བདུན་ས་འདི་སྲུང་དུ་མངགས་ནས།
  • དེ་ཁྱིམ་ཚང་བདུན་པོས་ཟངས་དཀར་རུ་བདུན་དུ་ཆགས་ཏེ་ད་ལོ་༢༠༡༢བར་མི་ལོ་༡༣༧༣སོང་བ་རེད།
  • དེ་ནས་ཁྱིམ་ཚང་བདུན་པོ་ལས་གཙོ་བོ་ས་ཆེན་སོ་མང་རྒྱལ་བོ་རེད།
  • སོ་མང་གི་རྒྱལ་རབས་བཅུ་དྲུག་ལྷག་ལ་སོ་མང་རྒྱལ་བོས་བཟུང་བ་རེད།
  • དེ་དུས་ཡིན་ན་སོ་མང་རྒྱལ་བོ་ནི་རྒྱལ་བོ་བཀའ་དྲིན་ཅན་བོད་ལ་ཤ་ཚ་མཁན་ཁྲིམས་ཆད་པ་མེད་དེ
  • ཁྲལ་སོགས་རྒྱག་མི་དགོས་པ།
  • ་ཆོས་རྒྱལ་སྲོང་བཙན་སྒམ་པོས་གདུང་རྒྱུད་དེ་སོ་མང་རྒྱལ་བོ་ཡིན་ཟེར་བ་རེད།
  • རུ་སྡེ་ཡིན་ན་སྐྱིད་པོ་ཡིན་ས་ཇག་པ་ཆོམ་པོ་མེད་ས་སྡེ་བ་ཉུང་ཉུང་མང་པོ་མེད་ས།
  • ཟངས་དཀར་སྟོད་ལ་ཁྱིམ་ཚང་བདུན་བཅུར་མ་ཐོན་པ་བར་མར་ཁྱིམ་ཚང་སུམ་བཅུ་ཡས་མས་
  • སྨད་མར་བཞི་བཅུ་ལྷག་མ་གཏོགས་སྐབས་དེར་མེད་པ་རེད།
  • དེ་ནས་རིམ་གྱིས་ས་འདི་བཟུང་ནས་བསྡད་དུས་གཅིག་བྱས་ན་ས་ཆ་འདིར་རྩ་བཅུད་འཛོམས་ས་
  • གཉིས་ན་ནགས་མོད་ས་གསུམ་ན་སྲོག་ཆགས་སོགས་རི་དྭགས་སྣ་ཚོགས་དར་ས་སྐྱིད་པོ་ཞིག་ཡིན།
  • དེ་ནས་ལུང་ཟུའི་ཁོག་ནི་ལུང་ཟུའི་གད་སྣར་ཞེས་པ་འབྲི་ཐོད་ལེ་ཞིག་གི་ལྷོད་ཀྱིས་ཟོ་ལུང་ཟའི་གད་སྣར་
  • འོ་མའི་མཚོ་ཟེར་བའི་ས་དཀར་སེར་འཛོམས་པ་ཡིན་པ།
  • འབྲི་ཁེར་མ་ཞིག་ཡོད་ཀྱང་ཟླ་དགུ་ལ་ཁ་གསོ་ཐུབ་པའི་ས་ཆ་དེ་འདྲ་ཡིན་ཞེས་གནའ་མིས་བཤད་ན་
  • ས་ཆ་བསོད་ནམས་ཅན་ཡིན་ཟེར་བ་རེད།
  • ལུང་ཟའི་ཁོག་འདིར་སྔོན་ཁ་ནག་ཝ་ཤུལ་གྱི་ཁྱིམ་ཚང་སུམ་བརྒྱ་ལྷག་ཡོད་པས་འདིར་ས་མ་ཟིན་པར་
  • དགྲ་དང་ཇག་རྐུན་སོགས་ཀྱིས་མ་ཟོད་པར་ཁ་ནག་ཝ་ཤུལ་ཚོ་ཐོར་སོང་བ་རེད།
  • དམ་པའི་ཆོས་སོགས་བཀལ་ནས་འགྲོ་ས་མ་ཡོད་པར་སྡེ་བའི་མདོ་རུ་དམ་པའི་ཆོས་དེ་བརྩེགས་ནས་
  • མཆོད་རྟེན་ནག་པོ་ཞིག་བརྩེགས་ཏེ་རབ་གནས་བྱས་ཏེ་བུད་སོང་བས་དེར་མཆོད་ནག་ཅན་ཟེར།
  • དེའི་མིང་དེ་ཐོགས་པའི་རྒྱུ་མཚན་ནི་ས་དེ་འོ་མར་རྡོ་བཀྱགས་ཀྱི་ས་ཡིན་ཟེར་བ་རེད།
  • འབྲི་ལ་འོ་བཞོས་རྗེས་དེང་སང་ལྟར་འོ་ཕྱུགས་འཕྲུལ་ཆས་སོགས་ཡོད་པ་མ་རེད་
  • དེ་འོ་ཟེའུ་ནང་བཞོས་རྗེས་སང་ཉིན་ནང་མོ་འོ་མའི་སྟེང་མར་མཐུག་པོ་ཆགས་ཏེ་འོ་ཟེའུ་སྟེང་གི་
  • འོ་བཙགས་སྨྱུག་གཞོང་དང་དེ་མནན་ཡོད་པའི་རྡོ་སོགས་ཡར་བཀྱགས་ཡོད་པ་རེད་
  • ཅེས་འོ་མ་བཅུད་ཅན་དེ་འདྲ་ཡོད་ལ་ས་ནི་དེ་འདྲ་བཅུད་ཅན་ཡིན་ཟེར།
  • སོ་མང་གི་ཞང་ཁེར་མ་ཞིག་རེད་འབར་ཁམས་རྫོང་གི་མངའ་འོག་ཏུ་གཏོགས་པ་རེད།
  • འབར་ཁམས་ལ་འབར་ཁམས་ཁུལ་དང་འབར་ཁམས་རྫོང་ཞེས་ཡོད་དེ་སོ་མང་
  • དེའི་འབར་ཁམས་རྫོང་གི་ཞང་ཞིག་ཏུ་གྱུར་བ་རེད།
  • དེའི་རྒྱལ་རྒྱུད་དེ་ཉམས་སོང་བ་དེ་དེའི་རྗེས་ཁྲོ་ཆུ་མདའ་མཁན་གྱིས་བཟུང་བ་རེད།
  • ཁྲོ་ཆུའི་མདའ་མཁན་གྱིས་བཟུང་བའི་སྐབས་བཅོས་བསྒྱུར་བྱས་ཏེ་འབར་ཁམས་ཀྱི་
  • ཁོངས་སུ་བཅད་དེ་སོ་མང་ཞང་ཟེར་བ་རེད།
  • སྤྱི་ཚོགས་རྙིང་བའི་སྐབས་ཡར་ཁྲོ་ཆུའི་མངའ་ཁོངས་སུ་བཅད་པ་རེད།
  • ཟངས་དཀར་ཁག་གསུམ་པོའི་ཁུངས་གཏུགས་ས་ནི་ཁྲོ་ཆུའི་མདའ་མཁན་རེད།
  • ཁྲོ་ཆུའི་མདའ་མཁན་གྱི་དཔོན་པོ་སུ་རེད་ཟེར་ན་ང་རོ་དབང་ཆེན་རེད།
  • དེའི་སྐབས་དེར་ཁོས་བཟུང་བ་རེད།
  • དེའི་རྗེས་སུ་ང་རོ་དབང་འདུལ་གྱིས་བཟུང་བ་རེད།
  • དེའི་རྗེས་ང་རོ་དགྲ་འདུལ་གྱིས་བཟུང་བ་རེད།
  • ང་རོ་དགྲ་འདུལ་ནི་ནང་དམེ་བྱས་ནས་བསད་པ་རེད།
  • རྡོ་རྗེ་དཔལ་བཟང་གི་སྲིང་མོ་དེ་མདའ་མཁན་མངའ་ཞིར་མནའ་མར་བསུས་ནས་
  • དེ་ཡུགས་སར་ཕབ་ནས་སྐྱེས་པ་བསད་རྗེས་རིན་ཆེན་རྣམ་རྒྱལ་གྱིས་ཀུན་དགའ་ཡར་འཕེལ་
  • ཁྲོ་ཆུ་མདའ་མཁན་ལ་མག་པར་བླངས་པ་རེད།
  • མང་ཚོགས་བཅོས་བསྒྱུར་གྱི་སྐབས་ཀུན་དགའ་ཡར་འཕེལ་གྱིས་དབང་བཟུང་ཡོད་པ་རེད།
  • ཟངས་དཀར་ཁག་གསུམ་པོ་ཁོའི་ཁོངས་གཏོགས་རེད།
  • ཟངས་དཀར་ཁག་གསུམ་པོའི་ནང་ཁུལ་གྱི་དཔོན་པོ་ནི་ལོ་རྒྱུས་ཐོག་ཟངས་དཀར་སྟོད་མའི་དབང་
  • ཝ་ཤུལ་གྱིས་བཟུང་མོད་ཟངས་དཀར་བར་མ་དང་སྨད་མ་གཉིས་ག་མངའ་འོག་ཏུ་མི་ཚུད་པ་རེད།
  • ཁོ་གསུམ་པོ་སྔོན་སོ་མང་གི་མངའ་འོག་རེད་རྗེས་ནས་ཁྲོ་ཆུའི་མངའ་འོག་ཏུ་ཆགས་མོད།
  • ཁོ་ཚོར་ཡང་རང་ས་ནས་བློན་པོ་ཆུང་ཆུང་རེས་བཟུང་ནས།
  • ཁོ་ཚོར་ཁྲོ་ཆུའི་མདའ་མཁན་གྱིས་ལྟ་རྟོག་བྱས།
  • ལོ་རྒྱུས་ཐོག་ཝ་ཤུལ་གྱིས་དཔོན་བཟུང་བ་མང་བ་རེད་ཟེར་རྒྱུ་ཡོད།
  • ང་ཚོས་ལྟས་ཚོད་ཀྱིས་ཝ་ཤུལ་ཨ་ཚེ་ཟེར་བ་དེའི་སྐབས་དེར་ཡར་སྔོན་གྱི་དཔོན་ཤུལ་མ་བཟུང་བ་དེ་
  • དེ་འཐབ་རྩོད་འཁྲུགས་པ་ཡོང་བསད་པའམ་གྱོད་ཁར་གཏུགས་ནས་བསད་པ་མ་ཡིན་པར་
  • གཅིག་ན་རྒྱུ་མགོ་ལྷུང་མི་དེ་ཚོ་ནི་གཏམ་ཁ་ཆད་བློ་མེད་པ་དཔོན་འཛིན་ཐུབ་མཁན་གྲགས་ཆེན་
  • མེད་པར་ཉམས་སོང་སྟེ་གཅིག་རྒྱུའི་མ་ཐུབ་གཉིས་ན་བུས་ཤུལ་འཛིན་མ་ཐུབ་པར་
  • ཕ་ཤུལ་བུས་འཛིན་མ་ཐུབ་པར་མཐའ་མར་དམུ་དགེ་ནོར་བུའི་ནང་རུ་བཀལ་ནས་བུད་སོང་།
  • དེའི་རྗེས་ཟངས་དཀར་བྲ་ཁྱོམ་ཡོང་ནས་དེའི་སྐབས་དེར་སོ་མང་གི་བློན་པོ་ཞིག་གི་མིང་བཏགས་ནས་
  • རྗེས་ནས་རིམ་གྱིས་ཟངས་དཀར་སྟོད་མའི་དཔོན་དེ་བྲ་ཁྱོམ་གྱིས་བཟུང་སོང་།
  • ཟངས་དཀར་སྟོད་མ་ཡིན་སྔོན་དཔོན་དེར་དགུན་ས་མ་ཡོད་པས་མི་སེར་གྱིས་རྩྭ་འཐུ་དགོས་པ་རེད།
  • དེ་ཁྲལ་རྩྭ་འཐུ་བར་རང་རང་གི་རྩམ་པ་ཟ་རྒྱུ་བཟུང་ནས་འགྲོ་དགོས།
  • རྒན་མོ་ཁེར་འདུག་ཞིག་ལ་མཛོ་རྒན་མ་ཞིག་བཞོ་རྒྱུ་ཡོད་ཀྱང་དེ་སྐམ་སོང་རུང་འགྲོ་དགོས་པ་རེད།
  • དེ་ནས་ཟངས་དཀར་སྟོད་མའི་དཔོན་པོ་རུ་བཀལ་ནས་རུ་ཚོ་བ་གསུམ་པོ་གཞི་གཅིག་ཏུ་བསྡུས་
  • དེའི་རྗེས་ནས་ཟངས་དཀར་སྟོད་མ་རུ་འགལ་ས་དེ་རེད།
  • དེའི་སྐབས་དེར་ཁྲལ་དགོས་ས་དེ་རེད།
  • རྗེས་ནས་བྲ་ཁྱོམ་སྟག་འབུམ་ཐོན་ནས་ཁོང་ལ་ཁྲལ་རྩྭ་འཐུ་མི་དགོས་རུ་སྤོར་མི་དགོས་
  • དེ་ཁོང་གིས་གླ་བ་ཡག་པོ་འཇོག་པམ་ཐད་ཀར་ཀྱི་བཤད་པ་མ་གཏོགས་ཁྲལ་རྩྭ་དང་རུ་སྤོར་མི་དགོས་
  • ཞེས་ཁྲལ་ཅི་ཡང་སྟེར་མི་དགོས་པའི་དཔོན་པོ་དྲང་མོ་
  • མཚན་སྙན་གྲགས་ཅན་གཏན་ཚིགས་ཅན་ཡིན་པ་རེད།
  • དེ་རིང་མི་ཁ་ཅན་ངོ་ཅན་ཞིག་དང་མི་ངོ་མེད་ཅིག་གྱོད་ལ་ཐུག་སོང་ན་ཁ་ཅན་ངོ་ཅན་དེས་རྒྱུ་རྫོང་བ་དང་
  • ངོ་མེད་དེར་རྒྱུ་མེད་ན་ཆད་པ་ཐོབ་པ་རེད་འོན་ཀྱང་བྲ་ཁྱོམ་སྟག་འབུམ་གྱིས་དེ་འདྲ་གཏན་ནས་
  • བྱུང་མི་ཆོག་པར་མི་སེར་ལ་ཉེ་རིང་དང་དབུལ་ཕྱུག་ལ་ཁྱད་མེད་པར་
  • རྒྱུ་འབྲས་རྩིས་དེ་སྡེ་བ་བསྐྱངས་་སྲོལ་ཡག་པོ་ཡིན།
  • དེ་དུས་རུ་མ་བཀལ་བར་བསྡད་ན་མ་ཆོག་པ་རེད་ལོ་ལོན་རྣམས་ཀྱིས་བཤད་ན་
  • རུ་འགལ་རན་དུས་རྩྭ་མང་རུང་ཟ་མཁན་གྱི་ཟོག་མེད་
  • སྡེ་བར་རྒྱུ་མ་ཡོད་པར་བུད་སོང་བ་རེད་རྩྭ་ཧ་ཅང་གི་མང་མོད་རུ་མ་སྤོར་ཐབས་མེད་རེད།
  • ས་བདག་བྱེད་རྒྱུའི་ཆེད་འགྲོ་དགོས་པ་རེད།
  • སྔོན་གྱི་ས་ཆུ་རྡོ་གསུམ་དང་ནགས་ཚལ་སོགས་ལ་བཟང་ཆ་ཡོད་པ་རེད།
  • དེར་མ་ཟད་ཀྲུང་གོ་གུང་ཁྲན་ཏང་ས་འདིར་ཐོན་དུས་བྲ་ཁྱོམ་ཚེ་བསམས་གྱིས་
  • ཁོས་ནགས་དང་ས་འདི་རྒྱལ་ཁབ་སྟོབས་འབྱོར་འགྲོ་ཆེད་དུ་འབུལ་བ་ཡིན་རྒྱལ་ཁབ་ལ་བྱིན་པ་ཡིན།
  • འདིའི་མདུན་གྱི་ནགས་ཚལ་གན་ནི་རང་སྡེ་བ་འདི་མེད་པོ་ཡིན་ཏེ་རུ་སྡེ་འདི་ཁང་མིག་དང་ར་ཁང་
  • འཛུགས་བྱེད་ཁོར་སྟེར་དགོས་ཞེས་བཤད་དེ་རྒྱ་ཡིག་ཐོག་དང་བོད་ཚིག་ཐོག་ཟེར་བ་རེད་བར་དེ་ནས་
  • ནགས་དེ་དེ་འདྲ་སྟུག་པོ་ཞིག་ཡིན་མོད་ད་བར་དུ་ཡག་པོར་གནས་ཡོད་པ་དེ་དཔོན་དེས་བྱས་རྗེས་ཡིན།
  • རེ་བ་ཞུས་ནས་དེ་ཁོར་དགོས་དེ་ལས་གཞན་རྒྱལ་ཁབ་ཀྱིས་ཁྱེར་སོང་ཆོག་ཅེས།
  • ལོ་རྒྱུས་སྟེང་ནས་དེ་འདྲ་ཞིག་རེད།
  • དེའི་སྐབས་དེར་སྔོན་མ་ལྟར་རྩྭ་འཐུ་ས་རུ་འགལ་ས་དེར་མི་དགེ་བ་མང་བསམས་མོད་དེར་དགེ་ས
  • ཡང་ཡོད་དེ་་ཁང་དམར་དགོན་པ་འདྲ་ཡིན་ང་ཚོ་ཟངས་དཀར་ཁག་གསུམ་པོའི་མ་དགོན་རེད།
  • དེར་མི་ཤུལ་ཆད་ཅིག་ཡོང་ནས་ཁོང་གི་རུ་སྡེ་འདི་མེད་པོ་ཞིག་ཡིན།
  • མི་ཞིག་ཤི་སོང་ན་ཁང་དམར་དགོན་པ་ནས་ཨ་ཁུ་བསུ་དགོས་ན་སྐྱེལ་བྱེད་ཀྱི་རྟ་མེད་
  • དེ་ནས་གྲྭ་ཚང་འདི་ཁག་གཉིས་བྱས་ནས་འདུག་དགོས་ཏེ་རུ་སྡེ་འདི་སྐྱིད་ཀྱི་འཚོ་སྲུང་བྱེད་དགོས་ན་
  • སྡུག་གི་མི་ཤི་དུས་འཁོར་ལོ་འཐེན་དགོས་ན་སྨྱུང་གནས་སྲུང་དགོས་ན་གྲྭ་ཚང་ཕྱེད་དེ་འདིར་དགོས་
  • ཕྱེད་དེ་དགོན་པའི་ནང་དུ་འཚོགས་འཚོགས་ན་ཆོག་ཅེས་སྨྲས།
  • ང་ཚོར་མཚོན་ན་དེའི་སྐབས་ཀྱི་དཔོན་པོ་རྣམས་བཟང་བས་གྲྭ་ཚང་དང་ཆོས་འབྲེལ་སོགས་ཡོད་པ་རེད།
  • ཁང་དམར་དགོན་པ་ནི་ང་ཚོ་རུ་སྡེ་བཞི་བོའི་ལྷ་སྡེ་ཡིན་ཏེ་བསོད་ནམས་བསགས་པའི་ཞིང་ས་རེད།
  • ཁང་དམར་དགོན་པའི་ལྷ་སྡེ་དེ་ཟངས་དཀར་སྟོད་སྨད་བར་གསུམ་པོའི་ཡིན་པ་རེད།
  • དེ་ནས་ཀྲུང་གོ་གུང་ཁྲན་ཏང་ཐོན་ནས་ཀྱང་ཟངས་དཀར་ལ་སྟོད་སྨད་བར་གསུམ་སོགས་རྒྱ་ཡིག་
  • གི་མིང་བཏགས་པ་རེད།
  • དགོན་པར་ང་ཚོས་སྤྱི་བ་ཅུང་ཙམ་རེ་འཁུར་དགོས་པ་རེད།
  • སྤྱི་ཆེན་འཁུར་དགོས་ཟེར་དུས་ལོ་གཅིག་པོར་ཇ་ཐུག་ཇི་འདྲ་ཞིག་བསྐོལ་དགོས་པ་
  • སྨོན་ལམ་ལྔ་མཆོད་སོགས་ལ་དགོས་དུས་ཨ་ཁུ་ཡོད་དུས་ཨ་ཁུས་ཁུར་དགོས་པ་རེད།
  • ཨ་ཁུ་མེད་དུས་མི་སྐྱའི་ཁུར་དགོས་པ་རེད།
  • ཟངས་དཀར་སྟོད་ནས་སྐྱ་སེར་གཉིས་ལ་མིང་བཏགས་ནས་དེ་བར་སྨད་གཉིས་ནས་གཅིག་རེ་
  • བར་སྨད་གཉིས་ལ་སྡེ་བ་ཉུང་བ་རེད་སྟོད་མར་སྡེ་བ་མང་བས་ཁུར་རྒྱུ་མང་དགོས་པ་རེད།
  • ཁང་དམར་དགོན་པའི་ལྕི་ཆེན་ཁུར་དགོས་ཞེས་པ་དེ་འདྲ་རེད།
  • ཁ་མཚན་ཡང་ཡོད་པ་འཇིགས་བྱེད་ཁ་མཚན་བདེ་མཆོག་ཁ་མཚན་གསང་འདུས་ཁ་མཚན་ཟེར་རྒྱུ་
  • དེ་རྣམས་ནི་དགོན་པའི་ཨ་ཁུ་ཚོས་འགན་ཁུར་བ་རེད།
  • དབྱར་ཁ་མར་གསོ་འདྲ་བྱས་ནས་ཁྱིམ་ཚང་ཕྱུག་པོ་ཡིན་ན་སྐྱོན་མི་འདུག
  • ཕྱུག་མིན་ཚེ་དེའང་ཁག་པོ་རེད་ཕར་ཚུར་ལ་འགྲོ་བྱེད་ཀྱི་རྟ་དང་སློང་མོ་སོགས་བྱེད་དགོས་ན་དཀའ་གི
  • དེ་ཁུར་སྲོལ་་་སྤྱིར་རུ་སྡེ་ནང་ནའང་དེར་སྲོལ་ཞིག་ཡོད་རེད་སྔོན་མར་ལོ་སར་ཀྱི་སྐབས་
  • གྲྭ་ཚང་ན་དགུ་སྟོར་ཟེར་རྒྱུ་ཞིག་ཡོད་པ་རེད་དེར་རྣམས་འཇལ་ས་ཡོད་པ་རེད།
  • དེའི་ཕྱི་ཉིན་གཏོར་རྒྱག་ཞིག་ཡོད་པ་རེད།
  • ཁྱི་ཟླའི་ཚེས་ཉེར་དྲུག་ལ་ཨ་ལག་མཚོ་ཁའི་ཚང་གིས་སེང་གདོང་བསྙེན་པ་འཚོགས་ནས་
  • ཉི་ཤུ་དྲུག་ཉི་ཤུ་བདུན་ཉི་ཤུ་བརྒྱད་བཅས་ཉིན་གསུམ་པོར་་ཉི་ཤུ་བདུན་བརྒྱད་དགུ་གསུམ་པོར་
  • བཏོན་རྗེས་ཉི་ཤུ་དགུའི་ཉིན་གཏོར་མ་འཕེན་རྒྱུ་དེ་ཟངས་དཀར་སྟོད་མར་བཙུགས་པ་རེད།
  • དེར་ཡང་སྤྱི་བ་ཞིག་གི་མིང་འདོགས་པ་རེད།
  • དེར་སྤྱི་བ་རེ་བཞག་ན་དེ་དུས་རུ་སྡེར་རྒྱུ་མེད་པ་རེད་གྲྭ་ཚང་ལ་དགེ་སྐུ་དང་དབུ་མཛད་རེ་
  • ལ་ཕྱེ་རྩམ་ཅུང་ཙམ་རེ་མ་གཏོགས་མེད་པ་རེད།
  • དེ་ནས་ཐུག་པ་རེ་བསྐོལ་རྒྱུ་མ་གཏོགས་འབྱོར་བ་ཆུང་གི་མང་པོ་ཡོད་པ་མ་རེད།
  • དེ་ནས་ས་ག་ཟླ་བའི་དུས་ཆེན་ལ་སྨྱུང་གནས་བཅུ་གསུམ་ཡོད་པ་རེད།
  • སྨྱུང་གནས་ཟླ་གཅིག་ལ་འདུག་པ་རེད་དེར་སྤྱི་བ་ཞིག་ཡིན་ན་མིན་ན་ཡོད་དགོས་པ་རེད།
  • དེ་ནས་གུང་ཚིགས་ལ་མར་གསོ་བྱས་ན་མར་སྲང་དོ་ཙམ་འཇལ་རྒྱུ་ཡོད་པ་རེད།
  • དེ་ནས་ཇ་ཐུག་བསྐོལ་མཁན་དེ་ཡོད་པ་རེད་སྨྱུང་གནས་ལ་རྩམ་པ་ཟ་རྒྱུ་
  • སྦྲ་སོགས་རང་རང་གིས་ཁྱེར་ནས་དེར་འདུག་དགོས་པ་རེད།
  • དབྱར་ཁ་ས་ཕྱོགས་ཀྱི་མགོ་འཛིན་ཡོད་པ་རེད་མི་འཁྲུགས་པ་བདུན་སྒྲུབ་ཡོད་པ་རེད།
  • དེར་སྤྱི་བ་བཞག་ཡོད་པ་རེད་དེར་གྲྭ་ཚང་འདུག་དགོས་པས་སྤྱི་བ་གྲྭ་ཡིན་དགོས་པ་རེད།
  • དེར་གྲྭ་ཞིག་ལ་ཉིན་གཅིག་ལ་བག་ལེབ་གཉིས་རེ་འཇལ་རྒྱུ་འགན་འཁུར་དགོས་པ་རེད།
  • ཇ་ཐུག་བསྐོལ་དགོས་པ་རེད།
  • དེ་ནས་རང་རང་གི་ཡུལ་ཚོའི་ལུང་བསྟན་སོགས་ཞུས་ནས་མ་རི་ཙིའི་སྐུ་རིམ་དུང་ཕྱུར་འདོན་རྒྱུའམ་
  • གདུགས་དཀར་ཁྲི་འདོན་པའམ་ཤེས་སྙིང་ཁྲི་འདོན་པའམ་སྒྲོལ་མ་འབུམ་ལྟར་འདོན་རྒྱུ་
  • སོགས་ལོ་དེའི་སྐུ་རིམ་ཡུལ་ཁའི་སྔགས་པའི་མོ་བཏབ་ནས་ཡུལ་ཁ་རྩུབ་མི་རྩུབ་
  • བཅའ་བ་སྐུ་རིམ་དེ་སྒྲུབ་དགོས་་་སྲོལ་ནི་དེ་འདྲ་ཞིག་རེད།
  • དེའི་སྐབས་དེར་དཔོན་པོ་དྲིན་ཆེན་རེད་ས་འདིར་ཆགས་ནས་རྒྱ་དང་ཇག་གི་
  • གླིང་ཁ་ནས་མི་སྟོང་ལྷག་སོང་ཡོད་མོད་ཟངས་དཀར་སྟོད་མ་ཡིན་ན་ནང་འཛིང་བྱས་ནས་
  • མི་གཉིས་ལྷག་བསད་པ་རེད་མ་གཏོགས་སྤྱི་ཚོགས་རྙིང་བར་ཟངས་དཀར་སྟོད་མ་ཟེར་བ་ནས་
  • མི་ཞིག་ལ་དོན་མེད་དུ་མི་ཞིག་གསོད་པ་ཕར་ཞོག་མི་ཞིག་གི་མགོར་གྲིས་གཙབ་རྒྱུ་ཞིག་ཀྱང་
  • ལོ་རྒྱུས་ཐོག་བྱུང་མ་མྱོང་བ་རེད།
  • དཔོན་པོ་ཡག་པོ་སྤྱི་སེམས་ཅན་དཔོན་བརྩི་བའི་རུ་སྡེ་ཡིན་པ་གཞན་གྱིས་རྐུས་པར་ར་མདའ་ལ་
  • སོང་ནས་བསད་པའམ་གཞན་ལ་རྐུས་བྱས་ཏེ་བསད་པ་གཅིག་གཉིས་རེ་ཡོད་མ་གཏོགས་
  • སྡེ་བའི་ནང་ནས་མ་འགྲིག་པར་འཛིང་རེས་བྱེད་མཁན་མེད།
  • མི་ཞིག་བསད་ན་དེར་ཤ་མཁོན་བརྩད་དེ་ཕྱིར་གསོད་པའི་དཔེ་སྤྱི་ཚོགས་རྙིང་བ་ནས་མེད་
  • གྱོད་ལ་ཐུག་ན་ཟངས་དཀར་བྲ་ཁྱོམ་ལ་སོང་ནས་གྱོད་དེ་ཅི་ཡིན་པ་བླ་དཔོན་ལ་གཏུགས་སྟེ་
  • ང་རང་གྱོད་ཁ་འདི་འདྲ་ཞིག་ལ་ཐུག་སོང་རྐུ་ལེན་རྐུ་འཛུགས་འདི་འདྲ་ཞིག་ཡོད་
  • དེ་མིན་ན་བུ་ལོན་ཕར་སྐྱི་ཚུར་སྐྱི་འདི་འདྲ་ཞིག་ཡོད་དེ་འདི་འདྲའི་གྱོད་ལ་ཐུག་པ་ཡིན་
  • བར་དུ་འདི་འདྲ་ཞིག་རྣོགས་སོང་ཟེར་དུས་ཟངས་དཀར་བྲ་ཁྱོམ་ལ་བློན་པོ་བཞི་ལྔ་ཡོད་པ་རེད་
  • དེ་དེ་ཉིན་ནས་གྱོད་དེ་བཤད་ནས་སྐྱོན་ཡོད་མཁན་ལ་ཁྲིམས་ཆད་དང་བདེན་ཕྱོགས་ལ་རྒྱལ་ཁ་
  • ཐོབ་ཏུ་བཅུག་ནས་བྱ་བ་དེ་ཡག་པོར་བསྒྲུབས་པ་རེད།
  • དེ་ལྟར་སྡེ་བའི་ནང་གཙང་མ་རེད་དོན་དག་ངན་པ་བྱུང་རྒྱུ་ཆེན་པོ་མེད།
  • དགེ་སྐུའང་ཤོག་ཁའི་དགེ་སྐུ་ཞེས་ལོག་ཏུ་དགེ་སྐུ་ཆུང་བ་ཤིག་བསྐོས་ཡོད་པ་རེད།
  • དེ་སྐུ་རིམ་ལ་མི་ཡོང་མཁན་ཡོད་ན་ནང་ནས་རྒྱག་རེས་སོགས་བྱུང་ན་དེར་ཤོག་ཁའི་དགེ་སྐུས་
  • དབྱུག་པས་རྒྱག་པ་དང་ཆད་པ་གཅོད་པའམ་བསང་ཤིང་འཐུ་བ་སོགས་ཀྱིས་ཆད་པ་ཡོད་པ་རེད།
  • དེ་དུས་ཟངས་དཀར་སྟོད་མར་གཞི་བདག་ལྔ་ལྷག་ཡོད་པ་དང་དེ་རྣམས་བླ་མ་ཚོས་དུས་ཚོད་ལྟར་
  • གསོ་བ་རེད་དེར་ཡང་ཚོམ་མི་རྣམས་ཀྱིས་རང་རང་གི་ཚོ་བ་སྟེ་བྲ་ཁྱོམ་ལ་ཚོ་བ་གཅིག་ལྷ་ལུང་མར་
  • ཚོ་བ་གཉིས་དམེ་སྐོར་ལ་གསུམ་སིང་སིང་རོལ་ལ་བཞི་དེ་བཞི་བོའི་ནང་ན་ཚོམ་མི་བཞི་ཡོད་པ་རེད།
  • དེ་ཚོས་རེས་མོས་ལྟར་གཞི་བདག་གསོ་བར་བསང་ཤིང་སྒྲིག་ཏེ་བལྟས་ན་རིག་རྒྱུ་ཞིག་
  • རྩིས་ན་ཚང་ནི་ཞིག་དགོས་པ་རེད་མིན་ན་ཁྲིམས་ཆད་ཡོད་པ་རེད།
  • གཞི་བདག་འདིར་བསྒྲིགས་དགོས་་་རླུང་རྟ་འདི་འདྲ་ཞིག་དཔར་དགོས་རིལ་བུ་འདི་འདྲ་ཞིག་
  • བཟོ་དགོས་ཞེས་གྲོས་བྱས་ནས་རྒྱུ་མཚན་བཤད་པ་རེད།
  • གཞི་བདག་གསོ་བ་དང་སྐུ་རིམ་འཚོགས་ན་བུད་ཤིང་ཁལ་འགའ་དང་ཁྲལ་རྒྱ་མ་འགའ་
  • དགོས་པ་རེད་དེ་ལས་ལྷག་པ་མི་ཐུབ་པའི་དཀའ་མོ་ཞིག་ཡོད་པ་མ་རེད་བེ་སང་ཡང་མེད་པོ་རེད་།
  • དབྱར་ཁ་པིས་མོ་སྟེ་རེ་བརྐོས་ནས་ཁ་གསོ་བ་རེད།
  • དེང་སང་གི་སྤྱི་ཚོགས་ལ་གོན་པའི་ཆ་ལུགས་འགྱུར་བ་དང་སྐྲ་ཚིགས་སྣ་མ་སྣ་ཚོགས་བཞག་ནས་
  • སྔོན་ང་ཚོའི་རིང་ལ་ནང་སྒོས་སུ་དོར་མ་ཟེར་རྒྱུ་ཞིག་ཡོད་པ་མ་རེད།
  • དེ་རིང་པིས་མོ་བརྐོས་ནས་ལྭ་བ་སོགས་ཐེད་སོང་ཀྱང་གསར་བ་བརྗེ་རྒྱུ་ཡོད་པ་མ་རེད།
  • རྒྱུ་མ་ཡོད་ནི་རེད་རུ་བཀལ་ན་རྐང་ཐང་ལ་འགྲོ་བ་མ་གཏོགས་རྟ་གཡག་ལ་བྱོན་ནི་ཡོད་པ་མ་རེད།
  • སྡེ་བ་མེད་པོ་རེད་པིས་མོ་བརྐོ་བ་མ་གཏོགས་བྱི་ཏང་བརྐོ་བ་མ་རེད།
  • དེ་ང་ཚོའི་ཡུལ་ལྷ་གཞི་བདག་གི་རྒྱུ་སྐལ་ཡིན་ཏེ་བརྐོས་ན་མི་བཟང་བ་རེད།
  • བརྐོས་ན་མི་ཐོག་ལ་ན་ཚ་དང་ཕྱུགས་ཐོག་ལ་གྱོང་གུད་ཡོང་གི་རེད།
  • ལྕུམ་མི་བརྐོ་གི་རམས་རྩ་མི་བརྐོ་གི་་་
  • ད་པིས་མོ་ཞིག་མ་བརྐོས་ན་་བླ་མ་རེ་སྐུ་གཤེགས་སོང་ན་
  • དེར་གདུང་ཞབས་ཡོད་པ་རེད་ད་ལོ་པིས་མོ་བརྐོ་མི་ཆོག་ཟེར་བ་སོགས་ཀྱི་སྲོལ་ཡོད་པ་རེད།
  • དགུན་ཁ་འདི་ནས་ཕར་དམུ་དགེའི་ཕྱོགས་སུ་ནོར་རྣམས་དེད་ནས་འགྲོ་བའམ་
  • དེ་རུ་ནས་སོགས་ཧ་ལས་བ་སྐྱེ་སྟོབས་ཡོད་པ་མ་རེད་དེ་ནས་ཅུང་ཙམ་བསྡད་རྗེས་
  • ས་ཆ་གཞན་དགའ་ལུང་ཉག་ག་སོགས་སུ་ཉིན་རེར།
  • རྐང་ཐང་ལ་སོང་ནས་བཙལ་བ་མ་གཏོགས་ཡོང་སྒོ་ཡོད་མ་རེད།
  • ཁྲོ་ཆུར་སོང་ན་གྲོ་ནས་སྲན་གསུམ་འབྲུ་སྣ་མང་པོ་ཡག་པོ་ཡོད་ས་ཡིན་པ་རེད།
  • ང་ཚོ་ཟངས་དཀར་ཁག་གསུམ་ཡིན་ན་སྡུག་པོ་ཡིན་མོད་སྐྱོན་མེད་གི་
  • སྡེ་བ་གཞན་ཡིན་ན་ཁྲོ་ཆུ་ཡིན་རོང་མགོ་མཐོ་བ་རེད་ཇག་པ་བྱེད་པ་རེད།
  • ལག་ཏུ་ཟ་རྒྱུ་ཡོད་ན་འཕྲོག་པ་རེད་སྒ་ཐག་ཡོད་ན་རྐུ་ནི་རེད་ཅི་ཡོད་ན་དེ་ཁྱེར་ནི་རེད།
  • དེ་བྱས་ན་དཀའ་ནི་དེ་བས་ཡར་རྔ་བར་འགྲོ་ནི་རེད།
  • དེར་སོང་ན་པིས་མོ་མ་གཏོགས་ཁྱེར་རྒྱུ་ཡོད་པ་མ་རེད།
  • རྔ་བར་པིས་མོ་ཁྱེར་ཏེ་ཁུ་ལུ་དང་ཚྭ་སོགས་ལ་བརྗེ་བ་རེད།
  • ཚྭ་ནི་ཁྲོ་ཆུ་ཁོག་ལ་དགོས་ནི་རེད་ལྭ་ནག་བཟོ་བྱེད་དུ་དགོས་པ་རེད
  • དེ་་་རོང་བ་ས་ཁུལ་རེད་གོས་ཕྲུག་ཐར་གསུམ་ཡོད་པ་མ་རེད་ལྭ་ནག་གོན་ནི་རེད།
  • དེ་བས་བཙོང་ན་ཚྭ་ཁྲོ་ཆུར་དཀོན་པ་རེད།
  • ཁྲོ་ཆུ་ཁོག་ཏུ་ཉལ་ཐ་མང་པོ་འདེབས་པ་རེད།
  • དེར་ཀན་སུའུ་ས་ཆའི་ཁ་ཆེ་སོགས་དུ་ནག་དེ་ཉོ་རུ་འོངས་བ་རེད་
  • ཟངས་དཀར་ཁག་གསུམ་པོ་དེ་ཚོ་ཚོང་ལ་ཁྲིད་ན་འཛེམ་དགོས་པ་རེད་
  • དེ་ཟངས་དཀར་བྲ་ཁྱོམ་གྱིས་ཁོས་འགན་ཡིན་པ་རེད།
  • གལ་ཏེ་འུ་གཉིས་ཡིན་ན་དེ་རིང་ཀན་སུའུ་ཡི་རྒྱ་དུ་ནག་ཉོ་བར་ཡོང་ན་འུ་གཉིས་ཀྱིས་ས་དེར་ཁྲིད་ན་
  • གླ་ཆ་ཡག་པོ་ལོན་གི་བསམས་ནས་དེ་ཁྲིད་རྒྱུ་ཟེར་ན་དེར་དབང་ཆ་ཡོད་ནི་མ་རེད།
  • དེ་ཡང་དཔོན་གྱིས་ཁོང་གི་མགྲོན་པོ་ཡིན་་་དེ་ས་གང་ལ་ཁྲི་དགོས་ཟེར་ན་དེར་ཁྲིད་དགོས་པ་རེད།
  • ཚོ་བཞིའི་དཔོན་པོར་ཁྲིད་དགོས་ན་ཁྲོ་ཆུའི་དཔོན་པོར་ཁྲིད་དགོས་ན་ཆུམ་པོའི་དཔོན་པོར་ཁྲིད་དགོས་ན་
  • དེ་ཟེར་དུས་རྟ་རྒན་ནུས་ཅན་རེ་ཡོད་ན་དེར་གླ་བྱས་ཚེ་སྒོར་མོ་ཡག་པོ་ལོན་པ་རེད།
  • དེས་ཁྱིམ་ཚང་སྐྱོང་བར་རོགས་འདེགས་བྱེད་ཐུབ་པ་རེད།
  • ཁྲོ་ཆུ་ཁོག་སྔོན་ལ་ཧ་ཅང་ཕྱུག་པོ་ཡིན་པ་རེད་མདའ་བོའུ་ལག་ཆ་ཡིན་ན་གཡུ་བྱུར་ཡིན་ན་
  • གསེར་དངུལ་ཡིན་ན་་་མཚར་རོ་་་ཁྲོ་ཆུའི་ཡུལ་དེ་ཇི་འདྲའི་ས་ཆ་ཕྱུག་པོ་ཞིག་ཡིན་སོང་
  • དེ་དོན་མེད་དུ་ཕྱུག་པ་ག་ལ་ཡིན་གཞན་པས་རྒྱུ་ནོར་ཡོད་ཚད་ཁྱེར་ནས་དུ་ནག་ཉོས་པ་ཨེ་ཡིན་ནམ་
  • རྒྱུ་ཐམས་ཅད་པོ་ཡུལ་ཁམས་དེ་་་དུ་བ་འདེབས་ས་རུ་ཁྱེར་ནས་བརྗེ་བ་རེད།
  • ཁྲོ་ཆུ་དེ་ཕྱུག་པོར་གྱུར་རྐྱེན་དེ་ཡིན་ས་རེད།
  • དེ་ནས་ཟངས་དཀར་སྨད་མ་རྒྱུ་སྟོབས་ཅུང་ཆོག་པ་རེད་རོང་ཁུལ་དང་ཉེས་པ་རེད།
  • རོང་སྐད་གོ་ནི་རེད་་་ཚོང་སོགས་བྱས་ན་་་་དེ་འདྲ་རེད།
  • སྐྱིད་ཀྱི་ཕྱོགས་ནས་སྤྱི་ཚོགས་རྙིང་བར་སྐྱིད་ཡང་མང་པོ་ཡོད་པ་རེད།
  • ཁྱོད་ཚོང་ལ་མཁས་ན་རྐུ་ཇག་ལ་འཇོན་ན་ཁོང་ཚོས་བཟའ་ཚང་བོའི་ཁ་སོས་པ་རེད།
  • འཇིག་རྟེན་རང་མགོ་རང་རྒྱལ་ཡིན་པ་རེད་སྐྱིད་པོ་ཡིན་པ་རེད།
  • མི་རྣམས་གླ་བ་དང་གཡོག་པོར་འདུག་དགོས་སོང་བ་རེད།
  • གཡོག་གླ་རེ་བླངས་ནས་ཁྱིམ་ཚང་གི་ཁ་དེས་གསོ་བ་མ་གཏོགས་ཅི་ཡང་ཡོད་པ་མ་རེད།
  • སྤྱི་ཚོགས་ཀྱི་དབུལ་ཕྱུག་ཆ་སྙོམས་ཡིན་པ་མ་རེད།
  • སྐྱིད་པོ་སྐྱིད་ཤ་སྟག་དང་སྡུག་པོ་སྡུག་ཤ་སྟག་རེད།
  • དེང་སང་ཡིན་ན་རྒྱལ་ཁབ་ཀྱིས་མི་རིགས་འདྲ་མཉམ་དང་འཚོ་བ་ཡར་རྒྱས་སུ་སོང་བ་རེད།
  • དེང་སང་གི་དུས་དང་སྲིད་ཇུས་ཀྱིས་ང་ཚོས་འཚོ་བ་ཡར་སོང་ཡོད་པ་རེད།
  • དེ་སྔོན་གྱི་ལོ་རྒྱུས་མདོར་བསྡུས་རེ་བཤད་ན་དེ་འདྲ་རེད།
  • དེ་དུས་དཔོན་པོ་བལྟ་རུ་ཡོང་མཁན་གཅིག་ཀྱང་ཡོད་པ་མ་རེད།
  • དེ་རིང་ཕ་ཤི་ན་མ་ཤི་ན་བུ་བུ་མོ་སུ་ཤི་ན་རང་རང་གིས་ཁང་དམར་དགོན་པའི་གྲྭ་ཚང་
  • དེ་ནི་རང་གི་དགོན་པ་རེད་བསོད་ནམས་བསགས་ས་རེད་བདུན་པ་ཞུས་དགོས་ན་
  • བླ་མས་མངགས་ནི་རེད་དཔོན་པོ་གསལ་ཆ་ཡོད་ས་ཞིག་ཡིན་ན་ཇ་རྒྱ་མ་འགའ་དང་
  • སྒོར་མོ་ཅུང་ཙམ་སྟེར་བ་དང་གསལ་ཆ་མེད་ན་ཅི་ཡང་སྟེར་རྒྱུ་མ་རེད།
  • དེ་ཁྱིམ་ཚང་ཕྱུག་པོ་སྟོབས་ཆེན་ཡིན་ན་མི་ཤི་ན་དེར་བསྒྲུབ་རྒྱུ་ཐམས་ཅད་སྟོབས་ཆེན་ཡིན་པ་རེད།
  • གྲྭ་ཚང་ལ་སོང་ནས་དེའི་བེམ་པོ་ཁྱེར་ས་སོགས་ལ་བལྟ་རུ་བཅུག་ནས་
  • སྦྱིན་བསྲེགས་སོགས་ཀྱི་ཆོ་ག་བསྒྲུབ་ནི་རེད།
  • སྟོབས་ཆེན་མིན་ན་དེ་བྱེད་རྒྱུའང་དཀའ་བ་རེད།
  • བེམ་པོ་དེ་ཡང་ནད་དུག་རྐྱེན་སོགས་ཀྱིས་ཤི་བ་ཡིན་ན་སྦྱིན་བསྲེགས་ལ་མི་ཆོག་པའམ་
  • མེར་འཇོག་མ་ཆོག་ན་སར་འཇུག་པར་བྱས་པ་ལས་བྱ་དང་ཆུ་ལ་མི་སྟེར་བ།
  • འོན་ཏེ་མི་ཆེན་ཡིན་ན་སླ་ནི་རེད་མིས་རོགས་བྱེད་དགོས་ན་རྒྱུ་ཡིན་ན་ཚེགས་ཀྱི་བྱ་བ་ཅི་ཡིན་ན་
  • དེ་ལས་སླ་མོ་ཡིན་པ་རེད་མ་གཏོགས་རྒན་མོ་ཁེར་འདུག་ཅིག་ཡིན་ནའམ་ཁྱིམ་ཚང་ཉམས་ཆུང་ཡིན་ན་
  • དེ་ཤིན་ཏུ་དཀའ་བ་རེད་བེམ་པོ་ཁྱེར་ནིའམ་མེར་འཇོག་མཁན་དཀའ་བ་རེད་
  • དཔོན་པོ་ཞིག་དེའི་ཕྱོགས་ལ་རྒྱབ་འགེབས་ནི་སེམས་ཚེགས་ནི་གཅིག་ཀྱང་ཡོད་པ་མ་རེད།
  • ང་ཚོའི་ས་ཆ་ཡིན་ན་དཔོན་པོ་བཟང་བ་དང་འཚོ་བའི་ཆ་རྐྱེན་གྱི་སྟེང་ནས་དེ་འདྲ་ཁག་པོ་མི་འདུག
  • ས་ཆ་ལ་ལར་བལྟས་ན་་་་དེ་དཔོན་པོས་ཁ་ཡ་བྱེད་ནི་མ་རེད་རྒྱུ་ཡོད་ནི་མ་རེད།
  • ཁྲོ་ཆུ་མདའ་མཁན་ཡིན་ན་ཧ་ཅང་གི་་་་ང་གསལ་ནི་ཞིག་ལ་བདུད་འདུལ་དབང་གྲགས་
  • ཀྱི་ཤ་ཉེ་ཨ་མཆོག་ཚང་གི་སྤྲུལ་སྐུ་ཡིན་ཟེར་བའི་སྐལ་བཟང་རྒྱ་མཚོ་ཟེར་ནི་
  • ཞིག་ཡོད་པ་དེ་དེང་སང་བླ་བྲང་ན་སྐྱ་སར་བབས་ཡོད་པ་རེད།
  • དེ་ཟངས་དཀར་ལ་ཡོང་ནས་ཁྲི་སྟོན་བྱས་དུས་ཟངས་དཀར་ཁག་གསུམ་པོས་
  • གོ་རེ་སྣུམ་བཙོས་ལྷམ་མཐིལ་གྱི་ཆེ་ཆུང་དེ་ལྔ་རེ་དང་ཁ་བཏགས་ལ་སོགས་བགོས་ནས་
  • ཡོད་ནི་དེ་འདྲ་རེད་འོན་ཀྱང་དཔོན་པོ་ལ་ལ་དེ་འདྲ་མིན་མོད་ཁྲིམས་ཆད་པའི་སྟེང་དེ་ཀུན་ཡག་པོ་རེད།
  • ཁང་དམར་གྱི་ལོ་རྒྱུས་བཤད་དགོས་ན་དགོན་པ་དེ་བཙུགས་ནས་མི་ལོ་༧༠༠ལྷག་སོང་ཡོད་པ་རེད
  • དེ་འཛུགས་མཁན་སུ་རེད་ཟེར་ན་མཁན་ཆེན་ངག་དབང་གྲགས་པ་ཆོས་ཀྱི་གྲགས་པ་ཀིརྟི་ལྗགས་ནག་
  • སོགས་ཡིན་པ་རེད་མདོ་སྨད་ལ་དགོན་པ་བརྒྱ་དང་བརྒྱད་བཏབ་པའི་ནང་གསེས་ཀྱི་
  • མ་དགོན་བྱིན་རླབས་ཅན་གཅིག་རེད།
  • དེར་གཙོ་བོ་རྗེ་རིན་པོ་ཆེ་དགུང་ལོ་གསུམ་གྱི་སྟེང་སངས་རྒྱས་དངོས་བྱོན་ཡིན་པ་དེ་ཆོས་རྗེ་
  • སྐར་མ་དོན་གྲུབ་ཀྱིས་ངོས་བཟུང་སྟེ་ཁོང་གིས་བདག་སྐྱོང་བྱས་པ་རེད།
  • དགུང་ལོ་བདུན་གྱི་སྟེང་ཁོང་ཚང་རབ་བྱུང་བསྒྲུབས་པ་རེད།
  • དགུང་ལོ་བཅུ་གསུམ་གྱི་སྟེང་ཡར་ཡུལ་དབུས་སུ་མངགས་ནས་གྲྭ་ས་སེ་འབྲས་དགེ་གསུམ་དུ་
  • བསྡད་དུས་ཆོས་ཀྱི་གྲགས་པ་ངག་དབང་གྲགས་པ་ཀིརྟི་ལྗགས་ནག་རིང་བོ་དེ་ཀིརྟི་སྐུ་ཕྲེང་དང་པོར་
  • ངོས་བཟུང་པ་དང་བླ་མ་ཀིརྟི་ཚང་བླ་མ་བྱེད་སྔ་བ་རེད་སྐུ་ཕྲེང་བཅུ་གཅིག་སོང་ཡོད་པ་རེད།
  • དེ་སྐུ་ཕྲེང་དང་པོ་རེད་མདོ་སྨད་ནས་དགོན་བརྒྱ་དང་བརྒྱད་པོ་དེ་འདེབས་དགོས་ཟེར་དུས་
  • བླ་མ་ཀིརྟི་ཚང་གིས་དེ་ཐུབ་རྒྱུ་དཀའ་འོ་སྙམ་ནས་ཁ་མ་གྲགས་པར་ཆོས་ཀྱི་གྲགས་པ་དང་
  • ངག་དབང་གྲགས་པ་གཉིས་ཀྱིས་ལེགས་སོ་ཞེས་ལན་བཏབ།
  • དེ་ནས་ཀིརྟི་ལྗགས་ནག་རིང་བོར་ཁྱོད་ཀྱིས་ཁ་གདངས་ནས་ལྕེ་སྲིངས་དང་ཞེས་གསུངས་བས་
  • ཁ་གདངས་ནས་ལྕེ་བསྟན་དུས་ལྕེ་ནག་པོར་གྱུར་ཡོད་པ་རེད།
  • དེ་བླ་མའི་བཀའ་གསུངས་མ་བརྩིས་པའི་ཉེས་པས་ལྗགས་དེ་ནག་པོར་གྱུར་བ་རེད།
  • དེ་ལྟར་མཚན་ལ་ཀིརྟི་ལྗགས་ནག་རིང་བོ་ཞེས་མིང་དེ་དེ་ལྟར་ཐོགས་པ་རེད།
  • དེ་ནས་ཐོག་དང་བོ་དེ་རྔ་ཁོག་ཏུ་ཡོང་ནས།
  • ཨ་མདོ་ཡག་མགོ་དགོན་དེ་ཚོད་ལྟ་བྱས་ཏེ་དགོན་པ་དེ་བཏབས།
  • དེ་རེ་རེ་བཞིན་མི་ཤེས་མོད་མཚན་ལ་ཨ་མདོ་ཡག་མགོ་དགོན་པ་ཟེར།
  • གཡག་མགོ་མ་རེད་ཡག་མགོ་རེད་མགོ་ཚུགས་པ་ཡག་སོང་ཞེས་ཡག་མགོ་ཟེར་བ་རེད།
  • མཇུག་བསྡུ་བའི་དགོན་པ་དེ་དེང་གི་ལྷུན་གྲུབ་དགོན་གྱི་མཇུག་བསྡུ་དུས་ད་དགོན་པ་བརྒྱ་དང་བརྒྱད་པོ་
  • དེ་ཚང་སོང་ཟེར་ནས་མཚན་ལ་ད་ཚང་ལྷུན་གྲུབ་གླིང་ཟེར་བ་རེད།
  • ད་བླ་བྲང་བཀྲ་ཤིས་འཁྱིལ་ཟེར་བ་དགོན་པ་སྟོབས་ཆེན་ཡིན་པ་རེད།
  • དགོན་པ་བསོད་ནམས་ཅན་གྲགས་ཆེན་རེད་ལ་དེ་ཀུན་མཁྱེན་སྐུ་ཕྲེང་གཉིས་པས་བཏབས་པ་རེད།
  • མི་ལོ་༣༠༠ལྷག་ལས་སོང་ཡོད་པ་མ་རེད་ཁང་དམར་དགོན་ཡིན་ན་མི་ལོ་༧༠༠ལྷག་སོང་ཡོད་ནི་རེད།
  • དེ་དགོན་པ་དེ་འདེབས་ནོ་དེ་འདྲ་ཞིག་རེད།
  • དེ་དགོན་པའི་དགོན་བདག་དེ་སུ་རེད་ཟེར་ན་ཨ་ལག་ཆོམ་ཚྭ་ཚང་རེད།
  • ཀུན་མཁྱེན་འཇིགས་མེད་དབང་བོའི་སྐབས་ཨ་ལག་ཆོམ་ཚྭ་ཚང་དེ་ཁོང་གིས་ཡར་མངགས་པ་རེད།
  • མདོ་སྨད་ཆོས་འབྱུང་དུ་བལྟས་ན་ཆོམ་ཚྭ་རྒྱ་རིས་ཚང་གིས་གཙོ་བོ་བྱས་ཏེ་ཁང་དམར་དགོན་པ་དེ་
  • བཏབས་སྟེ་བདག་སྐྱོང་ཡང་བྱས་པ་ཡིན་ཞེས་བཤད་ཡོད་གི།
  • དེའི་འཕྲོར་ཆོམ་ཚྭ་རབ་འབྱམས་པ་དགེ་འདུན་གྲགས་པ་ཟེར་མཁན་ཞིག་དང་།
  • ཆོམ་ཚྭ་དམ་ཆོས་རྒྱ་མཚོ་
  • ཆོམ་ཚྭ་དམ་ཆོས་རྒྱ་མཚོ་ཟེར་བ་དེ་ཡིན་པ་བླ་བྲང་ནས་ཡར་ཕེབས་ནས་ཡོང་བ་རེད།
  • ཆོམ་ཚྭ་དམ་ཆོས་རྒྱ་མཚོ་ནི་དམུ་དགེ་ཝ་ཚང་ལུང་དེར་འཁྲུངས་པ་རེད།
  • ཨ་ལག་བཙན་ལྷའི་སྐུ་རིང་ཞིག་ལ་འཁྲུངས་བ་ཡིན་ས་རེད།
  • དེ་ལྟར་ཨ་ལག་ཆོམ་ཚྭ་ཚང་ལ་སྐུ་ཕྲེང་བཅུ་གཅིག་སོང་ཡོད་པ་རེད།
  • དེ་དགོན་བདག་གི་སྐོར་གཙོ་བོ་དེ་རེད།
  • དེ་ནས་སྐྱིད་མགོ་དགོན་པ་དང་ཁང་དམར་དགོན་པ་གཉིས་ཀྱི་དགོན་བདག་ཁོང་ཚང་རེད།
  • དེ་ལྟར་དགོན་པ་གཉིས་ཀ་མཚོན་ན་སྐྱིད་སྡུག་སྐྱབས་མགོན་གཅིག་ཡིན་པ་རེད།
  • དཔེར་ན་དེ་རིང་དཀའ་ངལ་ཞིག་ཡོང་ན་བླ་སྤྲུལ་ཞིག་བརྟག་དཔྱད་གནང་ན་དགོན་པ་གཉིས་ཀ་
  • བལྟ་རུ་ཕེབས་པའམ་གཅིག་གི་གཅིག་་་་ད་དགོན་པ་གཉིས་ཀྱི་སྐྱིད་སྡུག་སྐྱབས་མགོན་ཁོང་རེད།
  • དེ་རེད་དགོན་བདག་དེ་རེད།
  • དེ་ནས་ཨ་ལག་བཙན་ལྷ་ཚང་དེ་གཙོ་བོ་ཀི་ཆུའི་ང་རོ་སྟག་ཏུ་འཁྲུངས་པ་རེད།
  • ཁོང་གི་སྐུ་ཕྲེང་དང་པོ་ཧོར་གཙང་ལ་འཁྲུངས་པ་རེད།
  • དེ་བྱས་ན་ཨ་ལག་བཙན་ལྷ་ཚང་ཡང་སྐུ་ཕྲེང་ལྔ་དྲུག་སོང་ཡོད་པ་རེད་གྲུབ་ཐོབ་བེརོ་ཙ་ནའི་
  • སྤྱི་མཐའ་རེད་ཁང་དམར་དགོན་པའི་བླ་མ་རེད།
  • ཨ་ལག་ཝ་ཤུལ་ཚང་ལ་སྐུ་ཕྲེང་གཉིས་མ་གཏོགས་མེད་གི
  • ཝ་ཤུལ་བླ་རྒན་ཚང་ཟེར་བ་དེ་རྒྱ་གར་གྱི་གྲུབ་ཆེན་ལྷ་དམ་པའི་སྤྲུལ་བ་ཡིན་ཞེས་བཤད་ཡོད།
  • ཡིག་ཆ་སོགས་སུ་བལྟས་ན་དེ་བཤད་ཡོད་གི
  • དེ་རེད་བླ་མ་རྣམ་པ་གསུམ་པོ་དེ་ཁང་དམར་གྱི་བླ་སྤྲུལ་རྣམ་གསུམ་རེད།
  • ཁང་དམར་དགོན་པའི་ལོ་རྒྱུས་མདོར་བསྡུས་ཤིག་བཤད་ན་དེ་འདྲ་ཞིག་རེད།
  • དེའི་སྐབས་ཀྱི་གནས་ཚུལ་ཞིག་བཤད་དགོས་ན་དེ་ང་ཕལ་ཆེར་གསལ་བ་རེད།
  • དེ་དུས་ང་ཕལ་ཆེར་ལོ་བཅུའི་ཡར་མར་རེད་སྤྱིར་ན་གོ་མིན་ཏང་གི་དམག་ཡོད་གི་
  • ང་ཚོའི་ས་ན་གོ་མིན་ཏང་གི་ཞན་ཀྲང་ཡོད་གི་དམག་ཡོད་གི་
  • གོ་མིང་ཏང་གི་སློབ་གྲྭ་ཡོད་གི་གོ་མིན་ཏང་དམག་རུ་འགྲོ་ས་ཡོད་གི་
  • ཁྲོ་ཆུ་གོ་མིན་ཏང་གི་སློབ་གྲྭའི་ནང་འཚོགས་ནས་བྱིས་པར་རིག་གནས་སྤྲོད་དགོས་
  • མ་འོངས་བར་རྒྱལ་ཁབ་སོ་སོར་སོང་ན་མཐོང་ཐོས་ཅན་གྱོད་ལ་ཐུག་ན་བཤད་མཁན་
  • དེར་སློབ་གྲྭར་མངགས་ནས་ཅང་ཅའེ་ཧྲིའི་དམག་གི་གྲས་སུ་མངགས་ཡོད་པ་
  • ཁྲོ་ཆུར་མཚོན་ན་ཡུལ་ཚོ་ཆེ་བ་རེད་དེ་མང་པོ་ཡོད་གི་
  • ང་ཚོ་ཡིན་ན་དེ་དག་གི་ནང་དུ་འགྲོ་དགོས་ན་མི་ཐུབ་གི
  • དེ་ནས་གུང་ཁྲན་ཏང་ནམ་ཐོན་པ་རེད་ཟེར་ན་ཕལ་ཆེར་༡༩༤༨ལོར་ང་ལོ་བརྒྱད་རེད
  • དམེ་ཁྲོ་ཆུ་གཉིས་ཀྱིས་རྒྱག་རེས་བྱས་པ་རེད།
  • ད་གྱོད་དང་ཁ་མཆུ་བྱུང་བ་རེད་ང་ཚོ་ཡིན་ན་བེ་སང་རེད་ས་གཞན་དུ་བུད་སོང་ནི་རེད
  • དེ་ནས་ཚང་མ་འདུག་མ་ཐུབ་པར་རུ་སྤོར་ནས་ཕར་དམུ་དགེ་ཤེས་རབ་གླིང་དུ་སོང་།
  • དེ་རུ་ང་ཚོ་དབྱར་གཅིག་ལ་འདུག་རྒྱུ་བྱུང་།
  • དམེ་ཚང་ཟེར་བ་ཧ་ཅང་གི་སྡེ་བ་མ་རབས་ཡིན་པ་རེད།
  • དེང་གི་རྔ་བ་རྫོང་རེད་དེ་ད་སྐབས་མ་རབས་རེད་གནའ་ཡང་མ་རབས་ཡིན་ནི་རེད།
  • གནའ་ཇི་ལྟར་མ་རབས་རེད་ཟེར་ན་ཝ་ཤུལ་དཔོན་པོས་དམེ་རྒྱལ་བོ་བསད་སོང་ཟེར་ནས་
  • བྲ་ཁྱོམ་སྟག་འབུམ་གྱི་ཤ་ཉེ་རེད་དེའི་ནང་ན་ཝ་ཤུལ་སྨོན་ལམ་ཟེར་མཁན་ཤ་ཉེ་གཅིག་ཡོད་པ་རེད
  • དེ་ཁོ་ཚོ་གྲོས་བྱས་ནས་ད་ཁྱོད་ཀྱིས་དེ་ཕྱིར་གསོད་དགོས་ན་བསད་དང་ཆོག་མོད་
  • མ་འོངས་བ་ན་ང་ཚོའི་མི་མགོ་ཕར་ཞོག་ང་ཚོ་རུ་སྡེ་ཡི་མགོ་ཡང་མི་ཐོམ་ཟེར་ནས་
  • ཁ་བརྡ་བྱས་རུང་ཁོས་མིན་ཁོ་ལ་ཕྱིར་འདང་རྒྱག་མཁན་མི་དགོས་ཞེས་བཤད་པ་རེད།
  • ཁོས་ཕྱིར་འདང་རྒྱག་གི་མ་རེད་ཤི་རུང་བསད་རུང་བསམ་ནོ་མ་གཏོགས་ཡོད་པ་མ་རེད།
  • དམེ་རྒྱལ་བོས་བསད་རྗེས་ཤུལ་གྱི་སྡེ་བ་ཚང་མ་དམེ་ཚང་གིས་བརྒྱབ་ནས་
  • ཝ་ཤུལ་དབང་ལུང་བསད་ནས་ཕར་སོག་པོའི་སར་ཕུད་པ་རེད།
  • དམེ་སྐོར་རེད་དམེ་སྐོར་ནི་བླ་བྲང་གི་སྡེ་བ་རེད་ཁྲོ་ཆུའི་ཁོངས་སུ་བཏགས་པ་རེད།
  • ཆུ་ཁ་མ་དེ་བླ་བྲང་གི་སྡེ་བ་རེད་ཁྲོ་ཆུའི་ཁོངས་སུ་བཏགས་པ་རེད
  • ང་ཚོའི་སྡེ་བ་རེད་ཁྲོ་ཆུའི་ཁོངས་སུ་བཏགས་པ་རེད།
  • ཟངས་དཀར་བར་སྨད་གཉིས་ཀའི་ས་གཙན་སོང་བས་རོང་ཁོག་ཡིན་པ་རེད།
  • དེ་དེར་ཅི་འདྲ་བྱེད་མ་ཐུབ་པ་རེད།
  • གཅིག་ན་རྡོ་བུར་དགོས་པ་རེད་གཉིས་ལ་རྫ་རོང་ལ་གཏད་ཡོད་པ་རེད།
  • བོའུ་ཁ་གཏུགས་ན་གཉིས་ཀར་དཀའ་ནི་རེད།
  • དེ་ཟངས་དཀར་སྟོད་མ་འདི་འདྲ་ཞིག་ཐང་བདེ་མོ་ཞིག་ཏུ་བསྡད་ཡོད་པ་རེད།
  • དེ་ཡིབ་ས་མེད་པར་དམེ་ཚང་གིས་བརྒྱབ་དུས་བྲོས་པ་རེད།
  • དེ་ལོ་བཞིར་ཟངས་དཀར་ཁོག་ཏུ་བསྡད་པ་རེད་རག་ཁྲོམ་དང་རྒྱ་མཁར་དང་
  • ལུང་ནག་སོགས་སུ་ལོ་བཞིར་འདུག་དགོས་བྱུང་བ་རེད།
  • དེ་ནས་དམེ་སྐོར་གྱིས་ཡང་ཁྲོ་ཆུར་མགོ་འདོགས་འདོད་ཡོད་གི་
  • དམེ་སྐོར་ཆུ་ཁ་ཚང་གི་དཔོན་པོ་ཆུ་ཁ་དཀོན་པོ་བསད་དེ་ཁྱིམ་ཚང་སུམ་བརྒྱ་དེར་སོང་ནས་
  • ནུབ་ར་མའི་སར་ཕུད་པ་རེད་དེང་སང་ནུབ་ར་མའི་སྦྲ་ནག་ཟེར་རྒྱུ་ཞིག་ཡོད་པ་རེད།
  • བཤད་སྲོལ་ལ་ཁྱིམ་ཚང་༧༠༠་ཤོང་གི་ཟེར་བ་རེད།
  • དམེ་སྐོར་སར་ཕུད་པ་དང་ཆགས་ག་མ་སར་ཕུལ་བ་ང་ཚོ་སར་ཕུད་པ་དེ་
  • ཐམས་ཅད་རྡོ་རྗེ་དཔལ་བཟང་དང་དམེ་རྒྱལ་བོ་དང་ཝ་ཤུལ་དབང་ལོ་གྱོད་ལ་གཏུགས་དུས་
  • དམེ་ཁྲོ་ཆུ་གཉིས་ཀ་གྲོད་པུས་གཏུགས་པ་ཡིན་ཟེར།
  • དེའི་མིང་ལ་གྲོད་པུ་ཟེར་བ་རེད་དེས་གཏུགས་དུས་བེ་སང་དཀའ་མོ་རེད་
  • ཁྲོ་ཆུ་སྡེ་བ་རེད་དེ་དམེ་ཙང་ལ་སྐྲག་དགོས་གི་རེད་
  • གཉིས་པ་དབང་ལོའི་ཤ་ཉེ་བོའུ་དཔོན་རེད་དེར་སྐྲག་དགོས་པ་རེད་དེ་བས་དཀའ་ལས་ཡོད་པ་རེད།
  • དེ་ཟངས་དཀར་ཁོག་ཏུ་བསྡད་ཡོད་དུས་༡༩༤༨ལོ་རེད།
  • དེ་ཟངས་དཀར་ཁོག་ཏུ་བསྡད་པ་རེད་༡༩༤༩ལོར་གུང་ཁྲན་ཏང་རྒྱང་བསྐོར་ནས་ཐོན་ཡོང་།
  • ཟུང་ཆུ་མ་གཏོགས་བསྐོར་བ་རེད་བསྐོར་ནས་ཁ་གཏུགས་ཏེ་འཕྲུལ་མདའ་མང་པོ་བཙུགས་ཚེ་
  • དམག་གི་མགོ་རྒོལ་གྱི་ཐོག་མ་ཤོར་སོང་བ་རེད་མ་ཤོར་བ་ཐམས་ཅད་བཟུང་སོང་བ་རེད།
  • བཟུང་བ་རེད་དམུ་དགེ་ཚོ་བ་བཅོ་བརྒྱད་པོ་གོ་མིན་ཏང་དང་འབྲེལ་བ་ཤིན་ཏུ་ཡོད་པ་རེད།
  • གྲོང་ཚོ་དེ་རུ་སྔར་གོ་མིན་ཏང་གིས་བཟུང་ནས་བསྡད་ཡོད་པ་རེད།
  • དེ་ནས་ཟངས་དཀར་ཁོག་ཏུ་ང་ཚོ་འབྲོ་དགོས་ཟེར་ནས་ལོ་དེར་ང་ཚོ་ལོ་གསར་ཡང་
  • མ་བྱས་པར་ཚང་མ་རྐང་ཆས་བྱས་ནས་ལ་ལ་ལུང་ཆེན་ནང་དུ་བྲོས་ལ་ལ་ལུང་དཀར་ནང་དུ་བྲོས།
  • ལ་ལ་མཚོ་མཆོག་ཏུ་བྲོས་ལ་ལ་རག་ཁྲོམ་ནང་དུ་བྲོས་དུས་དེ་དམག་དེ་ཚོ་ཐོན་སོང་ང་ཚོ་རྐང་ཐང་རེད།
  • དྲེལ་རྒན་རེ་བཟུང་ཡོད་པའི་མི་དྲག་འགའ་རེ་ཐོན་ཡོང་དེ་དེང་སང་ང་ཚོས་བརྙན་འཕྲིན་དུ་འཇར་པན་
  • དང་གོ་མིན་ཏང་ཕུད་པ་བཞིན་དེ་དང་ཧ་ཅང་འདྲ་བོ་རེད།
  • གྲི་བཟུང་ནས་ཁང་དམར་དང་ལུང་བུའི་ནང་བླུགས།
  • དེ་དེ་འདྲ་རེད་་་དེ་ནས་གོ་མིན་ཏང་གི་དམག་གུང་ཁྲན་ཏང་གིས་ས་ནས་ཕུད་པ་ནི་
  • ༡༩༥༩ལོ་རེད་ཕལ་ཆེ་བ་དེ་མར་ཅིན་ཁྲིན་ས་ཆའི་ནགས་ཁྲོད་དུ་རྒྱ་འགའ་རེ་མུག་འཐོར་ཏུ་སོང་།
  • བསོད་ནམས་མགོན་པོ་ཁྲོ་ཆུ་ནས་དམག་གི་གྲས་སུ་ཡོད་པ་དེ་བསད་དུ་སོང་།
  • རྐང་ཉ་རྐང་རས་ཀྱིས་དཀྲིས་ཡོད་པ་གྱོན་ཆས་དང་བོའུ་ནི་ཁོ་ཚོ་དང་ཕན་ཚུན་མི་འདྲ་གི
  • དེ་རེད་དེ་བཞི་བཅུ་ཞེ་དགུའི་ལོ་རེད།
  • ལྔ་བཅུ་ཐམ་པའི་ལོར་གུང་ཁྲན་ཏང་ཟེར་བ་དེ་ཐོན་ཡོད་ནི་རེད།
  • ༡༩༥༠པའི་ལོར་ཁྱོད་ཚོ་མཁར་སྒོ་མཁར་ནུབ་ལ་ལས་བྱེད་དང་དམག་བསུ་རུ་འགྲོ་དགོས།
  • དེ་དུས་ཁོ་ཚོ་ས་འདིར་ཐོན་ཡོད་པ་མ་རེད་མན་ཆད་ཀྱི་ཟངས་དཀར་ཁོག་ན་ཡོད་པ་རེད།
  • རྒན་མོ་ཁེར་འདུག་ཚང་མར་གཡག་ཞིག་དགོས་གཡག་རྒན་ཚང་མ་ཡར་སྤྲོད་དགོས།
  • དེ་ཚོ་ཁལ་འགེལ་བྱེད་དུ་དགོས་ཏེ་ལས་བྱེད་པའི་ཉལ་ཆས་དང་ཟ་མ་སོགས་
  • འགེལ་བྱེད་དུ་གཡག་ཡོད་པའི་གཡག་དང་མཛོ་ཡོད་མཁན་གྱིས་མཛོ་སྤྲོད་དགོས།
  • ཞེས་བཤད་དེ་དེའི་ལོ་དེ་རབ་བྱུང་བཅུ་དྲུག་པའི་སྟག་གི་ལོ་ཡིན་པ་རེད།
  • དེའི་ལོ་དེར་གཏེར་ལུང་མདོ་ནས་ཚོགས་འདུ་འཚོགས་པ་རེད།
  • ས་ཆ་བཅིངས་གྲོལ་བཏང་བ་ཡིན་ས་ཆ་འདི་ཅའེ་ཧཕང་བྱས་པ་ཡིན་དེ་བཅིངས་འགྲོལ་ཡིན།
  • མཁར་དགུ་ཚང་ཡིན་ན་མི་ལ་ཁྲིམས་འཛིན་བྱས་མི་ཆོག་མི་ལ་ཆད་པ་བཅད་མི་ཆོག་
  • ཟངས་དཀར་བྲ་ཁྱོམ་གྱི་མི་བཟུང་མི་ཆོག་མི་ལ་དབྱུག་པའི་ཞུ་མི་ཆོག
  • བཀས་བཀོད་པར་སྐྱེ་ན་ཕྱུག་བདག་ལ་སྐྱེ་ན་དགོན་པ་གྲྭ་ཚང་ལ་དྲིས་ན་
  • གལ་ཏེ་ཕྱུག་བདག་བསྟན་འཕེལ་གྱི་ལག་ཏུ་བེ་སང་ཟླ་བས་སྒོར་ཁྲི་བསྐྱིས་ནས་
  • བུ་ལོན་ལ་བཏང་ཡོད་ཚེ་ཁྱོད་བེ་སང་ཟླ་བར་སྒོར་ཁྲི་བོ་ཐོབ་པ་ཡིན་ཕྱིར་སྒོར་སྐར་གང་
  • ཡང་སྟེར་མི་དགོས་ཏེ་གལ་ཏེ་ཁྱོད་ལ་དཀའ་ལས་སྤྲོད་ན་ཁོ་ཚོ་འཚོལ་ཤོག
  • ད་ནས་ཕྱུག་པོ་ཚོས་སྒོར་མོ་བུ་ལོན་ལ་བཏང་མི་ཆོག
  • མདའ་ཚོང་བྱས་མི་ཆོག་བོའུ་ཚོང་བྱས་མི་ཆོག་དུ་ནག་གི་ཚོང་བྱས་མི་ཆོག་
  • དེ་རིང་ཁོ་ཚོས་སྐད་བརྒྱབ་པ་ཡིན།
  • དཔོན་པོ་ཚང་མས་མི་ཁྲིམས་འཛིན་བྱས་མི་ཆོག་མིར་ཆད་པ་བཅད་མི་ཆོག
  • ཁོ་ཚོས་རྒྱལ་ཡོངས་ཀྱི་ཁྲིམས་ར་གཅིག་གྱུར་བྱེད་རྒྱུ་ཡིན་འཛིན་དགོས་ན་ཁོ་ཚོས་འཛིན་རྒྱུ་རེད།
  • ཁྲིམས་བཅའ་དགོས་ན་ཁོ་ཚོས་བཅའ་རྒྱུ་རེད།
  • དེ་བོད་མི་རིགས་གྲངས་ཉུང་ལ་ལོ་བརྒྱད་ལྷག་ལ་དམིགས་བསལ་བྱིན་པ་རེད།
  • ༡༩༥༠ལོ་ནས་༡༩༥༨ལོའི་བར་ས་ཆ་དེ་བཅིངས་གྲོལ་བྱས་ཏེ་བསྐྱུར་བཞག་པ་རེད།
  • ༡༩༥༨ལོར་ཐོན་དུས་ད་ཁོ་ཚོས་བོད་མི་རིགས་གྲངས་ཉུང་ལ་དམིགས་བསལ་བྱིན་པ་ཡིན།
  • དེ་རིང་འཐད་ན་ཞི་བའི་སྒོ་ནས་བཅོས་བསྒྱུར་བྱེད་རྒྱུ་ཡིན།
  • མི་འཐད་ན་མདའ་བོའུ་ལག་ཆ་དང་དྲག་ཆས་ཀྱིས་བཙན་གྱིས་བཅོས་བསྒྱུར་བྱེད་རྒྱུ་ཡིན།
  • དེ་ལྟར་༡༩༥༨ལོར་བཅོས་བསྒྱུར་བྱས་པ་རེད།
  • དེ་བཅོས་བསྒྱུར་བྱས་པ་རེད་་་དེ་བཅོས་བསྒྱུར་༡༩༥༨ལོའི་ཟླ་བ་༨པའི་ཚེས་མགོ་དེར་
  • བཅོས་བསྒྱུར་བྱས་པ་རེད་དེ་བྱས་དུས་ནང་གི་ཕྱུག་བདག་ཕུད་པ་དང་བཀས་བཀོད་པའི་
  • དབང་ཆ་ལེན་པ་བློན་པོ་ཚོམ་མི་རྣམས་ཀྱི་དབང་ཆ་དེ་ཐམས་ཅད་པོ་བླངས་པ་རེད།
  • དེ་ཤའི་རི་རབ་བརྩིགས་པ་དང་ཁྲག་གི་རྒྱ་མཚོ་བསྐྱིལ་རྒྱུ་ཞིག་གཏན་ནས་ཡོད་མ་རེད།
  • དེ་ནས་ང་ཚོས་ཚང་མ་ཆ་སྙོམས་སུ་བཏང་བ་ཡིན་ཏེ་ང་ཚོས་མཉམ་ལས་ཁང་ཞིག་འཛུགས་རྒྱུ་ཡིན།
  • ཁྱོད་ཟངས་དཀར་སྟོད་མ་ཡིན་ན་ཁྱོད་ཚོ་ལོ་ལོན་དང་ན་ཆུང་རྣམས་ཀྱིས་གྲོས་བྱས་དང་
  • ང་ཚོང་ཞང་ཟེར་རྒྱུ་ཞིག་འཛུགས་དགོས་ཏེ་དེ་ལ་མིང་ཅི་ཞིག་འདོགས་དགོས།
  • དེ་ཚང་མར་དེ་བཤད་རུང་ཅི་ཟེར་རྒྱུ་མེད་གི་དེ་ནས་ལུང་ཟུའི་གད་དམར་ཟེར་རྒྱུ་དེ་མིང་ཆེན་རེད་
  • ང་ཚོས་དེ་བཏགས་ན་ཨེ་ཆོག་ཅེས་བཤད་དུས་དེ་ཆོག་ཅེས་རྒྱ་སྐད་ལ་ཧུང་ཨན་ཞང་ཟེར་བ་དང་
  • དེ་བོད་སྐད་ལ་གད་དམར་ཞང་ཟེར་བ་རེད།
  • དེ་ནས་ཧྲེ་ཁག་གསུམ་དུ་བགོ་དགོས་ཧྲེ་ཁག་དང་པོ་དང་གཉིས་པ་གསུམ་པ་བཅས་
  • རུ་ཁག་གསུམ་རེད་དེ་དུས་ད་རུང་ཏའེ་ཁག་སྟེ་རུ་ཁག་རེད་ཧྲེ་ཁག་ཏུ་བསྒྱུར་མེད་པ་རེད།
  • དེ་ལྟར་བགོས་ནས་ཧྲེ་ཁག་རེ་ལ་ཧྲེ་ཀྲང་རྒན་པ་ཧྲེ་ཀྲང་གཞོན་པ་འཇོག་དགོས་ཟེར་ནས།
  • དེ་༡༩༥༨ལོ་དང་༡༩༥༨ལོ་གཉིས་ཀར་དེ་བྱས་པ་རེད།
  • དེ་དུས་ཛམ་ཐང་རྫོང་སོགས་བཅོས་བསྒྱུར་བྱས་ཡོད་པ་མ་རེད།
  • ༡༩༥༩ལོར་གུང་ཁྲན་ཏང་གི་དམག་དང་ལྷན་དུ་ཟ་མ་ཟ་རུ་སོང་ནས་
  • མཛོ་དགེ་རྫོང་རྔ་བ་རྫོང་ཁྱུང་མཆུ་རྫོང་གསུམ་པོ་དམག་ལ་ཟ་མ་ཁྲལ་བསྐྱེལ་
  • དུ་སོང་དུས་བཅོས་བསྒྱུར་བྱས་པ་རེད།
  • བཅོས་བསྒྱུར་དེ་བྱས་དུས་༡༩༦༠ལོར་ཞང་ཐམས་ཅད་ཡང་བསྐྱར་བཀོད་སྒྲིག་བྱེད་དགོས་
  • ཟེར་ནས་ཨ་མོས་ཞང་དང་ལུང་རིང་ཞང་གཉིས་མཉམ་དུ་སྡེབ་ནས་ཨ་མོས་ཕྱུགས་ར་སྡེ་བ་
  • དང་ཧུང་ཨན་ཞང་དང་ཟངས་དཀར་ཞང་གཉིས་མར་ཁང་དམར་དགོན་ནང་དུ་ཕབ་ནས་
  • མཉམ་དུ་སྡེབས་པ་རེད་དེར་ཞང་བཙུགས་ནས་ལོ་བཞིའི་རིང་ཟངས་དཀར་ཁོག་ཏུ་བསྡད།
  • དེ་ནས་ཟངས་དཀར་སྨད་མ་དེ་ཧྲེ་དང་པོ་དང་སྟོད་མ་དེ་ཧྲེ་གཉིས་པར་བསྒྱུར་པ་རེད།
  • ཞང་ཀྲུ་པུའུ་ཧྲུའུ་ཅི་གཅིག་དང་ཞང་ཀྲང་རྒན་གཞོན་གཉིས་ཧྲེ་གཉིས་ལ་ཧྲེ་ཀྲང་རྒན་གཞོན་གཉིས་
  • ཧྲེ་ཨུ་ཡོན་དང་ཞང་ཨུ་ཡོན་སོགས་ལོ་བཞི་ལ་ང་ཚོ་ཟངས་དཀར་ཁོག་ཏུ་བསྡད་པ་རེད།
  • ༡༩༦༤ལོར་འདི་ནས་ཡར་སོང་སྟེ་ད་ནི་མིང་ལ་ལུང་ཟི་ཞང་བཏགས་པ་རེད།
  • དེའི་སྔོན་ལ་ལུང་ཟི་ཞང་མ་བཏགས་པའི་སྔོན་ལ་ཞང་ལྷན་དུ་བསྲེས་ཏེ་མི་དམངས་ཀུང་ཧྲེ་ཟེར་རྒྱུ་
  • ཞིག་བཏགས་པ་རེད་དེ་ནས་མི་དམངས་ཀུང་ཧྲེ་དེ་ཏའེ་ཁག་ཏུ་བསྒྱུར་ནས་སྡེ་དཔོན་རྣམས་དེ་དུས་
  • ཏའེ་ཀྲང་ཟེར་རྒྱུ་ཞིག་ལ་བསྒྱུར་ནས་ཏའེ་ཀྲང་རྒན་པ་ཏའེ་ཀྲང་གཞོན་པ་ཟེར་བ་རེད།
  • དེའི་རྗེས་སུ་ཁྱུང་མཆུ་རྫོང་སྟེ་ཧུང་ཡོན་རྫོང་བཙུགས་ཏེ་རིག་གནས་གསར་བརྗེའི་རྗེས་མཇུག་ཏུ་
  • གསར་རྗེ་ཨུ་ཡོན་ཚོགས་པ་ཟེར་རྒྱུ་ཞིག་བཙུགས་པ་རེད་དེ་དུས་དེར་གའེ་བེ་ཧོས་ཟེར་བ་རེད།
  • གསར་རྗེ་ཨུ་ཡོན་ལྷན་ཁང་གི་སྲོག་ཤིང་གི་ཚན་ཆུང་ཞིག་བཙུགས་པ་ཡིན་ཟེར་བ་རེད།
  • དམེ་བའི་མདོ་འཛིན་ཟེར་མཁན་དེ་ང་ཚོ་ལུང་ཟུའི་ཞང་དུ་ཀོང་ཙོ་ཙུའུ་སྟེ་བྱ་བཞག་ཚོགས་པའི་
  • ཚོགས་གཙོར་བཞག་སྟེ་ཀྲུང་དབྱང་གི་དོན་ཚན་ཉེར་གསུམ་ཟེར་བ་དེ་ཁོས་ཚུར་བསྒྱུར་བ་རེད།
  • དེ་ང་ཚོས་ཁོས་ཅི་བཤད་བཞིན་པ་ཅི་ཡང་ཤེས་པ་མ་རེད་ཁོས་ཀྱང་ལིན་ཏའོ་ཧི་ཞིན་ཟེར་བ་དེ་
  • ཚུར་བསྒྱུར་དུས་དེ་ཁོས་བསམས་གཞིགས་ཤིག་བཏང་རྗེས་ཁོས་དེའི་ནང་དོན་ནི་
  • མགོ་ཁྲིད་ཀྱི་ནང་དུ་མགོ་ཁྲི་སྙིང་ནག་ཡོད་མཁན་དེ་ཚོ་ཕུད་དགོས་ཅེས་པ་རེད།
  • དེར་ཁག་མི་འདུག་པ་ཅི་རེད་ཟེར་ན།
  • དེ་དུས་ཏང་ཁག་གཞན་པ་རྣམས་དག་ཐེར་བྱེད་བཞིན་ཡོད་པ་རེད།
  • དེ་ན་འདིའི་ལིན་ཏའོ་ཧེ་ཞིན་ཟེར་བ།
  • དེའི་ནང་དོན་དངོས་མགོ་ཁྲིད་ཀྱི་སྲོག་ཤིང་ངམ་སྙིང་བོ་ཟེར་བ་ཡིན་ས་རེད།
  • འོན་ཀྱང་ཁོས་ང་ཚོར་དུས་རྒྱུན་དེ་ལྟར་སྒྲོག་པ་རེད་་་དེ་དུས་ཕྱུགས་ར་ལ་མུའུ་ཁྲང་ཟེར་བའམ་
  • དེ་ལ་ད་རུང་མུའུ་ཁྲང་ཟེར་བ་རེད་་་དེ་བསྒྱུར་ཡོད་པ་མ་རེད་་་དེ་རྣམས་ང་ཚོས་ནང་དོན་གོ་གི་མི་འདུག
  • ཁོས་ཀྱང་དེ་འདྲ་གསལ་བོ་ཞིག་གོ་མེད་པ་རེད།
  • ཁོ་ཨ་སྡེ་རུ་སོང་སྟེ་ཡག་པོར་བཤད་དེ་ཁོས་ཀྲུང་དབྱང་གི་
  • གི་དོན་ཚན་ཉེར་གསུམ་དང་ལིན་ཏའོ་ཧེ་ཞིན་སྟེ་མགོ་ཁྲི་སྙིང་ནག་
  • མགོ་ཁྲིད་ཀྱི་ནང་དུ་མགོ་ཁྲིད་ངན་པ་ཡོད་པ་་་
  • དེ་སྔོན་མང་ཚོགས་བཅོས་བསྒྱུར་བྱེད་དུས་ལྷག་ཡོད་པ་དེང་སང་སྤྱི་ཚོགས་སུ་
  • སྤྱང་ཀིས་ལུག་ལྤགས་གྱོན་ཡོད་མཁན་ཡོད་ན་ཕུད་དགོས་ཅེས་བཤད་དུས་
  • ཨ་སྡེའི་མི་ཞིག་བགད་དེ་ཁག་མི་འདུག་ཐབས་མེད་སོང་བ་རེད།
  • ཁོ་རང་སྲིད་གྲོས་སུ་བཅོས་བསྒྱུར་བྱེད་མཁན་དུ་སོང་དུས་ཅ་ལག་ཁྱེར་ཡོང་དུས་
  • སླ་ང་དཀར་པོ་ཁྱེར་ཡོང་ན་དེ་ལ་ལས་གྲོགས་ཚོས་པའེ་གོ་གོ་ཟེར་བ་དང་སླ་ང་ནག་པོར་
  • ཧེ་གོ་གོ་ཟེར་བ་རེད་དེར་སྐད་མི་གོ་བ་རེད་ཐབས་ཡོད་པ་མ་རེད།
  • ཁྱོད་ལ་ཁག་མི་འདུག་མོད་དེའི་ནང་དོན་དེ་མ་རེད་ཅེས་བཤད་པ་རེད།
  • དེ་ང་ཚོ་མར་བསྲེས་ཚུལ་དང་ཞང་གི་མིང་འདོགས་ཚུལ་དང་ཧྲེ་ཁག་བགོ་ཚུལ་
  • ཧྲེའི་སྒྲིག་ལམ་འཇོག་ཚུལ་དང་་་ཧྲེ་ཆེན་ལ་ཁོས་ཅུ་སྟེ་རྩིས་གཉེར་བ་ཞིག་ཡོད་པ་རེད་
  • དེར་དངུལ་གཏོང་ལེན་པ་ཞིག་དང་དོ་དམ་པ་ཞིག་ཡོད་པ་རེད།
  • དེ་ནས་༡༩༦༠ལོར་གད་དམར་ཞང་ཧུང་གན་ཞང་མེད་པར་བྱས་ཏེ་བསྲེས་དུས་
  • ཧྲེ་ཁག་གསུམ་པ་དེ་འགྲོ་ནའང་འགྲོ་དགོས་ལ་མི་འགྲོ་ནའང་འགྲོ་དགོས།
  • ལྷ་ལུང་མའི་མ་གདན་དེ་ཡིན་པ་རེད་དེ་ཕག་མོ་ནས་བཅད་དེ་གྲི་རྒྱག་བོའུ་རྒྱག་བྱས་ཏེ་
  • དེད་སོང་བ་རེད་དེ་ཡང་ལས་བྱེད་པ་རྣམས་ཀྱིས་རྒྱལ་ཁབ་ཀྱི་ཀོར་བཟའ་བ་རེད
  • དེ་དགའ་ལྡན་གྱི་གཉན་པོ་དང་ཀུན་གྱི་ཀོར་ཟ་བ་བཞིན་དེ་དང་འདྲ་བ་རེད།
  • ཧྲེ་ཁག་གསུམ་པ་དེ་བཅད་དེ་མར་བྱིན་ཚེ་དེ་རང་རང་གི་ནོར་དང་
  • རྒྱུ་སོགས་ཁྱེར་བ་མ་གཏོགས་ཡོད་པ་མ་རེད།
  • དེ་རེདང་ཚོའི་ས་འདིར་ཧྲེ་དང་ཞང་གི་མིང་འདོགས་ཚུལ་དེ་འདྲ་རེད།
  • དེ་མདོར་བསྡུས་ཀྱིས་བཤད་ན་དེ་འདྲ་རེད།
  • ད་སྔོན་ཟངས་དཀར་ཕྱོགས་འདི།
  • ངག་རྒྱུན་ལྟར་ན་མི་ཞིག་རྟེན་འབྲེལ་མ་ལེགས་པར་ཤི་ཚེ་
  • དེར་མ་ཎི་བསྐོར་བ་དང་མི་ཐམས་ཅད་རོགས་བྱེད་ཏུ་འོངས་པ་དང་
  • ཁྱིམ་མཚེས་ཚོས་མ་ཎི་འཁོར་ལོ་དེ་འཁུར་ནས་གཡར་རྒྱུ་ལ་སོགས་
  • དེ་འཁོར་ལོ་དེ་འཛུགས་དགོས་ཟེར་ན།
  • འཁོར་ལ་ལྔ་དྲུག་ལྷག་གཡར་རྒྱུ་དང་ཁྱིམ་དེར་འཛུགས་རྒྱུ་
  • དེར་མེད་པོ་ཇི་འདྲ་ཡིན་རུང་ཨ་ཁུ་དྲུག་བདུན་ཞིག་ཁྱིམ་དུ་ཞུ་རྒྱུའི་སྟོབས་མེད་ན་དེར་
  • ཤ་ཉེ་གཉེན་ཉེའམ་སྡེ་བ་སྟེ་་་་་་་བརྗིད་ན་ངོམས་རྒྱུ་དང་དགྲ་ལ་རྒྱུག་རྒྱུའི་འཁོར་མི་རྣམས་
  • མགོ་བསྡུས་ཏེ་ཁྱིམ་ཚང་དེར་མར་དང་ཇ་རྩམ་པ་སོགས་རྒྱ་མ་འདི་འདྲ་ཞིག་བསྡུས་ཏེ་
  • དེ་མིན་ན་ཁྱིམ་ཚང་དེར་དེ་བསྒྲུབ་བྱེད་ཀྱི་སྟོབས་མེད་གི་ཞེས་བཤད་དེ་
  • དེ་བྱས་ན་དེར་བུད་ཤིང་ཁལ་ལྔ་འདྲ་ཞིག་འཐུ་དགོས་པ་རེད་་་དེར་ཚང་མས་
  • ཀ་འདེགས་ཀྱི་ཀ་དང་གདུང་འདེགས་ཀྱི་གདུང་མ་སྟེ་མནའ་མ་ཡོད་པའི་མནའ་མ་དང་
  • སྟ་རེ་ཡོད་མཁན་གྱི་སྟ་རེ་བཟུང་བ་་མི་འགྲོ་ནི་ཡོད་ན་མི་འགྲོ།
  • དེ་ལྟར་བཀོད་སྒྲིག་བྱེད་པ་རེད་་་ཟངས་དཀར་ཕྱོགས་ལ་མཚོན་ན་སྔོན་གྱི་དཔོན་པོ་བཀའ་དྲིན་
  • ཅན་གྱིས་སྡེ་བའི་དཀའ་ཚེགས་བསམས་ནས་གྲྭ་ཚང་དེ་ཁག་གཉིས་སུ་བགོས་པ་ཡིན་ཏེ་
  • རྒྱུ་མཚན་ནི་སྡེ་བ་དེ་ཁང་དམར་དང་ཐག་རིང་བ་དང་སྡེ་བ་མེད་པོ་ཡིན་པ་
  • དགེ་སློང་བསུ་བྱེད་ཀྱི་རྟ་མེད་གི་དེང་སང་ཡིན་ན་ང་ཚོར་རླངས་འཁོར་མང་གི་
  • གནའ་ཡིན་ན་གཡག་རྒན་མ་གཏོགས་རྟ་དེ་འདྲ་མང་པོ་མི་འདུག
  • ཨ་ཁུ་སོགས་གདན་ཞུ་བྱས་ན་གཡག་བཟུང་ནས་དེ་བསུ་བྱེད་བྱས་པ་མ་གཏོགས་མེད་གི
  • དེ་སྡེ་བས་རང་རང་ཁྱིམ་ཚང་དེར་རོགས་རམ་ལ་འགྲོ་ཐུབ་མིན་དང་
  • མི་འདྲ་ཤི་ན་བལྟ་རུ་འགྲོ་དགོས་མིན་སོགས་སྔོན་ལ་རང་ཉིད་ལ་་་ཚུར་ཇི་ལྟར་
  • རོགས་རམ་བྱས་པའི་ལན་ཁ་དེར་བལྟས་ནས་དེ་གཞི་བྱས་ཏེ་འགྲོ་བ་རེད།
  • ད་དེའི་ལན་ཁ་དེ་སྐྱིད་ཀྱི་དོ་ལན་དང་སྡུག་གི་ཁ་ལན་ཟེར་རྒྱུ་ཞིག་ཡོད་ནི་རེད།
  • སྡུག་ལ་ཤོག་ཟེར་རྒྱུ་ཞིག་སྐྱིད་ལ་བོས་ཟེར་རྒྱུ་ཞིག་ཡོད་པ་རེད་སྟོན་མོ་ཡིན་ན་
  • ཡིན་གཅིག་མིན་གཉིས་སྐད་བརྒྱབ་ནས་འབོད་དགོས་
  • སྡུག་དེར་ཕ་ནི་མི་མཐུན་དགྲ་མཐུན་ཕ་ནི་མི་མཐུན་རོ་མཐུན་་་དེར་ཡོང་དགོས་པ་རེད།
  • དེ་ཡོང་དགོས་རུང་དེར་ཇ་རྒྱ་གང་སྟེར་རྒྱུ་ཡོད་ན་སྒོར་རྡོག་རེ་ཡོད་ན་དེ་སྟེར་བ་རེད།
  • དེ་ཡོང་དུས་མྱུར་དུ་ཁྱིམ་ནང་དུ་འཛུལ་དགོས་པ་མ་གཏོགས་ལམ་དུ་རི་མྱུལ་བྱས་ཚེ་
  • དེ་ཁྱིམ་ཚང་དེ་ཚང་ལ་མ་བཟང་བ་རེད་་་་དེ་ལྟད་མོར་འགྲོ་གི་རེད་རྟེན་འབྲེལ་མ་བཟང་ཟེར་བ་རེད།
  • དེ་ལྟར་དེའི་ཁྱིམ་ཚང་ལ་སོང་ན་འདི་ལྟར་སྐད་ཆ་བཤད་དགོས་པ་རེད་་་ཁྱོད་ཚང་ལ་དེ་རིང་ཡོང་བ་འདི་
  • ཁྱོད་ཚང་ལ་སྡུག་ཡོང་ཡོད་གི་འདི་མ་བཟང་བ་རེད་ང་རང་ཡོང་རྒྱུ་འགྱངས་སོང་དེར་ཁྱེད་ཚང་
  • ཐུགས་རྒྱ་མ་བཞེངས་རོགས་ང་འདི་ན་སྟེར་རྒྱུ་ཞིག་ལ་ཞེས་སྒོར་མོ་དང་ཡང་ན་ཇ་སོགས་
  • ཅི་ཡོད་ན་དེ་བྱིན་ཏེ་འཇིག་རྟེན་ལ་སྐྱེ་བ་སྔ་ཕྱི་ཡོད་ཀྱང་འཆི་བ་སྔ་ཕྱི་མེད་
  • དེ་འཆི་བདག་སུའི་སྟེང་དུ་འོངས་བ་ཤེས་པ་མ་རེད་དེར་ཁྱོད་ཚང་གིས་སེམས་སྡུག་མི་བྱེད་པར་
  • འབད་པ་བྱོས་དང་ཤི་བོའི་ར་མདའ་ཆོས་ཡིན་ཟེར་བའི་དཔེ་ལྟར་ང་ཚོས་དེའི་དགེ་རྩར་
  • ཐོ་རེངས་བེམ་པོ་བསྲེགས་རྗེས་དེའི་རུས་ཐལ་སོགས་ཀྱིས་སྐུ་ཞིག་ལི་ན་དེར་
  • ང་ཚོས་ཅི་ཡོད་དེ་སྟེར་བྱས་ཏེ་ཁྱོད་ཚང་ལ་རོགས་རམ་བྱེད་རྒྱུ་ཡིན་
  • དེར་ཁྱོད་ཚང་གིས་སེམས་སྡུག་རེ་མ་བྱེད་ཅེས་ཁྱོད་ཚང་ལ་མྱི་སྔོན་དུ་ཡོང་བ་ཡིན་ཟེར་ནི་རེད།
  • དེར་བདུན་འདུག་གི་གྲྭ་བ་ཚོས་ཡང་ཉན་འདུག་དགོས་པ་རེད།
  • དེ་ཁྱིམ་ཚང་གིས་ཀྱང་ཤི་བའི་མི་དེ་ཇི་ལྟར་ཤི་བ་་་ན་རྒྱུ་ཅི་བྱུང་བ་སྨན་པ་ཇི་འདྲ་བསྟན་པ་
  • སྐུ་རིམ་རིམ་གྲོ་བསྒྲུབ་པ་ནད་གཡོག་ཇི་འདྲ་བྱས་པ་ཡིན་རུང་ཁོང་ཚང་གི་མི་དེར་
  • མ་བསྲུངས་བར་བདག་པོ་མ་བྱས་པ་མིན་ཏེ་བྱ་རྒྱུ་ཡོད་ཚད་ཐམས་ཅད་བྱས་མོད་ཁོར་ཚེ་མ་ཡོད་པར་
  • བྱ་རྒྱུ་མ་ཡོད་པ་ཡིན་་ད་དེ་རིང་ཁྱེད་ཚོ་ངེད་ཚང་ལ་མྱི་སྔོན་དུ་འོངས་བ་འདི་ཡ་ཐོད་ལ་རྟ་དང་མ་ཐོད་ལ་
  • མཛོ་ཡིན་ཞེས་་་སྔོན་ལོ་རྒྱུས་དང་སྲོལ་རྒྱུན་ལ་དེ་ལྟར་སྐད་ཆ་བཤད་རྒྱུ་ཡོད་ནི་རེད་་་དེ་གཅིག་རེད།
  • གཉིས་ན་སྲོལ་རྒྱུན་ལ་མི་ཤིག་ཤི་སོང་ན་ཁྱིམ་ཚང་ཞིག་ལ་མཛོ་རྒན་མ་གཅིག་ཡོད་ན་དེའི་རྟོལ་
  • བཤས་ནས་བཟའ་དགོས་ནི་རེད།
  • དེ་ནས་འོ་མ་འཐུང་དགོས་པ་རེད་མ་གཏོགས་རྟོལ་ཡོད་ན་
  • ཁྱིམ་ཚང་རེར་གཅིག་རེ་གཉིས་རེ་གསུམ་རེ་མིན་ན་ཡོད་པ་མ་རེད།
  • དེའི་ཁྱིམ་མཚེས་རྒད་པོ་དྲིན་ཆེན་རེད་ཅེས།
  • ཉེ་ས་བཟང་བོ་ཡོད་དུས་མཛོ་མོས་ཕྲུ་གུ་བཙས་ཡོད་མོད་
  • ད་ལོ་དེ་ཚང་ལ་ཤི་ཆད་བྱུང་ཡོད་པ་རེད་་་རྟོལ་ལུ་བཤའ་མ་ཐུབ་པ་རེད་ཟེར་ནས་སྐྱེས་པ་འགས་
  • རྟོལ་ལུ་དེ་བརྐུས་ནས་བཤས་ཏེ་ཤ་སོགས་བཙོས་ཏེ་ཁྱིམ་ཚང་དེ་ལ་སྟེར་བ་རེད།
  • དེ་འདྲའི་་་་ཟངས་དཀར་སྟོད་མ་དེར་དེ་འདྲའི་སྲོལ་རྒྱུན་ནམ་དཔེ་ཡོད་པ་རེད།
  • སྙིང་རྗེ་འདྲ་སྐྱེ་མཁན་དེ་འདྲ་ཡོད་གི་
  • དེ་ཤི་སོང་བ་དེ་སྐྱེས་པ་ཞིག་ཡིན་ན་བེམ་པོ་དེ་བསྲེགས་པ་ཡིན་ན་འདྲ་་་ཤི་ཆད་བྱུང་ན་
  • དེ་རྟེན་འབྲེལ་མ་བཟང་ཞེས་ལབ་ཙེ་གསོས་ན་མི་འགྲིག་གི
  • ལབ་ཙེ་གསོ་རུ་སོང་ན་རང་རང་ལ་རྟེན་འབྲེལ་མི་འགྲིག་ནི་རེད་དེ་མ་ཆོག་ནི་རེད་ལབ་ཙེ་
  • གྲིབ་ཀྱིས་ཟིན་ཡོང་ནི་རེད་དེ་བས་མ་ཆོག་སྟེ་མི་ཆོག་པའི་རྒྱུ་མཚན་དེ་རེད།
  • དེ་དུས་དཔོན་པོ་དང་བློན་པོ་སོགས་ལ་ལབ་ཙེ་གསོ་རུ་མ་ཡོང་ཟེར་ནི་མ་རེད།
  • སྐྱིད་སྡུག་གནམ་གྱི་འཁོར་ལོ་དེ་མགོ་ནག་ཀུན་གྱི་མགོར་འོངས་པ་རེད།
  • སྔོན་པོའི་ལྕགས་ཀྱི་འཁོར་ལོ་དེ་མགོ་ནག་ཀུན་གྱི་ཐོག་ཏུ་འོངས་ཟེར་བ་རེད།
  • དེ་སྐྱིད་ཀྱི་མགོ་འཕང་དམའ་དགོས་ཟེར་བ་རེད་སྡུག་གི་མགོ་འཕང་མཐོ་དགོས་
  • མི་སྐྱིད་ཡོད་དུས་ཚོད་མི་ཟིན་་་་དེ་ཡུན་རིང་མི་འདེགས་པར་ལས་རྒྱུ་ཇེ་མང་དྲན་རྒྱུ་ཇེ་མང་ཡིན།
  • བཤད་རྒྱུ་ཇེ་མང་ཡིན་སྐྱིད་དེ་མི་ཆགས་སྡུག་དེ་ཆགས་སྐྱིད་སྡུག་གཉིས་ཀ་དེ་
  • གྲི་ཟུར་ཁེལ་བའི་རིལ་རྡོག་ཡིན་་་་་སྡུག་ཟེར་དེ་ལེབ་ལེབ་ཞིག་ཡིན།
  • དེ་ཕར་ལ་བསྣུར་ས་མེད་གཞན་ལ་སྟེར་ས་མེད་རང་གིས་མི་འཁུར་ཐབས་མེད་ཡིན།
  • སྐྱིད་ཟེར་བ་གྲི་ཟུར་ཁེལ་བའི་རིལ་རྡོག་ཡིན་ཏེ་གྲི་ཟུར་ལ་རིལ་མ་ཞིག་བཞག་ན་ཨེ་འདུག་གི་
  • དེ་ལྟ་བུ་རེད་སྐྱིད་དེ་མི་ཆགས་པ་ཞིག་ཡིན།
  • དེ་བས་སྐྱིད་སྡུག་གཉིས་ཀ་ཐུབ་དགོས།
  • བབས་དང་བསྟུན་པ་ཞིག་ཞི་ཞིང་དུལ་བ་ཞིག་ཡིན་དགོས།
  • དེ་ནས་དགོངས་ཞག་བཞི་བཅུ་ཞེ་དགུའི་ནང།
  • སྦྲ་དེ་ལོ་ཧྲིལ་བོའི་ནང་དེའི་རས་དེ་མི་ལེན་པ་དང་།
  • དེ་བླངས་ན་འགྲིག་གི་མ་རེད་བཟའ་མི་ཤི་སོང་བ་རེད་་་རྟེན་འབྲེལ་མ་འགྲིག་པ་རེད།
  • སྒྱེད་པུ་ས་ལ་མི་འཛུགས་པ་དང་སྒྱེད་པུ་མི་གསོ་བ་ས་ཆུའི་ནང་མི་སློག་རྒྱུ་
  • རས་མི་འཐག་པ་སོགས་རེད་་་་རྟེན་འབྲེལ་མ་འགྲིག་པའི་རྐྱེན་གྱིས་དེ་འདྲ་རེད།
  • དེ་སྔོན་གྱི་ཉིན་བདུན་པོ་དེར་མ་ཎི་འཁོར་ལོ་བསྐོར་རྗེས་རྩིས་མཁན་གྱིས་བརྩིས་ཏེ་
  • བསྲེགས་སྐར་དེ་ཐག་བཅད་རྗེས་ཁྱིམ་ཚང་ཐུབ་མཁན་ཞིག་གིས
  • བུད་ཤིང་ཁལ་ལྔ་བཏུས་ནས་ལྔ་བོས་བསྲེགས་པ་རེད།
  • དེ་མི་ཐུབ་ནི་མེད་པོ་ཞིག་གིས་དེ་མ་ཐུབ་ན་སྲོག་ཆགས་བཤའ་བ་ལྟར་བཤས་ཏེ་
  • ས་བ་སོགས་ལ་སར་བལྟ་རུ་བཅུག་རྗེས་ས་དེ་རུ་བཤས་ཏེ་བྱ་ལ་སྦྱིན་པ་རེད།
  • དེ་ཕྱི་ཉིན་དེར་ལུས་པའི་རུས་བ་སོགས་ཁྱེར་ནས་བསྲེགས་རྗེས་དགེ་མདུན་པ་ནུས་ལྡན་སོགས་
  • ལ་རུས་མཆོག་སྒྲུབ་ཏུ་བཅུག་སྟེ་རུས་པ་དེ་མི་འཁྲུགས་པའི་སྒོ་ནས་རུས་མཆོག་བསྒྲུབས་ཏེ་
  • རྗེས་མར་གལ་སྲིད་ལྷ་སའམ་གནས་ཁྱད་པར་ཅན་ལ་འགྲོ་དུས་དེར་འཁྱེར་བའམ་
  • དེ་མིན་ན་མི་འཁྲུགས་པ་དང་ཀླུ་མཆོག་སོགས་བསྒྲུབས་རྗེས་རས་ཁུག་ཏུ་བཏུམས་ནས་
  • ལྕང་མའི་ཁ་བཀས་ཏེ་དེའི་བར་དུ་བསྡུས་ནས་གྲལ་སྣེ་རུ་མཛེར་དུས་
  • གྲྭ་ཚང་གི་ནུས་ལྡན་པས་དེར་ཆབ་བརྒྱབ་ཏེ་ཆོ་ག་བསྒྲུབས་པ་རེད།
  • དེང་སང་ཡིན་ན་ལས་སྲོལ་མང་པོ་ཡོད་པ་རེད་ཚན་རིག་དར་རྒྱས་སུ་སོང་ནས་པར་མང་པོ་
  • ཡོད་པ་དེ་མ་བརླག་པར་བསྔོ་ཡིག་བྲིས་ཏེ་དེའི་རྗེས་སུ་པར་དེ་བསྐྱར་དཔར་བརྒྱབ་ནས་
  • སྐྱེ་བུ་དམ་པ་ཞིག་ལ་བསྔོ་ཡིག་དེ་བསྐུར་ན་ཤི་བོའི་གཟུགས་དེ་འཁྲུལ་བ་མེད་པར་
  • སྐྱེ་བུ་དམ་པའི་སྐུ་མདུན་དུ་ཐོན་སོང་བ་རེད་་་དེ་བས་པར་དེ་ཧ་ཅང་བཟང་བོ་རེད།
  • པར་དེ་རྣམས་་་དུས་སྔོན་ཡིན་ན་་སེམས་སྡུག་བྱས་ཏེ་པར་རྣམས་མེད་པར་བཟོ་བ་རེད།
  • དེང་སང་དེ་མེད་པར་མི་བྱེད་པར་ཐག་རིང་ལྷ་ས་དང།
  • ཐུགས་རྗེ་ཆེན་པོར་འགྲོ་ན་རྒྱ་ནག་གླང་ཆེན་ལ་འགྲོ་ན།
  • པར་དེ་རུམ་ཁུག་ཏུ་བཞག་སྟེ་བུད་སོང་ན་བླ་ཆེན་སོགས་ལ་མཇལ་ན་ཤི་བོའང་མཇལ་ཡོད་པ་རེད།
  • དེའི་མ་ཆོག་ན་པར་རུམ་ཁུག་ནས་བླངས་ཏེ།
  • ལྷ་སྐུ་བླ་སྤྲུལ་སོགས་ཀྱི་མདུན་དུ་ཁྱེར་སོང་ན་ཆོག་གི་རེད།
  • དེ་རེད་་་་དགོངས་ཞག་བཞི་བཅུ་ཞེ་དགུ་བོའི་ནང།
  • སྔས་མགོ་བླ་མ་ཡིན་་་མཁན་ཆེན་ངག་དབང་གྲགས་པའི་
  • ཆོས་ཀྱི་གྲགས་པའི་ཡན་གྱི་འཇམ་མགོན་ཙོང་ཁ་བ་དེ་གྲྭ་ས་སེ་འབྲས་དགེ་གསུམ་དུ་ཕེབས་དུས་
  • ང་ཚོ་ལ་ཆོས་གསེར་ཐག་གི་འབྲེལ་བ་ཆོས་སྐལ་སོགས་ཐོབ་སྟེ་ཡོངས་བས་དགའ་ལྡན་དེ་
  • ཡིན་གཅིག་མིན་གཉིས་སྔས་མགོར་འབོད་དགོས་པ་རེད།
  • དེའི་ཉིན་དེར་ཡོད་པོས་རྟ་རེའམ་མཛོ་རེ་འབུལ་བ་རེད་མེད་པོས་ཇ་རྒྱ་གང་མ་གཏོགས་མེད་ཀྱང་
  • དེའི་མི་ཆོག་གི་ཉུང་སོང་ཟེར་བ་མ་རེད་དེ་བླ་མ་སྐྱིད་སྡུག་གི་ཆེད་དུ་ཕེབས་པ་རེད།
  • གནའ་མིས་བཤད་ན་དགའ་ལྡན་རྣམས་ཀྱིས་སྙིང་རྗེ་སྒོམ་ནས་ཚུར་ཕེབས་ཏེ་ཁྱིམ་ཚང་མེད་པོ་
  • རྒད་མོ་ཁེར་འདུག་ཡིན་ན་དེའི་མ་རྒན་ཤི་སོང་ན་བླ་མ་དེ་ཕེབས་ནས་བེམ་པོ་དེར་
  • ཡག་པོར་བསྒྲུབ་རྒྱུ་ཡོད་ཚད་བསྒྲུབས་ཏེ་སྐུ་རིམ་བཏོན་ནས་ཆོས་དེ་གསུངས་ནས་བུད་འགྲོ་ཟེར།
  • ཆུ་ཁོལ་ཕོར་གང་མ་གཏོགས་འཐུང་རྒྱུ་མེད་རུང།
  • དགའ་ལྡན་གྲྭ་ཚང་དུ་ཐེངས་ཤིག་འབུལ་དགོས་པ་རེད།
  • ཡོད་པོས་རྟ་འབུལ་མཛོ་འབུལ་དང་མེད་པོས་ཇ་འབུལ་ཆུ་འབུལ་རེད་་་་ང་ཚོའི་དགའ་ལྡན་རེད།
  • དེ་ལས་གཞན་པའི་ས་འདི་རུ་བླ་མ་གྲགས་ཆེན་ཡོད་ཀྱང་ཆོག་གི་མ་རེད།
  • གྲྭ་ས་སེ་འབྲས་དགེ་གསུམ་གྱི་དགའ་ལྡན་ཤར་ཚེ་གྲྭ་ཚང་གི་འདུར་སྒོ་བཀག་ཆོག་གི་མ་རེད།
  • དེ་བླ་མའི་ལྟག་ན་དགའ་ལྡན་སུམ་སྟོང་སུམ་བརྒྱ་ཡོད་ཟེར་བ་རེད་་་དགའ་ལྡན་ལྷ་ཁང་ལ་
  • བསྐོར་བ་ཞིག་བྱེད་དགོས་ན་སྔོན་ལོ་རྒྱུས་སུ་གྲྭ་བ་སྟོང་གསུམ་དང་སུམ་བརྒྱ་ཡོད་པ་རེད།
  • སེ་ར་ལྔ་སྟོང་ལྔ་བརྒྱ་སྟེ་གྲྭ་བ་སྟོང་ལྔ་དང་ལྔ་བརྒྱ་ཡོད་པ།
  • འབྲས་སྤུངས་ལ་བདུན་སྟོང་བདུན་བརྒྱ་སྟེ་
  • གྲྭ་བ་སྟོང་བདུན་དང་བདུན་བརྒྱ་ཡོད་ཟེར་བ་རེད།
  • དེའི་ལྟག་ཏུ་རྒྱབ་རྩ་དེ་འདྲ་མང་པོ་ཞིག་ཡོད་པ་རེད།
  • དེ་བས་ཤི་བོ་ཤིག་ངན་སོང་དུ་མངགས་ཀྱི་མ་རེད།
  • དེ་བས་རང་རང་གི་འཛོམས་ཚོད་ཀྱིས་བླ་མ་སུ་ཡོད་ཀྱང་
  • དགའ་ལྡན་ཡག་པོར་བཟུང་ཚེ་བཤད་རྒྱུ་ཡོད་པ་མ་རེད།
  • དེ་མིན་པར་དགའ་ལྡན་མ་བོས་པར་མ་ཤེས་བར་བླ་མ་གཞན་བོས་ཚེ།
  • དེའི་བར་དུ་གྱོད་ལ་ཐུག་རྒྱུའམ་
  • བཤད་རྒྱུ་སོགས་བྱུང་བ་ང་ལ་གསལ་རྒྱུ་མང་བོ་ཡོད་པ་རེད།
  • དགོངས་ཞག་བཞི་བཅུ་ཞེ་དགུའི་ཁ་བཀང་ཚེ་རྫོགས་པ་བསྔོ་དགོས་པ་རེད་
  • ཡར་བདེ་འགྲོར་འགྲོ་ན་མར་ངན་སོང་ལ་ལྷུང་ན་དེའི་ཉིན་དེར་ཐག་གཅད་དགོས་པས་
  • དེའི་ཉིན་བླ་མ་ནུས་པ་ཅན་ཞིག་ལ་གཏད་པའམ་བཅོལ་དགོས།
  • དགའ་ལྡན་མ་བོས་ཀྱང་ཆོག་པ་རེད་དགའ་ལྡན་སྔོན་ལ་བོས་ཡོད་པ་རེད།
  • ཡང་ཉིན་དེར་ཡང་བསྐྱར་འབོད་ཐུབ་ན་རབ་རེད།
  • དེ་མིན་པའི་རང་རང་གི་དད་པ་ཡོད་སའི་བླ་མ་དགེ་བའི་བཤེས་གཉེན་ཡིན་ན་
  • དེའི་ཉིན་དེར་ནུས་ལྡན་པ་དེ་དགོས་པ་རེད།
  • ཤི་བོ་དེ་ངན་སོང་ལ་མངགས་ན་མི་མངགས་ན་ཡར་འགྲོར་འཐེན་རྒྱུ་ལ་
  • དེ་དགོངས་ཞག་བཞི་བཅུ་ཞེ་དགུའི་ཉིན་དེར་འབུལ་བ་ཆེན་པོ་ཞིག་འབུལ་དགོས་པ་རེད།
  • དེ་ནས་དེ་རྫོགས་པ་རེད།
  • ད་མ་ཎི་དང་སྨྱུང་གནས་སོགས་བཅའ་རྒྱུ་དང་བླ་མ་ལ་བསྔོ་ཡིག་སོགས་འབུལ་བ
  • སོགས་བྱེད་པ་རེད་མོད།
  • ཤུལ་དེ་སྡུག་པོ་ཞིག་ཡིན་ན་གོན་རྒྱུ་དང་ཟ་རྒྱུ་རེ་ཡོད་ན་
  • ཕ་མ་ཡིན་མ་ཡིན་ཡོད་པ་མ་རེད།
  • རང་རང་ཆུང་དུས་གཅིན་སྐྱག་ལས་བླངས་ཏེ་འབུ་ནས་མི་རུ་གསོས་ཀྱང་
  • ཨ་ཧོ་་ད་ནི་བུ་ཕྲུག་དེ་འདྲ་མང་པོ་ཡོད་ཀྱང་སྡུག་གི་བསྔོ་ཡིག་ཕུལ་མཁན་ཞིག་ཀྱང་མེད་གི
  • ཟེར་བ་དེ་རེད་་་ད་རགས་རིམ་རེ་བཤད་ན་སྔོན་གྱི་ལོ་རྒྱུས་སུ་སྲོལ་དེ་འདྲ་ཞིག་རེད།