Skip to main content Skip to search
31 Jan 2012
39 min 16 sec
Video Overview
Creators: 
Unknown

Interview with an old man from the Yarlung Valley.

Transcript search
No results found for this search
0 of 0
  • བཅའ་འདྲི་བྱ་ཡུལ་
    འོ་དུག་སེ་བྱས་ངས་ཞེ་སྤྱོད་རྡོབ་རྡོབ་ལགས་ཟཱ་སྐུ་རིམ་ནི་ལཱ་འོ་དེ་ལ་སླའོ་བྲིས་པཱ་
  • བཅའ་འདྲི་བྱ་ཡུལ་
    དེ་གང་ཡིན་ཟེར་ནཱ་ལྔ་བཅུ་ང་དགུའི་ཟེང་ཁྲུག་ལངས་དུས་ཕོ་བྲང་གཞུང་གི་ཞེ་སྤྱོད་བཱ་
  • བཅའ་འདྲི་བྱ་ཡུལ་
    འོ་དེ་ཡིན་ཙང་ང་ལ་ཡག་པོ་གནང་གི་ཡོད་ཁོང་འདྲས་ང་ལ་ང་ལ་བདེ་ཆེད་བདེ་ཆེད་ཟེ་པཱ།
  • བཅའ་འདྲི་བྱ་ཡུལ་
    དེ་ང་ལ་བདེ་ཆེད་རང་གང་བྱེད་ཡས་ཡིན་པས་གནང་། དེ་འོ་ཕོ་བྲང་ལུང་བ་གནས་བསྐོར་ཀ་ཡོང་མཁན་གྱི་དེ་དང་།
  • བཅའ་འདྲི་བྱ་ཡུལ་
    ཕྱི་རྒྱལ་ནས་ལྟ་བསྐོར་རཱ་ཡོང་དུས། ཆོས་རྒྱལ་མེས་ཨག་ཚོམ་གདུང་རྟེན་རཱ་ཡོད་པཱ་ཟེ་སྐད་ཆ་འབྲི་གི་བྱས་པཱ་ངས།
  • བཅའ་འདྲི་བྱ་ཡུལ་
    དེ་ཡིན་ཙང་གདུང་རྟེན་མ་གི་སྔོན་མ་ཟངས་ཀྱི་གདུང་རྟེན་གིས་མཆོད་རྟེན་བཞེངས་པ་
  • བཅའ་འདྲི་བྱ་ཡུལ་
    མིག་གིས་མཐོང་ཡས་ཡོད་པ་གཅིག་མ་གཏོགས་གཅིག་གིས་དེ་གདུང་རྟེན་དམར་གདུང་མེད་པཱ་གནང་སོང་
  • བཅའ་འདྲི་བྱ་ཡུལ་
    ངས་ནི་འོ་དེ་དགོངས་བསྐོར་ཞུ་ཡས་ཡོད་ཙང་ད་བདེ་ཆེས་རང་དེའི་ཡ་བྱེད་ཡས་གང་མེད་པཱ་
  • བཅའ་འདྲི་བྱ་ཡུལ་
    ག་པར་ཡོད་ནཱ་མེད་ནཱ་དེ་ལས་ཁ་པར་བསྡད་པ་དགའ་པཱ།
  • བཅའ་འདྲི་བྱ་ཡུལ་
    སྐུ་འདྲ་འཇིགས་བྱེད་དེ་ཀས་དཀོན་གཉེར་གནང་ཆུ་ལ་མཆོད་མེ་མཆོད་ཀོང་ར་གཅིག་འབུལ་གནང་།
  • བཅའ་འདྲི་བྱ་ཡུལ་
    ཚུར་འཐེན་པ་གནང་གནང་གིན་བཞུགས་ནིས་ངས་ངོ་ཤེས་མ་བྱུང་།
  • བཅའ་འདྲི་བྱ་ཡུལ་
    ཁོང་འདྲས་ང་ངོ་ཤེས་སོང་བདེ་ཆེད་ག་པར་ཕྱིན་པས་གང་པཱ་དེ་འོ་ནུ་བྱས་མཇལ་ཀ་བྱས་།
  • བཅའ་འདྲི་བྱ་ཡུལ་
    དེ་མཇུག་ལ་འོ་མར་ཤིག་ཀ་རྡོ་བཀྱག་དེ་ནས་བབས་དང་།
  • བཅའ་འདྲི་བྱ་ཡུལ་
    འཇིགས་བྱེད་མཱི་མཆོད་ཀོང་དེ་མཐོ་པོ་ནུ་ཀ་ཡར།
  • བཅའ་འདྲི་བྱ་ཡུལ་
    དེ་འོག་དུ་རུ་བབས་གནང་བྱས། དེ་མི་རྡོབ་རྡོབ་ལགས།
  • བཅའ་འདྲི་བྱ་ཡུལ་
    འོ་འདུག་བྱས་ནས་དེ། གདུང་རྟེན་འདི་ག་རེ་རས་ད་། བདེ་ཆེས་རང་ཁ་རག་སྡོད།
  • བཅའ་འདྲི་བྱ་ཡུལ་
    དེ་ཇུས་གཏོགས་མ་བྱེད་ཟཱ། དེ་ཇུས་གཏོགས་བྱས་ན་ག་ཡེ་མེད་པཱ་གཡུགས་གཞོག་ཟཱ།
  • བཅའ་འདྲི་བྱ་ཡུལ་
    དེ་ང་དཱ་གཞན་དག་ར་པཱ་གའི་མ་བཱ། ད་ཕོ་བྲང་གི་ཕྱི་ལོགས་ནས་ལྟ་བསྐོར་ཡོང་དུས་ཙམ་པཱ།
  • བཅའ་འདྲི་བྱ་ཡུལ་
    ཕོ་བྲང་ཕོ་བྲང་ཟེར་ཡས་དེ་མིང་ཐོགས་ཡས་ཀྱི་རྩ་བ་རཱ་དེ་གང་ནས་ཐོགས་ཡིན་མིན་
  • བཅའ་འདྲི་བྱ་ཡུལ་
    ཐས་ནས་སླའོ་ཞེ་དྲག་འདྲི་གིས་བྱས་པཱ་ཡིན་།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ཡིན་ཙང་དེ་ནི་སྔོན་མ་སྣེ་གདོང་ཤན་འཚོགས་འདུའི་ས་ལ་ཡིན་ནའི། ཕོ་བྲང་ཟེར་ཡས་དེ་།
  • བཅའ་འདྲི་བྱ་ཡུལ་
    ཕྱི་ལོགས་ནས་བལྟས་ན། ཁ་ཤས་ཟེར་ན་དེ་ནི།
  • བཅའ་འདྲི་བྱ་ཡུལ་
    ཡུར་བུ་བརླ་མཁར་ལས་དེ་ནི་ཕོ་བྲང་ཡ་གི་གནའ་༼སྔོན་༽ལ་བཱ་ཟེ་བྱས།
  • བཅའ་འདྲི་བྱ་ཡུལ་
    དུས་རྒྱུན་ནས་ཤོད་སྲོལ་ནུ་གཱ་ད་ནི། ང་ལ་དེ་ནི་གཙང་ནས་མཆོད་རྟོགས་ཡོང་སྐྱོ་བཱ་བཤོད་ཡས་མེད་དེ།
  • བཅའ་འདྲི་བྱ་ཡུལ་
    ཝོ་དེ་གི་དེ་བྱུང་ནས། རྒན་འཁོག་ད་དཔེར་ན་ཆ་བཞག་ན།
  • བཅའ་འདྲི་བྱ་ཡུལ་
    འཛོམས་འཛོམས་བསྐོར་བསྐོར་ས་ར་གཅིག་བྱས་བྱུང་རོགས་བྱས་ན།
  • བཅའ་འདྲི་བྱ་ཡུལ་
    དེ་ཡང་བསྐྱར་གསོ་རཱ་གཅིག་བྱས་བྱུང་རོགས་བྱས་ན་བསམ་ནས་འོ་འདུག་ཟེ་བྱས་བྱུང་ན་བྱས་པི་ཡིན་ངས།
  • བཅའ་འདྲི་བྱ་ཡུལ་
    དེ་ཨེ་འདྲས་བྱས་པའི་འཇུག་དེ་ལ། ཡར་ཙ་ད་རུ།
  • བཅའ་འདྲི་བྱ་ཡུལ་
    སྔོན་མ་རྒྱ་ནག་དང་བོད་ཟེར་ཡས་དེ་འབྲེལ་བ་ཆེན་པོ་ཡོད་པཱ་ཟེ་སྔོན་མ་ཟེར་གྱི་ཡོད་པོའོ་འདུག་ཟེ་བྱས་ནས།
  • བཅའ་འདྲི་བྱ་ཡུལ་
    དེ་འོ་དུ་རུ་ཡཱ་ཡི། ད་རིང་ཁ་ས་ཆུ་ཕར་འགྲོ་སའི་བྲག་གི་བྲག་ཟུར་དེ་རུ་མཆོད་རྟེན་གསུམ་ཡོ་དཱ། མཆོད་རྟེན་གསུམ།
  • བཅའ་འདྲི་བྱ་ཡུལ་
    ཆོས་ལུགས་ཁུངས་ནས་བྱས་ན་རིག་གསུམ་མགོན་པ་ཟེར་གུ་བཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    ཀྲུམ་མོ་༼སྲུ་མོ༽འབའ་སྲི་ཟེར་ཡས་དེས་བཤོད་པཱ་ང་ལ། རིག་གསུམ་མགོན་པོ་ཟེ་གུ་བཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    མཆོད་རྟེན་གསུམ་དེ་ལ། དངོས་རཱ་༼ངོ་མ་༽དེ་བྱས་ན།
  • བཅའ་འདྲི་བྱ་ཡུལ་
    གཅིག་མཱའོ་ཀྲུ་ཞི་བཱ་ཟེ་གཅིག་ཏཱ་ལའི་བླ་མ་བཱ་ཟེ། གཅིག་པཎ་ཆེན་རིན་པོ་ཆེ་བཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    མཆོད་རྟེན་གསུམ་པ་དེ། སྔོན་མ་ནས་མཆོད་རྟེན་དེ་ཡོ་པཱ་ཟེ། མཆོད་རྟེན་གསུམ་ཡོ་པཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    ད་མཆོད་རྟེན་གསུམ་པ་དེ་མཇུག་ལ་རིག་གནས་གསར་བརྗེ་ལ་གཤིགས་སོ།
  • བཅའ་འདྲི་བྱ་ཡུལ་
    གཤིགས་པ་ཡིན་ཙང་རྗེས་ལ་ད་ལྟ་གྲོང་འོག་མ་ཟེ་ཡས་གཅིག་ཡོད་ས་བདག་བཱ།
  • བཅའ་འདྲི་བྱ་ཡུལ་
    ས་བདག་ཉམ་ཅ་ཡང་ང་ར་གཅིག་དེའི་པ་ཕ་དེ་ད་ལོ་མེད་པ་བྱས་སོ་།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་གས་མཆོད་རྟེན་དེ་བཞེངས་ཡས་ཡིན་གནང་པཱ།
  • བཅའ་འདྲི་བྱ་ཡུལ་
    དེ་མཆོད་རྟེན་དེ་ཡར་བཞེངས་ཡས་ཡིན་པ་ད་དེ་ཏང་གི་ཆོས་ལུགས་དེ་བྱེད་སྒོ་སྤེལ་བའི་ཁ་ཐུག་དེ་ལ།
  • བཅའ་འདྲི་བྱ་ཡུལ་
    མཆོད་རྟེན་དེ་ཡར་ལ་བཞེངས་ཡས་ཡིན་པས་མཆོད་རྟེན་གསུམ་དེ།
  • བཅའ་འདྲི་བྱ་ཡུལ་
    ད་རྒན་ཁོག་བསྐོར་སྐོར་ས་ར་པུ་གཅིག་ར་ཡོང་ང་སྔ་མ་ནས་མཆོད་རྟེན་མཐོ་པོ་ཞེ་པོ་ནུ།
  • བཅའ་འདྲི་བྱ་ཡུལ་
    གསུམ་ཡོ་པོ་བཞེངས་ཡས་གནང་གིས།
  • བཅའ་འདྲི་བྱ་ཡུལ་
    དེ་སྣེ་གདོང་ཤན་གྱི་ཆོས་ཚོགས་ལས་ཁུངས་ནས་བཞངས་ཆོག་མ་བཱ་གནང་གཱ མཆོད་རྟེན་དེ་བཞེངས་ན་འགྲིག་གི་མ་བཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    བཞངས་ཆོག་གི་མ་བཱ་ཟེ། སྔོ་གནས་བྱས་ན་ཝ་འདུག་ཟེ་བྱས་ནས་བཱ་ཟེ། མཆོད་རྟེན་ནག་པོ་གཅིག་བྱས།
  • བཅའ་འདྲི་བྱ་ཡུལ་
    དཀར་པོ་གཅིག་བྱས། སེར་པོ་གཅིག་བྱས། སྐུ་མཁར་བདུན་བྱས། ཨོ་ད་རུ་ནུ་དེ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་རྨོངས་དད་ཁུངས་ནས་དེ་བཞེངས་ཆོག་གི་མ་བཱ་རིག་གསུམ་མགོན་པོ་བཱ་དེ་བཞེངས་ཆོག་གི་མ་བཱ་ནི་
  • བཅའ་འདྲི་བྱ་ཡུལ་
    དེ་ནི་མཇུག་ལ་བཞེངས་སུ་བཅུག་མ་སོང་ལཱ ཨོ་དེ་དེ་ནི་ཕོ་བྲང་ཡ་གིའི་རྩེ་རྩེ་ཡ་རུ་སྒང་ཡ་རུ།
  • བཅའ་འདྲི་བྱ་ཡུལ་
    འོག་ཏུ་རུ་ཀུང་དཀར་ཏོག་དང་ཀུང་སྐར་དེ་ཕོ་བྲང་གི་སྐྱེ་ལྷ་དེ་བཱ
  • བཅའ་འདྲི་བྱ་ཡུལ་
    སྐྱེས་ལྷ་དེ་ཡར་ལྷ་ཤམ་བུའི་སྲས་མོ་བཱ་ཟེ སྔ་མ་ཡར་ལྷ་ཤམ་བུའི་སྲས་མོ་ནི་ནས་༼འདི་ནས་༽ཡར་།
  • བཅའ་འདྲི་བྱ་ཡུལ་
    དེ་ལ་ཡར་ལྷ་ཤམ་པོ་ཡར་ཐད་དུས་ཙམ་པཱ་དེ། ལམ་ཁ་ཡར་ལེ་ཕོ་བྲང་ལ་ཚ་ཕོགས་བརྒྱབ་ནས།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་བྲག་སྒང་ད་རུ་སླེབས་ཀྱོ་བཱ་ཟེ། འོ་དེ་གང་ཡིན་ཟེར་ན་སྐྱེས་དམན་བཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་ཕོ་བྲང་ནས་སྐབས་སྐབས་གཅིག་ལ་ཕེབས་ཀྱི་བཱ་
  • བཅའ་འདྲི་བྱ་ཡུལ་
    དེ་ལྷ་དེ་བཙད་པོ་ཞེ་དྲག་ཡོ་དཱ་འོ་དེ་སྐྱེས་དམན་གཅིག་ཕེབས་བཱ
  • བཅའ་འདྲི་བྱ་ཡུལ་
    ཡར་ལྷ་ཤམ་བུའི་སྲས་མོ་བཱ་ཟེ་འོ་དེ་ཕེབས་བཱ་ལྷ་ཀླུ་ཆོས་སྐྱོང་རེད་གུང་ལྷ་རུ་འགའ་ཡིས་ལྷབ་ཐུབ་རྒྱལ་པོ་ཟེ་དུས་ཙམ་པཱ།
  • བཅའ་འདྲི་བྱ་ཡུལ་
    ལྷ་དེ་གས་གང་གཱ་ལྷ་བཅུ་དྲུག་ཡིན་ན་གཅིག་ཡོད་པ་དེ་དེ་གོ་གནས་མཐོ་ཤོས་རཱ་པོ་སླེབས་ཀཱ
  • བཅའ་འདྲི་བྱ་ཡུལ་
    ཡར་ལྷ་ཤམ་པོའི་སྲས་མོ་བཱ་ཟེ་ཀཱ་དེ། འོ་དེ་ལྷ་དེ་འདི་རུ་ཡོད་པཱ་ལ།
  • བཅའ་འདྲི་བ་
    སྐུ་འདི་བུད་མེད་རེད་པཱ་ལོའོ།
  • བཅའ་འདྲི་བྱ་ཡུལ་
    བུད་མེད་རེད་པཱ་ལཱ། ཡར་ལྷ་ཤམ་བུའི་སྲས་མོ་བཱ་ཟེ་ལྷ་མོ་རཱ་དེ་སྐྱེས་ལྷ་རང་དེ།
  • བཅའ་འདྲི་བྱ་ཡུལ་
    ད་དིའི་རྩེ་ཡ་རུ་དམ་ཆེན་ཟེ། དམ་ཆེན་ཆོས་རྒྱལ་གྱི་མཆོད་རྟེན་གཅིག་འོ་པ།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་ཡ་གི་ལོ་གསར་ཚེས་པ་གསུམ་ལ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ཡར་ཤོས་བཙན་དེ་བྱས་དེ་རུ་བཙན་གཅིག་ཡོད་དཱ་བཙན་འབའ་ཝ་སྤུན་བདུན་བཱ།
  • བཅའ་འདྲི་བྱ་ཡུལ་
    བཙན་རྒོད་འབའ་ཝ་སྤུན་བདུན་ཟེ་ཡས་དེ་ལ་ཀུང་ཀ་བྱས། དེ་ལ་དར་ལྕོགས་བཙུགས་སྐྱེས་ལྷ་གསོལ་
  • བཅའ་འདྲི་བྱ་ཡུལ་
    དེ་རྩེ་ཡ་རུ་དར་ལྕོགས་ཡ་གིའི་རྩེ་རྩེ་ཡ་རུ་དེ་གཅིག་ནུའུ་དམ་ཅན་གྱི་ལྷ་གཅིག་ནུའུ་དེ་ལྷ་བཙུགས་གཅིག
  • བཅའ་འདྲི་བྱ་ཡུལ་
    ལྷ་བཙུགས་ཆེན་པོ་གཅིག་དང་དེའི་ལོགས་དུ་གཅིག་ནུའུ་གཅིག་དེ་དར་ལྕོགས་འཛུགས་དགོས་མི་འདུག་
  • བཅའ་འདྲི་བྱ་ཡུལ་
    མ་གཏོགས་གཉིས་ཡོད་པ་འདྲ་
  • བཅའ་འདྲི་བྱ་ཡུལ་
    འོ་དེ་རུ་དར་ལྕོགས་དེ་བཙུགས་དེ་ན་དེ་༼ན་ཁ་སྟེ་སྤང་གཅལ༽སྒོར་སྒོར་ནི་འདྲ་རྒྱ་ཆེ་པཱ་སྟེང་ཡ་རུ་
  • བཅའ་འདྲི་བྱ་ཡུལ་
    ན་དེ་སྒོར་སྒོར་ཞེ་དྲག་གཅིག་ཡོད་དཱ་ འོ་དེ་རུ་མི་གང་གས་༼ཚང་མས་༽སྒོར་སྒོར་བྱས་ཆང་བཏུངས་སྡོད་དུས་ཙམ་པ་
  • བཅའ་འདྲི་བྱ་ཡུལ་
    ཕ་གིའི་ཟུར་ཕ་གིའི་ཕ་རུ་དང་པོ་ང་ལ་རྨོའོ་ལགས་ཀྱི་ཨ་མས་འདུག་སེ་ཟཱ་
  • བཅའ་འདྲི་བྱ་ཡུལ་
    སྒོར་སྒོར་ནི་འདྲས་༼འདི་འདྲས༽གཅིག་ནུའུ་ད་ང་རས་རྡོ་ཆེ་ཆུང་འདི་འདྲས་གཅིག་སྒྲུགས་བྱས།
  • བཅའ་འདྲི་བྱ་ཡུལ་
    ག་ལེར་གཡུགས་ན་མར་ག་ལེར་གཅིག་ལ་ཁྲོ་སྡོག་ཁྲོ་རྡོག་ཁྲོ་རྡོག་ཟེར་ཕྱིན། འོག་མེ་སླེབས་དུས་ཙམ་པ་རྡང་རྡང་རྡང་ཟེར་ཀྱིས།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ཕྲུ་གུའི་སྒང་༼དུས༽ལ་མ་ནེ་ཡར་ལྷ་གསོལ་ཀ་འགྲོ་དུས་ཙམ་པ་ག་ཚོད་ག་ཚོད་གཡུགས་པ་ཅི
  • བཅའ་འདྲི་བྱ་ཡུལ་
    འོ་དེ་སྔོན་མ་དང་སྟེང་དེ་འོག་དེར་བཏང་བ་ཟེར་ཀཱ ད་དེ་དཀྱིལ་དེའི་ཁེལ་བསྡད་ཡོད་ཀྱོ་བཱ།
  • བཅའ་འདྲི་བྱ་ཡུལ་
    ད་དེའི་མཇུག་ལ་ཕྱི་རྒྱལ་གྱི་བལྟ་བསྐོར་གཅིག་ཡོང་སོང། ཕྱི་རྒྱལ་གྱི་བལྟ་བསྐོར་ཡོང་ནས།
  • བཅའ་འདྲི་བྱ་ཡུལ་
    བལྟ་བསྐོར་གྱི་དེབ་ནང་བལྟས་དུས་ཙམ་པཱ།
  • བཅའ་འདྲི་བྱ་ཡུལ་
    དེས་ཕྱི་རྒྱལ་གྱི་སྐྱེ་དམན་གཅིག་དང་ཁྱོ་ཀ་གཅིག་ཡོང་སོང་དེས་དེབ་གཅིག་ནུའུ་༼འདུག༽དེབ་ནང་
  • བཅའ་འདྲི་བྱ་ཡུལ་
    སྔོན་མ་ནས་སྤྱི་ཚོགས་རྙིང་དུས་ལ་ཕོ་བྲང་ལ་ཡོང་ཀྱོ། དེ་དེབ་དེའི་ནང་ལ་བྱས་ན།
  • བཅའ་འདྲི་བྱ་ཡུལ་
    མཐོ་པོ་ཞེ་པོ་ནུའུ་དགོན་པ་དེ། ཕོ་བྲང་རང་དེ།
  • བཅའ་འདྲི་བྱ་ཡུལ་
    དེབ་དེ་ནང་ལ་མིག་སྟོན་ངེད་ལ་པར་དེ་མིག་སྟོན་ཙམ་བྱས་འོ་དེ་ཟངས་ཆས་དེ་ཡོད་པོ་བྱས་པ་དཱ།
  • བཅའ་འདྲི་བྱ་ཡུལ་
    ཁ་ས་ཁྱེད་རྣམ་ཚོ་དང་མཉམ་པོ་ཕེབས་མཁན་ཨ་ཁུ་གཅིག་ནུའུ་ཀཱ། དཀར་ཕྲུག་ཟེར་པཱ།
  • བཅའ་འདྲི་བྱ་ཡུལ་
    དེས་དགོང་མོ་བདུན་ཡིན་ནཱ་བསྔོགས་པཱ་ཡ་གིའི་ཟུར་ཡ་ནས་མར།
  • བཅའ་འདྲི་བྱ་ཡུལ་
    བསྔོགས་སོང་དུས་གཡུ་ཟེར་དུས་འདི་གཱ་ཙམ་གཉིས་མ་གཏོགས་གཞན་དག་ཙང་ནས་༼གཏན་ནས༽སླེབས་མི་འདུག
  • བཅའ་འདྲི་བྱ་ཡུལ་
    ད་ཕྱི་ལོགས་ཀྱི་བརྩིགས་པ་དེ་གས་དུམ་༼ཚང་མ༽བཤིགས་པཱ་ནཱ་ལའ།
  • བཅའ་འདྲི་བྱ་ཡུལ་
    དེ་མི་ན་ནང་ཁུག་དེ་གས་མཐིལ་དེ་དུམ་དེ་༼ཚང་མ༽བསྡད་ཡོད་ཀྱོ་བཱ་དེ།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ནས་རྒྱབ་ལོགས་མ་ནས་ཡར་ཕོ་བྲང་གི་འབྲུ་ཁང་ལས་ཁུངས།
  • བཅའ་འདྲི་བྱ་ཡུལ་
    གཤན་འབྲུ་ཁང་ལས་ཁུངས་བརྒྱབ་དུས་ཙམ་པཱ་རྫས་མ་རྒྱག་དགོས་བཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    རྒྱབ་དེ་བྲག་ཨ་ནེ་གཅིག་ཕོ་བྲང་ངོས་དེ་ལ་འཁྱེར་བསྡད་ཡོད་བཱ་ན།བྲག་འོག་དེ་རུ་རྫས་ཁུང་ཉི་ཤུ་ཙ་གཅིག་བརྒྱབ་ནིས།
  • བཅའ་འདྲི་བྱ་ཡུལ་
    དེས་ངེད་དགོང་མོ་གཅིག་འཚོགས་འདུ་ཚོགས་ད་དེ་རུ་རྫས་ཁུང་དྲུས་རྫས་མེ་བརྒྱབ་པ་ཡིན་ན།
  • བཅའ་འདྲི་བྱ་ཡུལ་
    མདུན་གྱི་མི་ཚང་དེ་གས་འཕྲོ་བརླགས་གཏོང་གཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    དེ་རྫས་མེ་དེ་སྐྱོན་པ་མ་གནང་རོགས་བྱས་ཤན་ལ་སྙན་སེང་ཞུས་
  • བཅའ་འདྲི་བྱ་ཡུལ་
    དེ་ད་ལྟ་འོ་རྫས་ཁུང་དྲུས་བཞག་པ་མ་གཏོགས་གཅིག་ནས། མདུན་ནས་བྱས་ན་བྲག་ཁོ་རང་ཡར་དེད་བཱ།
  • བཅའ་འདྲི་བྱ་ཡུལ་
    རྒྱབ་ལོགས་དེ་ནས་ཁང་པ་སྔོན་མ་མཐོ་པོ་ཞེ་པོ་ནུའུ་༼འདུག༽ འོ་དེ་དེའི་ནང་ལ་བལྟས་པ་ཡིན་ན།
  • བཅའ་འདྲི་བྱ་ཡུལ་
    ཁང་པ་དེ་བཟོ་བལྟ་དེ་མི་གཅིག་གས་བལྟས་པ་ཡིན་ན། སྔོན་མ་སྣེ་གདོང་རྫོང་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    རྫོང་ནང་བཞིན་ཁང་པ་ནུའུ་༼འདུག༽དེ། དེས་ཕྱི་རྒྱལ་གྱི་བལྟ་བསྐོར་དེའི་དེབ་དེའི་ནང་ལ་བལྟས་པ་ཡིན་ན།
  • བཅའ་འདྲི་བྱ་ཡུལ་
    འོ་འདུག་ཟེ་བྱས་ཡོ་རེད་བྱས་བཤད་པ་ཡིན་ཙང་དེ་ཨ་ཅོ་དཀར་ཕྲུག་གིས་ཁ་སང་གིས་ཨ་ཁུ་ཡོང་མཁན་དེ་གིས།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་ཚོད་ལྟ་བྱས་དེ་བསྔོགས་སོང་གས། བསྔོགས་ནས་དོན་ཡས་ཙམ་ནི་ག་ཡེ་དོན་མ་དོན་དེ།
  • བཅའ་འདྲི་བྱ་ཡུལ་
    ང་བསྔོགས་ཐུབ་མི་ཐུབ། ད་ད་ལྟ་རྒྱབ་ཕ་ནས་བརྩིགས་པ་ཕྱི་བརྩིགས་དུམ་དེ་བཤིགས་བྱས།
  • བཅའ་འདྲི་བྱ་ཡུལ་
    ཕྱི་བརྩིགས་རྩ་བ་མ་ནས་ཡར་ཡར་ཡར་བཤིགས་པ་དཱ་ད་དེ་རིང་ཁ་ས་རྡོ་དགོས་ཀྱི་འདུག་གཱ་།
  • བཅའ་འདྲི་བྱ་ཡུལ་
    རྡོ་ག་རུ་ག་རུ་མར་བརྐོག་ཚར་ནུའུ་ཀཱ རྡོ་དུམ་༼ཚང་མ༽རྡོ་བཤགས་ཀ་ཡག་པོ་ཞེ་པོ་བྱས་རྡོ་ནུའུ་ཀཱ༼འདུག༽ལའོ་
  • བཅའ་འདྲི་བྱ་ཡུལ་
    ད་ཏང་༼སྟེང་༽རང་རྩེ་ཡས་བསྐྱལ་ན་ནི་ཡག་པོ་ཞེ་པོ་ནུའུ༼འདུག༽དེ་རྫོང་དེ་ཆེན་པོ་ཞེ་པོ་ཡོད་ཀྱོ་བཱ༼ཡོད་པ་འདྲ༽
  • བཅའ་འདྲི་བྱ་ཡུལ་
    རིག་གནས་གསར་བརྗེའི་སྐབས་ལ་ངེད་ལ་ངེད་ཕོ་བྲང་མཉམ་འབྲེལ་བཱ་ཟཱེ། འབྲུ་ཁང་དེ་ཆན་ལོག་བཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    དེ་ཡ་གིའི་རྩེ་རུ་སོར་ཁུང་འདྲུད་ཀཱ་སོང་ཟེར་ངེད་མི་དེ་བཅུ་༼མི་བཅུ༽ཡིན་ན་གཅིག་བྲག་ཡ་གིའི་རྩེ་ལ་
  • བཅའ་འདྲི་བྱ་ཡུལ་
    ལམ་ཀ་ནུའུ་འདྲུད་པ་ད་ཡི་ཁང་པ་ཞ་ལ་བཏང་པ་དཱ་ཞ་ལའི་སྒང་ལ་ཚོན་བཏང་བྱས་ནུའུ།
  • བཅའ་འདྲི་བྱ་ཡུལ་
    རྒྱབ་དུ་རུ་ད་ལྟ་ཏཱ་ལའི་ལ་ཟེར་བའི་ལ་དེའི་སྒང་ཙམ་དུ་སླེབས་དུས་ཙམ་པཱ།
  • བཅའ་འདྲི་བྱ་ཡུལ་
    རྒྱལ་སྒོ་བྱང་སྒོ་དེ་འཁེལ་པཱ་ཟེ་དེའི་ནང་ཁུག་ལ་སླེབས་དུས་ཙམ་པཱ།
  • བཅའ་འདྲི་བྱ་ཡུལ་
    ཕྱགས་མ་སྤེན་ཕྱགས་རྐྱང་རྐྱང་བླུགས་པའི་ཁང་པ་ལྕམ་ཁང་གཅིག་བྱས།
  • བཅའ་འདྲི་བྱ་ཡུལ་
    སྦྱག་སྦྱག་མཱ་རྐྱང་རྐྱང་བརྔས་ནས་བཟོས་པའི་ཁང་པ་ལྕམ་ཁང་གཅིག་བྱས།
  • བཅའ་འདྲི་བྱ་ཡུལ་
    ལྕོའོ་༼ལྕི་བ༽རྐྱང་རྐྱང་བླུགས་པའི་ལྕམ་ཁང་གཅིག་བྱས། ཡ་རུ་འོ་ལྕམ་ཁང་གསུམ་དོན་སོང་།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ལྕོའོ་ད་གཅིག་ནི་ཧུམ་པ་རྒྱབ་བསྡད་ནི། ཕྱགས་མ་ནི་དུམ་དེ་ལག་པར་ཚུར་བླངས་པ་དང་ཕུར་ཅོག་བཱ།
  • བཅའ་འདྲི་བྱ་ཡུལ་
    ཕན་ཐོགས་ཡས་གའ་ཡི་མི་འདུག་མེ་གསོས་ཡང་འབར་གྱི་མི་འདུག འོ་འདུག་ཟེ་བྱས་ནུའུ་དེའི་རྩེ་ཡི་ལཱ།
  • བཅའ་འདྲི་བྱ་ཡུལ་
    ད་དེའི་འོག་ད་མ་དེ་ཡོད་ཀྱོ་དེ་ད་ང་གཅིག་པོ་མ་པཱ་ངེད་ཕོ་བྲང་གི་
  • བཅའ་འདྲི་བྱ་ཡུལ་
    ད་དེ་རིང་ཁ་སང་བསྡད་པའི་རྒན་པ་མང་ཆེས་ཧ་གོ་པཱ།
  • བཅའ་འདྲི་བྱ་ཡུལ་
    ངེད་ལྷ་གསོལ་ཀ་འགྲོ་དུས་འོ་དེ་ཁོང་ཚོ་རྒན་པ་དེ་ཀས་ཆང་བཏུངས་ཀ་རེ་ཀོ་རེ་བྱེད་ཀྱི་བསྡད།
  • བཅའ་འདྲི་བྱ་ཡུལ་
    དེ་ངེད་ཀྱི་རྡོ་འཁུར་བྱས་ད་མར་རྡོ་པགས་ཙི་༼ཆེན་པོ་༽མགྱོགས་པོ་ཞུས་པ་ཡིན་ན་ཐང་ཐང་ཟེར་གྱི་མི་འདུག
  • བཅའ་འདྲི་བྱ་ཡུལ་
    དེ་ངའི་རྡོ་དེ་སྐད་རྒྱག་གིས། ཁྱོད་རའི་རྡོ་དེ་སྐད་རྒྱག་གི་མིན་འདུག་བྱས་ངེད་ཕྲུ་གུ་བཱ་ན།
  • བཅའ་འདྲི་བྱ་ཡུལ་
    དེ་རྡོ་དབྲིལ་དབྲིལ་འཁུར་བྱས་ཨི་ཁུང་ན་ག་ཙམ་༼འདི་ག༽ཙམ་ནུའུ། མར་ག་ལེར་སླད་བཞག་ན།
  • བཅའ་འདྲི་བྱ་ཡུལ་
    མར་ཙམ་གཅིག་ལ་ཀོ་རྡོག་ཀོ་རྡོག་ཀོ་རྡོག་ཟེ་འགྲོ་གིས། དཀྱིལ་མ་ག་རུ་སླེབས་པ་ད་ཐང་ཐང་ཐང་ཟེར་ཀྱིས་།
  • བཅའ་འདྲི་བྱ་ཡུལ་
    ཝོ་འདུག་ཟེ་བྱས་ནས་ནུའུ་དེ་མཐིལ་དེ། ཝོ་དེ་སོག་པོ་ཇུང་དཀར་དམག་ལོ་ལ་བཏང་དུས་ཝོ་དེ་བཏང་བཱ་ཟ།
  • བཅའ་འདྲི་བྱ་ཡུལ་
    ཝོ་འདུག་ཟེ་བྱས་བཤོད་ཀྱིས། བཤོད་སྲོལ་ར་དེ། ཝོའོ་དེ་རྩ་བ་དེ་ལ་བསྡད་ཡོད་པཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    ངས་ཝོའོ་སླའོ་༼སྐད་ཆ༽འདྲི་བའི་ག་བའི་ག་ཙ་ངའི་ཝོའོ་མཚན་མོའི་ལུང་ཀ་རྨོའོ་ལགས་དང་
  • བཅའ་འདྲི་བྱ་ཡུལ་
    ཀྲོ་མོ་༼སྲུ་མོ༽འབའ་སེ་གཡུ་སྒྲོན་གྱིས་འོ་འདུག་ཟེ་བྱས་ནས་བཱ་ཟེ། ཝོ་དེ་བཏང་དུས་ཝ་དེའི་བཏང་པཱ་ཟེ་ཡོང་ཟེ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེའི་མཇུག་ལ་དེ་རྒྱབ་ཀྱི་རི་དེ་ཀས་བྱས། བཤིགས་ཡས་དེ་ཀས།
  • བཅའ་འདྲི་བྱ་ཡུལ་
    ངས་འོ་ཁ་ས་ནས་ཞུས་པཱ་དེ་ཕོ་བྲང་གི་གནའ་ལ་ནི་མི་ཁྲ་གཤོག་རྩེ་བཤིགས་དུས་ཙམ་པཱ་
  • བཅའ་འདྲི་བྱ་ཡུལ་
    གཟིམས་ཤག་སྡོད་ཁང་གི་ན་གིའི་༼ན་ཁ་༽ལ་ཆུ་རགས་རྒྱག་དགོས་ཡོད་ཟེ། མི་སེར་ལ་བསྐུལ་ནས།
  • བཅའ་འདྲི་བྱ་ཡུལ་
    ཁྲལ་པ་རྐང་ལྔ་བཅུ་ཐམ་པ་བཱ་དེ་ཀས་ལ་སྒྲོམ་རེ་རེའི་ལ་རྡོ་ཕག་ཚད་དགོས་ཡོད་བྱས།
  • བཅའ་འདྲི་བྱ་ཡུལ་
    དེ་རྡོ་ཕག་ཚད་སྒྲུགས་ཡས་མེད་པ་བྱས། དེ་ཡ་ནས་རི་དེ་མར་བཤིགས་བྱས་ཡ་གི་དེ་བྱས་པཱ།
  • བཅའ་འདྲི་བྱ་ཡུལ་
    དེའི་འོག་དེ་གས་དུམ་དེ། གྲོང་ཚོའི་རིག་གནས་གསར་བརྗེའི་མཇུག་ཙམ་ལ་མཉམ་འབྲེལ་ཆེན་པོ་ཚོགས་དུས་དེ་ནི།
  • བཅའ་འདྲི་བྱ་ཡུལ་
    གསར་བརྗེ་ཨུ་ཡོན་ལྷན་ཁང་འཚུགས་པའི་སྐབས་ལ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ཞིང་པ་ལྷན་ཚོགས་བཞི་ཡན་གྱི་ཕུ་རི་ཕི་པུ་སེ་པོའི་ཕོ་བྲང་བཞི་དེ།
  • བཅའ་འདྲི་བྱ་ཡུལ་
    ཟླ་སྒྲིལ་བཏང་བྱས་མི་ཆིག་སྟོང་བདུན་བརྒྱ་ལྷག་ཙམ་གཅིག་ཡོད་དཱ།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་གས་ཚུར་ཟླ་སྒྲིལ་བཏང་དེ་ནི་ཚོགས་ཁང་བརྒྱབ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་དར་ལྕོགས་དེ་ཚོ་མར་དབོར་བྱས། ཚོགས་ཁང་རྒྱག་ཡས་དེ་འོ་འདུག་ཟེ་བྱས་པཱ།
  • བཅའ་འདྲི་བྱ་ཡུལ་
    དེ་དར་ལྕོགས་མར་ལེབ་ལེབ་ཆགས་ཡས་དེ་ཨོ་འདུག་ཟེ་ཆགས་སོང་། དེ་མཐོ་པོ་ཞེ་པོ་ནུའུ།
  • བཅའ་འདྲི་བྱ་ཡུལ་
    རྒྱབ་ལོགས་ཕ་གི་ཏཱ་ལའི་ལ་ཟེར་ཡས་ད་གིའི་འཛམ་༼འགྲམ༽དེ་རུ་ཞེ་དག་མཐོ་པོ་ཞེ་དྲག་ཡོད་པོ།
  • བཅའ་འདྲི་བྱ་ཡུལ་
    ཐོགས་བརྩེགས་ལྔ་དྲུག་གཅིག་ཡོད་ཀྱོ་བཱ། དེ་ངེད་ཀྱི་རིའི་རྩེ་ཡི་ནས་བཤིགས་མ་ཐུབ་བྱས།
  • བཅའ་འདྲི་བྱ་ཡུལ་
    དེ་རྩ་མི་ནས་རྫས་མ་བརྒྱབ། སྟོད་ཐུང་ཕུ་ཐུང་ནང་ལ་རྫས་བླུགས།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་དེ་ཐག་པས་གྲམ་མ་༼དམ་པོ༽བསྡམས་བྱས།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་འོག་མི་ནས་ཡར་ལ་རྫས་མ་གྱེན་ལ་ཡར་རྒྱབ་པ་ན་དེ་ཁར་ཐུག་པ་མར་རང་གནས་ལ་མར་བཞིག་སླེབས་ཀྱིས།
  • བཅའ་འདྲི་བྱ་ཡུལ་
    ཨོ་འདུག་ཟེ་བྱས་ནས་གྱང་ཁོག་བཤིགས་པཱ། ཞེང་ཚད་ཞེ་དྲག་ནུའུ།
  • བཅའ་འདྲི་བྱ་ཡུལ་
    བརྩིགས་པ་བརྩིགས་ཞེང་འདོམ་པ་གང་ཙམ་འདུག འོག་དེ་ལཱ།
  • བཅའ་འདྲི་བྱ་ཡུལ་
    གང་བྱས་ཡ་གི་བ་སྤུར་ཁ་ཞེང་རེ་རེའི་མར་འདྲུད་ཡོང་ན། གདུང་རྩེ་དྲ་རེ་རེ་ཡོང་གིས་དེས།
  • བཅའ་འདྲི་བྱ་ཡུལ་
    རྩེ་ཡ་ལ་སྦ་འབུར་ཀ་བཞི་བཏང་ནས་བསྡད་འདུག་གའ་ལཱ། པན་པད་བྱས། ཨོ་འདུག་ཟེ་བྱས་བཤིགས་པཱ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་མང་ཆེ་ཕོ་བྲང་ཨར་པོ་རྒྱག་དུས་བཤིགས་སོང་ཡ་གི
  • བཅའ་འདྲི་བ་
    དེ་ཞིབ་ཕྲའི་དུས་ཚོད་པོའོ་ལགས་ཀྱིས་ཐུགས་དྲན་གསོས་གི་ཨ་ཡོད།
  • བཅའ་འདྲི་བྱ་ཡུལ་
    བདུན་ཅུ་དོན་གཉིས་ལོ་དེ་བཱ།
  • བཅའ་འདྲི་བ་
    ༡༩༧༢
  • བཅའ་འདྲི་བྱ་ཡུལ་
    ༡༩༧༢ལོ་དེ་རིག་གནས་གསར་བརྗེའི་མཇུག་རྩའ་དེ་། དེ་ཡ་གིའི་ཁང་པ་བཤིགས་བྱས།
  • བཅའ་འདྲི་བྱ་ཡུལ་
    ཀུང་སས་གཅིག་འགྱུར་བྱས། དེ་ནི་ཚོགས་ཁང་རྒྱོབ་པཱ་ནཱ། གསར་བརྗེའི་མཉམ་འབྲེལ་ཚོགས་འདུ་དེ་ཚུགས་པཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    མཉམ་འབྲེལ་ཚོགས་འདུ་ཨོ་དེ་དུས་ཙམ་པ་དེ་ནི་རྒྱབ་པཱ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་དུས་ཏག་ཏག་རྒྱབ་པཱ།
  • བཅའ་འདྲི་བྱ་ཡུལ་
    ཨོ་འདུག་ཟེ་བྱས་ནི་ཟེར་ཀྱི།
  • བཅའ་འདྲི་བྱ་ཡུལ་
    དེ་དེ་ཡིན་ཙང་དེ་སྔོན་མ་ཕོ་བྲང་གི་འོག་དེ་རྒྱུ་མཚན་ར་དེ་བྱས་ན་ཕོ་བྲང་དེ་འདུག་ཟེ་བྱ་དུས་ཙམ་པཱ།
  • བཅའ་འདྲི་བྱ་ཡུལ་
    རྒན་རབས་ཀྱི་བཤོད་སྲོལ་བྱས་ན། ཕོ་བྲང་གི་ད་རིང་ཁ་ས་རྒྱབ་ལོགས་ཀྱི་རི་དེ་ནི།
  • བཅའ་འདྲི་བྱ་ཡུལ་
    གྲང་རྒྱབ་ཀྱི་ཁྲོམ་པ་ཟེ་ཁྱོད་ཚོས་ཟེར་དགོས་རེད་དཱ་ཟེ། རྒན་པ་ཁ་ཤས་ཀྱིས་ངེད་ལ་བཤོད་པཱ།
  • བཅའ་འདྲི་བྱ་ཡུལ་
    སྣེ་གདོང་ཤན་ལ༏ ཚོགས་འདུ་ལ་འགྲོ་དུས་ཙམ་པཱ་ཡིན་ན།
  • བཅའ་འདྲི་བྱ་ཡུལ་
    ཕོ་བྲང་བྲག་ཅོག་གི་མདུན་གྱི་སྒོ་དེ་ཝ་ལེ་ཎ་ཟེར་ཡས་ཀྱི་སྒོ་དེ་བཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    ཡར་གྱི་སྒོ་དེ་ཏཱ་ལའི་ལ་ཟེར་ཡས་ཀྱི་སྒོ་གཅིག་དེ་ཡོད་པཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    ཁོ་ཚོས་ལོ་རྒྱུས་དེ་ཕོ་བྲང་མི་རྒན་པས་ངེད་ལ་འདུག་ཟེ་བཤོད་པཱ།
  • བཅའ་འདྲི་བྱ་ཡུལ་
    ཤན་ལ་འགྲོ་དུས་ཙམ་པ་སྐད་ཆ་འདུག་ཟེ་བྱས་ནས་བཤོད་དགོས་བཱ་ཟེ་།
  • བཅའ་འདྲི་བྱ་ཡུལ་
    དེ་ལ་དེའི་རྩེ་ཕ་ནས་ཇོ་མོ་ཡར་ལུམ་ཟེར་ཡས་དེ་གང་ཡིན་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    ཇོ་མོ་རྒྱལ་མོ་ཟེར་ཡས་གི་ལྷ་དེ་ཡར་རུ་གསོལ་བྱས་ཨོ་འདུག་ཟེ་བྱས་དགོས་ཡས་དེ་འདུག་ཟེ་བྱས་ནས་བཱ་ཟཱེ་བཤོད་ལས་ཟེ།
  • བཅའ་འདྲི་བྱ་ཡུལ་
    བྱང་ཆུབ་སྒྲོལ་མ་ཟེ་དོགས་མེད། བྱང་གི་རྒྱབ་གྱི་ཁྲོན་པ་ཟེར་དགོས་བཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    དར་ལྕོགས་རྩེ་ནས་བརྩིས་པས་བྱང་གི་རྒྱབ་དེ་རུ་ཁྲོན་པ་གཅིག་ནུའུ་།
  • བཅའ་འདྲི་བྱ་ཡུལ་
    སྔོན་མ་ང་ཡོང་དུས་ཙམ་པ་ངས་སྐད་ཆ་ཞུས་པཱ། ཁྲོན་པ་གཅིག་ནུའུ།
  • བཅའ་འདྲི་བྱ་ཡུལ་
    དེ་ཁྲོན་པ་དེའི་ནང་ཁུག་དེ་མའ་གནའ་ལ་ཤིང་གི་སྒྲོམ་གྱི་ཁེབ་གཅོད་རྒྱབ་ཡས་ཡོད་པའ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་མཇུག་ལ་དེ་ཆགས་པ་དང་། དེ་ནི་བོང་བུ་འཚོ་མཁན་གྱི་བོང་བུ་དེད་བྱས་བོང་བུ་དེ་མར་དྲུད་༼ཟགས༽
  • བཅའ་འདྲི་བྱ་ཡུལ་
    དེ་ཞི་བདེ་པད་ལྷད་ཟེར་ཡས་དེས་ཁྲོམ་པ་མར་སྲུབས་ཤིག་ཟེ་། དེ་ཁྲོམ་པ་དེ་མར་སྲུབས་བཞག་པོའོ།
  • བཅའ་འདྲི་བྱ་ཡུལ་
    ཁྲོམ་པ་མིའི་ཆུ་འདུག་ཟེ་འཐེན་ཡས་ཀྱི་ཁྲོན་པ་གཅིག་འདུག རྒྱབ་ལོགས་དེ་རུ།
  • བཅའ་འདྲི་བྱ་ཡུལ་
    བྱང་གི་རྒྱབ་ཀྱི་ཁྲོམ་པ་ཟེ། ཨོ་དེ་དར་ལྕོགས་དེ་ཨོ་འདུག་ཟེ་བྱས་ནས་བཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    དེ་ཡིན་ཙང་སྔར་མ་ནས་ལོ་རྒྱུས་བྲིས་མཁན་ཞེ་དྲག་ད་ག་ཡོང་སོང་དེ། ཕོ་བྲང་གི་ལོ་རྒྱུས་དེ་གསལ་པོ་གཅིག།
  • བཅའ་འདྲི་བྱ་ཡུལ་
    དཔེར་ཆ་བཞག་ན་གཞི་གཏུགས་ཡས་མེད་པ་གཅིག་ཡིན་ཙང་།
  • བཅའ་འདྲི་བྱ་ཡུལ་
    ད་འདུག་ཟེ་བྱས་སྣ་ལ་ལ་མི་མིས་བཤོད་དུས་བྱས་ན། ཡུར་བུ་བརླ་མཁར་གོང་གི་ཕོ་བྲང་ཡིན་ཟེར་བཱ་ནའ།
  • བཅའ་འདྲི་བྱ་ཡུལ་
    ཕོ་བྲང་ཟེར་ཡས་དེ་ཐོགས་དགོས་ཡས་དེ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ཁ་ཤས་ཀྱིས་ཟེར་ན་རྩེ་ཕོ་བྲང་དམར་པོ་ནུའུ་རུ་༼འདི་རུ༽ཆགས་ཡས་བཱ་བྱས་པའ་ཟེ། འདུག་ཟེ་བྱས་ནས་མ་འདྲ།
  • བཅའ་འདྲི་བྱ་ཡུལ་
    ཆོས་རྒྱལ་མེས་ཨག་ཚོམ་ཟེར་ཡས་དེའི་ཕོ་བྲང་བྱས། འདུག་ཟེ་བྱས་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཟེར་ཡས་དེ།
  • བཅའ་འདྲི་བྱ་ཡུལ་
    བོད་ཀྱི་རྒྱལ་པོ་དེ་དེ་རིང་ཁ་སང་བསམ་ཡས་བཞེང་མཁན་དེས་རྩ་བ་དར་ཡས་དེ་ག་ནས་
  • བཅའ་འདྲི་བྱ་ཡུལ་
    དར་བ་རེད་ཟེར་ན་ཕོ་བྲང་ནས་འདུག་ཟེ་བྱས་ནས་དར་ཀྱོ་བཱ།
  • བཅའ་འདྲི་བྱ་ཡུལ་
    དེ་དེ་ནས་ཁོང་འདྲས་བསམ་ཡས་བཞེང་ཀ་བཏང་པ་ནའ།
  • བཅའ་འདྲི་བྱ་ཡུལ་
    པོ་པོ་བཤགས་པའི་འཁྲུངས་རྟགས་དེ་ལ་བསམ་ཡས་བཞེངས་ཀ་བཏང་པཱ་ན།
  • བཅའ་འདྲི་བ་
    དེ་ད་ལྟ་བོང་བུ་དེ་ཁྲོམ་པའི་ནང་ལ་ཤོར་བྱས་
  • བཅའ་འདྲི་བ་
    ཁྲོམ་པ་མར་ལྟིབས་བྱས་པ་རེད་རེད་པའ་ལོའོ།
  • བཅའ་འདྲི་བྱ་ཡུལ་
    གཏིབས་པ་དེ་ནི།
  • བཅའ་འདྲི་བ་
    གཏིབས་བྱས་མཇུག་གུ་གཅིག་གླང་ཁོག་གཅིག་དང་འབྲེལ་བ་འདུག་དེ་གཅིག་གསུངས་རོགས་གནང་།
  • བཅའ་འདྲི་བྱ་ཡུལ་
    དེ་དེའི་མ་བཱ་ལོའོ། ད་དེ་དེ་བཱ་ནཱ་། ད་མདུན་ཕ་རུ་ཁུ་འབྲུག་རྫིང་ཟེར་ཡས་གཅིག།
  • བཅའ་འདྲི་བྱ་ཡུལ་
    ཆུ་ལེན་ཀ་འགྲོ་ས་གཅིག་ཡོད་པ་ནཱ། རྫིང་གཅིག
  • བཅའ་འདྲི་བྱ་ཡུལ་
    རྫིང་ཆེན་པོ་ཞེ་པོ་གཅིག་ཡོད་པཱ། ཁུ་འབྲུག་རྫིང་ཟེ།
  • བཅའ་འདྲི་བྱ་ཡུལ་
    རྫིང་ནང་ཁུག་དེ་རུ་ཚང་བ་ཡིན་ན་གནམ་མཐོང་ཡས་མ་ཞོ་༼མ་གཏོགས༽མེད་པའ།
  • བཅའ་འདྲི་བྱ་ཡུལ་
    སྔར་མ་བྱས་ན་རྫིང་དེའི་ནང་ལ་འང་ཀ་༼ངང་པ༽སེར་པོ་དང་དཀར་པོ་དང་བབས་ཀྱི་བཱ།
  • བཅའ་འདྲི་བྱ་ཡུལ་
    འང་ཀ་ཕོ་བྲང་བྲག་དེའི་རྩེ་དེ་ལ་འང་ཚང་བསགས། དབྱར་ཁ་འང་ཕྲུག་ཡ་ནས་མར་འཁྲིད་ཡོང་།
  • བཅའ་འདྲི་བྱ་ཡུལ་
    ད་ངེད་ཀྱིས་འང་ཕྲུག་བབས་པ་རང་མིག་མཐོང་མྱོང་།
  • བཅའ་འདྲི་བྱ་ཡུལ་
    འང་ཕྲུག་ཐར་ར་ཡ་གི་སྒེའུ་ཁུང་རིང་ཐུང་ན་ག་ཙམ༼འདི་ག་ཙམ༽ནུའུ་ཀའ། རྩིགས་པའི་དབྲག་ལ་ཁྲོ་ཁུང་།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ལ་འང་ཀས་འང་ཚང་བསགས་ཞག
  • བཅའ་འདྲི་བྱ་ཡུལ་
    དེ་འང་ཕྲུག་ཐར་པ་དང་ཨ་མ་དེས་རེ་རེས་དཔུང་པའི་སྒང་ལ་སྒལ་པའི་སྒང་ལ་འཁུར་ནས་མར་འོག་མི་ན་སྤོབ་སླེབས་ཀའ།
  • བཅའ་འདྲི་བྱ་ཡུལ་
    དེ་དེ་ནས་མར་འཁྲིད་སླེབས་ཀའ།
  • བཅའ་འདྲི་བྱ་ཡུལ་
    དེ་དུས་ཙམ་པ་ཡང་མིས་དེ་རིང་ཁ་ས་ར་པུ་བྱས་ཕྲུ་གུས་རྡོ་བཏང་བསད་བྱ་མཁན་མེད་པའ་མིས་།
  • བཅའ་འདྲི་བྱ་ཡུལ་
    འདུག་ཟེ་བྱས་འཁྲིད་སླེབས་ཀྱི་ནུའུ་ཀའ།
  • བཅའ་འདྲི་བྱ་ཡུལ་
    དེ་ཝ་ལི་ནན་ཟེར་ཡས་དེའི་ནང་ལ་འཁྲིད་ཡོང་བཱ་ཟེ་མི་ཟེར་སྐད་དེ་བཱ་དེ་ཡང་ངས་མཐོང་མ་མྱོང་།
  • བཅའ་འདྲི་བྱ་ཡུལ་
    འང་ཕྲུག་བབས་པ་ངས་མཐོང་མྱོང་།
  • བཅའ་འདྲི་བྱ་ཡུལ་
    ད་ཕྲུ་གུར་རྡོ་མ་གཏོང་བྱེད་ཨང་འང་ཚང་ནི་ཀི་ནང་ལ་འང་ཕྲུག་འཁྲིད་སླེབས་ཀྱིས་ཟེ་ཟེ་མྱོང་རྒན་པས་།
  • བཅའ་འདྲི་བྱ་ཡུལ་
    དེ་ཆུ་དེའི་ནང་ལ་འཁྲིད་སླེབས་ཀྱིས། འང་ཕྲུག་དེ་མཚོ་དེའི་ནང་ལ།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་མཚོ་དེའི་ནང་ཁུག་ནས་བཅོས་བསྒྱུར་མ་བཏང་གོང་དེ་ལ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ངས་ཞུས་པའ་དེ་ཨོ་དེའི་ནང་གི་ཨ་རྐྱལ་དེའི་མིང་ལ་དོན་གྲུབ་ཟེར། ཨི་མི་རྒན་ཁོག་གཅིག་ཡོད་པའ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་གིས་གླང་ཁོག་དམར་པོ་གཅིག་དོན་སོང་ཟེ། དགོང་དག་༼དགོང་དྲོ༽གཅིག བཅོས་བསྒྱུར་མ་བཏང་གོང་ལ་བཱ།
  • བཅའ་འདྲི་བྱ་ཡུལ་
    གླང་ཁོག་དེ་དོན་བྱས་གླང་ཁོག་དེ་ཡར་དོན་ནས་མཚོ་དེའི་ཆུ་དེ་གའི་མཚོའི་ཁའི་དེ་རུ་དོན་པ་སོང་བ་ཙ།
  • བཅའ་འདྲི་བྱ་ཡུལ་
    ཡར་ལྷ་ཤམ་པོ་ངོགས་ལ་སྐད་གཅིག་རྒྱབ་སོང་ཟེར།
  • བཅའ་འདྲི་བྱ་ཡུལ་
    སྐད་དེ་རྒྱབ་ནས་ལྕོ༼ལྕི་བ༽གཅིག་བཏང་བྱས་དེ་དགོང་དག་གླང་ཁོག་ཡར་ཕྱིན་སོང་ཟེར།
  • བཅའ་འདྲི་བྱ་ཡུལ་
    གླང་ཁོག་དམར་པོ་གཅིག་ལ་སྤུ་ཐུང་ཐུང་ར་གཅིག་ནུའུ་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཨོ་འདུག་ཟེ་བྱས་ནས་ཟེར་གྱིས་ངེད་ལ་བཤད་པའ་དག
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ནས་མཚེ་དེ་སྐམ་པ་ཡིན་ཟེར་ཀྱི་ཡོ་པོའོ་དེ་ནི། ད་དུས་ཚོད་ར་དེ་གཅིག་འགྱུར་གི་མེད་འགྲོ། དུས་མཚམས་།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ནི་མཚོ་ལུད་ས་ཡོད་ཐག་གཅོད་བཱ།
  • བཅའ་འདྲི་བྱ་ཡུལ་
    ཀྲང་ཀྲང་དེ་མར་ནུའུ་ཟེ་མདང་དགོང་ངས་ནང་ལ་ཡོད་པའི་རྨོའོ་ལགས་གཅིག་
  • བཅའ་འདྲི་བྱ་ཡུལ་
    ཡོད་དེ་ལ་ངས་འགྲོ་མྱོང་ངམ་བྱས་པས་མཐོ་མི་འདུག་ཟེར།
  • བཅའ་འདྲི་བྱ་ཡུལ་
    མཐོ་མི་འདུག་མ་གཏོགས་རྡོ་བཀྱག་ལྷད་མེད་རྒྱབ་རྡོ་བཀྱག་བེ་དི་རྡོ་འོད་བེ་རྒྱབ་ཀྱིས་ཟེ་མར་རྡོ་བཀྱག་
  • བཅའ་འདྲི་བྱ་ཡུལ་
    མར་དེད་ཁོ་རང་རྫིང་བཱ་དེ་ལམ་ཀ་ནུའུ་ཟེ། ངེད་ཕྲུ་གུས་ཞེ་དྲག་བབས་མྱོང་ཟེ་མཐོ་བྱས་ནས་མིན་འདུག
  • བཅའ་འདྲི་བྱ་ཡུལ་
    ཞུ་མར་སྤར་པའི་འཇུག་ལ་དེ་ནི་ཆི་བུ་ཆི་བུ་བུས་ཡར་རྩིགས་པའི་ལྡེབས་ལ་དུམ་ནག་པོ་ཆགས་བྱས་འདུག་ཟེ་བྱས་ནས་ནུའུ་ཟེ།
  • བཅའ་འདྲི་བྱ་ཡུལ་
    སྔོན་མ་ཆོས་རྒྱལ་དེ་ས་འོག་ནས་ཆུ་ལེན་ས་ཡོད་པའ་ཟེ།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་ཇོ་མོ་རྒྱལ་མོའི་མདོག་དེ་ལ་སོག་པོ་ཇུང་དཀར་གྱིས་རྩ་བཀག་ཆུ་བཀག་བཏང་བའ་ཟེ།
  • བཅའ་འདྲི་བྱ་ཡུལ་
    རྩ་བཀག་ཆུ་བཀག་བཏང་བ་ཡིན་ཙང་ཨོ་དེ་ལ་ཆུ་ཡོད་མདོག་མདོག་གིས་ཇོ་མོ་རྒྱལ་མོས་
  • བཅའ་འདྲི་བྱ་ཡུལ་
    སྐྲ་དེ་བཀྲུས་བྱས་དེ་ནི་སྣུམ་དེ་བྱང་ཕ་མ་འོ་མདང་དགོང་ཁོང་ཚོས་ངར་སླའོ་འདྲི་དུས་འོ་བྱང་དེ་མར་བཤོས་ནུའུ་ཀའ་
  • བཅའ་འདྲི་བྱ་ཡུལ་
    སྒེར་ཤག་ཟེར་མི་ཚང་དེར།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེའི་ཁྲོད་དེ་མར་སྣུམ་ཚེ་རིར་བསྡད་ནས་སྔོན་མ་མཁལ་མའི་ན་ཚ་བཏང་བ་ཡིན་ནའི་གྲམ་པ་དེ་
  • བཅའ་འདྲི་བྱ་ཡུལ་
    ཚུར་རུབ་རུབ་བཟོས་བྱས་འཕུར་འཕུར་བ་ཡིན་ན་ཉི་མ་ལ་སྤྲོས་སྐེད་པ་ལ་བསྟན་པ་ཕན་པ་ཞི་པོ་ཅིག་ཡོང་ཟེ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་སྣུམ་དེ་བཤོས་ཡོད་པའ་ཟེ་དེ་རིང་ཁ་སང་གྲམ་པ་ཁོ་རང་ནག་ཆིར་ལེར་བསྡད་ཡོད་པའ་དེའི་ལྡེབས་དེ་མར།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་སྔོན་མ་གཏམ་ལ་མ་ཚོ་ཇོ་མོ་རྒྱལ་མོ་དེ་ནི་ཇུང་ཆེན་དམག་གི་ཐང་ན་ཡ་ཡུག་འདར་འདར་མིན་འདུག་
  • བཅའ་འདྲི་བྱ་ཡུལ་
    ད་རུང་༼ད་དུང་༽སྐྲ་རའ་བསྐྲུས་བསྡད་ནིའི་ཟེ་གཏམ་དཔེ་འདུག་ཟེ་བྱས་ནས་བྱུང་པོའོ།
  • བཅའ་འདྲི་བ་
    འོ་ན་གླང་ཁོག་དེས་ལྕོའོ་༼ལྕི་བ༽དེ་བཏང་བྱས་ལྕོའོ་དེ་
  • བཅའ་འདྲི་བྱ་ཡུལ་
    ལྕོའོ་དེ་ཝ་ལི་ཡར་ན་སྤོའོ་དེས་བསྒྲུགས་པའ་ཟེ།
  • བཅའ་འདྲི་བྱ་ཡུལ་
    པ་ལགས་དེས་ཡར་བསྒྲུགས་བྱས་ཝ་ལི་རི་ཟེར་ཡས་མི་ཚང་དེའི་ནང་འཁུར་ཕྱིན་པའ་ཟེ།
  • བཅའ་འདྲི་བྱ་ཡུལ་
    ཕོ་བྲང་ལ་ཁྲལ་པ་གུ་སྡུད་ཉི་ཤུ་རྩ་ལྔ་ཡོད་པ་དེ་ནི་མི་ཚང་དེ་ལྟོ་གོས་སྐྱོ་པོ་བྱས་ནས་བུ་ལོན་ལེན་ཀ་འགྲོ་མ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    བུ་ལོན་གཏོང་ཡས་ཡི་མེད་པའ་མི་ཚང་ཁོ་རང་ཨོ་དེ་ཡིན་ཙང་དེའི་ནང་ལྟོ་གོས་སྡུག་རུ་ཡི་འགྲོ་ཡས་མེད་པའ་ཟེར་གྱིས་
  • བཅའ་འདྲི་བྱ་ཡུལ་
    ཡག་རུའུ་ཡི་འགྲོ་ཡས་མེད་པའ་ཟེ། ལྕོའོ་དེ་བང་ཀ་སྒང་ལ་ཡར་བཞག་པའ་ཟེ།
  • བཅའ་འདྲི་བྱ་ཡུལ་
    སྔོན་མ་ཕོ་བྲང་ཁྲལ་པ་མང་ཆེས་དེ་ད་མི་ས་བདག་གུ་དུས་༼དུད་ཁྱིམ༽བདུན་བཱ་དེ་གས་ཕར་
  • བཅའ་འདྲི་བྱ་ཡུལ་
    ཕུད་ན་མང་ཆེས་བུ་ལོན་ལེན་ཀ་རྐྱང་རྐྱང་འགྲོ་དགོས་པའ་དེས་ཝ་ལེ་ཡར་ཟེར་ཡས་ཀྱི་མི་ཚང་དེ་
  • བཅའ་འདྲི་བྱ་ཡུལ་
    བུ་ལོན་ལེན་ཀ་འགྲོ་དགོས་མ་བཱ། ད་རང་མགོ་རང་ལྤགས་ཐུམ་ཙམ་ཐུམ་ཙམ་ཡོད་པའ་མི་ཚང་དེ།
  • བཅའ་འདྲི་བྱ་ཡུལ་
    ཨོ་འདུག་ཟེ་བྱས་ནས་བཱ།
  • བཅའ་འདྲི་བ་
    གླང་ཁོག་དེ་ཡར་ལྷ་ཤམ་པོའི་སྤྲུལ་པ་ཡིན་ཟེ།
  • བཅའ་འདྲི་བྱ་ཡུལ་
    གླང་ཁོག་དེ་ཡར་ལྷ་ཤམ་པོ་ངོགས་ལ་ཡར་ཕྱིན་སོང་ཟེ།
  • བཅའ་འདྲི་བྱ་ཡུལ་
    ཁ་ཡར་ལ་བལྟས་ནས་ཡར་ཕྱིན་ནས་ཡར་ཕྱིན་སོང་ཟེ་དེ་ནས་དོན་ནེ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ནས་མཚོ་དེ་སྐམ་པའ། ཁུ་འབྲུག་རྫིང་ཟེ་མཚོ་དེ་བཱ་ཁུ་འབྲུག་རྫིང་རང་བཱ།
  • བཅའ་འདྲི་བྱ་ཡུལ་
    མཚོ་དེ་གར་ཡོད་པའ་དགུན་ཁ་དགུན་སར་དེ་ནི་ངའི་ཕོ་བྲང་གི་ཁྲལ་པ་དེ་གས་
  • བཅའ་འདྲི་བྱ་ཡུལ་
    གུ་དུད་དེ་གས་དང་སྙམས་ཆུང་སེམས་ཅན་ཆུ་སྟེར་ཡས་ཡིན་ན་ལྕག་སི་༼རྟག་པར་༽ཁ་རུ་
  • བཅའ་འདྲི་བྱ་ཡུལ་
    འཁྱགས་པར་རྒྱབ་སྡད་ཡོད་པའ་འཁྱགས་པ་སྒང་ལ་རྩེད་མོ་རྩེད་བྱས་ཕྱིན་ཆུ་སྟེར་ཀ་ཕྱིན་ན་ཕ་རུ་འགྲོ་གུ་བཱ།
  • བཅའ་འདྲི་བྱ་ཡུལ་
    ཆུ་དེ། དབྱར་ཁ་དུམ་དེ་རྫིང་དེ་ཁེངས་སྡོད་པའ། དེ་རིང་ཁ་སར་ཆུའི་རྒྱབ་དེ་གློག་ཁང་ར་དེ་རྒྱབ་དེར་ཡོད་པའ།
  • བཅའ་འདྲི་བྱ་ཡུལ་
    དེ་མཇུག་ལ་ཞིང་ལས་ཀྲག་ཀྲག་༼བར༽ལ་སློབ་སྦྱོང་བྱེད་པའི་སྐབས་དེ་ལ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ཕྱོགས་ཁ་ཤས་ནས་འཕྲུལ་ཆས་སྐོང་ཆ་བེ་ཆོ་བེ་ཡོངས་རྫོགས་དེ་མར་བླུགས་བྱས་དེ་ནི་རྫིང་དེ་རྒྱངས་སོང་། རྒྱངས་པའ།
  • བཅའ་འདྲི་བྱ་ཡུལ་
    དེའི་སྒང་ལ་མི་གཅིག་ཤི་པའ་དའ། བཅོས་བསྒྱུར་བཏང་བའི་མཇུག་ལ་ཕྲུ་གུ་གཅིག
  • བཅའ་འདྲི་བྱ་ཡུལ་
    ཆུ་སྒལ་ཀའ་བྱས་ལྡིམ་བྱས་དཀྱིལ་དེ་རུ་དེའི་མཇུག་རྫ་རྫིང་རྒྱངས་དགོས་པའའ་བྱས་དེ་ནི་
  • བཅའ་འདྲི་བྱ་ཡུལ་
    མཇུག་ལ་ཏ་གྲ་སློབ་སྦྱོང་བྱེད་པའི་སྐབས་ལ་རྫིང་དེ་རྒྱངས་པའ། ཨོ་འདུག་ཟེ་བྱས་རྫིང་དེ་རྒྱངས་སོང་།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ཡིན་ཙང་རྩེ་རང་གི་གསལ་པོ་དེ་བཤོད་ཡས་མི་འདུག་གའ།
  • བཅའ་འདྲི་བྱ་ཡུལ་
    དེ་སྔོན་མ་ངེད་ཀྱིས་ཕོ་བྲང་པ་རྒན་པས་བཤོད་ཀྱི་བཱ་ནའ།
  • བཅའ་འདྲི་བྱ་ཡུལ་
    ད་དཀོན་མཆོག་ཟེར་ཡས་གཅིག་ཡོའོ་པའ། དེའི་ཨ་རྐྱལ་དེས་ང་ལ་འོ།
  • བཅའ་འདྲི་བྱ་ཡུལ་
    ནི་ཕོ་བྲང་ཟེར་ཡས་དེ་རྩ་ཆེན་པོ་ཞེ་པོ་གཅིག་བཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    གང་ཡིན་ཟེར་ན་ཏཱ་ལའི་ལ་ཟེར་ཡས་དེ་སྔོན་མ་ཆོས་རྒྱལ་ནོར་བཟང་གིས་བྱང་ལ་
  • བཅའ་འདྲི་བྱ་ཡུལ་
    དམག་རྒྱག་ཀ་འགྲོ་དུས་ཙམ་པ་ཕོ་བྲང་ནས་ཕྱིན་པའ་ཟེ།
  • བཅའ་འདྲི་བྱ་ཡུལ་
    དེ་ཡིན་ཙང་དམག་དེ་གས་སུ་ལ་རྒྱག་ཀ་ཕྱིན་པའ་ནའ་བྱང་བདུད་ཡུལ་སྟེང་ཟེར་ཡས་དེའི་སྒྲུང་ལ་བཤོད་དགོས་ནུའུ་ཀ།
  • བཅའ་འདྲི་བྱ་ཡུལ་
    དེ་ལ་ཕྱིན་པ་ཨིན་པའ་ཟེ་ངས་སྐད་ཆ་བྲིས་པའ་པོའོ་པོ་དེ་ལ། འདུག་ཟེ་བྱས་ནས་མ་བཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    ལྷོ་ཕྱོགས་རིག་ལྡན་ཟེར་ཡས་ཀྱི་རྒྱལ་ཁབ་དེ་ཡང་བྱང་ཕྱོགས་ལྔ་ལྡན་གྱི་རྒྱལ་ཁབ་ཟེ་རྒྱལ་ཁབ་གཉིས་ཡོད་པའ་ཟེ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དོ་ཝ་གཉིས་༼དེ་གཉིས་༽ཀྱི་ཐོག་ལ་ལྷོ་ཕྱོགས་རིག་ལྡན་རྒྱལ་ཁབ་དེས་བྱང་ཕྱོགས་ལྔ་ལྡན་རྒྱལ་ཁབ་ལ་
  • བཅའ་འདྲི་བྱ་ཡུལ་
    དམག་རྒྱག་ཀ་འགྲོ་དུས་ཨོ་དེས་ཆོས་རྒྱལ་ནོར་བཟང་བཏང་པ་རེད་ཟེ་དམག་རྒྱག་ཀའ།
  • བཅའ་འདྲི་བྱ་ཡུལ་
    ཆོས་རྒྱལ་ནོར་བཟང་དམག་རྒྱབ་ནས་ཆུར་ཡོང་བ་དང་དེ་ནི་ལ་ཏཱ་ལའི་ལ་རྒྱབ་ནས་ཡོང་པཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ཡིན་ཙང་དེ་ཨ་མའི་བསུ་ཆང་གཏོང་ཀའ་འགྲོ་ཡས་དེ་ཏཱ་ལའི་ལ་ཟེར་ཡས་ཀྱི་ལ་དེ་དེ་བཱ་ཟེ་ཨོ་འདུག་ཟེ་བྱས་ནས་གནང་།
  • བཅའ་འདྲི་བྱ་ཡུལ་
    དེ་ངས་དེ་དེ་ལ་དེ་ཐག་ཉེ་པོ་ཞེ་དྲག་ནུའུ་ཀ་མ་རུ་ཕོ་བྲང་མདུན་དེ་རུ་བཱ་ནའ་ཟེ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་བསུ་ཆང་གཙང་མ་ཨ་མས་བསྟན། ཏཱ་ལའི་ལ་མོའི་རྩེ་ལ།
  • བཅའ་འདྲི་བྱ་ཡུལ་
    ཕ་མའི་བསུ་ཆང་བཏང་ཡོད། ཐ་བཤན་ཧ་རི་ནག་པོས། ཆང་ལ་གྲོ་ཡས་མི་འདུག
  • བཅའ་འདྲི་བྱ་ཡུལ་
    ད་དུང་གདན་ལ་བཞུགས་དང་། ང་གཅིག་ན་གཅིག་ཞུས་ཆོག་ཟེ་ཡི་གེ་གཅིག་ནང་ལ་ནུའུ་ཀ་ལ་དེ་ལྷ་མོ་གཅིག་གི་ནང་ལ།
  • བཅའ་འདྲི་བ་
    ཡིད་འཕྲོག་གི་རྣམ་ཐར་ལའ།
  • བཅའ་འདྲི་བྱ་ཡུལ་
    ལའ་འོ། རྣམ་ཐར་ནང་ལ་ཨོ་དེ་ཞུ་དུས་ཙམ་པ་དེ་ནས་ཚུར་ཕོ་བྲང་ལ་ཡོང་ནས་དེ་ཕོ་བྲང་འོང་སྐོར་བཏང་བཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    འོང་སྐོར་བཏང་ནས་ཕོ་བྲང་ལ་རྟ་རྒྱུགས་ཡས་དེ་ཨོ་དེ་
  • བཅའ་འདྲི་བྱ་ཡུལ་
    ཆོས་རྒྱལ་ནོར་བཟང་བྱང་ལ་དམག་རྒྱབ་ནས་དམག་དེ་ཐོབ་ནས་ཚུར་ལོག་
  • བཅའ་འདྲི་བྱ་ཡུལ་
    ཕེབས་པ་དང་ཕོ་བྲང་རྟ་རྒྱུགས་ཡས་དེ་ཨོ་དེ་ནས་བྱུང་།
  • བཅའ་འདྲི་བྱ་ཡུལ་
    ཕོ་བྲང་ལ་འོ་འོང་སྐོར་གཏོང་རིམ་ཞི་ནས་རྟ་རྒྱུགས་དགོཔས་བཱ།
  • བཅའ་འདྲི་བྱ་ཡུལ་
    ད་རྟ་དེ་ཡི་ཁྲལ་རང་མ་བཱ། མི་སེར་རྐྱང་རྐྱང་གི་ཁྲལ་མ་བཱ།
  • བཅའ་འདྲི་བྱ་ཡུལ་
    གཞི་གོང་ནས་རྟ་པ་གསུམ་དང་གཞི་འོག་ནས་རྟ་པ་གཉིས་དེ་མི་སེར་རྟ་ཡོད་པ་དེ་གས་ཀྱི་རྟ་རྒྱུགས་བྱས།
  • བཅའ་འདྲི་བྱ་ཡུལ་
    ཕོ་བྲང་འོང་སྐོར་འདུག་ཟེ་བྱས་ནས་གཏོང་གི་ནུའུ་ཀའ།
  • བཅའ་འདྲི་བྱ་ཡུལ་
    སྔོན་མ་ཆོས་རྒྱལ་མེས་ཨག་ཚོམ་ལ་སྲས་གཉིས་ཡོད་པའ་སྲས་གསུམ་ཡོད་པའ་ཟེ་ཟེར་ཚུལ་ནུའུ་དེ་
  • བཅའ་འདྲི་བྱ་ཡུལ་
    སྲས་ཆུང་བ་དེ་གའེ་༼ག་པར་༽ཕྱིན་ན། སྲས་འབྲིང་བ་དེ་འཕན་ཐང་འོང་སྐོར་ཟེར་ཡས་དེ་ལ་ཕྱིན་པ་རེད་ཟེ།
  • བཅའ་འདྲི་བྱ་ཡུལ་
    འཕན་ཐང་ལ། ད་དངོས་སུ་བྱས་ན་ཕབ་ཐང་ཟེ་གུ་བཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    སྲས་དེ་རྟ་གས་མ་རུ་གཡུག་བྱས་བྱས་འོང་སྐོར་ཕྱིན་ཤི་བཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་དུས་དེའི་མིང་ལ་དེ་རིང་ཁ་སང་ན་ག་རི་ཟེ་པའ།
  • བཅའ་འདྲི་བྱ་ཡུལ་
    དེ་རུ་ཤི་བཱ་ཟེ་གང་ཡིན་ཟེར་ན་དེ་རུ་ཡོད་པའི་མཆོད་རྟེན་གཅིག་སྔར་མ་བྱས་ན་མཆོད་རྟེན་གཅིག་ཡོད་དའ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་རྒྱ་ནག་ལ་དེ་གནམ་སྡེ་སྒོ་མོ་ཆེའི་ཚོགས་ཁང་ནང་བཞིན་བཱ་ཟེ་བཟོ་ལྟ་དེ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་བོད་ཀྱི་ལྷ་་གཙུག་ར་པོ་གཙུག་གཙུག་མི་འདུག་གའ། ལྷ་གཙུག་དེ་ཐེར་ཐེར་བྱས་ནི་རྒྱབ་ནུའི་ཀའ།
  • བཅའ་འདྲི་བྱ་ཡུལ་
    སྒོ་དེ་ཆེན་པོའི་བྱས་ནས་རྒྱབ་བྱས་ཨོ་དེ་མཆོད་རྟེན་གཅིག་ཡོད་པའ་ཟེ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ལ་སྔོན་མ་ཕོ་བྲང་གཞིས་ཀ་དེ་ཆོས་རྒྱལ་མེ་ཨག་ཚོམ་ལ་འགྲོ་གི་ཡོད་པའ་ཟེ་ཨོ་འདུག་ཟེ་བྱས་ནས་བཤོད་ཀི་ནུའུ་ཀ་དེ།
  • བཅའ་འདྲི་བྱ་ཡུལ་
    ངས་དྲན་པ་ལ་ང་ཆེར་མ་ལུང་པ་ལ་གཡོག་ལ་སྡོད་དུས་ཨོ་དེ་འོང་སྐོར་དེ་དེའི་ཉིན་པར་གཏོང་པའ།
  • བཅའ་འདྲི་བྱ་ཡུལ་
    ཟླ་བ་ལྔ་པའི་ཉི་ཤུ་བརྒྱད་ཡིན་ན་གཅིག་ལ་གཏོང་གིས།
  • བཅའ་འདྲི་བྱ་ཡུལ་
    འོང་སྐོར་ཉིན་པ་དེ་ཕོ་བྲང་གཞིས་ཀའི་སྐུ་ངོས་ཐད་ཀྱི་མི་འདུག་དགེ་བ་དེ་འགྲོ་གིས་།
  • བཅའ་འདྲི་བྱ་ཡུལ་
    ཕོ་བྲང་གཞིས་ཀའི་དགེ་བ་དེ་འགྲོ་ཡས་ཉིན་པའ་དེ་ཨོ་འདུག་ཟེ་གྲ་སྒྲིག་ར་དེ་བྱས་ནས་གདན་ལྕོག་ར་གཅིག་རྒྱབ།
  • བཅའ་འདྲི་བྱ་ཡུལ་
    དེ་ཚེར་མ་ལུང་ཀ་སེམས་ཅན་གསོད་མཁན་དེ་འགྲོ་གིས་། ཨོ་དེ་ལ་གདན་གོ་གདན་ར་གཅིག་རྒྱབ་།
  • བཅའ་འདྲི་བྱ་ཡུལ་
    ཡང་ལྕོག་ཙེ་གསར་ལྕོག་དམར་པོ་གཅིག་རྒྱབ་བྱས་།
  • བཅའ་འདྲི་བྱ་ཡུལ་
    གདན་དང་ལྕོག་རྩེ་ལ་མཐོ་དམན་ར་གཅིག་ཨོ་འདུག་ཟེ་རྒྱབ་བྱས་སྡོད་ཀྱིས་འཕན་ཐང་ལྷ་དེ་གསོལ་བའི་ཉིན་པ་དེ།
  • བཅའ་འདྲི་བྱ་ཡུལ་
    ཨོ་འདུག་ཟེ་བྱས་ནས་བྱེད་ཀྱིས།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་སྔོན་མ་བྱས་ནས་ཨོ་དེ་ནི་ཆོས་རྒྱལ་མེ་ཨག་ཚོག་སྲས་གཅིག་མ་རུ་འོང་སྐོར་གཏོང་དུས་ཟེར་ཡས་བྱས་ན་དེ་ནི་
  • བཅའ་འདྲི་བྱ་ཡུལ་
    རྟའི་སྒང་ནས་གཡུག་ནས་ཤི་པཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    འཕན་ཐང་མ་བཱ་ཟེ་ཕབ་ཐང་ཟེར་ན་གཅིག་བཱ་ཟེ་ཁོང་ཚོས་བཤོད་སྲོལ་ཨོ་འདུག་ཟེ་བྱས་ཁག་གཅིག་གིས་བཤོད་པཱ།
  • བཅའ་འདྲི་བྱ་ཡུལ་
    ད་དེ་མིས་བཤད་པ་དེ་ངས་ཁ་རྒྱུན་དེ་འདི་རུ་བཤོད་ཀ་བྱས་འདུག་ཟེ་བྱས་ནས་བཱ།
  • བཅའ་འདྲི་བྱ་ཡུལ་
    རི་དེའི་མིང་ལ་ཨེ་ནི་ན་ག་རི་ཟེར་བཱ། དེ་རིང་ཁ་ས། ན་ག་རི་ཟེར་ཡས་གྱི་རི་དེ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་འཕན་ཐང་ཟེར་ཡས་ཀྱི་མི་ཚང་དེ་དུས་སྔོན་མ་མི་ཚང་བཅུ་དྲུག་ཡིན་ན་གཅིག་ལས་མེད་པའ།
  • བཅའ་འདྲི་བ་
    དེང་སང་བཞུགས་ཡོའོ་རེད་པཱ།
  • བཅའ་འདྲི་བྱ་ཡུལ་
    ལགས།
  • བཅའ་འདྲི་བ་
    བཞུགས་ཡོའོ་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    ཕ་གར་བཞུགས་ཡོད་རེད་ལོའོ།
  • བཅའ་འདྲི་བ་
    ན་ག་རི་ཟེར་ཡས་དེ།
  • བཅའ་འདྲི་བྱ་ཡུལ་
    ན་ག་རི་ཟེར་ཡས་ཀྱི་རི་དེ་དེ་རིང་ཁ་སང་བལྟས་བ་དང་ཕོ་བྲང་ནས་བལྟས་ན་བྱང་མ་རུ་མཐོང་པའ་རི་དེ།
  • བཅའ་འདྲི་བ་
    དེང་སང་ད་ག་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    བཱ་ལགས། ན་ག་ར་ཟེར་བཱ། རི་དེའི་མིང་ལ་།
  • བཅའ་འདྲི་བྱ་ཡུལ་
    ན་ག་རི་ན་ག་རི་ཟེར་ནུའུ་ག་དེ་རི་དེ་འཛམ་དེ་རུ་ཀུང་ཀ་དེ་ནུའུ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་སྔོན་མ་སྐུ་ཁོག་ལྷ་ཕེབས་མཁན་གཅིག་ཡོད་པཱ་ལགས། དེ་རུ་ལྷ་ལྷ་ཕེབས་མཁན་དེ་ཨ་ཅེ་བཱ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ལྷ་དེ་ཕེབས་པའི་ཉིན་པའ་དེ་སྤུ་རི་ནང་ལ་སེ་ར་ཀྱི་སྐུ་ཁོག་གཅིག་ཡོད་དཱ།
  • བཅའ་འདྲི་བྱ་ཡུལ་
    ཕེབས་ཀྱི་བཱ་དེ་ལ།
    {***}
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་དང་ཁོང་གཉིས་རྔ་རྒྱག་དུས་གུ་ནས་ཞེ་སྡང་དེ་ཞེ་དྲག་ཡོད་པཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    དེ་རིང་འཕན་ཐང་འོང་སྐོར་བཱ་ཟེར་ན་སྤུ་རི་རྫོང་བཙན་པས་ལམ་སེང་སེ་ར་གཏོང་བཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    དེ་རིང་སྤུ་རི་བཀྲ་ཤིས་སྨོན་ལམ་བཱ་ཟེར་ན་འཕན་ཐང་སྐུ་ཁོག་དེས་ཡར་ལམ་སང་སེར་ར་བབས་ཀྱི་བཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    ཁོང་གཉིས་སོ་སོའི་མཐུ་ཡི་ཐོག་ལ་ཁ་ཐེག་རྟག་ལ་མ་སོང་འཁེལ་བསྡད་ཡོད་པཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    ཨོ་འདུག་ཟེ་བྱས་སྔོན་མ་བཤོད་པཱ་ད་དེ་རིང་བཀྲ་ཤིས་སྨོན་ལམ་བཱ་ཟེ་ཆར་པ་གཏོང་གི་བཱ་ཟེ་དགོང་དག༼དགོང་དྲོ༽
  • བཅའ་འདྲི་བྱ་ཡུལ་
    ཨ་ལུའུ།༼ཡག་པོ༽མ་བྱས་ན་ཆུ་དོན་གྱི་བཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    ད་དེ་རིང་འཕན་ཐང་འོང་སྐོར་བཱ་ཟེ་དེ་རིང་ཆར་པ་གཏོང་བཱ་སེར་གཏོང་གྲབས་ཡོད་པའའ་ཟེ་ཨོ་འདུག་སེ་བྱས་བཤོད་ཀྱིས་།
  • བཅའ་འདྲི་བྱ་ཡུལ་
    ཆར་པ་ར་དེ་བབས་རེས་བྱེད་ཀ་ར་དེ།
  • བཅའ་འདྲི་བྱ་ཡུལ་
    སྐུ་ཁོག་གཉིས་ཀྱི་ད་སོ་སོའི་མཐུའི་ཐོག་ནས་མི་ཕར་ཚུར་གཅིག་གིས་གཅིག་ལ་ཞེ་སྡང་ར་གཅིག་བྱེད་ཀྱི་ཡོད་ཀྱོ་བཱ།
  • བཅའ་འདྲི་བྱ་ཡུལ་
    ཨོ་འདུག་ཟེ་བྱས་ནས་འདུག་གཱ
  • བཅའ་འདྲི་བ་
    འཕན་ཐང་འོང་སྐོར་དང་རྟགས་ཅན་སྨོན་ལམ་གཉིས་གཅིག་ལ་རེད་པས་ལོའོ།
  • བཅའ་འདྲི་བྱ་ཡུལ་
    ཉིན་མ་གཅིག་མ་བཱ་ལོའོ། རྟག་ཅན་སྨོན་ལམ་དེ་ཟླ་བ་དུག་པའི་ཚེས་པ་བཅོ་ལྔ་ལ་བཱ།
  • བཅའ་འདྲི་བྱ་ཡུལ་
    ཟླ་བ་དྲུག་པའི་ནང་ལ་འཁེལ་བཱ། འཕན་ཐང་འོང་སྐོར་དེ་ཟླ་བ་ལྔ་པའི་ནང་ལ་བཱ།
  • བཅའ་འདྲི་བྱ་ཡུལ་
    ད་ད་ལོ་སྙེ་མ་ཡང་ཤར་མི་འདུག་གཱ་སྔོན་མ་འཕན་ཐང་འོང་སྐོར་གཏོང་དུས་སྙེ་མ་ཤར་དགོས་བཱ་དེ།
  • བཅའ་འདྲི་བྱ་ཡུལ་
    ད་སྔོན་མའི་དུས་ཚོད་དེ་ལ་དཔེ་རང་གཏོང་གི་མི་འདུག་གཱ་དེ་རིང་ཁ་སང་།
  • བཅའ་འདྲི་བྱ་ཡུལ་
    སྔོན་མ་ཡིན་ན་ད་ཕོ་བྲང་གི་ཆོས་རྒྱལ་མེ་ཨག་ཚོམ་གྱི་མི་ཕོ་བྲང་འོང་སྐོར་གཏོང་དུས་ཙམ་པ་
  • བཅའ་འདྲི་བྱ་ཡུལ་
    དེ་ལྷ་རུ་ནས་ལྷ་རུ་དཔལ་དཀར་ར་ཟེར་ཡས་དེ་ལྷ་དེ་གདན་འདྲེན་ཞུ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    ཁོ་རང་བྲག་ཅོག་རྩེ་ཡ་རུ་སྐུང་ཀ་བྱས་ཡོད་བཱ།
  • བཅའ་འདྲི་བྱ་ཡུལ་
    དེ་རུ་གདན་འདྲེན་ཞུས་ནས་དེ་ནི་འོང་སྐོར་ཙ་ནི་དུས་ཚོད་ག་ལ་གཏོང་དགོས་དང་མ་དགོས་དེ་
  • བཅའ་འདྲི་བྱ་ཡུལ་
    བཀའ་འདྲི་ཞུས་ལྷ་དེ་ལ་དེས་ལྷ་དེས་དུས་ཚོད་ནི་ལ་གཏོང་ཟེར་ཟེར་བཱ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་མ་ནས་ག་དུས་ག་དུས་དོན་དགོས་མེད་རྟ་ག་དུས་ག་དུས་རྒྱུགས་དགོས་མེད་ཟེར་ཡས་དེ་གས་
  • བཅའ་འདྲི་བྱ་ཡུལ་
    དེ་དུམ་དེ་ད་ལྟ་ལྷ་རུ་དེ་རུ་བདེ་ཆེན་ཁང་བཟང་ཟེར་ཡས་ཀྱི་རྒན་པོ་ཅིག་ཡོད་དའ།
  • བཅའ་འདྲི་བྱ་ཡུལ་
    སྔོན་མ་བྱས་ན་སྣེ་གདོང་རྫོང་གི་འབོ་གའ་བཱ། འབོ་རྒྱག་མཁན་གཅིག་ཇོ་ལགས་གཅིག
  • བཅའ་འདྲི་བྱ་ཡུལ་
    གྲེ་ཀྲང་ལགས་ཟེ་དགུང་ལོ་བདུན་ཅུ་དོན་གསུམ་ལོ་དེ་ལ་བཤགས་སོང་།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་གི་དེ་ཆོས་རྒྱལ་ཕོ་བྲང་གི་དེ་འོང་སྐོར་གྱི་ཉིན་པ་དེ་ཨོ་དེས་ཡི་གེ་གཅིག་
  • བཅའ་འདྲི་བྱ་ཡུལ་
    འཁུར་སླེབས་ཀའ་ཡི་གེ་གན་རྒྱའི་ཟོ་རའ་༼འདྲ་བ༽པག་ཙི་གཅིག་༼ཆེན་པོ་གཅིག༽འཁུར་ཡོང་
  • བཅའ་འདྲི་བྱ་ཡུལ་
    དེ་རྡོ་གཅལ་དཀྱིལ་ཡ་རུ་ཁོང་འདྲས་ལྕོག་རྩེའི་སྒང་དེ་རུ་སྦག་ལྕོག་གཅིག་དེའི་སྒང་དེ་རུ་གདན་བཟང་
  • བཅའ་འདྲི་བྱ་ཡུལ་
    ཀ་གྲུ་བཞི་གཅིག་དེའི་སྒང་ནས་ལངས་ནས་བྱས་ནི་དེ་ནི་དེ་རིང་ཆོས་རྒྱལ་ཕོ་བྲང་གི་
  • བཅའ་འདྲི་བྱ་ཡུལ་
    གཡང་བསྐོར་ཆེན་མོ་རེད་ཟེ་ཨོ་དེ་ཉིན་པ་དེ་སྣ་ལ་དཔེར་ཆ་ན་ལྷ་ག་དེ་ག་དེ་ཡོད་མེད་དེ་གས་
  • བཅའ་འདྲི་བྱ་ཡུལ་
    དེའི་འཇུག་ལ་དེ་ནས་གསང་འབུལ་མཁན་ནས་གསང་ཁུག་ནས་ཡོངས་སུ་རྫོགས་པ་དེ་རྩིས་བཤར་གཏོང་གི།
  • བཅའ་འདྲི་བྱ་ཡུལ་
    དེའི་མཇུག་རྩ་དེ་ལ་རྟ་པ་དེ་གས་རྩིས་བཤར་བཏང་ཨོ་འདུག་ཟེ་བྱས་ནས་བྱེད་ཀྱིས།
  • བཅའ་འདྲི་བྱ་ཡུལ་
    དེ་དགོང་དག་དེ་ཐང་རྒྱུགས་གང་ལ་རྟ་དེ་རྒྱུགས་བཅུག་པའ།
  • བཅའ་འདྲི་བྱ་ཡུལ་
    རྟ་དེ་ཐང་ཆེ་ཀྱི་ཕོ་བྲང་གཞིས་ཀར་གུར་རྒྱབ་ཕོ་བྲང་གཞིས་ཀར་ཡ་རུ་ཡོང་།
  • བཅའ་འདྲི་བྱ་ཡུལ་
    རྟ་དེ་འོ་ཐང་ཆེ་སྒང་ལ་རྒྱུགས་པཱ་ནཱ་སྔ་མ་ནས་།
  • བཅའ་འདྲི་བྱ་ཡུལ་
    ད་ཐང་ཆེ་སྒང་དེ་ལ་སྔོ་ན་མ་ཡིན་ན་ཡ་རུ་ཡོ་འབོག་སྡོང་ཁོག་གཅིག་ཡོ་འབོག་སྡོང་ཁོག་བཞི་ནུའུ། ཆེན་པོ་བྱས།
  • བཅའ་འདྲི་བྱ་ཡུལ་
    ཡོ་འབོག་སྡོང་ཁོག་ཀྲག་མ་ནས་ཡར་དེ་ནི་དར་ལྕོག་དེ་ཡོ་འབོག་སྡོང་ཁོག་ལ་ཡར་བླུགས་བཞག།
  • བཅའ་འདྲི་བྱ་ཡུལ་
    དར་ལྕོག་གི་ཡོ་འབོག་སྡོང་ཁོག་གི་བཏགས་དེ་རྟ་པ་དེ་གས་གློད་གི་ནུའི་གཱ།
  • བཅའ་འདྲི་བྱ་ཡུལ་
  • བཅའ་འདྲི་བ་
    རྟ་ཕོ་རྒྱུགས་པའི་སྐབས་ལ་ཡཱ་རྟ་ཕོ་ཚོས་དེ་བེད་སྤྱོད་བྱ་གི་རེད་པས།
  • བཅའ་འདྲི་བ་
    རྟས་སྒ་བེད་སྤྱོད་བྱ་གི་རེད་པས།
  • བཅའ་འདྲི་བྱ་ཡུལ་
    རྟས་སྒ་རྒྱབ་རྡོ་གཞུ་ས་བདག་འཁུར་བྱེད་ཀྱི་ཡོད་པཱ་ལའོ། དེ་ནི་གོང་མ་བྱས་ཡོད་པཱ།
  • བཅའ་འདྲི་བྱ་ཡུལ་
    གོང་མ་ཟེར་ཡས་དེ་སྔོན་མ་རྩིས་ཡས་གཅིག་ནུའུ་ཀའ་ལགས། ལྷ་ཕེབས་དུས་གོང་མ་ཟེར་ཡས་དེ་།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ཕོ་བྲང་གི་གོང་མ་ཟེར་ཡས་དེ་གོས་ཟས་གྱོན་ནས་འཁྲབ་ཆས་ར་དེ་གྱོན་། གྲི་རིང་གུ་ར་དེ་འཁུར།
  • བཅའ་འདྲི་བྱ་ཡུལ་
    ལག་པ་ལ་ཕོམ་ར་དེ་འཁུར་བྱས་ནས་སྔོན་མ་ཆོས་རྒྱལ་གྱི་དེ་ལོ་རྒྱུས་ཐོག་ལ་ཨོ་དེ་རྩེད་གུ་བཱ་ཟེར་ཀ་
  • བཅའ་འདྲི་བྱ་ཡུལ་
    གོང་མ་ཟེར་ཡས་གཅིག་རྩེད་ཡས་ནུའུ་ཀཱ།
  • བཅའ་འདྲི་བྱ་ཡུལ་
    སྟོད་ཐུང་དེ་ལྕགས་ཀྱི་ལྕགས་མིག་རྐྱང་རྐྱང་གོན་པའི་སྟོད་ཐུང་ཁྲོབ་ར་དེ་གོན་བྱས།
  • བཅའ་འདྲི་བ་
    འཁྲབ་མིག་
  • བཅའ་འདྲི་བྱ་ཡུལ་
    འཁྲབ་མིག་གོན་ཡས་དེ་སྔོན་མ་བྱས་ན་ཁྲོས་པ་སྒོ་ཚང་གང་གའི་ནང་ལ་ནུའུ་ཀ་དེ།
  • བཅའ་འདྲི་བྱ་ཡུལ་
    ཁྲོབ་ལ་ལྤགས་པའི་སྟེང་ལ་ཁྲོན་ནུ་ཟི་བྱས་ཁྲབ་མིག་སྦྱར་ཀྱོ་ར་དེ་།
  • བཅའ་འདྲི་བྱ་ཡུལ་
    ལྕགས་ཀྱི་ཞ་མོ་བྱས་ལྕགས་ཀྱི་ཞ་མོའི་ལྡེབས་ལ་དར་ལྕོག་ར་དེ་གསུམ་བཙུགས།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་སྦྱག་མ་ཟོ་ར་རྩྭའི་ཟོ་ར་སྒོར་སྒོར་སླ་ང་ཙ་གཅིག་གི་དེ་གཉིས་འཁུར་ནུ་ཀཱ།
  • བཅའ་འདྲི་བྱ་ཡུལ་
    ལག་པ་ལ་གཅིག་དང་སྒལ་པ་ལ་གཅིག་སྦྱར་བྱས་འཁུར་སླེབས་ཀྱི་ནུའུ་ཀཱ་དེ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་མཉམ་པོ་འཁུར་རྩི་དེ་ཨོ་འདུག་ཟི་བྱས་རྩིས་ཀྱི་ཡོད་རུའུ།
  • བཅའ་འདྲི་བྱ་ཡུལ་
    ཕོ་བྲང་འོང་སྐོར་ལ་གོང་མོ་དེ་གས་ཡོང་དེ་གོང་མོ་དེ་གས་འཁུར་རྩེད་དེ་རྩི་གཱ།
  • བཅའ་འདྲི་བ་
    དེ་གོང་མོ་འཁྲབ་མཁན་བུ་རེད་བུ་མོ་རེད།
  • བཅའ་འདྲི་བྱ་ཡུལ་
    བུ་རྐྱང་རྐྱང་བཱ། ཁྲལ་པ་རྐྱང་རྐྱང་བཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    བུ་རྐྱང་རྐྱང་བཱ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་བྱས་རྩིས་བྱས་ནི་འོང་སྐོར་ལ་རྩི་གིས་དེ།
  • བཅའ་འདྲི་བྱ་ཡུལ་
    ད་དེ་རིང་ཁ་ས་གོང་མོ་རྩིས་བྱས་ག་ཡེ་མེད་པོའོ། གོས་ཟས་ཡི་བསྡད་པ་ཟི་མེད་པཱ་ལའ།
  • བཅའ་འདྲི་བྱ་ཡུལ་
    ཁ་ཤས་གོས་ཟས་ལྕགས་རྨའོ་དེ་སྐྱོགས་བཟོས་བཞག་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ཁ་ཤས་ཁ་ཤས་བསྡད་ནུའུ་མེ་ཞུས། གཞན་བསྡད་མི་འདུག་གོ།
  • བཅའ་འདྲི་བ་
    པ་ལགས་ཐུགས་དྲན་སོས་དུས་དེ་ཚེ་ཚང་མ་འཁྲབ་ཀྱི་ཡོད་རེད་པས།
  • བཅའ་འདྲི་བྱ་ཡུལ་
    ལགས།
  • བཅའ་འདྲི་བ་
    སྔོན་མ་ཐུགས་དྲན་སོས་པའི་སྐབས་ལ་ཡ་འཁྲབ་ཀྱི་འདུག་གཱ།
  • བཅའ་འདྲི་བྱ་ཡུལ་
    འོ་ལགས། ནུའུ།
  • བཅའ་འདྲི་བྱ་ཡུལ་
    ཨོ་འདུག་ཟེ་བྱས་སྔོན་མ་དེ་འཁྲབ་ཀྱིས་སྔོན་མ་ང་ཚེར་མ་ལུང་པར་གཡོག་བྱས་བསྡོད་དུས་ཙམ་པ་
  • བཅའ་འདྲི་བྱ་ཡུལ་
    ཨོ་འདི་ཞེ་དྲག་འཁྲབ་ཀྱི་བཱ་དེ་འཁྲབ་མཁན་ཡོད་པོ། གོང་མོ་གོང་མོ་བྱས་གོང་མོའི་དགེ་རྒན་དགེ་རྒན་བྱས་ནུའུ་ཀ་མི།
  • བཅའ་འདྲི་བྱ་ཡུལ་
    དེ་མི་ན་ལྷ་རུ་དཀར་ཡི་ན་མར་གོང་མོ་མི་ཐེངས་བཅུ་ཐམ་པ་ཡོད་པ་འདྲ།
  • བཅའ་འདྲི་བྱ་ཡུལ་
    གོང་མོ་མི་ཐེངས་བཅུ་ཐམ་པ་དེ་ཟླ་བ་དྲུག་པའི་ཉི་ཤུ་བརྒྱད་དང་དགུ་ལ་ལྷ་རུ་དཀར་ཡས་བཱ།
  • བཅའ་འདྲི་བྱ་ཡུལ་
    ལྷ་རུ་དཀར་ཡས་ཟེར་ཡས་དེ་གང་ལགས་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    ཕོ་བྲང་གི་ཁྱི་ཟུར་ཡར་འདབ་དང་ཡ་གི་དཀར་ཟུར་འགྲོ་ཟམ་མར་འདབས་ཟེར་ཡས་དེ་
  • བཅའ་འདྲི་བྱ་ཡུལ་
    ལྷ་དེ་གས་ཡ་རུ་ལྷ་སྡུད་རྒྱག་གུ་བཱ།
  • བཅའ་འདྲི་བྱ་ཡུལ་
    དེའི་ཉིན་པ་དེ་དང་ཐོག་དེ་རྒྱལ་པོ་དཔལ་དཀར་ར་ཕེབས་པཱ། དཔལ་དཀར་ར་དེ་ལྷ་རུ་དཔལ་དཀར་ར་དེ་།
  • བཅའ་འདྲི་བྱ་ཡུལ་
    དཔལ་དཀར་ར་དེ་འོང་སྐོར་གླིང་སྐོར་ལ་འཁྱིལ་དེ་ཁ་ལ་རྟ་དེ་བཞོན་བྱས་ལྷ་རང་བཱ་ནཱ་མི་རང་བཱ་ནཱ་ལྷ་དེ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་རྟ་དེ་བཞོན་བྱས་སྐོར་ར་ནུ་བྱས་སྐོར་ཡོང་དེ་ནི་ལྷ་རུ་དེའི་བྱེ་ཐང་སྦུག་ཟེར་ཡས་དེ་རུ་
  • བཅའ་འདྲི་བྱ་ཡུལ་
    དེ་རིང་ཁ་ས་ཡུར་བུ་ས་མཐོ་ཟེར་ཡས་དེ་གའི་ཁ་ཐུག་དེའི་བྱེ་མ་ནུའུ་ཀཱ། བྱེ་མའི་རི་གཅིག
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་བྱེ་མའི་རི་དེ་རྩ་བ་ཆེན་པོ་ཞིབ་བཱ།
  • བཅའ་འདྲི་བྱ་ཡུལ་
    གང་ཡིན་ཟེར་ན་རི་དེའི་སྦུག་དེ་རུ་ལྷ་རུ་སྨན་རྒྱལ་གྱི་བྲག་ཕུག་དེ་རི་དེའི་ལྡེབས་དེ་རུ་ཡོད་པཱ།
  • བཅའ་འདྲི་བྱ་ཡུལ་
    ལྷ་རུ་སྨན་པའི་རྒྱལ་པོ་ཟེར་ན་ཨོ་དེ་བྱེ་མའི་རི་དེའི་ནང་ཁུག་ནས་ཚུར་བཏོན་པཱ། ལྷ་རུ་སྨན་རྒྱལ་།
  • བཅའ་འདྲི་བྱ་ཡུལ་
    ད་དེ་རིང་ཁ་སང་སྨན་རྒྱལ་དེ་སྔོན་མ་ངེད་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་བའི་ཁ་ཐུག་
  • བཅའ་འདྲི་བྱ་ཡུལ་
    ལྷ་རུ་སྨན་རྒྱལ་གདན་འདྲེལ་ཞུ་དགོས་བཱ་ཞུ་དགོས་བཱ་ཟེར་དུས་ཙམ་པཱ།
  • བཅའ་འདྲི་བྱ་ཡུལ་
    ལྷ་རུ་དེ་རུ་དཔོན་པོ་གཅིག་དང་ངེད་ཀྱི་སྣེ་གདོང་ལ་ཚོགས་འདུ་གཅིག་ལ་ཡོང་དུས་ཆུ་འཁོར་བ་ཡོད་པ་ལགས།
  • བཅའ་འདྲི་བྱ་ཡུལ་
    སྣེ་གདོང་ཆུ་འཁོར་བ། ཆུ་འཁོར་བའི་ལས་གྲོགས་དེ་ལྷོ་ཁའི་ཕ་རུ་ཆབ་གྲོས་ཀྱི་འགོ་འཁྲིད་བཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    ཨུ་ཡོན་བཱ་དེ་དབང་ག་ཡེ་མི་འདུག་གཱ
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ལ་ངེད་ཀྱིས་དེ་ནི་ལྷ་རུ་སྨན་རྒྱལ་དེ་དང་ཤེལ་བྲག་སློབ་དཔོན་རིན་པོ་ཆེ་དེ་ཕར་ནས་ཕ་ལ་
  • བཅའ་འདྲི་བྱ་ཡུལ་
    ཞོལ་ལས་ཁུངས་ལ་ལྷའི་དཀྱིལ་ལ་ཡོད་ན་།
  • བཅའ་འདྲི་བྱ་ཡུལ་
    ཁྱེད་འདྲས་ཕ་རུ་ཞོལ་ཆབ་གྲོས་ལས་ཁུངས་སྙན་སེང་ཞུ་རོགས་གནང་ཞུ་རོགས་།
  • བཅའ་འདྲི་བྱ་ཡུལ་
    དེ་ཞུས་ན་དེ་ལོ་རྒྱུས་བཤོད་ཡས་དགོས་པཱ་ཟེ་སྔོན་ལ་གཅིག་ནས་གཉིས་ནས་གན་རྒྱ་དགོས་པཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    དེ་ལྷ་རུ་ཨོམ་པ་དེ་གན་རྒྱ་བཟོས་ནས་ལོ་རྒྱུས་དེ་གས་བྱས་ནས་ཕར་འགྲོ་དུས་ཙམ་པ།
  • བཅའ་འདྲི་བྱ་ཡུལ་
    ཕ་ནས་ཚུར་གསོལ་རས་བསྐྱངས་བ་དེ་ལ་ཞོལ་ལས་ཁུངས་ཟེར་ར་གཅིག་སྔོན་ལ་
  • བཅའ་འདྲི་བྱ་ཡུལ་
    ཤེལ་བྲག་སློབ་དཔོན་རིན་པོ་ཆེ་དེ་དང་ལྷ་རུ་སྨན་རྒྱལ་དེ་ཚེར་གདན་འདྲེན་ཞུས་ནས་
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་སློབ་དཔོན་རིན་པོ་དེ་ཐད་མི་འདུག
  • བཅའ་འདྲི་བྱ་ཡུལ་
    གང་ཡིན་ཟེར་ན་སྔོན་མ་ངེད་ཀྱི་ཤེལ་བྲག་མཇལ་ག་འགྲོ་དུས་ཐོད་པའི་དཀྱིལ་ནུའུ་རུ་རྡོ་རྗེ་ཕ་ལམ་གྱི་ཁྲ་ཤེལ་གཅིག་ཡོད་པཱ།
  • བཅའ་འདྲི་བྱ་ཡུལ་
    སློབ་དཔོན་རིན་པོ་ཆེ་ལ། དེ་རིང་ཁ་སང་དེ་མིན་འདུག་དེ་ད་ད་ལྟ་དེའི་ཁྲ་འབྲུག་ལ་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ཁྲ་འབྲུག་མཆོད་ཁང་སྟེང་ཡ་རུ་མུ་ཏིག་ཐང་ག་ཡོད་སའི་ལོག་དེ་རུ་ཡོད་པོའོ་སློབ་དཔོན་རིན་པོ་ཆེ་དེ།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ནས་ལྷ་རུ་སྨན་རྒྱལ་དེ་ཁྲ་འབྲུག་ནས་ངེད་ཀྱི་འུམ་བུ་༼ཡུམ་བུ་བརླ་ཁར༽ལ་གདན་འདྲེན་ཞུས་པཱ།
  • བཅའ་འདྲི་བྱ་ཡུལ་
    དེ་ཡུམ་བུ་ནས་ཕོ་བྲང་ལྷ་རུ་ལ་ཡ་གདན་འདྲེན་ཞུ་ཡས་བྱས་དེ་མཇུག་ལ་རྨོངས་དད་ཀྱི་
  • བཅའ་འདྲི་བྱ་ཡུལ་
    བྱེད་སྒོ་དེ་ཞེ་དྲག་སྤེལ་མི་ཆོག་པ་ཡིན་ཙང་གང་ག་དེ་དམ་དེ་ཚོ་བྱས་བ་ཡིན་ཙང་དེ་ཡུམ་བུ་ནས་གདན་འདྲེན་ཞུ་ཐུབ་མ་སོང་།
  • བཅའ་འདྲི་བྱ་ཡུལ་
    དེ་རིང་ཁ་སང་ད་ཡུམ་བུ་ལ་བཞུགས་ཡོའོ་ལགས་ལྷ་རུ་སྨན་པའི་རྒྱལ་པོ་དེ་།
  • བཅའ་འདྲི་བྱ་ཡུལ་
    སྨན་རྒྱལ་རང་འཁྲུངས་ས་ར་དེ་འཕྱོངས་རྒྱས་ནས་འཁྲུངས་པཱ། སྨན་རྒྱལ་རང་དེ།
  • བཅའ་འདྲི་བྱ་ཡུལ་
    འཕྱོངས་རྒྱས་རྒྱལ་མོའི་ནང་ལ་འཁྲུངས་པ་དང་འཕྱོངས་རྒྱས་རྒྱལ་མོའི་ནང་ལ་
  • བཅའ་འདྲི་བྱ་ཡུལ་
    རྒྱལ་མོ་ཤར་རིའི་ལྡེབས་དེ་རུ་སྨན་ལྷ་བདེ་གཤེགས་བརྒྱད་བཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    སྨན་ལྷ་བདེ་གཤེགས་བརྒྱད་ནང་ནས་འོ་དེ་རྒྱལ་མོ་ཤེལ་རིའི་འདེབས་ལ་འཁྲུངས་པ་དང་
  • བཅའ་འདྲི་བྱ་ཡུལ་
    དེ་ནི་འཕྱོངས་རྒྱས་རྡོ་ཨུ་ཁ་ཟེར་མི་ཚང་ཆེན་པོ་གཅིན་ནུའུ་ཀའ་ཨོ་དེའི་
  • བཅའ་འདྲི་བྱ་ཡུལ་
    ར་ལུག་འཚོ་མཁན་ཨི་མི་༼སྤོ་བོ༽རྒན་ཁོག་གཅིག་ཡོད་པཱ་ཟེ། ར་རྫི་གཅིག
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ར་རྫི་དེ་ར་ལུག་འཚོ་ཀཱ་འགྲོ་དུས་ཉིན་ལྟར་རེ་ཞིག་ར་དཀར་པོ་གཅིག་ཡོད་པཱ་ཟེར་ར་
  • བཅའ་འདྲི་བྱ་ཡུལ་
    དེ་བརླགས་འགྲོ་གི་ཡོད་པཱ་ཟེ་ཉིན་དགུང་ཁ་ཐུག་ལ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་བརླགས་པ་དང་ཨི་མི་དེ་ཉིན་ལྟར་རེ་ཞིག་ར་ནི་བརླགས་འགྲོ་གིས་ག་པར་འགྲོ་གི་ཡོད་ནཱ་ཟེར་
  • བཅའ་འདྲི་བྱ་ཡུལ་
    སང་ཞོགས་དེ་སྦྱིན་བདག་གི་རས་ཡོགས་ཡས་ཀྱི་ཞུས་རྒྱག་ཡས་ཀྱི་རས་གྲུག་རྡོག་༼གྲུ་གུ༽ན་ག་ཙམ་གཅིག་བསྐུར་པཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    འཕྱོངས་རྒྱས་ལ་བཤོད་སྲོལ་དེ་བཤོད་ཀཱ་ལགས། རས་དེ་བསྐུར་བཏང་བྱས་དེ་ནི།
  • བཅའ་འདྲི་བྱ་ཡུལ་
    ཞོས་པས་དེ་ཨི་མི་དེ་འཛམ་མི་ནས་ར་དེ་ཀླད་པ་དང་ར་དེའི་རག་ཀོ་༼ར་ཅོ༽དེ་ལ་རས་དེའི་ཐག་པ་དེ་རྒྱབ་ཀླད་བཏང་པཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    ཀླད་བཏང་པ་དང་དེ་ཉིན་དགུང་ཏག་ཏག་སླེབས་དུས་ཙམ་པ་ར་དེ་ག་པར་འགྲོ་མིན་རས་དེ་འཚལ་ཀ་
  • བཅའ་འདྲི་བྱ་ཡུལ་
    འགྲོ་དུས་སྤང་གི་ལྡེབས་ནས་བྲག་ཕ་གིའི་ལྡེབས་ན་ཕྱིན་ནིས་ཟེ།
  • བཅའ་འདྲི་བྱ་ཡུལ་
    དེ་རས་དེའི་སྣ་དེ་བརྙེད་པ་དང་རས་དེ་རྡོག་གིན་རྡོག་གིན་ཡོང་དུས་ཙམ་པ་
  • བཅའ་འདྲི་བྱ་ཡུལ་
    འཕྱོངས་རྒྱས་རྒྱལ་མོ་ཤར་རིའི་ལྡེབས་ཡ་རུ་སྨན་ལྷ་བདེ་གཤེགས་ཀྱིས་བྲག་ཕུག་དེ་ཁ་ཚུར་ཀློག་ཀྱོ་གཅིག་ཡོད་པཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    དེའི་ནང་ཁུག་དེའི་སྨན་ལྷ་བདེ་གཤེགས་བརྒྱད་ཕེབས་ནས་ར་དེའི་འོ་མ་དེ་ར་
  • བཅའ་འདྲི་བྱ་ཡུལ་
    དཀར་པོའི་འོ་མ་དེ་སྨན་ལྷ་ལ་འབུལ་གྱི་ཡོད་པཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    ཕུལ་པ་དང་མི་དེ་དེ་རུ་ཡོང་བ་དང་སྨན་ལྷ་ལྔ་སྟེང་ལྷ་ཡུལ་ལ་ཐད་བྱས་སྨན་ལྷ་གསུམ་དེ་རུ་ལེ་བཱ་༼བསྡད་པ༽
  • བཅའ་འདྲི་བྱ་ཡུལ་
    ལྔ་ནས་གསུམ་ལེ་བཱ་ཟེ་གསུམ་ལེ་བཱ་དེ་ནས་དེ་ནི་ལྷ་རུ་སྨན་རྒྱལ་དེ་ལྷ་རུ་བྱེ་མའི་རི་ནས་འཁྲུངས་ནས་ལྷ་རུ་སྨན་པའི་རྒྱལ་པོ་བྱས།
  • བཅའ་འདྲི་བྱ་ཡུལ་
    སྤྱན་གཡས་ལ་གཅིག་བྱས་སྤྱན་གཡས་རིན་ཆེན་ཟླ་བ་བྱས།
  • བཅའ་འདྲི་བྱ་ཡུལ་
    འཕྱོངས་རྒྱས་རོ་སྒང་ཟེ་དེ་རུ་གཅིག་ནུའུ། རོ་སྒང་བསྟན་པ་ཚེ་རིང་བྱས་།
  • བཅའ་འདྲི་བྱ་ཡུལ་
    འོ་དེ་གོང་གསུམ་སྨན་རྒྱལ་གསུམ་ལེ་བཱ་ཟེ། དེ་ལྔ་ཡར་སྟེང་ལྷ་ཡུལ་ལ་ཡར་ཕེབས་པ་ཟེ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ནི་མཇུག་ལ་ལྷ་རུ་སྨན་རྒྱལ་དེ་བྱེ་མའི་རིའི་སྦུག་ཡ་རུ་གྲོག་གུ་ཆེན་པོ་གཅིག་ཡོད་དཱ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་གྲོག་པོ་དེའི་ནང་ནས་མར་བྱེ་མའི་དཀྱིལ་ནས་གྲོག་པོ་དོན་པ་ཨེ་ནི་དེ་ནས་མར་
  • བཅའ་འདྲི་བྱ་ཡུལ་
    ལྷ་རུ་སྨན་རྒྱལ་གདན་འདྲེན་ཞུས་པོའོ།
  • བཅའ་འདྲི་བྱ་ཡུལ་
    སྨན་པའི་རྒྱལ་པོ་དེ་ཨོ་དང་ཐོག་དོན་ཡས་དེ་ཨོ་དེ་ནས་དོན་པཱ་ཟེ། ལྷ་རུ་ལྷ་རུ་ཟེར་དེ་།
  • བཅའ་འདྲི་བྱ་ཡུལ་
    དེ་དེའི་སྐབ་དེ་ནས་ལྷ་རུ་དེ་ཨོ་དེ་བྱས་ཀ་།
  • བཅའ་འདྲི་བྱ་ཡུལ་
    ཟླ་བ་དྲུག་པའི་ཉི་ཤུ་བརྒྱད་དང་དགུ་ལྷ་རུ་དཀར་ཡོལ་བཏང་པཱ།
  • བཅའ་འདྲི་བྱ་ཡུལ་
    དེ་ལྷ་དེ་ཀས་ལྷ་འདུས་དེ་འོ་ཨོ་དེ་དུས་རྒྱག་གི་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་འཛམ་གླིང་སྲོག་བདག་དཔལ་དཀར་ཕེབས་ཀྱི་བཱ་དཔལ་དཀར་དེའི་ཉིན་ཀ་དེ་
  • བཅའ་འདྲི་བྱ་ཡུལ་
    ཕེབས་པའི་ཉིན་པཱ་དེ་ལྷ་ཡོངས་རྫོགས་དེ་ནི་ལྷ་ར་དེ་ཕེབས་བྱས་
  • བཅའ་འདྲི་བྱ་ཡུལ་
    ལྷ་རུ་ཀ་ཡི་རྡོ་གཅལ་ནང་ལ་རུ་གཡས་དེ་གཡོན་དེ་བྱས་རུ་བསྒྲིགས་།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ལྷ་དེ་ཕེབས་ལ་མ་ཕེབས་དེའི་དཔལ་དཀར་རས་དེ་ནི་ཡར་ཞོར་ནུའུ་ཟེ་བྱས་ནས་རྒྱུགས་ར་དེ་
  • བཅའ་འདྲི་བྱ་ཡུལ་
    བླངས་མར་ཞོར་ནུའུ་ཟེ་བྱས་ནས་རྒྱུགས་ར་དེ་བླངས་བྱས་།
  • བཅའ་འདྲི་བྱ་ཡུལ་
    ལྷ་རུ་དཀར་ཡེ་ལྷ་རུ་དཀར་ཡེ་ཟེར་ཡས་དེ་ཨོ་དེ།
  • བཅའ་འདྲི་བྱ་ཡུལ་
    ལྷའི་ལྷ་འདུས་རྒྱག་པའི་དུས་ར་དེ་ཨོ་དེ།
  • བཅའ་འདྲི་བྱ་ཡུལ་
    ཟླ་བ་དྲུག་པའི་ནང་ལ་བཱ་ལགས་། དྲུག་པའི་ཉི་ཤུ་བརྒྱད་དང་དགུ་ལ།
  • བཅའ་འདྲི་བྱ་ཡུལ་
    ལྷ་རུ་དཀར་ཡེ་ཚུགས། འདུག་ཟེ་བྱས་བྱེད་ཀྱིས་ལགས།
  • བཅའ་འདྲི་བ་
    ད་ད་ལྟ་དེ་གསུངས་ཡས་གཅིག་ཨ་ཡོད་ལགས། དགའ་བཅུ་ཟེར་ཡས་གཅིག་ཡོའོ་རེད་པཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    ལགས་།
  • བཅའ་འདྲི་བ་
    དགའ་བཅུ།
  • བཅའ་འདྲི་བ་
    དགའ་བཅུ་ཟེར་ཡས་དེ་སངས་རྒྱས་སྨན་པའི་རྒྱལ་པོའི་ཨེ་ནི་སྨན་རྒྱལ་བསགས་པའི་ལོ་རྒྱུད་ར་གཅིག་འདུག་ལགས།
  • བཅའ་འདྲི་བྱ་ཡུལ་
    མ་བཱ་ལགས། དགའ་བཅུ་ཟེར་ཡས་དེ་འུམ་བུ་དགའ་བ་གྲུ་མཚན་།
  • བཅའ་འདྲི་བྱ་ཡུལ་
    བོད་ཀྱི་བློན་པོ་དགའ་བ་གྲུབ་མཚན་བཱ་ནཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    བོད་ཀྱི་བློན་པོ་དགའ་བ་གྲུབ་མཚན་དེ་ལྷ་ས་ནས་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱང་འབུད་བཏང་པཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    ལྷོ་ཁ་ལ་རྒྱང་འབུད་བཏང་པཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    གང་ཡིན་ཟེར་ན་ལྷོ་ཁ་ལ་རྒྱང་འབུད་བཏང་དགོས་ཡས་ཀྱི་ལོ་རྒྱུས་དེ་སྤྱི་ཚོགས་རྙིང་པའི་དུས་ལ་ད་
  • བཅའ་འདྲི་བྱ་ཡུལ་
    མངའ་བདག་ཞིང་པ་གསུམ་ཟེར་ཡས་དེ་དབང་ཆེ་དྲགས་བའི་རྐྱེན་གྱིས་
  • བཅའ་འདྲི་བྱ་ཡུལ་
    སྡེ་པ་གཞུང་གི་ཏཱ་ལའི་བླ་མའི་སྐུ་ལུས་གསོན་པོ་ཡིན་ཟེ་ལོ་གསར་གྱི་ཉི་ཤུ་དགུའི་ཉིན་པ་དེ།
  • བཅའ་འདྲི་བྱ་ཡུལ་
    རྩེ་གྲུང་གཅིག་དང་གྲུང་སྐོར་གཅིག་ལོ་ལྟར་རེ་ཞིག་སྐུ་ལུས་གསོན་པོ་ཟེ་གཏོང་ཀཱ། ལྷ་ས་ནས་གཏོང་པཱ།
  • བཅའ་འདྲི་བྱ་ཡུལ་
    རྩེ་གྲུང་གཅིག་དང་གྲུང་སྐོར་གཅིག་ལོ་ལྟར་རེ་ཞིག་གཏོང་ཀ་ད་རྩེ་གྲུང་བརྒྱ་དང་བརྒྱད་
  • བཅའ་འདྲི་བྱ་ཡུལ་
    གྲུང་སྐོར་བརྒྱ་དང་བརྒྱད་ཟེ་ཡོད་པོའོ་ཟེར་ཀྱི་ནུའུ་ཀ་ཨོ་དེའི་ནང་ནས་
  • བཅའ་འདྲི་བྱ་ཡུལ་
    དེ་གཏོང་བ་ཡིན་ཙང་རྩེ་གྲུང་དེ་འཕན་པོའི་ནང་ལ་གཏོང་པཱ།
  • བཅའ་འདྲི་བྱ་ཡུལ་
    གྲུང་སྐོར་དེ་དེ་ལ་གཏོང་བཱ་ལྷོ་ཁ་སྣེ་གདོང་རྫོང་ལ་ཕར་ཞུ་བསམ་ཡས་ལ་ཉིན་མ་བདུན་བཞག
  • བཅའ་འདྲི་བྱ་ཡུལ་
    བསམ་ཡས་དབུགས་རྐྱལ་སྒོ་འགྲམ་དེ་རུ།
  • བཅའ་འདྲི་བྱ་ཡུལ་
    རྩེ་ནས་གཏོང་དུས་ཙམ་པ་རལ་ལྤགས་གཡོགས་ནས་གཏོང་ཀཱ།
  • བཅའ་འདྲི་བྱ་ཡུལ་
    དེ་དེ་ནས་ལྷས་ཟམ་མ་རུ་ཁྲི་པ་གོ་སས་མ་རུ་འཁྲིད་བྱས་མི་ནས་རྐོ་བའི་ནང་ལ་བཏང་ཡོང་
  • བཅའ་འདྲི་བྱ་ཡུལ་
    དེ་གོས་ཆེན་ལཱ་ཞག་སེར་པོ་གཅིག་གཡོག
  • བཅའ་འདྲི་བྱ་ཡུལ་
    གཡོག་པོ་གཅིག་འཁྲིད་བྱས་དེ་ནི་བསམ་ཡས་ལ་སླེབས་པཱ།
  • བཅའ་འདྲི་བྱ་ཡུལ་
    བསམ་ཡས་ལ་ཉིན་མ་བདུན་བསྡད་བྱས་དེ་ནི་སྣེ་གདོང་རྫོང་ལ་ལོ་གཅིག་སྡོད་དགོས་བཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་སྣེ་གདོང་ཟེར་ཡས་དེ་སྔོན་མ་ར་གཅིག་བྱས་ན་དེ་གདོང་འདྲེ་རྒྱང་འབུད་གཏོང་ས་འདྲ་ནུའུ་ནཱ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ཡིན་ཙང་སྣེ་གདོང་ལ་རྒྱང་འབུད་བཏང་པཱ་ན།
  • བཅའ་འདྲི་བྱ་ཡུལ་
    སྔོན་མ་བཀའ་བཤོད་ཟེར་ཡས་དེ་སྡེ་པ་གཞུང་གི་གསང་བ་དེ་ལའ་ཡི་འོ་
  • བཅའ་འདྲི་བྱ་ཡུལ་
    ཉེས་ཆད་བཏང་བྱས་སྣེ་གདོང་ལ་རྒྱང་འབུད་བཏང་སོང་ངའ། བཅོས་བསྒྱུར་མ་བཏང་གོང་ལ།
  • བཅའ་འདྲི་བྱ་ཡུལ་
    ཁང་པ་རྡོ་ཁང་གྲུ་བཞི་མ་གི་རྒྱབ་བྱས་ངེད་བཙོན་ཁང་ལ་བཙོན་བཅུག་ལ་འགྲོ་མྱོང་ང་འོ་འདུག་ཟེ་བྱས་བཏང་།
  • བཅའ་འདྲི་བྱ་ཡུལ་
    འདུག་ཟེ་བྱས་བཏང་པའ་སྣེ་གདོང་ཟེར་ཡས་ཀྱི་ས་ཆ་ནི་འོ།
  • བཅའ་འདྲི་བྱ་ཡུལ་
    སྔོན་མ་རྒྱལ་པོ་གླང་དར་ཟའ་རྒྱལ་པོ་སྣེ་གདོང་ཟའ་ཨོ་དེ་རྫོང་དེ་བཱ་ནཱ་དེ་རུ་།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ཕ་ནས་འདུག་ཟེ་བྱས་རྒྱང་འབུད་འདུག་ཟེ་བྱས་བཏང་ནས་ཡོང་པའ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་དེ་ཡིན་ཙང་ཨོ་དེའི་སྐབས་དེའི་སྣེ་གདོང་ཟེར་ཡས་དེ་ཉམ་ནི་རྫོང་ནི་
  • བཅའ་འདྲི་བྱ་ཡུལ་
    མཐའ་མཚམས་ར་གཅིག་ཉམ་སྡུག་པ་ར་གཅིག་མིན་དྲོ་ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    རྒྱལ་པོ་སྣེ་གདོང་ཟེར་ཡས་དེ་སྐབས་དེར་ཨོ་འདུག་ཟེ་བྱས་གཏོང་བཱ་ཟཱ།
  • བཅའ་འདྲི་བྱ་ཡུལ་
    སྡེ་པ་གཞུང་གི་འོ་ཏཱ་ལའི་བླ་མ་སྐུ་ལུས་གསོན་པ་རེད་ཟེར་ཨོ་འདུག་ཟེ་བྱས་གཏོང་ཀཱ། ལོ་གསར་ཉི་ཤུ་དགུ་ལ།
  • བཅའ་འདྲི་བ་
    སྐུ་ལུས་གསོན་པོ་ཡིན་ཟེར་ཡས་དེ་ཏཱ་ལའི་བླ་མའི་འཚབ་བྱེད་ཐུབ་ཀྱི་ཡོད་ཟེར་ཀྱི་ཡོད་རས་པས་ ལགས་།
  • བཅའ་འདྲི་བྱ་ཡུལ་
    ད་དེ་རིང་ཁ་སང་སྐུ་ཕྲེང་བྱས་ནས་དེ་དེའི་གཏོར་མ་བཞེངས་ནས་གཏོང་གི་ནུའུ་ཀཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཉི་ཤུ་དགུ་ལ་དགུ་ཐུག་རྒྱག་དུས་ཙམ་པ་། གཏོར་མ་བཞེངས་གཏོང་གི་ཡོད་པཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    སྔོན་མ་དེ་ནི་ཁོ་ཚོ་དབང་ཆེན་པོ་ཡིན་ཙང་མི་ཁོ་རང་གཏོང་བཱ།
  • བཅའ་འདྲི་བྱ་ཡུལ་
    གྲོང་སྐོར་བརྒྱ་དང་བརྒྱད་རྩེ་གྲུང་བརྒྱ་དང་བརྒྱད་ནང་ནས་རྩེ་གྲུང་གཅིག་དང་གྲུང་སྐོར་གཅིག་གཏོང་ཀཱ།
  • བཅའ་འདྲི་བ་
    གཙོ་བོ་ས་ཆ་དེའི་སླེབས་ནས་
  • བཅའ་འདྲི་བྱ་ཡུལ་
    མི་གསོན་པོ་། ཨོ་དེ་སྣེ་གདོང་ལ་གཏོང་ཀཱ་གྲུང་སྐོར་དེ།
  • བཅའ་འདྲི་བ་
    གྲུང་སྐོར་སྣེ་གདོང་ལ་བྱས།
  • བཅའ་འདྲི་བྱ་ཡུལ་
    གྲུང་སྐོར་སྣེ་གདོང་ལ་བྱས། རྩེ་པ་དེ་འཕོན་པོ་ལ་གཏོང་ཀཱ།
  • བཅའ་འདྲི་བ་
    དེའི་སླེབས་ནས་ཞིབ་ཕྲའི་ལས་ཀ་ག་རེ་བྱེད་ཀྱི་ཡོའོ་རེད།
  • བཅའ་འདྲི་བྱ་ཡུལ་
    ནུའུ་རུ་སླེབས་ནས་ཕ་ནས་ཚུར་ལ་ཡོང་དུས་ཙམ་པ་སྡེ་པ་གཞུང་གི་ཀླུད་ར་དེ་གཡོགས་བྱས་རས་ལྤགས་ར་དེ་གོན་སླེབས་ཀྱི་བཱ་ཟེ་ཀཱ།
  • བཅའ་འདྲི་བྱ་ཡུལ་
    བསམ་ཡས་རང་ལ་སླེབས་དུས་ཙམ་པ་ངེད་ཁྲལ་མཇལ་བར་འགྲོ་དུས་ཙམ་པཱ་མཐོང་མྱོང་།
  • བཅའ་འདྲི་བྱ་ཡུལ་
    གོས་ཆེན་ལཱ་ཞ་སེར་པོ་གཅིག་གྱོན་བྱས་སླེབས་ཀྱིས།
  • བཅའ་འདྲི་བྱ་ཡུལ་
    ཉིན་མ་བདུན་རིང་གང་བསམ་ཡས་དབུགས་ཁང་དེའི་སྒོ་གང་དེ་ན་ཉལ་བཅུག་ཀཱ།
  • བཅའ་འདྲི་བྱ་ཡུལ་
    ད་རྫོང་དེའི་བསམ་ཡས་རྫོང་དེ་ལ་ཁོང་ཚོ་འཆམ་པོ་ར་པོ་ཡོད་ན་ཁོ་རའི་ཐབ་ཆས་ར་དེ་གྱོན་ཡས་དེ་དེ་རུ་བཞག།
  • བཅའ་འདྲི་བྱ་ཡུལ་
    ཁོ་རང་རྒན་པོའི་ནང་ལ་སྡོད་པཱ་ཟེ། གཡོག་པོ་གཅིག་ནུའུ།
  • བཅའ་འདྲི་བྱ་ཡུལ་
    དེ་ནས་སྣེ་གདོང་ལ་སླེབས་ནས་སྣེ་གདོང་ལ་རྒན་པོ་སུ་ཡིན་ན་དེས་ནང་ལ་ཚ་
  • བཅའ་འདྲི་བྱ་ཡུལ་
    དེ་གྲ་སྒྲིག་བྱས་ནས་གཡོག་པོ་གཅིག་བྱས་ནུའུ། ལོ་གཅིག་སྡོད་པཱ། ཕྱིན་ཆོག་མ་བཱ་ལྷ་ས་ལ།
  • བཅའ་འདྲི་བ་
    ད་དེ་དེ་རེད་པཱ་ལགས། ནམ་རྒྱུན་ད་དེང་སང་འགྲོ་སྟངས་བྱས་ན་ཀླུད་དང་གཏོར་མ་དེ་ནས་་་་་་་་་་་་་
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་སྡེ་པ་གཞུང་གི་སྐུ་ལུས་གསོན་པ་རང་ཡིན་ཟེར།
  • བཅའ་འདྲི་བ་
    དེ་བཟོ་དགོས་རེད་པཱ་རྩམ་པ་བརྫིས་བྱས་རེད་པཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    འོ་ལགས།
  • བཅའ་འདྲི་བ་
    བཟོ་དགོས་རེད། ད་དེ་མི་གསོན་པོ་དེ་།
  • བཅའ་འདྲི་བྱ་ཡུལ་
    མི་གསོན་པོ་དེ་ཏཱ་ལའི་བླ་མའི་མིའི་སྐུ་ལུས་གསོན་པོ་རང་བཱ་ཟེ། ཨོ་དེ་གཏོང་གིས་ཕ་ནས་ཚུར།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ཡིན་ཙང་སྣེ་གདོང་ཟེར་ཡས་ནི་ལ་འོ་ཨོ་འདུག་ཟེ་བྱས་སླེབས་ཀྱི་ཡོད་ཀྱོ་བཱ།
  • བཅའ་འདྲི་བ་
    ད་ལོ་གཅིག་རྗེས་ལ་རང་ཅག་ཕར་ལ་ལོག་འགྲོ་ཀྱི་ཡོད་རེད་པས།
  • བཅའ་འདྲི་བྱ་ཡུལ་
    ལོ་གཅིག་སོང་བ་དང་ལོག་འགྲོ་གི་ཡོད་པཱ། ལོ་གཅིག་རིང་གང་ཕྱིན་ཆོག་གི་མ་བཱ་ཟེར་ཀཱ།
  • བཅའ་འདྲི་བ་
    ཕ་གས་སླེབས་པའི་སྐབས་ལ་ཡའ་མུ་མཐུད་ནས་རྩེ་གྲུང་བྱེད་ཡས་་་་་་
  • བཅའ་འདྲི་བྱ་ཡུལ་
    ཕ་རུ་སླེབས་པ་དང་ཡང་མི་སོ་སོའི་གོ་གནས་དེ་སྔར་རྒྱུན་བྱས། ཨོ་དེ་རེ་མོས་བྱས་གཏོང་པཱ་ཟེར།
  • བཅའ་འདྲི་བྱ་ཡུལ་
    སྣེ་གདོང་ཟེར་ཡས་ནི་ལ་ཨོ་འདུག་ཟེ་བྱས་ནས་སླེབས་ཀྱི་ཡོད་ཀྱོ་བཱ་།
  • བཅའ་འདྲི་བྱ་ཡུལ་
    ཏཱ་ལའི་སྐུ་ལུས་གསོན་པོ་བཱ་ཟེར་ཀྱི་ནུའུ་ཀཱ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་འདུག་ཟེ་བྱས་ནས་བཱ་འོ། ལྷ་རུ་ཟེར་ཡས་དེ་འོ་ལྷ་རུ་ལྷ་རུ་ཟེར་ཡས་དེ་།
  • བཅའ་འདྲི་བ་
    ཕོ་བྲང་འོང་སྐོར་གཅིག་ཡོའ་རེད་པཱ་ལགས། ཕོ་བྲང་འོང་སྐོར་དེ་གིན་ཆོས་རྒྱལ་སྐབས་ནས་བྱུང་བ་རེད་པཱ་།
  • བཅའ་འདྲི་བྱ་ཡུལ་
    འོ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཆོས་རྒྱལ་འོང་སྐོར་དེ་ཆོས་རྒྱལ་སྔོན་མ་དེ་ཆོས་རྒྱལ་དེའི་ག་དུས་དེ་ཆོས་རྒྱལ་
  • བཅའ་འདྲི་བྱ་ཡུལ་
    མེས་ཨག་ཚོམ་བཞུགས་པའི་སྐབས་དེ་ལ་ཨོ་དེ་ཚོང་དཔོན་ནོར་བཟང་གི་བྱང་ལ་དམག་ལ་ཐད་ཚུར་ཕེབས་ནས་དེ་ནི་
  • བཅའ་འདྲི་བྱ་ཡུལ་
    ཕོ་བྲང་ལ་ཐད་པ་དང་དེ་དེ་ནི་རྟེན་འབྲེལ་དེ་ལ་ཕོ་བྲང་རྟ་རྒྱུགས་ཡས་དེ་ནས་དར་པཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    རྟ་རྒྱུགས་གཏོང་ཡས་དེ་དེ་ནས་དར་པཱ་ཟེ་ཀཱ་སྔོན་མ།
  • བཅའ་འདྲི་བ་
    ཨ་ནི་དེའི་ཉིན་མོ་དེ་རྟ་རྒྱུགས་ཡས་བྱས།
  • བཅའ་འདྲི་བ་
    ད་གཞན་པས་ཀྱི་ཆོ་ཀ་ག་རེ་ཡོད་རེད་པས་ལགས་ད་གིན་གསུངས་དུས་ད་དུང་གཅིག་གིས་
  • བཅའ་འདྲི་བ་
    གདན་འདྲེན་ཡས་དེ་འདྲས་གའ་ཡེ་ཡོ་མ་རེད་པས་ལགས།
  • བཅའ་འདྲི་བྱ་ཡུལ་
    དེའི་ཉིན་པཱ་དེ་རྟ་དེ་རྒྱུགས་པ་མ་གཏོགས་གཞན་དག་གའ་ཡི་བྱེད་ཀྱི་མིན་འདུག་ལའོ།
  • བཅའ་འདྲི་བྱ་ཡུལ་
    ཕོ་བྲན་གཞིས་ཀའི་ནང་ལ་གང་གས་སྒོར་གཞས་ར་གཅིག་རྒྱབ་དེའི་ཉིན་པ་
  • བཅའ་འདྲི་བྱ་ཡུལ་
    ཕོ་བྲང་གཞིས་ཀ་ནས་དགོང་དག་དེ་ཆང་སྟེར་། ཇ་སྟེར་བྱེད་ཀཱ།
  • བཅའ་འདྲི་བྱ་ཡུལ་
    རྟ་པ་དེ་གས་ཡོངས་སུ་རྫོགས་པ་དེ་གས་ལ་དེ་བྱེད་ཀཱ།
  • བཅའ་འདྲི་བྱ་ཡུལ་
    རྟ་པ་དེ་གས་ཡོངས་རྫོགས་ལ་ཐང་དཀྱིལ་སྒང་ལ་རྟ་བདུན་རྒྱུགས་རུ་བཅུག་གིས།
  • བཅའ་འདྲི་བྱ་ཡུལ་
    རྟ་མདའ་རྒྱག་ཡས་དེ་ལྔ་རྒྱག་རུ་བཅུག དཔུང་བཅུག་དེ་གཉིས་བྱེད་རུ་བཅུག
  • བཅའ་འདྲི་བྱ་ཡུལ་
    མདའ་དེ་གས་ལ་མདའ་ག་ཚད་ཐེབས་ནའང་ཕོ་བྲང་གཞིས་ཀར་ཁ་བཏགས་གཡོགས་ཀྱིས།
  • བཅའ་འདྲི་བྱ་ཡུལ་
    ད་ཀང་དྲགས་མ་ཐེབས་པ་དེ་ཀས་ཡི་ཚང་མས་ཚ་དར་གཅིག་ཟེ་ཁ་བཏགས་གཅིག་གཡོགས་ཀྱིས།
  • བཅའ་འདྲི་བ་
    ཚ་དར་ཟེར་ཡས་དེ་ག་རེ་ཡིན་ནའ་ལགས།
  • བཅའ་འདྲི་བྱ་ཡུལ་
    ལགས།
  • བཅའ་འདྲི་བ་
    ཚ་དར་ཟེར་ཡས་དེ་ག་རེ་ཡིན་ནའ་ལགས།
  • བཅའ་འདྲི་བྱ་ཡུལ་
    མདའ་རེའི་རེ་ལ་ཁ་བཏགས་རེ་རེ་གཡོགས་ངའ།
  • བཅའ་འདྲི་བྱ་ཡུལ་
    དེ་ཕ་རུ་རྒྱང་འཕེན་བཙུགས་བཞག་པཱ་ནཱ་ལའ། རྒྱང་འཕེན་ལ་མདའ་རྒྱག་རུ་བཅུག་པཱ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་གང་ཡིན་ཟེར་ན་ནོར་བཟང་བྱང་ལ་ཐད་ནས་ཚུར་ཕེབས་ནས་དམག་རྒྱབ་ཚུར་ཕེབས་པ་དང་ཕོ་བྲང་ལ་ཨོ་དེ་དེ་བཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    སོ་སོའི་ད་མི་ནུའུ་རུ་སླེབས་པ་དང་ཨ་ནི་མ་ཙི་སྐྱིད་སྐྱིད་ར་ཅིག་གཏོང་དགོས་བཱ་ནཱ་རྟེན་འབྲེལ་བྱེད་དགོས་བཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    རྟེན་འབྲེལ་བྱེད་དུས་ཙམ་པ་དེ་ནི་ཕོ་བྲང་འོང་སྐོར་ལ་རྟ་རྒྱུག་ཡས་དེ་ཨོ་དེ་ནས་དར་པཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    ཅོབ་ཐེངས་གཅིག་ངེད་ཕོ་བྲང་འོང་སྐོར་ལ་རྟ་དེ་མ་རྒྱུགས་བྱས་ཨ་ནི་གཅིག་བསྡད་སོང་དེ་དུས་སེར་ར་ཨ་ནེ་བཏང་པོའོ།
  • བཅའ་འདྲི་བྱ་ཡུལ་
    དེ་དུས་རྒན་པ་ཚོས་འོང་སྐོར་རྟ་རྒྱུགས་དགོས་པའ་ཟེ།
  • བཅའ་འདྲི་བྱ་ཡུལ་
    རྟ་མ་རྒྱུགས་ན་དེ་སྔོན་མ་ཆོས་རྒྱལ་མེས་ཨག་ཚོམ་གྱིས་བཞུགས་པའི་སྐབས་ལ་དེ་ནི་
  • བཅའ་འདྲི་བྱ་ཡུལ་
    ཆོས་རྒྱལ་ནོར་བཟང་བྱང་ལ་དམག་རྒྱག་ཀཱ་ཐད་ཚུར་ལ་ནས་ཏཱ་ལའི་ལའི་སྒང་ལ་བསུ་ཆང་ཕྱིན་པ་དང་
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ཕོ་བྲང་ལ་ཕེབས་པ་དང་ཁོ་འདྲས་སྐྱིད་སྐྱིད་གཏོང་དུས་ཙམ་པ་དེ་ནི་
  • བཅའ་འདྲི་བྱ་ཡུལ་
    ཕོ་བྲང་འོང་སྐོར་དང་ཁ་ཐུག་བྱས་ཕོ་བྲང་ལ་རྟ་རྒྱུགས་ཡས་དེ་དེ་ནས་དར་བཱ་ཟེ་ཁ་ཤས་ཀྱི་བཤོད་ཚུལ་ནུའུ་དེ།
  • བཅའ་འདྲི་བྱ་ཡུལ་
    ད་དེའི་མཇུག་ལ་རྟ་རྒྱུགས་མཁན་མེད་པའ་དེ།
  • བཅའ་འདྲི་བྱ་ཡུལ་
    དེ་རིང་ཁ་སང་རྟ་རྒྱུན་ནས་བསྡད་མ་སོང་ང་རྟ་ཟེར་ཡས་དེ་བོང་བུ་ཟེར་ཡས་དེ་ཁ་ཆེས་དུམ་ཉོས་པ་ཡིན་ཙང་
  • བཅའ་འདྲི་བྱ་ཡུལ་
    རྟ་གཡར་ཀཱ་ཕྱིན་ནའི་དེ་རྟ་གི་རྟ་གོང་ཆེན་པོ་བཱ་ཟེ།
  • བཅའ་འདྲི་བྱ་ཡུལ་
    རྟ་བཞོན་ཕྱིན་ན་རྟ་གླ་ཨ་བང་ལ་འཁུར་ཡོད་ཟེར་ཀྱི་བཱ་ཟེ་བྱས་ཨོ་འདུག་ཟེ་བྱས་
  • བཅའ་འདྲི་བྱ་ཡུལ་
    སྔོན་མ་རྟ་རྒྱུག་བྱེད་ཡས་ལམ་ལུགས་དེ་ཨོ་དེ་ནས་ཆོས་རྒྱལ་མེས་ཨག་ཚོགས་བཞུགས་པའི་དུས་ནས་འདུག་ཟེ་བྱས་ནས་བྱུང་།
  • བཅའ་འདྲི་བ་
    འོ་ན་དེ་གིན་གྱི་གསུངས་སྟངས་བྱས་པ་ཡིན་ན་ཕལ་ཆེར་དུས་ཚོད་དེ་གཏན་འཁེལ་མི་འདུག་གཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    དུས་ཚོད་ཀང་དྲགས་མིན་འདུག་ཀཱ་ལའོ་དེ།
  • བཅའ་འདྲི་བ་
    གང་ཡིན་ཟེར་ན་དེའི་ལྷ་ཕབ་བྱས་སྐུ་བབ་དེ་མར་གཤག་ཀྱི་ཡོད་རེད་པའ་དུས་ཚོད་དེ་འདྲས་གཅིག་གི་རྒྱགས་
  • བཅའ་འདྲི་བ་
    དེ་འདྲས་གཅིག་ལ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་བཱ་ལའོ།
  • བཅའ་འདྲི་བྱ་ཡུལ་
    བཱ་དེ་ཟླ་བ་བདུན་པའི་ཚེས་པ་བཅུ་བདུན་བཅོ་ལྔ་ཚུན་བཅད་དེ་ཚུར་བཅད་ལ་རྐྱང་རྐྱང་
  • བཅའ་འདྲི་བྱ་ཡུལ་
    འོང་སྐོར་གཏོང་རུ་བཅུག་པཱ།
  • བཅའ་འདྲི་བ་
    དེ་ཡོལ་བྱས་དེའི་ཚུན་ཆད་མར་བྱས།
  • བཅའ་འདྲི་བ་
    ཡིན་ནའི་ལོ་ཚང་མར་ཡ་འགྱུར་བ་ཡོད་རེད་།
  • བཅའ་འདྲི་བྱ་ཡུལ་
    ལོ་ཚང་མ་ལོ་ཀ་ལ་གཏན་གཏན་གཅིག་མིན་འདུག་དེ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེའི་ཉིན་པཱ་དེ་ཧ་རུ་ཆོས་སྐྱོང་དེ་ཡར་གདན་འདྲེན་ཞུ་པ།
  • བཅའ་འདྲི་བྱ་ཡུལ་
    བྲག་ཅོག་དེ་ལ་ཧ་རུ་ཆོས་སྐྱོང་གདན་འདྲེན་ཞུས་ལྷ་ཞུ་པཱ།
  • བཅའ་འདྲི་བྱ་ཡུལ་
    ལྷ་དེ་ཞུས་ནས་དེ་འོང་སྐོར་དུས་ཚོད་ནི་ལ་གཏོང་ཞིག་ཟེ།
  • བཅའ་འདྲི་བྱ་ཡུལ་
    འདུག་ཟེ་བྱས་ཟེར་ཀྱི་ནུའུ་ཀཱ་དེའི་ཕར་དེ་ལ་འོང་ཁའི་འོང་ཁྲིམས་ར་དེ་སྡོམ་ཀྱི་ནུའུ་ཀཱ།
  • བཅའ་འདྲི་བྱ་ཡུལ་
    ད་འོ་ལྷ་རུ་ཟེར་ཡས་ཀྱི་ལྷ་དེ་རྒྱུ་མཚན་ར་དེ་ཨོ་འདུག་ཟེ་བྱས་ནས་བཱ་ལྷའི་ལྷ་འདུབ་རྒྱག་ཡས་དང་
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ལྷ་རུ་སྨན་རྒྱལ་གདན་འདྲེན་ཞུ་ཡས་ར་དེ།