Skip to main content Skip to search
01 Feb 2012
26 min 52 sec
Video Overview
Creators: 
Columbia University, Tibetan Academy of Social Sciences, Tibet University, University of Virginia

A Lhoka government official discusses Dranang sites and history.

Transcript search
No results found for this search
0 of 0
  • བཅའ་འདྲི་བ་
    ཨོའོ། གོང་དེའི་རྒན་ལགས་ཀྱིས་དའ།
  • བཅའ་འདྲི་བ་
    གྲ་ནང་དང་གྲ་ནང་གི་དའ་ལག་ཤེས་བཟོ་ལས་ཡིན་བཟོ་ལས་ཡིན་ནའི་རེད།
  • བཅའ་འདྲི་བ་
    ད་ལྷག་པར་དུ་གྲ་ནང་ནས་ཐོན་པའི་སྐྱེས་ཆེན་གསུམ་ཡིན་ནའི་རེད། མཁས་པ་བཞི་ཡིན་ནའི་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་སྐོར་ལ་ཡང་ངོ་སྤྲོད་གནང་བྱས་ཐུགས་རྗེ་ཆེ་གནང་ཞུ་གི་ཡིན།
  • བཅའ་འདྲི་བ་
    ད་ད་ལྟ་གཤམ་དེའི་ཡང་བཀའ་འདྲི་ཞུ་ཡས་གཅིག་ལ་ཡང་ཨོའོ།
  • བཅའ་འདྲི་བ་
    ང་ཚོའི་གྲ་ནང་རྒྱུད་ལ་ཡང་ད་ཐག་ཐག་ཡས་དེ་དར་སོ་ཆེན་པོ་ཞེ་དྲགས་རེད།
  • བཅའ་འདྲི་བ་
    བྱས་ཙང་རྒན་ལགས་ཀྱིས་ད་གིན་གོང་ལའང་ངོ་སྤྲོད་གནང་སོང་།
  • བཅའ་འདྲི་བ་
    ཨ་ནི་བྱས་ཙང་ཐག་ཐག་ཡས་དེ་དར་སོ་ཆེན་པོ་སོང་ཙང་དེའི་ནང་ལོགས་ཡང་ཐག་གཞས་
  • བཅའ་འདྲི་བ་
    དེ་འདྲས་དང་ཡང་མིན་ན་དེ་མིན་པའི་དའ།
  • བཅའ་འདྲི་བ་
    ལས་གཞས་དེ་འདྲས་རྒན་ལགས་ཀྱིས་གང་ཐུགས་དྲན་པ་གཅིག ངོ་སྤྲོད་གནང་རོགས་གནང་།
  • བཅའ་འདྲི་བ་
    དམངས་ཁྲོད་དུ་ཡོད་པའི།
  • བཅའ་འདྲི་བྱ་ཡུལ་
    ད་གང་ལྟར། ཐག་ཐག་ཡས་དེའི་ངོས་ནས་ཞུས་པ་ཡིན་ན། གྲ་ནང་ཟེར་ད་ད་གིན་ནས་ཞུས་པ་ཡིན།
  • བཅའ་འདྲི་བྱ་ཡུལ་
    སྣམ་བུ་དེ་མིས་མི་ཚང་མས་སྣམ་བུ་ཐག་ཡས་ལ་དགའ་པོ།
  • བཅའ་འདྲི་བྱ་ཡུལ་
    སྣམ་ཆས་ཀྱི་བལ་ལས་བྱེད་ཡས་ལ་དགའ་པོ་ཡོད་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ལྷག་པར་དུ་དེ་ནང་བཞིན་ཡང་ད་གིན་ཞུས་པིན། སྒོར་གཞས་ལ་ཡང་དགའ་པོ་འདུག་གའ།
  • བཅའ་འདྲི་བྱ་ཡུལ་
    དེ་ཚོའི་ཐོག་ལ་ཁ་ཤས་ཕར་ཚུར་ཡང་ལས་གཞས་དང་ཡང་སྒོར་གཞས་དེ་འབྲེལ་བ་ཏོག་ཙམ་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    དཔེར་ན་གང་ཡིན་ཟེར་ན། ངས་ད་གིན་ཞུས་པིན། སྒོར་གཞས་ནང་ལ་སུམ་རྒྱག་གཅིག་འདུག་གའ།
  • བཅའ་འདྲི་བྱ་ཡུལ་
    སྒོར་གཞས་ནང་ལ་སུམ་རྒྱག་བྱེད་དུས།
  • བཅའ་འདྲི་བྱ་ཡུལ་
    གྲ་ནང་གི་སུམ་རྒྱག་སྔོན་མ་ཀྱི་དམངས་ཁྲོད་ལ་ཡང་ད་གར་ཟེར་སོ་སོ་སོ་བཟོས་བྱས་དམངས་ཁྲོད་ལ།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ག་རེ་ཟེར་ཀྱི་ཡོད་ཟེར་ན་དཔེར་ན། གསུམ་རྒྱག་འབོད་དུས་ཙམ་པ།
  • བཅའ་འདྲི་བྱ་ཡུལ་
    རབ་བཟོ་ཨ་ལ་ཟེར་ན། ཤ་ལྤགས་ཟས་ན་ཛག་ཛག
  • བཅའ་འདྲི་བྱ་ཡུལ་
    མར་ལྤགས་ཟས་ན་ཆགས་ཆགས ལ་ཕུག་རྒོབ་བཙོས་ཆག་ཆག་ཟེར་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ག་རེ་ཟེར་ཀྱི་ཡོད་རེད་ཟེར་ན་ཐག་མཁན་ཟེར་དེ་མི་གླ་བསྒྲིགས་ཀྱི་རེད་པའ། ཐག་ཐག་མཁན།
  • བཅའ་འདྲི་བྱ་ཡུལ་
    ཐག་ཐག་མཁན་མི་གླ་སྒྲིག་དུས་ཙམ་པ་དེ་ནི་ཁོ་རང་གི་ད་མི་གླ་དེ་ལ་ཁ་བལྟས་ཤ་བྱིན་པ་ཡིན་ན།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་སྟག་དེ་ཤུགས་ཆེན་པོ་རྒྱག་གི་ཡོད་པའི་སྐད་ཆ་རེད། ད་ཤ་ལྤགས་ཟས་ན་ཛག་ག་ཛག་ག་ཟེར།
  • བཅའ་འདྲི་བྱ་ཡུལ་
    རྦད་དེ་སྟག་གིས་སྣམ་བུ་ཡག་པོ་ཞེ་པོ་ཐག་གི་ཡོད་པའི་སྐད་ཆ་ཟེར་ཀྱི་ཡོད་རེད་དའ།
  • བཅའ་འདྲི་བྱ་ཡུལ་
    མར་ལྤགས་བྱིན་ན་ད་དེ་ལས་སྐད་ཆུང་དུ་ཕྱིན་བྱས།
  • བཅའ་འདྲི་བྱ་ཡུལ་
    ཟག་ཟག་ཟེ། ཚ་པོ་མེད་པ་བྱས་ཟག་ཟག་ཟེར། སྤྱིར་བཏང་གཅིག་ཞུ་གི་ཡོད་རེད་དེ།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ནས་ལ་ཕུག་བྱིན་པ་རེད་པའ། ལ་ཕུག་མ་གཞན་མེད་ན། ལ་ཕུག་རྒོབ་བཙོས་ཤག་ཤག་ཟེ།
  • བཅའ་འདྲི་བྱ་ཡུལ་
    ཤག་ཤག་ཟེར་ཞེ་དྲགས་ཞུ་གི་མེད་པའི་སྐད་ཆ་བའ་དའ།
  • བཅའ་འདྲི་བྱ་ཡུལ་
    ཁོ་ག་རེ་རེད་ཟེར་ན་གཅིག་ནས་མིས་གཞས་རེད་པའ་ལགས།
  • བཅའ་འདྲི་བྱ་ཡུལ་
    གཞས་དང་པོ་དེ་དངོས་གནས་རྒྱག་གི་རེད་ལགས། རག་སོ་ཨ་ལ།
  • བཅའ་འདྲི་བྱ་ཡུལ་
    ཤ་ལྤགས་ཟས་ན་ཛག་ཛག མར་ལྤགས་ཟས་ན་ཟག་ཟག ལ་ཕུག་སྒོབ་བཙོས་ཤག་ཤག་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ཤིག་ཤིག་ཟེར་ཀྱི་རེད་པའ་ལགས། ད་དེ་ག་རེ་རེད་ཟེར་ན་གཅིག་ནས་ཁོ་སྒོར་གཞས་ཀྱི་སུམ་རྒྱག་རེད།
  • བཅའ་འདྲི་བྱ་ཡུལ་
    གཉིས་ནས་ཁོ་ཐག་ཐག་དུས་ཙམ་པ་ཁོ་ཨོ་དེ་ཐག་མཁན་ཕར་ཚུར་མི་གླ་བསྒྲིགས་ཀྱི་རེད་པའ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཐག་མཁན་སྐད་གྲགས་ཡོད་ཀྱོ་དེ་ཚོ། ད་ཁོས་སྐབས་དེ་དུས་མིས་ལྟོ་ཆས་ལ་བལྟ་གི་ཡོད་ཟེར་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ད་ཆབ་དངམ་བསྒྲགས་གུ་བསྒྲགས་སྐུལ་བྱས།
  • བཅའ་འདྲི་བྱ་ཡུལ་
    ལྟོ་ཆས་ལ་བལྟ་ཀ་བྱས་ན་ཤ་ལྤགས་དེ་ཚོ་བྱིན་ཡག་པོ་ཞེ་པོ་བྱས་ན་སྣམ་བུ་རྩེ་གྲ་བཏགས།
  • བཅའ་འདྲི་བྱ་ཡུལ་
    ཚག་ཚག་ཙི་རིག་ཚག་ཚག་ཟེར་ཐག་གི་ཡོད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་གལ་སྲིད་མར་ལྤགས་དེ་ལས་འབྲིང་ར་གཅིག་བྱས་ཟག་ཟག་ཟེར་ཡས་དེ་འདྲས་བཏགས། ཤུགས་ཆུང་ཆུང་གཅིག
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ལ་ཕུག་མ་གཏོགས་མ་བྱིན་ན། དེ་ནི་ཤག་ཤག་ཟེར་ཀྱི་ཡོད་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ཚོ་ཚང་མ་ལས་གཞས་ཁོངས་ལའང་གཏོགས་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    ཁོ་རུ་ཁོ་རུ་མང་ཚོགས་ཀྱིས་རང་འགུལ་ངང་ནས་ད་ག་སེ་མར་བཟོས་བཞག་ཀྱོ་རེད་པའ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཡིན་ནའི་དེའི་གོ་དོན་ཞེ་དྲག་ཡོད་རེད། གཅིག་ནས་བགད་མོ་བསླང་ཡས་གོ་དོན་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    གཉིས་ནས་ཕ་གས་སྒོར་གཞས་གསུམ་རྒྱག་རྒྱག་དུས་གྲ་སྒྲིག་པོ་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་ནས་ཡང་སྣམ་བུ་འཐག་དུས་ག་རེ་བྱེད་ཀྱི་ཡོད་རེད་ཟེར་ན་ཁ་ཤས།
  • བཅའ་འདྲི་བྱ་ཡུལ་
    ཐག་འཐག་དུས་རྦད་དེ་སྣམ་བུ་འཐག་དུས་ཕར་ཚུར་གཞས་བཏང་གི་རེད་པའ་ལགས།
  • བཅའ་འདྲི་བྱ་ཡུལ་
    སྣམ་བུ་ཐག་མཁན་ཁ་ཤས་གཉིས་ཙམ་དེ་འདྲས་ཡོད་པ་ཡིན་ན།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་མིན་ན་ང་སྣམ་བུ་འཐག་གི་ཡོད་པ་བྱས།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་རྦད་དེ་བུ་མོ་དེ་ཚོ་གང་ག་རྦད་དེ་བལ་ལས་བྱས་བྱས་བསྡད་ཀྱི་ཡོད་རེད་དའ།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་བུ་དེ་ཀྱིས་བལ་ལས་སྣམ་བུ་བཏགས་བྱས་བུ་མོ་བལ་ལས་བྱས་བསྡོད་དུས་ད་ཕར་
  • བཅའ་འདྲི་བྱ་ཡུལ་
    ཚུར་བརྩེ་དུང་དེ་འདྲས་ཡོད་རེད་པའ་སྔོན་མ་ནས།
  • བཅའ་འདྲི་བྱ་ཡུལ་
    ད་ང་ཚོ་བོད་རིགས་ཀྱི་གཞོན་ནུ་ཕན་ཚུན་མང་མ་ངོ་ཚ་སྨིན་པོ་ག་རེ་རེད་ཟེར་ན་
  • བཅའ་འདྲི་བྱ་ཡུལ་
    སྐད་ཆ་བཤད་ཞེ་པོ་དེ་འདྲས་བྱེད་ཀྱི་མ་བའ་ནའ།
  • བཅའ་འདྲི་བྱ་ཡུལ་
    ད་དེ་འདྲས་ཁ་ཤས་དམངས་གཞས་ཀྱི་འདོད་སེམས་མཚོན་པའི་ད་དམངས་གཞས་
  • བཅའ་འདྲི་བྱ་ཡུལ་
    བརྩེ་དུང་དེ་འདྲས་ཐོག་ལ་དེ་འདྲས་དང་། དེ་འདྲས་ཀྱི་ཐོག་ནས་ཕར་ཚུར་མིས་གོ་ཡས་བཟོ་དེ་འདྲས་ལབ་བྱས།
  • བཅའ་འདྲི་བྱ་ཡུལ་
    ད་ཡ་རབས་ཚ་པོ་ར་གཅིག་དང་དེ་ཚ་པོ་ར་གཅིག་ཡོད་རེད་པའ། ཨ་ནི་དེ་དུས་ཡིན་དུས་ཨ་ནི་སྟག་དང་གཅིག
  • བཅའ་འདྲི་བྱ་ཡུལ་
    ཐག་མཁན་དེ་ཚོས་རང་འགུལ་ངང་ནས་མང་ཚོགས་ཁོ་ཚོས་རང་འགུལ་ངང་ནས་དའ།
  • བཅའ་འདྲི་བྱ་ཡུལ་
    བཟོས་བཞག་པ་གསར་རྩོམ་བྱས་བཞག་པ་དེ་འདྲས་རེད།
  • བཅའ་འདྲི་བྱ་ཡུལ་
    ཁོ་ཚོས་ག་རེ་ཟེར་ཀྱི་ཡོད་རེད་ཟེར་ན་རྦད་དེ་འདུག་ཟེར་ཞུས་བྱས་དའ། སྟག་དང་གནས་ཀྱི་ཀྲ་༼བར༽ནས།
  • བཅའ་འདྲི་བྱ་ཡུལ་
    བུ་ངས་མིག་གཅིག་བལྟས་པས། དཀར་ཆེན་བརྒྱ་ཡི་དཀྱིལ་ལ།
  • བཅའ་འདྲི་བྱ་ཡུལ་
    དམར་ཆེན་གཅིག་ལས་མི་འདུག་ཟེར་ཡས་ཨེ་འདྲས།
  • བཅའ་འདྲི་བྱ་ཡུལ་
    ད་ག་རེ་ཡིན་ཟེར་ན། ཁོ་མིས་འདུག་ཟེར་བལྟ་གི་ཡོད་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    སྟག་དང་མིག་གིས་འགྲུམ་བུ་ཕར་ཚུར་གཡུགས་པའི་མཇུག་གུ་དེའི་མིག་བལྟས་བྱས།
  • བཅའ་འདྲི་བྱ་ཡུལ་
    འགྲུམ་བུ་ཟེར་དེ་མིས་གཡས་ལ་གཡུགས་དུས་ཙམ་པ་རྐང་པ་འདི་གཞོགས་འདི་ནས་
  • བཅའ་འདྲི་བྱ་ཡུལ་
    གཡོན་ལ་གཡུགས་དུས་རྐང་པ་འདི་གཞོགས་འདི་ནས་བྱས་ཁོ་རྦད་དེ་འདུག་ཟེར་འགྲོ་དགོས་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    འདུག་ཟེར་མ་བྱས་ན་རྐང་པ་དེ་རྦད་དེ་ཕྱེན་ཐང་ལོག་༼གཅིག་པ་མ་བསྡད་པ༽འགྲོ་གི་རེད།
  • བཅའ་འདྲི་བྱ་ཡུལ་
    ཁོ་རའི་འགྲོ་སྟངས་བྱས་ན། དེ་ནི་འདུག་ཟེར་བྱེད་དུས་ཕར་བལྟས་ཚུར་བལྟས།
  • བཅའ་འདྲི་བྱ་ཡུལ་
    སྟག་དང་མིག་གི་ཀྲ་ནས་འདུག་ཟེར་བལྟ་དུས། ཨ་ནི་བུ་མོ་མང་པོ་ཞེ་པོ་གཅིག་ཡོད་རེད་པའ་ལགས།
  • བཅའ་འདྲི་བྱ་ཡུལ་
    ད་ཡིན་ནའི་དེའི་དཀྱིལ་ནས་གཅིག་ལས་མིན་འདུག་ཟེར་ན་དའ།
  • བཅའ་འདྲི་བྱ་ཡུལ་
    ད་ཁོ་རང་ཁོ་ར་རང་གི་མིས་བློ་འདོད་ཡོད་པའི་བཟོ་ར་དེ་གཅིག་ལས་མིན་འདུག་ཟེར་ཡས་དེ་འདྲས།
  • བཅའ་འདྲི་བྱ་ཡུལ་
    ཁོ་སྣམ་བུ་དང་འབྲེལ་བ་བྱས་བྱས་ཡང་།
  • བཅའ་འདྲི་བྱ་ཡུལ་
    སྟག་དང་གནས་ཀྱི་ཀྲ་ནས། བུ་ངས་མིག་གཅིག་བལྟས་པས། དཀར་ཆེན་བརྒྱ་ཡི་དཀྱིལ་ནས།
  • བཅའ་འདྲི་བྱ་ཡུལ་
    དམར་ཆེན་གཅིག་ལས་མིན་འདུག ཟེར་ཡས་དེ་འདྲས་དེང་སང་དའ།
  • བཅའ་འདྲི་བྱ་ཡུལ་
    མང་ཚོགས་ཁོ་རས་དང་པོ་སུས་བཟོས་མིན་ཟེར་ད་ཡོད་མ་རེད།
  • བཅའ་འདྲི་བྱ་ཡུལ་
    འདུག་ཟེར་བལྟས་ན་དེ་ཀྱིས་ཚིག་བསྙན་པོ་གཅིག་གིས་རྩོམ་བཞག་རོགས་བཟོ་ར་པོ་ཡོད་རེད་དེ་
  • བཅའ་འདྲི་བྱ་ཡུལ་
    རྩོམ་རོགས་ཟའ་མ་རེད། གཅིག་གིས་གཅིག་ལ་བརྒྱུད། གཅིག་གིས་གཅིག་ལ་བརྒྱུད།
  • བཅའ་འདྲི་བྱ་ཡུལ་
    ད་ག་ནང་བཞིན་ཁོ་སྣ་མིན་སྣ་ཚོགས། ཨ་ནི་ད་ག་ནང་བཞིན་གང་ག་ལ་ཡང་དཔེ་བཞག་ཡས་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    གང་ག་ལ་དཔེ་ཆ་བཞག་ན་ད་ལྟ་འགྲོམ་བུ་ཟེར་དེ་དའ།
  • བཅའ་འདྲི་བྱ་ཡུལ་
    འགྲོམ་བུ་ཕར་ཚུར་གཡུགས་ཡས་གཅིག་འདུག་ཀའ། དེའི་ཡང་ཉ། ཉ་འདུག་ཀ་ང་ཚོའི།
  • བཅའ་འདྲི་བྱ་ཡུལ་
    ཉ་གཟུགས་འགྲོམ་བུ་ཟེར་ཀྱི་རེད་ཡང་།
  • བཅའ་འདྲི་བྱ་ཡུལ་
    ཉ་གཟུགས་ཁོ་རུ་ཁ་ཤས་ཀྱིས་ཉ་གཟུགས་ཟེར་བྱས་ནས་དཔེ་ལྟས་བཞག་ཡོད་རེད་དའ།
  • བཅའ་འདྲི་བྱ་ཡུལ་
    གཞས་དང་གང་གའི་ནང་ལ་གཏོང་ཡས་གཅིག
  • བཅའ་འདྲི་བྱ་ཡུལ་
    ད་ད་ག་ནང་བཞིན་འཁོར་ལོ་འདུག་ཟེར་དེ་བྱེད་ཡས་གཅིག་འདུག་ཀའ་ལགས། སྒང་དེའི་དེ་གཅིག་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    གནས་འདུག་ཟེར་དེ་བྱེད་ཡས་ཀྱི་འཁོར་ལོ་བཞི་གཅིག།
  • བཅའ་འདྲི་བྱ་ཡུལ་
    འཁོར་ལོ་བཞི་དེའི་གང་ཡིན་ཟེར་ན་རྐང་བཞི་ཟེར་ཀྱི་རེད་ཡང་།
  • བཅའ་འདྲི་བྱ་ཡུལ་
    ཕྱེ་ཐང་ལོག་བྱས་བཤད་བྱས་དངོས་གནས་བྱས་ན་རྐང་པ་འོག་མ་རུ་བསྡད་ཀྱི་ཡོད་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    ཡར་ཁ་བལྟས་ཕྱེ་ཐང་ལོག་བྱས་དའ། ཁ་ཤས་གབ་ཚིག་བཟོ་ར་པོ་བཤོད་ཡས་བཟོ་འདྲས།
  • བཅའ་འདྲི་བྱ་ཡུལ་
    ཧ་མ་གོ་བ་ཟེ་ཁྱད་མཚར་དེ་འདྲས།
  • བཅའ་འདྲི་བྱ་ཡུལ་
    ཁོང་ཚོས་ཁོང་ཚོ་མིས་བལ་ལས་བྱེད་དུས་ད་མཚམས་མཚམས་བལ་ལས་བྱེད་དུས། ཨོ་འདུག་ཟེར་གཅིག་བྱས།
  • བཅའ་འདྲི་བྱ་ཡུལ་
    མཚམས་མཚམས་དགོང་མོས་སྤུན་འདུད་འཁལ་དུས་ཙམ་པ་ཕར་ཚུར་འདུག་ཟེར་འཐེན་ཀློད་ཡས་གཅིག་ཡོད་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    དེའི་རིང་ཐུང་བཟོ་ར་ཡང་ཚད་འཇལ་ཡས་ཡོད་ན་ཡང་ཚད་འཇལ་དེ་འདྲས་ཡང་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    དཔེར་ན་སྤུན་འདུད་དེ་འདྲས་ལ་ཟླ་ལེས་ཟེར་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    དང་པོ་དེ་འཐེན་ཡས་དེ་ཟླ་ལེས་བཟོ་དེ་དེ་འདྲས་གཅིག་ཡོད་པ་ཡིན་ན།
  • བཅའ་འདྲི་བྱ་ཡུལ་
    འདུག་ཟེར་ཕར་ཁ་བལྟས་འཐེན་ཡས་དེ་རིང་ཐུང་ཆ་ཡིན་ན་ལས་འགྲོ་ཡོད་ཟེར་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ཟླ་ལེས་དེ་ནས་ཟོན་བྱས་ཁྱེད་རང་གིས་ཕར་འཐེན། ཕར་རིང་པོ་ཞེ་དྲག་འཐེན།
  • བཅའ་འདྲི་བྱ་ཡུལ་
    ངས་ཏོག་ཙམ་ལས་མ་འཐེན་ན། ལས་འཕྲོ་མིན་འདུག་ཟེར་ཡས་དེ་འདྲས། ཁོ་རྦད་དེ་དམངས་ཁྲོད་ཀྱི་དའ།
  • བཅའ་འདྲི་བྱ་ཡུལ་
    ལས་ཀ་བྱེད་ཀྱིན་བྱེད་ཀྱིན་ཁོ་ཆབ་ཚ་པོའི་སྐད་ཆ་དེ་འདྲས་དང་གཞས་དེ་འདྲས་དང་སྣ་མིན་སྣ་ཚོགས་ཨེ་འདྲས།
  • བཅའ་འདྲི་བྱ་ཡུལ་
    ཆོག་དོ་༼མང་པོ༽ཡོད་རེད། དེ་འདྲས་ར་པོ་གཅིག་རེད་ལགས།
  • བཅའ་འདྲི་བ་
    རྒན་ལགས་ཨོང་། ཞོར་དེའི་སྐད་ཆ་གཅིག་འདྲི་ཡས་ཡོད་ལགས། དེ་ཞུ་ཡས་གཅིག་ཡོད།
  • བཅའ་འདྲི་བ་
    གབ་ཚིག་སྐོར་ལ་ཡང་ང་ཚོའི་གྲ་ནང་རྒྱུད་དེ་པར་གབ་ཚིག་དེ་འདྲས་ཐེངས་མང་པོ་གསན་ཡོད་ཀྱི་རེད།
  • བཅའ་འདྲི་བ་
    རྒན་ལགས་ཀྱིས་ངོ་སྤྲོད་གཅིག་གནང་རོགས་གནང་།
  • བཅའ་འདྲི་བྱ་ཡུལ་
    ད་ང་ཚོ། རེད་དའ། དེའི་ནང་ལ་བྱས་ན་ད་ག་ཟེར།
  • བཅའ་འདྲི་བྱ་ཡུལ་
    མང་ཚོགས་ནང་ལ་བྱས་ན་ད་གཙོ་བོ་གབ་ཚིག་བཟོ་ར་པོ་ཟེར་ཀྱི་རེད་པའ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ཕར་ཚུར་རིག་པ་རྣོར་ཡས་བཟོ་ར་པོ་བྱས། ཨིན། དེ་འདྲས་ཟེར་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    ད་ཟེར་ཀྱི་རེད་དེ་དེ་ཚོ་ཁག་མང་ཆེ་སྔོན་མ་ཀྱི་དའ། གབ་ཚིག་དེ་འདྲས་རེད་ལགས།
  • བཅའ་འདྲི་བྱ་ཡུལ་
    སྔོན་མ་གབ་ཚིག་གི་དའ་ཁོ་མིས་གཅིག་གིས་གཅིག་ལ་བཞག་པ་དེ་འདྲས་ཡོད་རེད་པ་ལགས་ད་དེ་ཚོ་ཕར་ཚུར་།
  • བཅའ་འདྲི་བྱ་ཡུལ་
    ཡང་ཨོ་དེ་ཚོས་གཅིག་གིས་གཅིག་ལ་ཕར་ཚུར་དཔེར་ན། བ་དམར་པོ་གཅིག་གིས་ཆུ་རྫིང་བུ་གང་འཐུང་ཡས།
  • བཅའ་འདྲི་བྱ་ཡུལ་
    ག་རེ་རེད་ཟེར་ཡས་དེ་འདྲས་དང་། ཁོ་ཨོ་དེ་འདྲས་ཡོད་རེད་པའ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་རྦད་དེ་ཨ་ཡ་ཡུའུ་མེད་པ་ག་རེ་རེད་ཟེར་ཡས་དེ་འདྲས་དང་།
  • བཅའ་འདྲི་བྱ་ཡུལ་
    ཕྱིན་ཕྱིན་ཕྱིན་སླེབས་ཡས་མེད་པ་ག་རེ་རེད་ཟེར་ཡས་ར་པོ། ཕར་ཚུར་ཨེ་འདྲས་རིག་པ་ཞེ་དྲག་བགྲེས་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    དཔེར་ན་བ་དམར་པོ་གཅིག་གིས་ཆུ་རྫིང་བུ་གང་འཐུང་ཡས་དེ་ག་རེ་རེད་ཟེར་ན་སྔོན་མ་
  • བཅའ་འདྲི་བྱ་ཡུལ་
    བཞུ་མར་ལ་ཟེར་ཀྱི་ཡོད་རེད་པའ། ཁོ་མེ་དེ་གཅིག་སྤར་རྫིང་བུ་གང་འཐུང་གི་ཡོད་པའི་བཟོ་ར་པོ་དེ་འདྲས།
  • བཅའ་འདྲི་བྱ་ཡུལ་
    ད་ཡང་ཕྱིན་ཕྱིན་ཕྱིན་སླེབས་ཡས་མེད་པ་ཟེར་དེ་ག་རེ་རེད་ཟེར་ན་རྦད་ཐོག་ཁའི་དར་ལྕོག་ལ་ཟེར་ཀྱི་ཡོད་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    དེ་ཚོ་ཚང་མས་མཁྱེན་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་རྦད་དེ་མི་བརྒྱ་ཐམ་པ་ལ་སྐེས་རག་གཅིག་བཅིངས་ཀྱོ་ག་རེ་རེད་ཟེར་ཡས་ར་པོ།
  • བཅའ་འདྲི་བྱ་ཡུལ་
    ཁོ་འཇག་མ་དེ་འདྲས་ཟེར་ཀྱི་ཡོད་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    ད་ཁོ་ཁོ་ཨོ་དེ་འདྲས་གཅིག་གིས་གཅིག་ལ་གབ་ཚིག་སྐོར་ཆོག་དེ་ཡོད་རེད་པའ་ལགས།
  • བཅའ་འདྲི་བྱ་ཡུལ་
    ད་དེ་མིན་པའི་ཡང་གབ་ཚིག་བཟོ་ར་པོ་དེ་འདྲས་ཡོད་རེད་པ་ཡང་།
  • བཅའ་འདྲི་བྱ་ཡུལ་
    ཁ་ཤས་དེང་སང་ཟ་ཡེ་ད་ག་རེད་གྲ་ནང་མི་ཟེར་མཁན་དེ་ད་གིན་ངས་ཞུས་བོ། ཚོང་།
  • བཅའ་འདྲི་བྱ་ཡུལ་
    ག་ས་ག་ལ་ཕྱིན་ཚོང་དང་དེ་འདྲས་དགའ་པོ་རིག་པ་སྤྱང་པོ་ཡིན་ཙང་ཡང་གསར་པའི་བཟོ་ར་པོ་བཟོས་བྱས་
  • བཅའ་འདྲི་བྱ་ཡུལ་
    གབ་ཚིག་བཟོ་ར་པོ་ཁྱད་མཚར་ཨེ་འདྲས་ཟེར་ཡས་དེ་འདྲས་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ག་རེ་རེད་ཟེར་ན་གྲ་ནང་མི་ཟེར་དེ་ག་ས་ག་ལ་ཕྱིན་པ་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་རྦད་དེ་རྟ་བོང་། ཚོང་རྒྱག་ཡས་ལ་དགའ་པོ།
  • བཅའ་འདྲི་བྱ་ཡུལ་
    རྟ་བོང་ཟེར་དེ་སྔོན་མ་བྱས་ན་ད་མིས་རྟ་བོང་ཟེར་དེ་ཚོང་རྒྱག་མཁན་ཁོ་ར་ཆེད་མངགས་གཅིག་ཡོད་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    སྔོན་མ་བྱས་ན་རྟ་བོང་དེ་ཚོ་ཚོང་རྒྱག་མཁན་གྱི་ཆེད་མངགས་གཅིག་ཡོད་རེད་ད་དེ་ཚོ།
  • བཅའ་འདྲི་བྱ་ཡུལ་
    མིང་བྱས་ཁོ་རང་ཁོ་རང་གཅིག ཨ་ནི་གྲ་ནང་ཟེར་དེ་དེ་འདྲས་ཞེ་དྲག་བརྩི་ཀྱི་མ་རེད།
  • བཅའ་འདྲི་བྱ་ཡུལ་
    ཁོ་གང་གས་བཟོ་ར་པོ་གཅིག་རྒྱག་གི་རེད་དའ་སྔོན་མ་བྱས་ན་ཧ་ལམ་སྔོན་མ་དང་
  • བཅའ་འདྲི་བྱ་ཡུལ་
    སྤྱི་ཚོགས་རྙིང་པའི་སྐབས་ལ་མི་ཚང་ཆེན་པོ་དང་ནུག་ཟེ།
  • བཅའ་འདྲི་བྱ་ཡུལ་
    གཅིག་རྫིག་པོ་དང་རྣ་ཅོག་སར་ལ་གཅིག་བཏགས་པ་དེ་འདྲས་ཡོད་པ་གའ་དེ་ཚོས་ཀྱིས་
  • བཅའ་འདྲི་བྱ་ཡུལ་
    ཁོ་ཚོང་ད་ག་རྒྱག་གི་རེད་མ་གཏོགས་རིགས་མཐོ་དམན་ལ་ཅིས་རྩི་གོ་མ་རེད།
  • བཅའ་འདྲི་བྱ་ཡུལ་
    ཁོ་ག་ག་ཡེ་བརྩི་ཀྱི་མ་རེད་གང་ཡིན་ཟེར་ན། ཁོ་ཚོང་ཁོ་རང་ལ་དགའ་པོ་ཡོད་པའི་བཟོ་ར་པོ་གཅིག
  • བཅའ་འདྲི་བྱ་ཡུལ་
    དེ་ཕར་བཞག་ནས་རྟ་བོང་དང་དེ་ཚོའི་དེ་ཧ་མ་གོ་ནའི་ད་སྤུ་མདོག་བཟོ་ར་པོ་རིགས་བཟོ་ར་པོ་ལོ་
  • བཅའ་འདྲི་བྱ་ཡུལ་
    བཟོ་ར་པོ་ཡོད་རེད་པའ། དམངས་ཁྲོད་ནའ། དེ་ཚོ་ས་ཧ་མ་གོ་ནའི།
  • བཅའ་འདྲི་བྱ་ཡུལ་
    གང་ག་གབ་ཚིག་ཁོངས་ནས་འབྲི་ཡས་དང་ཨ་ནི་གང་ག་ཧ་མ་གོ་ན་ལྐུགས་པའི་བཟོ་ར་པོ་གཅིག་བརྩིས་བྱས།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་རྦད་དེ་དེ་འདྲས་ཡ་དང་དོད་ཞེ་དྲག་བྱས་བྱས།
  • བཅའ་འདྲི་བྱ་ཡུལ་
    ཧ་ལམ་གྲ་པའི་ནང་ལ་ཡི་ནས་མར་ཚོང་རྒྱག་མཁན་ཡོད་རེད་པའ་ལགས། དེ་ཚོས་ཀྱིས་རྦད་དེ་གང་ག་ཤེས་པའ།
  • བཅའ་འདྲི་བྱ་ཡུལ་
    རྟ་བོང་གཅིག་དཔེར་ན་རྟ་གཅིག་དེར་སླེབས་སོང་ན། དཔེར་ན་རྟ་ར་གཅིག་ལ་ཆ་བཞག་ན།
  • བཅའ་འདྲི་བྱ་ཡུལ་
    ད་གིན་ངས་སྒོར་གཞས་ཚིག་དང་དམངས་གཞས་དང་གབ་ཚིག་དང་གང་ག་ཕར་ཚུར་འབྲེལ་བ་
  • བཅའ་འདྲི་བྱ་ཡུལ་
    དམ་པོ་ཞེ་པོ་གཅིག་ཡོད་རེད། དམངས་ཁྲོད་ཀྱི་རྩོམ་རིག་ཟེར་དེ་དམངས་ཁྲོད་ཀྱི་དའ།
  • བཅའ་འདྲི་བྱ་ཡུལ་
    སྒྱུ་རྩལ་དང་འབྲེལ་བ་ཞེ་པོ་གཅིག་ཡོད་རེད། བྱས་ཙང་ཁོ་རྟ་ར་གཅིག་ལ་ཆ་བཞག་ན།
  • བཅའ་འདྲི་བྱ་ཡུལ་
    རྟའི་གཞས་གཅིག་བཏང་དགོས་བྱུང་ན། རྟ་དེ་ཆ་ཚང་ཤེས་དགོས་ཀྱི་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    དཔེར་ན་དང་པོ་ཁོ་རའ་རྟ་ཁོ་རང་ལ་སྤུ་མདོག་ག་ཚོད་ཡོད་མེད་གང་ག་དམངས་ཁྲོད་ཁོ་རའ་ཕར་ཚུར་བཤད་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    རྟ་སྤུ་མདོག་ག་ཚོད་རེད་བྱས་ན་མིས་བཤད་ཁག་པོ་ཞེ་དྲག་ཡོད་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    སྤུ་མདོག་ལ་མིང་ཡོད་རེད་པའ་མིས།
  • བཅའ་འདྲི་བྱ་ཡུལ་
    དཔེར་ན་མིས་རྟ་ནག་པོ་ཟེར་བྱས་ད་ང་ཚོས་ཟེར་ཀྱི་རེད་མ་གཏོགས་སྔོན་མ་ཡིན་ན་ཟེར་ཀྱི་མ་རེད་པའ་མིས།
  • བཅའ་འདྲི་བྱ་ཡུལ་
    རྟ་ནག་པོ་ཡིན་ན་ཝ་ལེ་ཟེར་ཀྱི་རེད། ཝ་ལེ་གཅིག་པུས་ཡོང་གི་ཡོད་མ་རེད།
  • བཅའ་འདྲི་བྱ་ཡུལ་
    སྣ་དེའི་ཡང་མི་ནང་བཞིན་མིང་རེ་རེ་རེ་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ཝ་ལེ་ཡིན་ན་བསམ་གཏན་ཝ་ལེ་མིན་གཅིག་མིན་གཅིག་ཟེར་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    རྟ་དམར་སང་སེ་ཡོད་ན། དམར་པོ་ཟེར་ཀྱི་མའ། རྐྱང་པ་ཟེར་ཀྱི་རེད་པའ། རྐྱང་པ་།
  • བཅའ་འདྲི་བྱ་ཡུལ་
    རྐྱང་པ་གཅིག་པུ་ཀྱིས་ཡོང་གི་མ་རེད། ཡང་མིང་སྣ་དེའི་ཡོད་རེད། ཕུན་ཚོགས་རྐྱང་པ་ཟེར་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    མིང་དེ་ཚོ་འཇུག་པ་ཞེ་པོ་གཅིག་ཡོད་རེད། ད་མིན་ན་རྟ་ཟག་པ་ཟེར་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    ཟག་པ་ཟེར་དེ་དམར་པོ་ལས་སེ་ཕག་ཙེ་བྱས་ཀྱོ་གཅིག་འདུག་ཀའ།
  • བཅའ་འདྲི་བྱ་ཡུལ་
    ཟག་པ་གཅིག་ཡོད་ན་རྟ་ཟག་པ་གཅིག་པུ་ཟེར་མཁན་ཡོད་མ་རེད། བསམ་གྲུབ་ཟག་པ་རེད།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ཁོ་རང་ཁོ་རང་ལ་མིང་འདུག་གའ། དཔེར་ན་རྟ། ད་གིན་ཞུས་པ་ཡིན།
  • བཅའ་འདྲི་བྱ་ཡུལ་
    ཝ་ལེ་ཡིན་ན་བསམ་གཏན་ཝ་ལེ། སྔོ་ནག་ཡིན་ན་གཡུ་འབྲུག་སྔོ་ནག ངང་པ་ཡིན་ན་གསེར་བྱ་ངང་པ།
  • བཅའ་འདྲི་བྱ་ཡུལ་
    རྐྱང་པོ་ཡིན་ན་ཕུན་ཚོགས་རྐྱང་གུ། ཨོ་དེ་འདྲས་རེ་རེ་རེ་སྦྱར་བྱས་བྲའུ་ཡིན་ན་ནོར་བུ་བྲའུ།
  • བཅའ་འདྲི་བྱ་ཡུལ་
    ཁོ་རུ་ཁོ་རུ་ལ་ཚ་ཚང་ཁོ་རུ་ལ་ཡོད་རེད་དའ། གཞན་པས་ཀྱིས་ཕར་ཚུར་ཧ་གོ་པ་བྱས།
  • བཅའ་འདྲི་བྱ་ཡུལ་
    ད་དེ་འདྲས་ཧ་གོ་རོ་དེ་ཚོ་ཟའ། ད་ཕི་ནས་ཚུར་ཆེད་མངགས་ཁྲ་འབྲུག་དང་ངོ་ཕྱོགས་ལ་ཡོང་གི་ཡོད་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    དེ་ཚོད་ཡོང་བྱས་གྲ་ནང་མི་ཀྱིས་བཤད་བྱས་ཨ་ནི་རྦད་དེ།
  • བཅའ་འདྲི་བྱ་ཡུལ་
    རྟ་གཡུ་འབྲུག་སྔོ་ནག་བྱ་ལས་མགྱོགས། ང་ཚོང་པ་དགེ་ལེགས་ག་རེ་ཟའ། འདྲེ་ལས་འཚུབ།
  • བཅའ་འདྲི་བྱ་ཡུལ་
    ཟེར་ཡས་དེ་འདྲས་བཤད་བྱས་དའ། ཁ་བཤོབ་དེ་ཚོ་བཤད་བྱས་།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་རྟ་དེ་འདྲས་ཁ་དང་དེ་འདྲས་ཧ་གོ་ན་བྱིན་ཀྱིས་ཟེར།
  • བཅའ་འདྲི་བྱ་ཡུལ་
    རྟ་དེ་འདྲས་ཀྱི་ལོ་ག་ཚོད་ཡིན་མིན་དང་གང་ག་ཙུའུ་ལ་རྟ་ལ།
  • བཅའ་འདྲི་བྱ་ཡུལ་
    ཙུའུ་ཡོད་རེད་པ་ལགས་རྟ་ཆས་མཐོང་བ་འཛུམ་ཤོར་ཟེར་གཅིག་ཡོད་རེད་།
  • བཅའ་འདྲི་བྱ་ཡུལ་
    དེའི་ནང་ལ་གང་ག་ཆ་ཚང་ཡོད་རེད་པ་ལགས། དཔེར་ན་རྟའི་ཁ་ཟའ་མི་དམངས་ཆེ་བས་ཧ་གོ་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    ད་ལྟ་དེང་སང་ད་རྟ་དང་བོང་བུ་ཞེ་དྲག་ཡོད་མ་རེད་མ་གཏོགས།
  • བཅའ་འདྲི་བྱ་ཡུལ་
    རུ་ཁག་གི་ཁྲིད་དེ་པར་ང་ཚོ་ཟའ་ཞེ་དྲག་བལྟ་མྱོང་ཡོད། གང་ག་ཧ་གོ་པ་བྱེད་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    ད་ཏོག་ཙམ་ལས་སླ་པོ་ཡོད་རེད། སོ་ཡང་ཆེ་གི་རེད་ལགས། རྟ་ཡང་ཉུང་ཉུང་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    བོང་བུ་ཟེར་དེ་མང་པོ་ཞེ་དྲག་ཡོད་རེད་པའ་ལགས།
  • བཅའ་འདྲི་བྱ་ཡུལ་
    སྔོན་མ་རུ་ཁག་གང་དེ་པར་བོང་བུ་རུ་ཁག་རེ་རེར་བདུན་ཅུ་བརྒྱད་ཅུ་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་རུ་ཁག་གཞན་དག་བོང་བུ་དང་གང་ག་ཁ་སྔོག་བྱས་བལྟ་སྒོས་རེད། དའ། ཁོ་ཆ་ཚང་ཁོ་རུ་ཡོད་རེད་དའ།
  • བཅའ་འདྲི་བྱ་ཡུལ་
    བོད་ཀྱི་རིག་པའི་གཞུང་ལུགས་དེ།
  • བཅའ་འདྲི་བྱ་ཡུལ་
    ཁོ་ད་གར་ཟེར་རིག་པའི་གཞུང་ལུགས་ཟེར་ག་ཡེ་མ་རེད་དེ་དམངས་ཁྲོད་དམངས་ཁྲོད་བརྒྱུད་ནས།
  • བཅའ་འདྲི་བྱ་ཡུལ་
    དཔེར་ན་སོ་བལྟ་ཡས་ལ་ར་པོ་གཅིག་ཆ་བཞག་ན།
  • བཅའ་འདྲི་བྱ་ཡུལ་
    ད་ན་དང་པོ་དེ་ལ་སླེབས་དུས། ན་དང་པོ་ཟེར་གཅིག་ཡོད་རེད་པའ་དའ།
  • བཅའ་འདྲི་བྱ་ཡུལ་
    དེ་ཚོར་ན་བརྩི་ཀྱི་རེད། ན་དང་པོའི་མཆེ་བ་ནས་ཏོག་ཙམ། ཆུང་ཨ་མའི་ཁོག་ནས་ལུང་ཏུ་སོང་ཟེར།
  • བཅའ་འདྲི་བྱ་ཡུལ་
    དམངས་གཞས་ཁོ་རུ། དམངས་ཁྲོད་ཁོ་རའ།
  • བཅའ་འདྲི་བྱ་ཡུལ་
    ན་དང་པོའི་མཆེ་བ་ནས་ཏོག་ཙམ་ཡོད་ཟེར་ཀྱི་ཡོད་རེད་དེའི་མཆེ་བ་ནས་ཏོག་ཙམ་གཅིག ཕོ་ཡིན་ན།
  • བཅའ་འདྲི་བྱ་ཡུལ་
    བུ་མོ་ཡིན་ན་ཡོད་མ་རེད་དའ། མོ་ཡིན་ན། མཆེ་བ་ནས་རྡོག་སླེབས་དུས་སྐྱེས་ནས་ལོ་དྲུག་སོང་པ་རེད།
  • བཅའ་འདྲི་བྱ་ཡུལ་
    ད་དེའི་གོང་ལ་ག་རེ་བྱེད་ཀྱི་ཡོད་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    དང་ཐོག་ཨོ་དིལ་ཟེར་ཀྱི་རེད། གྲ་ནང་གི་སྐད་རེད་པ་ལགས། དེ་ནས་ཅོ་པ་ཟེར་ཀྱི་རེད་དའ།
  • བཅའ་འདྲི་བྱ་ཡུལ་
    དེ་ནས་རྦད་དེ་ཡ་ཡི་ན་མ་ཡིན་ཟེར་ཡས་དེ་འདྲས། ད་སོའི་དོན་དག་བཤད་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ཡས་ནས་གཉིས་དང་མས་ནས་གཉིས་ཟེ་དེ་འདྲས་སྐྱུར་གི་རེད་ཟེར་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    རྟ་ལ་སོ་དེ་འདྲ་སྒང་ནས་དྲུག་དང་འོག་ནས་དྲུག་ཡོད་རེད་པའ། ཡ་ཡིན་མ་ཡིན། དཀྱིལ་ནས་སྐྱུར་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་ནས་ཐབ་ཆེ་ཟེར་དེ་འདི་ནས་དཀྱིལ་ལ། ཨའོ། དཀྱིལ་སྐྱིལ་རྐྱང་ལ་མཐའ་ནས་དཀྱིལ་དེ་སྐྱུར་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་ནས་མཐའ་དེ་མཐའ་རྐྱང་དེ་སྐྱུར་དུས་ན་དང་པོའི་མཆེ་བ་ལོན་ནས་ལོ་དྲུག་ལ་སླེབས་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ནས་ག་རེ་བྱེད་ཀྱི་ཡོད་རེད་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    རྟའི་དེ་ལ་བསྡད་བལྟས་བྱས་སྐྱོར་ཡས་ཁོ་རུ་ཡོད་རེད་ད་དམངས་ཁྲོད་ཁོ་རུ།
  • བཅའ་འདྲི་བྱ་ཡུལ་
    དང་པོ་ཡས་ཀྱི་མས་ཀྱི་དཀྱིལ་ནས་ཟས། གཉིས་པ་ལ་ནི་བར་དུ་གནས།
  • བཅའ་འདྲི་བྱ་ཡུལ་
    གསུམ་པ་ལ་ནི་མཐའ་མའོ་ཟེར། སྐྱོར་གྱི་རེད། ག་རེ་རེད་ཟེར་ན་ན་དང་པོར་སླེབས་དུས་རིས་གཅིག་ཡོད་རེད་པའ་ལགས།
  • བཅའ་འདྲི་བྱ་ཡུལ་
    སོ་མེད་སའི་དཀྱིལ་དེ་གཉིས་ལ་རིས་དེ་སླེབས་ཀྱི་ཡོད་རེད། དཀྱིལ་དེ་གཉིས་ལ།
  • བཅའ་འདྲི་བྱ་ཡུལ་
    རིས་དེ་ག་འདྲས་གཅིག་ཡོད་ཟེར་ན་སེན་མོང་འདུག་ཟེར་བཙུགས་བཞག་པའི་བཟོ་ར་གཅིག
  • བཅའ་འདྲི་བྱ་ཡུལ་
    ཁ་དེ་སྔོགས་བྱས་མར་ཁ་བལྟས་བལྟ་དགོས་མ་གཏོགས་འདེའི་དེ་བལྟ་ཡས་ཡོད་མ་རེད་དའ།
  • བཅའ་འདྲི་བྱ་ཡུལ་
    སོའི་དེའི་བལྟས་ན་རིས་དེའི་སེན་མོང་བཙུགས་བཞག་པ་གཉིས་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    དང་པོ་མལ་ཀྱི་དཀྱིལ་ནས་ཟས། འདི་གཉིས་ལ།
  • བཅའ་འདྲི་བྱ་ཡུལ་
    གཉིས་པ་ལ་ནི་བར་དུ་གནས་ཟེར། གསུམ་པ་ལ་ནི་མཐའ་མའོ།
  • བཅའ་འདྲི་བྱ་ཡུལ་
    ན་གསུམ་པ་ལ་སླེབས་ཙང་མཐའ་དེ་གཉིས་སླེབས་ཀྱི་རེད་དེའི། ཏག་ཏག་ཁོ་རུ་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    བཞི་པ་སྔོན་པོ་གཡུ་པའི་རིས།
  • བཅའ་འདྲི་བྱ་ཡུལ་
    བཞི་པ་ལ་སླེབས་དུས་ཡང་རིས་དེ་མེད་པ་བྱས་གཡུའི་ཨི་ཁུང་ནང་བཞིན་སྐོར་སྐོར་གཅིག་གི་ནང་ལ་ནག་པོ་གཅིག་
  • བཅའ་འདྲི་བྱ་ཡུལ་
    རེ་རེ་སླེབས་ཀྱི་རེད། ལྔ་པ་ལ་ནི་བར་དུ་གནས། དྲུག་པ་ལ་ནི་མཐའ་མའོ་ཟེར་ཕར་འགྲོ་དགོས་རེད།
  • བཅའ་འདྲི་བྱ་ཡུལ་
    ད་ན་བདུན་པ་ལ་སླེབས་ན། བདུན་པ་ཡར་ཀྱི་དཀྱིལ་ནས་བཟས་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཡར་སླེབས་ཀྱི་རེད་ཡས་སོར། བརྒྱད་པ་ལ་ནི་བར་དུ་གནས།
  • བཅའ་འདྲི་བྱ་ཡུལ་
    དགུ་པ་ལ་ནི་མཐའ་མའོ། ན་དགུ་པ་བར་དུ་རྩེ་གྲ་ཁོ་རང་ཧ་གོ་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    ན་བཅུ་པ་ནས་དེང་སང་ག་རེ་ཟེར་ཀྱི་རེད་ཟེར་ན་ན་བུད་པ་རེད་ཟེར་ཀྱི་འདུག་ཀའ།
  • བཅའ་འདྲི་བྱ་ཡུལ་
    སྔོན་ནས་བྱས་ན་བུད་ཟེར་ཡོད་མ་རེད། ལོ་རྒད་ཁོག་ཆགས་ནས་ཧ་གོ་ཀྱི་མེད་ཟེར་ཀྱི་ཡོད་རེད་དའ།
  • བཅའ་འདྲི་བྱ་ཡུལ་
    ད་དེ་གཏན་གཏན་ཟེར་བརྩི་ཐུབ་ཀྱི་ཡོད་མ་རེད། བྱས་ཙང་རིས་བུད་པ་ཟེར་ཟེར་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ད་དེ་འདྲས་ཀྱི་བཟོ་ར་གཅིག་དང་རྟའི་གཙུག་གི་ནུབ་གཙུག་གི་གང་ཡིན་མིན་དང་
  • བཅའ་འདྲི་བྱ་ཡུལ་
    སྦོ་ཐག་ཐུང་དང་དབལ་པ་གི་མིག་གོ་ཡས་དང་།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་གང་འདྲས་གོ་ཡི་ཡོད་མེད་དང་རྦད་དེ་ཆ་ཚང་འདུག་ཟེར་བྱས་བྱས་དེ་ཚོང་གང་ག་ཁ་ཤས་གཞས་ནང་ལ་བཏང་།
  • བཅའ་འདྲི་བྱ་ཡུལ་
    ཁ་ཤས་དེ་ནི་དེའི་ནང་ནས་ག་རེ་ཟའ། གབ་ཚིག་ནང་ནས།
  • བཅའ་འདྲི་བྱ་ཡུལ་
    དཔེར་ན་གཞས་ནང་ནས་ད་ལྟ་རྟ་ཕོའི་མགོ་དེ་ཚེ་དབང་འབུམ་པ་འདྲ།
  • བཅའ་འདྲི་བྱ་ཡུལ་
    རྟ་ཕོའི་སྐད་དེ་སེང་གེའི་ངར་སྐད་འདྲ་ཟེར་ཡས་དེ་འདྲས་འདུག་ཀའ་ལགས།
  • བཅའ་འདྲི་བྱ་ཡུལ་
    དེ་ཚོ་ཚང་མ་ཨོ་དེ་ཚོ་དང་འབྲེལ་བ་ཞེ་པོ་གཅིག་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་དམངས་ཁྲོད་ཀྱི་རྩོམ་རིག་དང་དམངས་ཁྲོད་ཀྱི་གཞས་དང་།
  • བཅའ་འདྲི་བྱ་ཡུལ་
    དམངས་ཁྲོད་ཀྱི་གབ་ཚིག་དང་དེ་ཚོ་ཚང་མ་ལོ་གོ་ད་འབྲེལ་བ་དམ་ཟབ་ཞེ་པོ་གཅིག་ཡོད་རེད་ལགས།
  • བཅའ་འདྲི་བྱ་ཡུལ་
    ཨེ་འདྲས་གཅིག་རེད།
  • བཅའ་འདྲི་བ་
    དའ་ད་ཞག་ང་ཚོས་དེའི་ཡར་ཀླུང་གི་རྒྱུད་ད་ཡར་ཀླུང་སྣྲ་གདོང་རྒྱུད་དང་འཕྱོངས་རྒྱས་རྒྱུད་ལ་ཕྱེ་བ་རེད་པའ།
  • བཅའ་འདྲི་བ་
    བྱས་ཙང་ད་དེ་འདྲས།
  • བཅའ་འདྲི་བ་
    ད་དེ་ང་ཚོའི་བསམ་བློའི་ནང་ལ་ད་ཡར་ཀླུང་ཡར་ཀླུང་ཟེར་དེ་དེ་ལྷོ་ཁ་བརྒྱུད་ནས་བྱས་པ་ཡིན་ན་དེ།
  • བཅའ་འདྲི་བ་
    ད་ལྟ་ལྷོ་ཁའི་གཅིག་ལོ་རེའི་དུས་ཆེན་གཅིག་འཚོགས་ཀྱི་ཡོད་རེད་པའ་ལགས།
  • བཅའ་འདྲི་བ་
    རིག་གནས་དུས་ཆེན།
  • བཅའ་འདྲི་བ་
    ལགས་འོ། དེ་འཚོགས་དུས་ཨེ་ནི་ཡར་ཀླུང་ཟེར་དེ་ཨ་ནི་ལྷོ་ཁ་ཡོངས་ལ་ཡའ་ཁྱབ་ཀྱི་ཡོད་ནའ་ཁྱབ་ཀྱི་མེད་ནའ།
  • བཅའ་འདྲི་བ་
    ཨ་ནི་ཡར་ཀླུང་ཟེར་དེ་གང་འདྲས་ཟེར་བྱས་གོ་བ་ལེན་ཀྱི་ཡོད་ནའ།
  • བཅའ་འདྲི་བ་
    སྔོན་མ་ཡར་ཀླུང་ཟེར་དེ་གང་འདྲས་གོ་བ་ལེན་དགོས་རེད།
  • བཅའ་འདྲི་བ་
    ད་ད་ཞག་རྗེས་སུ་དང་གང་འདྲས་ཟེར་བྱས་བྱས་ཡར་ཀླུང་དེ་ལ་ཡང་གོ་བ་ལེན་དགོས་རེད།
  • བཅའ་འདྲི་བ་
    དེ་འདྲའི་ཐོག་ལ་རྒན་ལགས་ཀྱིས་གཅིག་་་་
  • བཅའ་འདྲི་བྱ་ཡུལ་
    ད་དེ་དེ་འདྲས་རེད་ལགས། ཡར་ཀླུང་ཟེར་དེ་ད་བོད་ཀྱི་ལོ་རྒྱུས་སྒང་ནས་ད་ཁོ་རའི་ཤུལ་ར་གཅིག་ཡོད་རེད་པའ་ལགས།
  • བཅའ་འདྲི་བྱ་ཡུལ་
    དེང་སང་ཆ་བཞག་ནས་ཡར་ཀླུང་ཟེར་དེ་ཀྱིས་ལྷོ་ཁའི་ཚབ་བྱེད་ཐུབ་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ལྷོ་ཁའི་ད་ས་ཁུལ་དེའི་ཚབ་ཁུ་རུ་བྱས་བྱས་བྱེད་ཐུབ་ཀྱི་ཡོད་རེད་ལགས།
  • བཅའ་འདྲི་བྱ་ཡུལ་
    ད་ཡིན་ནའི་མིས་ས་ཆ་ཧྲིལ་པོ་རང་བྱས་བྱས་བྱེད་དུས་ཙམ་པ་ཡར་ཀླུང་ཟེར་དེ་
  • བཅའ་འདྲི་བྱ་ཡུལ་
    ད་ལྟ་ཞོགས་ཤར་དེའི་དེ་ཡོད་རེད་། གོང་བུ་རི། ཞོགས་ནུབ་ཕི་ཀས་ཤེལ་བྲག་རི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་ཡར་བཅད་པའི་ཡར་ཁ་བལྟས་ཕྱིན་ན་ཡི་ནས་མ་ལ་གངས་རི་ཡར་ལྷ་ཤམ་པོ་མ་བཅད།
  • བཅའ་འདྲི་བྱ་ཡུལ་
    འཕྱོངས་རྒྱས་ཀྱི་ཡར་ཕུར་བུ་ལ་ཟེར་གཅིག་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་མར་བཅད་དེ་ཀྱིས་ཀྱི་ལུང་པ་དེ་ལ་ཡར་ཀླུང་ཟེར་ཀྱི་རེད་མ་གཏོགས་ཁོ་བྱེ། བྱེ་བྲག་གི་ངོས་ནས་བཤད་པ་ཡིན་ན།
  • བཅའ་འདྲི་བྱ་ཡུལ་
    དེའི་མིང་ལ་ཡང་ཡར་ཀླུང་རེད། སྤྱིའི་དབང་དུ་བཤད་ན་ལྷོ་ཁའི་ཚབ་བྱེད་ཐུབ་ཀྱི་རེད། ད་གིན་རིག
  • བཅའ་འདྲི་བྱ་ཡུལ་
    ཡར་ལུང་རིག་གནས་དུས་ཆེན་ཟེར་བྱས་ན་ལྷོ་ཁའི་ཟེར་ཡས་དང་ཚབ་བྱེད་ཐུབ་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ད་བོད་ཀྱི་ལོ་རྒྱུད་སྒང་ནས་བཤད་པ་ཡིན་ན་ཡར་ཀླུང་ཟེར་དེ་དགོངས་པ་བཞེས་སྲོལ་གཉིས་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ཡར་ཀླུང་ཡི་གེ་རྒྱག་སྟངས་ཁོ་རུ་ཡར་ད་གཅིག་པ་རེད་དེ། ཡ་ར་ཡར་རྐྱང་རྐྱང་རེད།
  • བཅའ་འདྲི་བྱ་ཡུལ་
    ཁག་གཅིག་གིས་ཀ་ལ་བཏགས་ཀླ་ཀླ་ཞབས་ཀྱུ་ཀླུང་རྒྱབ་ཀྱི་རེད། ཁག་གཅིག་ཀྱིས་ལ་ཞབས་ཀྱུ་ལུང་ཟེར་རྒྱག་གི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ད་ཀླུངས་དང་དེ་འདྲས་རྒྱག་མཁན་ཡོད་རེད་དེ་ད་ཉུང་ཉུང་རེད། གཙོ་བོ་ར་དེ་གཉིས་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་དགོས་པ་དགོས་ཡས་ཀྱི་རྒྱུ་མཚན་བཤད་དུས་གང་ཡིན་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    སྔོན་མ་དེབ་ཐེར་ཆོས་འབྱུང་ཙམ་པ་ལུང་ཡིག་ཁག་གཅིག་གི་ནང་ལ་ལ་ཞབས་ཀྱུ་ལུང་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ཁ་ཤས་ལ་ཀ་ལ་བཏགས་ཀླ་ཀླུང་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ད་བོད་རྒྱ་ཚིག་མཛོད་ཆེན་པོའི་ནང་དང་ཨེ་འདྲས་ནང་ལ་བཙལ་པ་ཡིན་ན་ཀ་ལ་ཀླ་རྐྱང་དོན་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    ད་ཡིན་ནའི་དེའི་སྤྱི་ཚོགས་ཚན་རིག་ཁང་གིས་འདོན་གནང་པ་ད་ལྟ་དེའི་མཁས་དབང་ཆོས་འཕེལ་ལགས་དང་
  • བཅའ་འདྲི་བྱ་ཡུལ་
    ཁོང་རྣམ་ཚོས་ལུང་པའི་དོན་དག་ལ་ཆེད་མངགས་གཏམ་བརྗོད་སྤེལ་གནང་དུས་ཙམ་པ་ལུང་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་སྟོད་ལུང་ལུང་ལུང་ལུང་ཟེར་ཀྱི་རེད། ཟེར་ཡང་དེའི་སྒང་ལ་ཆེད་མངགས་སྒྲུབ་བྱེད་གསུངས་གནང་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ད་ཡིན་ནའི་དེ་ཚོ་ཚང་མ་མིས་ཚང་མ་ལོ་གོ་ལ་རྒྱུ་མཚན་ཡོད་རེད་པའ་ལགས།
  • བཅའ་འདྲི་བྱ་ཡུལ་
    ད་ངོ་རའི་ངོད་འཛིན་བཤད་པ་ཡིན་ན་ཡར་ཀླུང་ཟེར་འདུག་ག་ལགས། ཡར་ཀླུང་ཟེར་དེ་ལུང་པ་ཟེར་ཀྱི་ཡོད་མ་རེད།
  • བཅའ་འདྲི་བྱ་ཡུལ་
    ག་རེ་རེད་ཟེར་ན་དུང་དཀར་རིན་པོ་ཆེས་གསུངས་པ་ད་ག་རེད། ཡར་མོ་ཀླུང་ཆེན་དལ་གྱིས་བབ་པའི་ཡུལ།
  • བཅའ་འདྲི་བྱ་ཡུལ་
    ཡར་མོ་ཀླུང་ཆེན་ཟེར་ན་ཆུའི་དོན་དག་བཤད་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ཡར་མོ་ཀླུང་ཆེན་དལ་གྱིས་བབ་པའི་ཡུལ་ཟེར་ཡས་དེ་འགྲེལ་བཤད་རྒྱག་དུས་ཙམ་པ།
  • བཅའ་འདྲི་བྱ་ཡུལ་
    ལ་ཞབས་ཀྱུ་ལུང་རྒྱབ་ན་རྒྱག་ས་ཡོད་མ་རེད། མ་གཞི་མི་ལུང་ཟེར་ལུང་པ་ཟེར་དེ་ད་སྟོད་ཀྱི་སྟོད་ལུང་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    མདའ་ལུང་ཡོད་རེད། མནའ་ལུང་ཡོད་རེད། ཀླུང་ལས་ལུང་མང་གི་རེད་ལགས།
  • བཅའ་འདྲི་བྱ་ཡུལ་
    མང་གི་ཡོད་པ་དེ་མང་གི་ཡོད་པ་དེ་ཀྱིས་ཡང་ལུང་ཡིན་པས་ཁྱབ་ཀྱི་མ་རེད་ལགས།
  • བཅའ་འདྲི་བྱ་ཡུལ་
    རྒྱུ་མཚན་ག་རེ་རེད་ཟེར་ན། དཔེར་ན་དུས་སང་ཟླ་བ་སྒྲོལ་མ་ཟེར་བྱས་པ་ཡིན་ན།
  • བཅའ་འདྲི་བྱ་ཡུལ་
    ཟླ་བ་སྒྲོལ་མ་ཟེར་དེ་མང་པོ་ཞེ་པོ་གཅིག་ཡོད་རེད། ད་ང་ལ་ཟླ་བ་མཚམས་སྐྱིད་ཟེར་ཀྱི་ཡོད་ན།
  • བཅའ་འདྲི་བྱ་ཡུལ་
    ཟླ་བ་སྒྲོལ་མ་མང་ཀྱི་རེད་དའ་མཚམས་སྐྱིད་མ་རེད་ཟེར་ཡས་ཡོད་མ་རེད་པ་ལགས། ཁོ་མིང་རེད་པའ་ཁོ།
  • བཅའ་འདྲི་བྱ་ཡུལ་
    ཟླ་བ་སྒྲོལ་མ་ཟེར་དེ་མང་གི་རེད་ཟེར་ཡས་ཀྱི་དེ་སྒྲུབ་བྱེད་དེ་ཁྱོན་ནས་འགྲོ་གི་མ་རེད་དའ།
  • བཅའ་འདྲི་བྱ་ཡུལ་
    ང་ཚོས་རྣམ་བཞག་སྒང་ནས་བཤད་ནའི།
  • བཅའ་འདྲི་བྱ་ཡུལ་
    ཁ་ཐུག་ལ་བཤད་ན་གོ་བདེ་པོ་བྱས་ཚད་མའི་གནས་ཁྱབ་མ་ཁྱབ་དང་ཨེ་འདྲས་མེད་པ་བྱས།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ངས་ཟེར་ན་ཡར་མོ་ཀླུང་ཆེན་དལ་ཀྱིས་བབས་པའི་ཡར་ཀླུང་ཟེར་དེ།
  • བཅའ་འདྲི་བྱ་ཡུལ་
    སྔོན་མ་ཡིན་ན་ཡར་ཀླུང་ཤར་ནུབ་གཉིས། ཡར་ཀླུང་ཤར་དེ་གངས་རི་ཡར་ལྷ་ཤམ་བུ་ཡོད་ས་དེ།
  • བཅའ་འདྲི་བྱ་ཡུལ་
    ནུབ་དེ་འཕྱོངས་རྒྱས་ཀྱི་ཕུ་ཡོད་ས་དེ་དེང་སང་འཕྱོངས་རྒྱས་ཡོད་ས་དེ་ཡར་ཀླུང་ཤར་ནུབ་གཉིས་ཟེར་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་ནས་མར་བྱས་པ་དེ་ཡར་ཀླུང་མདའ་ཟེར་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་ནས་མར་མར་ཡོང་བྱས་ཡར་ཀླུང་ཕོ་བྲང་ཡོད་ས་གཅིག་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    སྔོན་མ་ཆོས་རྒྱལ་ཀྱི་བོད་ཀྱི་ཆོས་རྒྱལ་ཀྱི་གདུང་རྒྱུད་ད་ལྟ་ཡར་ཀླུང་ཇོ་བོ་ཟེར་འདུག་ཀ་ལགས།
  • བཅའ་འདྲི་བྱ་ཡུལ་
    དེ་ཚོའི་གདུང་རྒྱུད་ཕོ་བྲང་ཡོད་སར་ཡར་ཀླུང་ཕོ་བྲང་ཟེ་ཟེར་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    དེང་སང་ཡན་ཕོ་བྲང་ཕོ་བྲང་ཟེར་ཡས་དེ་འདྲས་རེད།
  • བཅའ་འདྲི་བྱ་ཡུལ་
    མར་མར་མཇུག་གུ་ཨེ་ལྷ་རྒྱ་རི་ཟེར་དེ་ད་བོད་ཀྱི་རྒྱལ་རྒྱུད་རེད་པའ་ལགས། ཨོ་འདུག་ཟེར་ཆགས་པ་རེད་ལགས།
  • བཅའ་འདྲི་བྱ་ཡུལ་
    དེ་ནས་མར་མར་ཡོང་ནས་འདེའི་རྩེད་ཐང་ཟེར་དེ་སླེབས་བྱས་ཕ་གས་མདའ་མདའ་དེ་ལ་སླེབས་དུས་ཙམ་པ་
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ཡར་ཀླུང་མདའ་མདའ་ཡར་མདའ་ཟེར་གཅིག
  • བཅའ་འདྲི་བྱ་ཡུལ་
    ཡར་མདའ་ཟེར་དེ་གང་ཟེར་ཀྱི་ཡོད་རེད་ཟེར་ན་ཡར་ཀླུང་གི་མདའ་མདའ་ཤང་དེ་ཟེར་ཀྱི་ཡོད་རེད་དའ།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ནས་མར་བྱས་ནས་གཙང་པོ་རེད་ལགས།
  • བཅའ་འདྲི་བྱ་ཡུལ་
    ཡར་ཀླུང་ཟེར་དེ་ཨོ་དེ་འདྲས་ཀྱི་ཁོ་རའི་ལུང་གཤོང་གཅིག་ལ་ཟེར་ཀྱི་ཡོད་རེད་ལགས།
  • བཅའ་འདྲི་བྱ་ཡུལ་
    ད་ཡར་ཀླུང་དེའི་ཡར་ཀླུང་གིས་ལྷོ་ཁའི་ཚབ་བྱེད་ཐུབ་ཡས་ཀྱི་རྒྱུ་མཚན་དེ་ག་རེ་རེད་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    བོད་ཀྱི་ལོ་རྒྱུས་སྒང་ནས་ད་ཡར་ཀླུང་དེ་ཞེ་པོ་གཅིག་རེད་པ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཨ་ལེས་གཙོ་བོ་གནའ་སྔར་མོ་ཡིན་ན་ད་ད་ཆོས་མཇལ་ཟེར་དགོད་རེད་པའ་ལགས།
  • བཅའ་འདྲི་བྱ་ཡུལ་
    དེ་དུས་གནས་མཇལ་དང་དེ་འདྲས་ཕེབས་ན་ཡར་ཀླུང་རྟེན་གསུམ་གནས་གསུམ་ཟེར་དེ་
  • བཅའ་འདྲི་བྱ་ཡུལ་
    ཚང་མ་ཡར་ཀླུང་ལ་ཡར་ཀླུང་རྟེན་གསུམ་དང་གནས་གསུམ། ཕུག་གསུམ་ཡོད་རེད་པའ་ལགས།
  • བཅའ་འདྲི་བྱ་ཡུལ་
    དཔེར་ན་གནས་ཀྱི་དང་པོ་ཕི་ནས་ཚུར་སྔོན་མ་གོམ་པ་རྒྱབ་ལྷས་ས་ནས་ཕེབས་པ་ཡིན་ན་བྱས་ལ་རྒྱབ་ན་འདྲ།
  • བཅའ་འདྲི་བྱ་ཡུལ་
    རྒོད་ཀ་ལ་རྒྱབ་ན་འང་འདྲ། དེ་ནས་ཚུར་ནི་ངོགས་ཀྱི་ལ་ཡོད་རེད། གང་ཟེར་འཕྲང་གོ་ལ་རྒྱབ་ནའི་འདྲ།
  • བཅའ་འདྲི་བྱ་ཡུལ་
    དགྲ་ལྷ་གང་ནས་རྒྱབ་ནའི་ནུག་ཟེར་ཡོང་བྱས་སྔོན་དང་པོ་དེ་བྱེ་ས་སླེབས་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ད་ལྟ་ངས་ཟེར་ཡས་ཀྱི་ཡར་མདའ་ཟེར་ཡས་ཡོད་ས་དེའི། ཕ་ཀྱི་རི་ཟུར་ཕ་གིར། གོམ་པ་རྒྱབ་ཡོང་ན།
  • བཅའ་འདྲི་བྱ་ཡུལ་
    ཕ་གས་སླེབས་ནས་ཕ་གས་གནས་ཀྱི་དང་པོ་བྱ་ས་ལ་ཁང་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    བྱ་ས་ལྷ་ཁང་ཟེར་གནས་ཀྱི་ཡར་ཀླུང་ཀྱི་དའ། རྟེན་གསུམ། གནས་གསུམ། ཕུག་གསུམ་ཀྱི་གནས་ཀྱི་དང་པོ་དེ་རེད།
  • བཅའ་འདྲི་བྱ་ཡུལ་
    གནས་གསུམ་ཀྱི་ཁུངས་གཅིག་རེད་ལགས།
  • བཅའ་འདྲི་བྱ་ཡུལ་
    ད་བྱ་ས་ལྷ་ཁང་ཟེར་དེ་ག་རེ་གནས་ཀྱི་དང་པོ་རེད་ཟེར་ཡས་དེ་གང་ཡིན་ཟེར་ན། གཅིག་ནས་སླེབས་ཡས་ཀྱི་དང་པོ།
  • བཅའ་འདྲི་བྱ་ཡུལ་
    གཉིས་ནས་བྱ་ས་ལྷ་ཁང་ནང་དེའི་ལྷ་ཁང་དེ་བཞེངས་ཡས་ཀྱི་དུས་ཚོད་སྔ་པོ།
  • བཅའ་འདྲི་བྱ་ཡུལ་
    དེའི་ནང་གི་སྐུའི་རྟེན་གཙོ་དེ་ཨ་ནི་སྣམ་པར་སྣང་མཛད་རེད་ལགས།
  • བཅའ་འདྲི་བྱ་ཡུལ་
    གནའ་སྔ་མོའི་སྐབས་སུ་ག་ཚོད་ཀྱི་སྔ་ཡོད་པ་དེ་རྟེན་གཙོ་གང་ག་རྣམ་པར་སྣང་མཛད་ཡོད་རེད་པའ་ལགས།
  • བཅའ་འདྲི་བྱ་ཡུལ་
    སྟོན་པ་དང་དེ་ཚོ་མཇུག་གུ་ལ་མ་གཏོགས་ཡོད་མ་རེད། རྣམ་པར་སྣང་མཛད།
  • བཅའ་འདྲི་བྱ་ཡུལ་
    ད་ཡར་ཀླུང་གི་གནས་གསུམ་པོ་དེ་ཀྱིས་གསུམ་ཀྱ་གི་གནས་གསུམ་པོ་དེ་གང་ལ་ངོས་འཛིན་བྱེད་དགོས་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    གཅིག་བྱ་ས་ལྷ་ཁང་། གཉིས་རྩེན་ཐང་གཡུ་ཡི་ལྷ་ཁང་། གསུམ་ཁྲ་འབྲུག་ལྷ་ཁང་། དེའི་ངོས་འཛིན་བྱེད་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་ཀྱིས་གསུམ་ཅའ་ནང་ལ་རྟེན་གཙོ་དེ་གང་ཡིན་ཟེར་ན། རྣམ་པར་སྣང་མཛད་རེད།
  • བཅའ་འདྲི་བྱ་ཡུལ་
    ཡིན་ནའི་མ་འདྲ་ས་དེ་ག་རེ་རེད་ཟེར་ན། བྱེ་ས་ལྷ་ཁང་ནང་གི་རྟེན་གཙོ་དེ་ལི་རེད།
  • བཅའ་འདྲི་བྱ་ཡུལ་
    བོད་ཀྱི་ལི་སྐུ་ཆེ་ཆོས་ཡིན་ཟེར་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ཡི་གས་རྩེན་ཐང་གཡུ་ཡི་ལྷ་ཁང་ནང་དེ་རྣམ་པར་སྣང་མཛས་གཅིག་འདུག་གའ་ལགས། དེ་དེ་རེད། འཇིམ་སྐུ།
  • བཅའ་འདྲི་བྱ་ཡུལ་
    སྨན་སྐུ་འདམ་བག་གི་སྐུ་རེད་པའ་དའ།
  • བཅའ་འདྲི་བྱ་ཡུལ་
    ཁྲ་འབྲུག་གི་དའ་ཡི་གས་རྟེན་གཙོ་དེ་ཡ་གས་ད་དེང་སང་ཡང་བཞུགས་ཡོད་རེད། དེ་ག་རེ་རེད་ཟེར་ན། གདུ་གུ་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་ཀྱིས་དེ་རྟེན་གསུམ་གནས་གསུམ་པོ་དེའི་ནང་གི་གནས་གསུམ་པོ་དེ་རེད།
  • བཅའ་འདྲི་བྱ་ཡུལ་
    ད་བྱ་ས་ལྷ་ཁང་གི་ཁྱད་ཆོས་ག་རེ་རེད་ཟེར་ན་བྱ་ས་ལྷ་ཁང་དེ་ཕ་གས་འདུག་ཀའ་ལགས། དཔེར་ན།
  • བཅའ་འདྲི་བྱ་ཡུལ་
    བྱ་ས་ལྷ་ཁང་གི་གནས་བཤད་བརྒྱབ་པ་ཙམ་གྱིས་མི་ཚང་མ་ཡིད་དབང་འཕྲོག་ཡས་གཅིག་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    དེང་སང་ཡིན་ནའི་དེ་བེད་སྤྱོད་བྱས་པ་ཡིན་ན་དེང་སང་ང་ཚོ་
  • བཅའ་འདྲི་བྱ་ཡུལ་
    ལྷོ་ཁའི་ལུད་ཡའོ་ཇིང་དན་ཅད་ཧྲའོ་༼རྒྱ་སྐད། བོད་སྐད་དུ་ཡུལ་སྐོར་གནས་བཤད་༽ཟེར་དེ་འབྲི་གི་ཡོད་ངས།
  • བཅའ་འདྲི་བྱ་ཡུལ་
    སྤྱིར་བཏང་གུ་རུའུ་ཚར་ཀྱིས། དེ་ཚོའི་སྒང་ནས་ལས་ཀ་བྱས་བྱས།
  • བཅའ་འདྲི་བྱ་ཡུལ་
    དེ་ཚོའི་སྒང་ལ་བེད་སྤྱོད་བྱས་བཞིན་ན་ཡག་པོ་ཞེ་པོ་གཅིག་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    གཅིག་ནས་བྱ་ས་ལྷ་ཁང་ཟེར་དེ་ཁྱད་ཆོས་གཅིག་དའ། ག་རེ་རེད་ཟེར་ན་ནུག་ཟེ་ཡིན་ཟེར་ཀྱི་ཡོད་རེད་དའ།
  • བཅའ་འདྲི་བྱ་ཡུལ་
    ལྷ་ཁང་རྐུབ་དེ་རྦད་དེ་ཞེང་ཆུང་ཆུང་བྱས། སྐེ་དེ་ཕར་ཐེར་ཐེར།
  • བཅའ་འདྲི་བྱ་ཡུལ་
    དམངས་ཆེ་བ་ནི་འདྲས་རྐྱང་རྐྱང་རེད་པའ་ང་ཚོའི། བོད་ཀྱི་རྩིག་པ་རྒྱག་སྟངས་འཐེན་ཟེར་ཀྱི་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    འཐེན་རྒྱག་སྟངས་རྐྱང་རྐྱང་དཔེར་ན་ཕོ་བྲང་པོ་ཏ་ལ་གཅིག་པ་བྱས།
  • བཅའ་འདྲི་བྱ་ཡུལ་
    ནུག་ཟེ་མ་གཏོགས་འདུག་ཟེ་ཕར་བྱས་ན་ལུག་ཀྱི་རེད་པའ་མིས། ཡིན་ནའི་ཁོ་འདུག་ཟེ་ལྟད་ཙམ་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    དེའི་རྒྱུ་མཚན་ག་རེ་བྱས་པ་རེད་ཟེར་ན། ཁོ་ཡང་དམངས་ཁྲོད་ཀྱི་བཤད་སྲོལ་ཡོད་རེད་དེ།
  • བཅའ་འདྲི་བྱ་ཡུལ་
    དེ་ད་ལྟ་དམངས་ཁྲོད་ཀྱི་དམངས་ཁྲོད་ཀྱིས་སྐབས་དེའི་བཞེངས་དུས་ཙམ་པ་
  • བཅའ་འདྲི་བྱ་ཡུལ་
    རྡོ་བཟོ་དང་ཤིང་བཟོ་འཆམ་པོ་བྱུང་ཡོད་མ་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་དང་ཐོག་འཆམ་པོ་བྱས་ཐིག་རྒྱབ་བྱས་ཏག་ཏག་ཐིག་ཆ་བསྐོར་བྱས།
  • བཅའ་འདྲི་བྱ་ཡུལ་
    དེ་དུས་རྒྱོང་རྡོ་ཟེར་ཀྱི་རེད་པའ་ལགས། ཀུང་ཁྲེ་ཟེར་གཅིག་ཡོད་མ་རེད།
  • བཅའ་འདྲི་བྱ་ཡུལ་
    རྒྱོང་རྡོ་ཟེར་རྒྱག་པ་རིང་པོ་དེ་ཚོ་ཡང་རྒྱོང་རྡོ་བདུན་བདུན་ལ་ཅང་རྡོ་རེ་རེ་བརྩི་གི་རེད།
  • བཅའ་འདྲི་བྱ་ཡུལ་
    དེའི་ལའི་རྒྱོང་རྡོ་ཟེར་རྦད་དེ་ཐིག་ཚད་ཀྱིས་འདུག་ཟེར་བཅད་བཞག་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ཐོ་གང་དང་ལྷག་ཙམ་ལྷག་སམ་བྱས་པ་ར་གཅིག རྒྱོང་རྡོ་ཟེར་གཅིག
  • བཅའ་འདྲི་བྱ་ཡུལ་
    དེ་ནི་རྒྱོང་རྡོ་བདུན་ཟེར་བྱས་ནས་འདུག་ཟེར་ཚད་རྒྱག་གི་རེད།
  • བཅའ་འདྲི་བྱ་ཡུལ་
    ཚད་རྒྱབ་ནས་དེ་ནི་རྡོ་བཟོ་དང་ཤིང་བཟོ་ཚད་རྒྱབ་ནས་རྫོ་བཟོ་ཡིས་རྩིག་པ་རྒྱོབ།
  • བཅའ་འདྲི་བྱ་ཡུལ་
    ཤིང་བཟོ་ཀྱིས་དེ་ག་པ་ལ་གདུང་མ་དང་བྲེག་གི་རེད་པའ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་འཆམ་པོ་མ་བྱུང་ཙང་རྡོ་བཟོ་ཀྱིས་ངན་པོ་བྱས། རྩིག་པ་ཞེང་དེ་ཕར་ཕར་ཕར་བཏང་བྱས་འདུག་ཟེ།
  • བཅའ་འདྲི་བྱ་ཡུལ་
    མ་བསྙོབས་པ་བཟོས་པ་རེད་ཟེར་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ད་ཤིང་བཟོ་ད་ག་ཡང་མཁས་པོ་ཞེ་པོ་གཅིག ཤིང་བཟོ་ཆེན་མོ་དེས།
  • བཅའ་འདྲི་བྱ་ཡུལ་
    ཤིང་བཟོ་དེས་ཐབས་ཤེས་བཏང་བྱས། གདུང་འཚབ་ཟེར་དེ་བཏང་བྱས།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་འདི་ནས་ཚུར་ཡང་གདུང་མ་དེ་ནས་བུད་ཙམ་གཅིག་བཏང་། ནི་ནས་ཚུར་བུད་ཙམ་གཅིག་བཏང་།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་གདུང་འཚབ་བཏང་ཙང་ཁོ་ཤིང་བཟོ་ལ་རྒྱལ་ཁ་ཐོབ་པ་རེད་ལགས།
  • བཅའ་འདྲི་བྱ་ཡུལ་
    ད་ཕར་བྱས་ཚུར་བྱས་ལྷ་ཁང་དེ་ལ་མཐུན་མོང་མ་ཡིན་པའི་ཁྱད་ཆོས་གཅིག་ཆགས་བྱས།
  • བཅའ་འདྲི་བྱ་ཡུལ་
    འདུག་ཟེར་ཆགས་པ་རེད་ཟེར་དམངས་ཁྲོད་ཀྱི་བཤོད་སྲོལ་ཨེ་འདྲས་གཅིག་ཡོད་རེད་ལགས།
  • བཅའ་འདྲི་བྱ་ཡུལ་
    དེ་ནས་འོག་དེའི་དེའི་ལུང་པ་དེའི་མིང་ལ་བྱ་ས་ལྷ་ཁང་ཟེར་ཀྱི་འདུག་ཀའ་ལགས།
  • བཅའ་འདྲི་བྱ་ཡུལ་
    བྱ་ས་ཟེར་ཡས་ཀྱི་རྒྱུ་མཚན་གང་ཡིན་ཟེར་ན། བྱ་བབས་པའི་ས། བྱ་ག་རེ་རེད། ཁུ་བྱུག་ཟེར་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ཁུ་བྱུག་ས་ལ་བབས་པས་བྱ་ས་ཟེར་ཀྱི་ཡོད་རེད། ད་དེའི་བཤོད་སྲོལ་ག་རེ་རེད་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    འོག་དེའི་བྱ་སའི་དེའི་ཤིང་ནག་ཡག་པོ་ཞེ་པོ་གཅིག་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ཤིང་ཚང་མ་དམར་རྐྱང་རེད། དེའི་ནང་ལ་དེ་ནི་ཟླ་བ།
  • བཅའ་འདྲི་བྱ་ཡུལ་
    བོད་ཟླ་བཞི་པའི་ཚེས་པ་བཅོ་ལྔ་ལ་ལོ་ལྟར་ཁུ་བྱུག་མོན་ནས་ཕེབས་ཀྱི་ཡོད་ཟེར་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ཡང་བཤོད་སྲོལ་ཙམ་མ་རེད་ཁོ་ཞེ་པོ་གཅིག་ཡོད་རེད་དམངས་ཁྲོད་ཀྱིས།
  • བཅའ་འདྲི་བྱ་ཡུལ་
    སྤྱི་ཚོགས་རྙིང་པའི་སྐབས་ལ་ཡིན་ན་སྡེ་པ་གཞུང་ཀྱིས་སེར་སྐྱ་གཅིག་དའ།
  • བཅའ་འདྲི་བྱ་ཡུལ་
    སྐུ་དྲགས་གཅིག་དང་དྲུང་སྐོར་གཅིག་ཆེད་མངགས་ཕེབས། ནི་ནས་ལྷོ་ཁ་སྤྱི་ཁྱབ་གཅིག་བྱས།
  • བཅའ་འདྲི་བྱ་ཡུལ་
    ཕི་གས་བྱ་ས་རྒན་པོ་ཟེར་གཅིག་ཡོད་རེད། བྱ་ས་རྒན་པོ་བཤགས་སོང་སྔོན་མ་ང་ཚོའི་སྲིད་གྲོས་ཨུ་ཡོན་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་ཕི་གས་བྱས་བྱས་གྲ་སྒྲིག་བྱས་བྱས།
  • བཅའ་འདྲི་བྱ་ཡུལ་
    གླིང་ག་དེའི་ནང་དེ་རུ་ཟླ་བ་བཞི་པའི་ཚེས་པ་བཅོ་ལྔ་ལ་ཁྲི་དེ་རྒྱབ། གདན་ལྕོག་དེ་ཚོ་རྒྱབ། ཆང་དེ་ཚོ་ཁྱེར་།
  • བཅའ་འདྲི་བྱ་ཡུལ་
    གྲོ་སོ་ཕྱེ་མར་བྱས། ཁུ་བྱུག་ཕེབས་བསུ་བྱེད་ཡས་ཀྱི་རྟེན་འབྲེལ་བྱེད་དགོས་རེད།
  • བཅའ་འདྲི་བྱ་ཡུལ་
    དེའི་ཉིན་མོ་དེ་ཟེར་ཡས་ལ་ཏག་ཏག་ཁོ་རུ་ཁུ་བྱུག་ཕེབས་ཀྱི་ཡོད་ཟེར་ཀྱི་ཡོད་རེད་དའ།
  • བཅའ་འདྲི་བྱ་ཡུལ་
    ཁུ་བྱུག་ཤིང་དེ་ཀྱིས་སྒང་ལ་ཕེབས་ལྱི་ཡོད་ཟེར་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ཁོར་ཡུག་དེ་ཕེབས་ཡས་དང་ཐོག་ག་དུ་ཟེ་བྱས་པ་རེད་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    ཁུ་ཡུག་མོན་ནས་ཁུ་བྱུག་མོན་འདུག་ཀའ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཁུ་བྱུག་མོན་ནས་དང་པོ་ཕེབས་དུས་དེའི་ནང་དེའི་བྱ་མི་འདྲ་ཞེ་པོ་གཅིག་སླེབས་པ་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཁུ་བྱུག་དང་པོ་ཕེབས་བྱས་ཧ་མ་གོ་བྱས་མི་ཀྱིས། ཨ་ནི་མི་ཚང་མས་བྱ་ཡ་གི་གང་ཡིན་ན་ཟེར།
  • བཅའ་འདྲི་བྱ་ཡུལ་
    བལྟས་བྱས་ཧ་མ་གོ་བྱས་བྱ་ཕ་གིའི་མིང་།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་རེ་མོ་བྲིས་མཁན་གཅིག་གིས་བྱ་ཡ་གི་ངས་མཐོང་པའི་རེ་མོའི་ནང་གི་ཁུ་བྱུག་ཟེར་དེ་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ནས་བྱས་ནས་ཁུ་བྱུག་ཟེར་དེའི་མིང་དེ་ཧ་གོ་པ་རེད་ཟེར་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ད་བཤོད་སྲོལ་གཅིག་ལ་རྟག་པར་རེ་ཞིག་དེའི་ནང་ལ་ཁུ་བྱུག་དུས་ཆེན་དུས་ཆེན་ཞུ་ཡས་ཀྱི་ད་རྟེན་འབྲེལ་
  • བཅའ་འདྲི་བྱ་ཡུལ་
    བྱེད་ཡས་གཅིག་ཡོད་རེད་པའ་ལགས། དེ་འདྲས་ཀྱི་བྱེད་སྒོ་དེ་དམངས་ཁྲོད་ཀྱི་བྱེད་སྒོ་རེད་དའ།
  • བཅའ་འདྲི་བྱ་ཡུལ་
    དེང་སང་ཡང་དེའི་བྱེད་སྒོ་དེ་རྦད་དེ་སྔོན་མ་བྱས་ན་ལྷོ་ཁ་མ་གཏོགས་ག་ས་ག་ལ་ཡོད་མ་རེད་ལགས།
  • བཅའ་འདྲི་བྱ་ཡུལ་
    ཁུ་བྱུག་ཟེར་དེ་མ་གཞི་བྱས་ན་བོད་མི་རིགས་ཀྱི་སེམས་ཁམས་ཀྱི་ངོས་ནས་
  • བཅའ་འདྲི་བྱ་ཡུལ་
    བཤད་པ་ཡིན་ན་དད་གུས་ཞེ་དྲག་བྱེད་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    ཁུ་བྱུག་དེ་དམངས་ཁྲོད་ནང་ལ་ཆ་བཞག་ན་ཁུ་བྱུག་གི་སྐད་དང་པོ་དེ་ཐོས་ཡས་དེ་རེད་པའ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཁོ་ག་པར་ཐོས་མེད་དེ་ཁོ་དེ་རྟགས་དང་རྟེན་འབྲེལ་མཚོན་ཡས།
  • བཅའ་འདྲི་བྱ་ཡུལ་
    ཁ་ཤས་ཡང་དེའི་སྒང་ནས་གསང་གཅོད་ནང་ལ་ཡང་གཅིན་པ་གཏོང་ཡས་དང་དེ་འདྲས་དང་ཁ་ཐུག་རྒྱབ་ན་
  • བཅའ་འདྲི་བྱ་ཡུལ་
    ད་དུག་ཅག་ཡིན་པའི་རྟེན་འབྲེལ་མཚོན་གྱི་ཡོད་རེད། ཁོ་རྣམ་རྟོག་སློང་མཁན་བཟོ་ར་པོ་ཁོ།
  • བཅའ་འདྲི་བྱ་ཡུལ་
    ཁོ་བྱུག་དེ་ལ་ཡང་དད་གུས་ཞེ་དྲག་བྱེད་ཀྱི་རེད་པའ། བྱའི་རྒྱལ་པོ་བྱས།
  • བཅའ་འདྲི་བྱ་ཡུལ་
    ཧ་ལམ་ཁུ་བྱུག་དེ་ད་བོད་མི་རིགས་ཀྱི་སེམས་ཁམས་ནང་ནས་བཤད་ན་
  • བཅའ་འདྲི་བྱ་ཡུལ་
    རྦད་དེ་ཁོ་རྦད་དེ་སངས་རྒྱས་ཀྱི་བཟོ་ར་གཅིག་དའ།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་གཅིག་ངོས་འཛིན་བྱས་བྱས་བྱ་རྒྱལ་ཁུ་བྱུག་ཟེར་བྱས་ཞེ་པོ་གཅིག་བརྩི་གི་ཡོད་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་ཡང་ཁུ་བྱུག་དེ་རྐང་གཙུག་ནས་རྟེན་འབྲེལ་བྱེད་ཡས་ཀྱི་མཛད་སྒོ་གཅིག དམངས་ཁྲོད་ཀྱི།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་ཡང་ལྷོ་ཁ་མ་གཏོགས་ཡོད་མ་རེད།
  • བཅའ་འདྲི་བྱ་ཡུལ་
    དེས་བྱ་ས་ཟེར་དེ་ཁུ་བྱུག་བྱ་ས་ཁུ་བྱུག་ས་ལ་བབས་པའི་བྱ་ས་ཟེར་དེ་བྱ་ས་ཨོ་དེ་རེད།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ད་ལུང་པ་དེའི་མིང་ཡིན་ན་གང་ཡིན་ན་བྱ་ས་ལྷ་ཁང་ཟེར་གྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ད་ཁུ་བྱུག་ལ་ཁྱད་ཆོས་ག་རེ་ཡོད་རེད་ཟེར་ན། ཁུ་བྱུག་ན་པ་སླེབས་ན་སྐད་རྒྱབ།
  • བཅའ་འདྲི་བྱ་ཡུལ་
    ད་ལྟ་ས་ཆ་ག་ས་ག་ལ་ཡོད་རེད་དེ།
  • བཅའ་འདྲི་བྱ་ཡུལ་
    གང་གས་རྒན་ཁོག་ཁག་གཅིག་ཟ་ཁུ་བྱུག་གི་སྐད་དེ་ཐོས་ན་དགའ་པོ་བྱས་ནས་ཉན་ཀ་འགྲོ་གི་རེད།
  • བཅའ་འདྲི་བྱ་ཡུལ་
    བྱ་རྒྱལ་ཁུ་བྱུག་སྐད། ཡིན་ནའི་ཁུ་བྱུག་ཟེར་དེ་མོན་ནས་ཕེབས་བྱུང་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཁུ་བྱུག་མོན་ནས་ཕེབས་བྱུང་རྐྱང་རྐྱང་ཟེར་ཀྱི་འདུག་གའ།
  • བཅའ་འདྲི་བྱ་ཡུལ་
    བཤད་པ་མ་གཏོགས་མོན་ལ་སྐད་གཅིག་རྒྱག་གི་མ་རེད།
  • བཅའ་འདྲི་བྱ་ཡུལ་
    སྐད་ཆ་དེ་དེང་སང་ད་ག་རང་རེད། དེ་ག་རེ་བྱས་པ་རེད་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    སྔོན་མ་དེ་ཟེར་ཀྱི་ཡོད་རེད་དའ། སྒྲུང་རེད་པའ། དམངས་ཁྲོད་ཀྱི་ཡང་དམངས་ཁྲོད་ཀྱི་སྒྲུང་བྱས།
  • བཅའ་འདྲི་བྱ་ཡུལ་
    ཁུ་བྱུག་བྱས། ད་སྐྱ་མོ་ཟེར་ཡས་གཅིག་ཡོད་རེད། བྱ་འཇོལ་མོ་ཟེར་དེ་མ་རེད།
  • བཅའ་འདྲི་བྱ་ཡུལ་
    སྐྱ་མོ་གཅིག་འདུག་ག་ལགས་དཀར་པོ་གཅིག ཨོ་དེ་བྱས་ལྡིར་ལྡིར་གུ་དིག་ཟེར་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་བྱས་བྱ་གསུམ་པོ་དེ་ཀྱིས། སྤུན་རྒྱག་ཡིན་ཟེར་ཀྱི་ཡོད་རེད། བུ་མོ་རྒན་གཞོན་གསུམ།
  • བཅའ་འདྲི་བྱ་ཡུལ་
    བུ་མོ་རྒན་གཞོན་གསུམ་བྱས་སྔོན་མ་སྔོན་མ་དའ། བྱ་ཡི་སྒྲུང་རེད་དའ་མིས་དམངས་ཁྲོད་ཀྱི།
  • བཅའ་འདྲི་བྱ་ཡུལ་
    ཁོ་ཚོ་དེ་ནི་ནང་གི་ཨ་མ་དང་དེ་ཚོས་ལས་ཀ་ལ་བཏང་བྱས་། ཞིང་ཁའི་དཀྱིལ་ལ།
  • བཅའ་འདྲི་བྱ་ཡུལ་
    ལས་ཀ་ལ་བཏང་དུས་ཁུ་བྱུག་དེ་གང་ཡིན་ཟེར་ན་ལས་ཀ་ལ་ཧུར་པོ།
  • བཅའ་འདྲི་བྱ་ཡུལ་
    ལས་ཀ་ལ་ཧུར་པོ་ཞེ་དྲགས་ཡོད་ནའི་གཙང་སྦྲ་དོད་པོ་བྱས་བྱས།
  • བཅའ་འདྲི་བྱ་ཡུལ་
    རྦད་དེ་རྡབ་རྡབ་དེ་ཚོ་བཏང་བྱས་གཤོག་སྒྲོ་དེ་ཚོ་རྦད་དེ། གཙང་མ་ཞེ་པོ་བྱས་ཕྱིན་བྱས།
  • བཅའ་འདྲི་བྱ་ཡུལ་
    ད་བྱ་སྐྱ་མོ་ཟེར་ཡས་གཅིག་འདུག་གའ། དེང་སང་སྤུ་མདོག་ཟ་གང་ག་སྐྱ་ལོག་ཐལ་ལའི་བཟོ་རའི་གཅིག་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ཁོ་གང་ཡིན་ཟེར་ན་ལས་ཀ་གཅིག་མ་བྱས་བྱས། ནུག་ཟེར། རྒྱབ་ལོག་དེའི་བསྡད་ནས།
  • བཅའ་འདྲི་བྱ་ཡུལ་
    ཡི་ནའི་ཁོས་མཇུག་གུ་ཡི་གས་སླེབས་དུས་དེ་ནི་ཁུ་བྱུག་ལ་ཁོ་བལྟད་དེ་བྱས་བྱས།
  • བཅའ་འདྲི་བྱ་ཡུལ་
    ཁུ་བྱུག་དང་ཐོག་བོད་ལ་ཡོད་ཟེར་ཀྱི་ཡོད་རེད་དེ་དུས།
  • བཅའ་འདྲི་བྱ་ཡུལ་
    ཁུ་བྱུག་ལ་ཁ་བལྟས་དེ་ནི་ནང་ལ་ཁུ་བྱུག་ཀྱིས་ལས་ཀ་བྱེད་ཀྱི་མི་འདུག་ཟེར།
  • བཅའ་འདྲི་བྱ་ཡུལ་
    མོ་རྦད་དེ་སྐྱིད་ཤང་བྱས་ནས་བསྡད་ནས་དེ་ནི།
  • བཅའ་འདྲི་བྱ་ཡུལ་
    ང་ཚོས་བྱས་ན་དེ་ནི་སྟེར་བཟོ་ར་པོ་བཤད་བྱས་བསྡད་ནས་དེ་ནི་ད་ཁོ་གཙང་མོ་ད་ག་ར་པོ་བྱས་ནས་བསྡད་ནས་
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ང་ཚོ་ལས་ཀ་ཞེ་དྲག་བྱེད་ཀྱི་ཡོད་ཟེར་བྱས། དཀྲོགས་གཏམ་མ་སོང་ནས་རྒྱབ་ནས་ནང་ལ།
  • བཅའ་འདྲི་བྱ་ཡུལ་
    ཨོ་འདུག་ཟེར་བྱས་བྱས་ཁུ་བྱུག་མོན་ལ་རྒྱང་ཕུད་བཏང་པ་རེད་ཟེར་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ཡི་ནའི་ཁ་ཤས་ཀྱིས་མར་ཁ་ལས་རྒྱང་ཕུད་བཏང་ན་ཁོ་སྡུག་བསྔལ་བཟོ་ར་གཅིག་བྱས་བྱས་
  • བཅའ་འདྲི་བྱ་ཡུལ་
    བསྔལ་བཟོ་ར་གཅིག་བྱས་བྱས་སྐད་གཅིག་རྒྱག་གི་མེད་ཟེར་མི་ཀས།
  • བཅའ་འདྲི་བྱ་ཡུལ་
    ད་ཡིན་ནའི་ཁུ་བྱུག་ད་དེང་སང་བྱས་ན་ཡར་བོད་ལ་ཡོང་ཡས་གཅིག་ཡོད་རེད་པའ་ལགས།
  • བཅའ་འདྲི་བྱ་ཡུལ་
    དེ་ཐེངས་རེ་རེ་ལས་ཡོང་ཆོག་མ་ཡོང་ཟེར་དེ་རིང་སང་བྱས་ན།
  • བཅའ་འདྲི་བྱ་ཡུལ་
    ཁོ་གཤག་ལ་བཟོ་ར་པོ་དེ་རེ་རེ་ལས་ཡོང་ཆོག་མ་ཡོང་ཟེར་བྱས་ཙང།
  • བཅའ་འདྲི་བྱ་ཡུལ་
    ཡར་གཅིག་ཡོང་མར་འགྲོ་ཀྱི་ཡོད་ཟེ་ཀྱི་ཡོད་རེད་དའ།
  • བཅའ་འདྲི་བྱ་ཡུལ་
    དམངས་ཁྲོད་ཀྱི་བྱ་ཁུ་བྱུག་གཅིག་པུ་སྒང་ནས་སྒྲུང་བཤོས་ཡས་ད་ལྟ་བྱ་ས་འདུག་ཀའ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་གཅིག་པུ་སྒང་ནས་སྒྲུང་བཤོད་ཡས་བཤོད་སྲོལ་སྣ་མིན་སྣ་ཚོགས་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་ནས་བྱ་ཁྲིམས་ནས་མི་ཁྲིམས་ལས་བྱ་ཁྲིམས་དོག་པ་ཟེར་ཀྱི་འདུག་ཀའ་ལགས།
  • བཅའ་འདྲི་བྱ་ཡུལ་
    བྱའི་ཁྲིམས་ཟེར་དེ་སྔོན་མ་ཞེ་པོ་གཅིག་ཡིན་ཟེར། སྔོན་མ་བཤོད་སྲོལ་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ད་ལྟ་བྱ་ས་ལྷ་ཁང་ཡོད་ས་དེའི་སྒང་དེའི་ཡང་ཁུ་བྱུག་གི་གཙོ་བོ་བྱས་བྱས་
  • བཅའ་འདྲི་བྱ་ཡུལ་
    བྱའི་དེ་ཚོ་གང་ག་ཚོགས་འདུ་ཚོགས་པ་རེད། ད་ཚོགས་འདུ་ཡིན་ན་མིན་ན་མཉམ་དུ་འཛོམས་བྱས།
  • བཅའ་འདྲི་བྱ་ཡུལ་
    ཟླ་བ་བཞི་པའི་འཁྲིས་དེ་པར་ཏག་ཏག་བྱ་རིགས་མང་པོ་བབས།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་བྱེད་ཡས་མི་གང་གས་མཐོང་ཡས་ཡོད་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    དེང་སང་ཡང་ཕ་ཕ་བྱ་ས་གླིང་ཁ་ཟེར་བྱས་གང་གས་བལྟ་ལ་འགྲོ་གི་རེད། ཁུ་བྱུག་ས་ལ།
  • བཅའ་འདྲི་བྱ་ཡུལ་
    རྟེན་འབྲེལ་བྱེད་མཁན་ཡོད་མ་རེད་དེ།
  • བཅའ་འདྲི་བྱ་ཡུལ་
    ཨོ་ཕ་གི་བྱ་ས་ལྷ་ཁང་ཟེར་དེ་གནས་གསུམ་གྱི་གནས་ཀྱི་དང་པོ་དེ་རེད།
  • བཅའ་འདྲི་བྱ་ཡུལ་
    གནས་ཀྱི་གཉིས་པ་ཙན་དན་གཡུ་ཡི་ལྷ་ཁང་རེད། གནས་ཀྱི་གསུམ་པ་ཨོ་དེ་ད་ཁྲ་འབྲུག་རེད།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ཀྱིས་གསུམ་པོ་དེ་ཀྱིས་རེད། དའ་དེ་ཡོད་རེད་པའ། རྟེན་གསུམ།
  • བཅའ་འདྲི་བྱ་ཡུལ་
    རྟེན་ཆོག་དེ་རེད་དགོན་ཐང་འབུམ་པ། ཚེ་ཆུ་འབུམ་པ། ཨོའོ།
  • བཅའ་འདྲི་བྱ་ཡུལ་
    དེ་གང་ཟའ། རྟགས་ཅན་འབུམ་པ། ཨ་ནི་རྟགས་ཅན་འབུམ་པས་མིག་ལ་ཕན་གྱི་ཡོད་ཟེར་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    དགོན་ཐང་འབུམ་པས་སྒྲུམ་པ་དང་དེ་ཚོ་ལ་ཕན་ཀྱི་ཡོད་ཟེར་ཀྱི་ཡོད་རེད། ཚེ་ཆུ་འབུམ་པས་དའ།
  • བཅའ་འདྲི་བྱ་ཡུལ་
    ཚེ་བཅུད་འབུམ་པ་ཟེ་ཟེར་ཀྱི་ཡོད་རེད་དའ། ཚེ་བཅུ་ཟའ་མ་རེད། ཚེས་པ་བཅུ།
  • བཅའ་འདྲི་བྱ་ཡུལ་
    ཚེའི་བཅུད་དེ་འདྲས་ཟེར་ཀྱི་ཡོད་པའ། ཨ་ནི་དེ་ནས་ཕུག་གསུམ་ཡོད་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    བེ་རོ་ཕུག། རས་ཆུང་ཕུག ཤེལ་བྲག་ཕུག་ཟེར་ཀྱི་རེད་པའ་ལགས།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ཚོ་ཚང་མའི་ནང་ལ་སྒྲུང་ངོ་མཚར་ཅན་ཞེ་པོ་བཤད་ཡས་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    དཔེར་ན་བེ་རོ་ཕུག་ར་གཅིག་ལ་ཆ་བཞག་ན།
  • བཅའ་འདྲི་བྱ་ཡུལ་
    བེ་རོ་ཕུག་ཟེར་དེའི་སྒང་ནས་ཨ་ནི་བེ་རོ་ཙ་ནའི་མཚན་དེ་དེའི་ཐོབ་པ་ཀ་བྲག་ཕུག་ལ།
  • བཅའ་འདྲི་བྱ་ཡུལ་
    བེ་རོ་ཙ་ན་རང་གི་མཚན་དེ་དེ་ཙང་དེའི་བསྐལ་པ་རེད་མ་གཏོགས་རྣམ་པར་སྣང་མཛད་མ་རེད་པས་རེད།
  • བཅའ་འདྲི་བྱ་ཡུལ་
    བེ་རོ་ཙ་ན། རྣམ་པར་སྣང་མཛད། རེད་པ་ལགས། ད་བེ་རོ་ཙ་ནའི་བོད་ལ་བཞུགས་བྱས་གྲུབ་པ་དེ་ཚོ་རྒྱབ་བཞུགས།
  • བཅའ་འདྲི་བྱ་ཡུལ་
    ད་བེ་རོ་ཙ་ན་རྗེ་བཙུན་མི་ལའི་སློབ་མ་རེད་པའ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་མིས་བེ་རོ་ཙ་ནས་ཁོ་རང་དེ་གའི་ནང་ལ་བཞུགས་བྱས། ད་དངོས་གྲུབ་དེ་འདྲས་ཐོབ་བྱས། གཟུགས་ཀྱི།
  • བཅའ་འདྲི་བྱ་ཡུལ་
    གཟུགས་ཀྱི་དངོས་གྲུབ་དེ་འདྲས་ཐོབ་བྱས། གུ་རུ་རིན་པོ་ཆེ་དང་ཁ་ཤས་ངག་ཀྱི་དངོས་གྲུབ་ཐོབ།
  • བཅའ་འདྲི་བྱ་ཡུལ་
    ཁ་ཤས་ཡིད་གི་དངོས་གྲུབ་ཐོབ། ཕུག་གསུམ་དེའི་ནང་ལ། ད་གཟུགས་ཀྱི་དངོས་གྲུབ་དེ་འདྲས་ཐོབ་བྱས།
  • བཅའ་འདྲི་བྱ་ཡུལ་
    བེ་རོ་ཙ་ན་ཟེར་དེ་མཚར་པོ་ཞེ་པོ་གཅིག་ཆགས་ཡོད་རེད་བྱས་པ་རེད། དམངས་ཁྲོད་ཀྱི་བཤོད་སྲོལ་རེད་དའ་དེ་ཚོ།
  • བཅའ་འདྲི་བྱ་ཡུལ་
    མཚར་པོ་ཞེ་པོ་གཅིག་ཆགས་གཟུགས་མཛེས་པོ་ཞེ་པོ་གཅིག་ཆགས་དེ་ནི་བེ་རོ་ཙ་ན་རྦད་དེ།
  • བཅའ་འདྲི་བྱ་ཡུལ་
    སྔོན་མ་རས་ཆུང་ཟེར་དེ་བྱེད་ཀ་བྱས་ནས་དེ་གནང་གི་རེད་པའ། བེ་རོ་ཙ་ན་མ་རེད། རས་ཆུང་།
  • བཅའ་འདྲི་བྱ་ཡུལ་
    རས་ཆུང་ཕུག་རས་ཆུང་། རས་ཆུང་ཕུག་ལ་རེད་རས་ཆུང་། ད་རྦད་དེ་མཚར་པོ་ཞེ་པོ་ཆགས་བྱས།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་རས་ཆུང་རྦད་དེ་རས་པ་ཆུང་ངུ་ཟེར་ཀྱི་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    རས་ཆུང་གིས་རྦད་དེ་མགུར་གླུ་དེ་ཚོ་བཏང་བྱས། མདར་རུ་དེ་ཚོ་འཁྱེར་བྱས། ག་ས་ག་ལ་ཐད་བྱས་དའ།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ཁོ་རང་དགེ་རྒན་གྱིས་མིས། མི་ཚང་ནང་ལ་ཁྱོན་ནས་ཕྱིན་ཆོག་མ་ཡོང་ཟེར།
  • བཅའ་འདྲི་བྱ་ཡུལ་
    མི་ཚང་གི་ཐན་པ་འགམས་ཆོག་མི་ཡོང་བའི་དེ་གཅིག་ཡོད་རེད་པའ་ལགས་ཁོ་རང་ལ། བཀའ་སློབ་བཟོ་ར་གཅིག
  • བཅའ་འདྲི་བྱ་ཡུལ་
    ད་ཨོ་དེ་འཁྱེར་པ་གནང་བྱས་ག་ས་ག་ལ་ཐད་བྱས། མགུར་དེ་ཐོ་གཏོང་གནང་བྱས།
  • བཅའ་འདྲི་བྱ་ཡུལ་
    ད་མགུར་མཁྱེན་ཀྱི་རེད་པའ་ལགས། མགུར་དེ་ཚོ་གཏོང་བ་གནང་བྱས་རྦད་དེ་མདར་རུ་དེ་ཚོ་དཀྲོལ།
  • བཅའ་འདྲི་བྱ་ཡུལ་
    གཅིག་ཕེབས་དུས་རྩེད་ཐང་ལ་ཕེབས་དུས་ཙམ། དེང་སང་འདུག་ཟེར་བཤོད་སྲོལ་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    མི་ཚང་ཆེན་པོ་གཅིག་གི་བུ་མོ་གཅིག་དེའི། བ་བཞོ་ཀྱི་བསྡད་ཡོད་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་བ་བཞོ་དུས་ཁོང་ཚོས་དེ་དཀྲོགས་བྱས་བྱས་དེ་ནི་འདི་ན་ཟེར་བཏང་པ་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    གཏོང་དུས་དེ་ནི་བ་འདྲོགས་བྱས། བ་འདྲོགས་ཙང་ཝ་མ་བཤོས་པ་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    འོ་མ་བཤོད་ན་དེ་ནི་ཚིག་པ་ཟ་གི་རེད་པའ། ཚིག་པ་བཟས་བྱས་དེ་ནི་རྦད་དེ་རྒྱག་པ་འཁྱེར་བྱས་།
  • བཅའ་འདྲི་བྱ་ཡུལ་
    རྦད་དེ་རས་ཆུང་ལ་གཞུ་ཀ་ཡོང་བྱས། རས་ཆུང་ལ་ཞུ་ཀ་ཡོང་དུས་རས་ཆུང་མཚར་པོ་ཞེ་པོ་སོང་ཙང་རྦད་དེ།
  • བཅའ་འདྲི་བྱ་ཡུལ་
    མོ་ཡིད་ཆགས་པའི་བཟོ་ར་གཅིག་བྱས་བྱས། ཨ་ནི་རས་ཆུང་ཁོ་ར་ལ་ཡར་ཕེབས་དང་ཟེར་ནང་ལ།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ནང་ཕེབས་དུས་རས་ཆུང་ངས་ངས་བླ་མའི་བཀའ་ནང་བཞིན་མི་ཚང་གི་ཐེམ་པ་མ་འགམས་ཡས་ཀྱི་
  • བཅའ་འདྲི་བྱ་ཡུལ་
    ཐག་བཅད་ཚར་པ་ཡིན་ཟེར། ཨོ་ན་མི་ཚང་ཐེམ་པ་གི་འགམ་ཡས་ཀྱི་ཐག་བཅད་ཚད་ན་ཨོ་ནི་གང་ཡང་བྱེད་ཀྱི་མ་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཁང་པའི་རྒྱབ་ནས་སྐས་འཛེགས་བཙུགས་བྱས། ཐོག་ཁར་བྱས་གདན་འདྲེན་ཞུས་པ་རེད། ཐོག་ཁར།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་རས་ཆུང་ཐུགས་ལ་ད་དེ་ཡག་པོ་གཅིག་དེ་བྱས་པ་མིན་འདུག་བསམ།
  • བཅའ་འདྲི་བྱ་ཡུལ་
    དགོང་མོས་དེ་རྦད་དེ་ཐོག་ཁ་ནས་མར་བབས་བྱས་བྲོས་ཐད་བྱས་མར།
  • བཅའ་འདྲི་བྱ་ཡུལ་
    མར་བྲོས་ཐད་དུས་ནི་ནས་མར་ཕྱིན་དེའི་སླེབས་ཀྱི་རེད། ཉ་མགོ།
  • བཅའ་འདྲི་བྱ་ཡུལ་
    ཉ་མགོ་གྲུ་ཟེར་དེ་དེང་སང་ཟམ་ཆེན་ཡོད་སའི་མ་གས། སྔོན་མ་ཉ་མགོ་གྲུ་རེད་པའ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཉ་མགོ་གྲུ་མ་གས་སླེབས་དུས་ཙམ་པ་ཨ་ནི།
  • བཅའ་འདྲི་བྱ་ཡུལ་
    ཉ་མགོ་གྲུའི་ད་གིན་ངས་ཟེར་ཡས་ཀྱི་བསོད་ནམས་བག་བྲོ་ཟེར་ཡས་དེ་གཉེན་དཔོན་རེད་པའ་ལགས།
  • བཅའ་འདྲི་བྱ་ཡུལ་
    གཉེན་དཔོན་བསོད་ནམས་བག་བྲོ་དང་དེ་ཚོ་མ་གས་བསྡད་བྱས་རས་ཆུང་ད་ལྟ།
  • བཅའ་འདྲི་བྱ་ཡུལ་
    གྲུབ་ཐོབ་ཀྱི་ཆས་དེ་ཚོ་སྤྲད་བྱས་ཡོད་ཙང་དེ་ནི་ཁྱོད་རུ་རྦད་དེ་མགུར་མཁས་པོ་གཞས་མཁས་པོ་ཡོད་པ་འདྲ།
  • བཅའ་འདྲི་བྱ་ཡུལ་
    ཁྱོད་རས་གཞས་གཅིག་ཐོངས་དང་ཟེར། ཉ་མགོ་གྲུ་དེར་བསྟོད་ར་གཅིག་ཐོངས་དང་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་རས་ཆུང་པས་ལམ་སེང་། རས་ཆུང་ཀྱིས་དེ་ནི་བསྟོད་ར་བཏན་བྱས།
  • བཅའ་འདྲི་བྱ་ཡུལ་
    རས་ཆུང་ཀྱིས་དེ་རིང་རས་ཆུང་ཉ་མགོ་གྲུ་ཁར་སླེབས་ཟེར། ཉ་མགོ་གྲུ་ཁར་བསྟོད་ར་ཚིག་གསུམ་ཡོད།
  • བཅའ་འདྲི་བྱ་ཡུལ་
    ཉ་མགོ་གྲུ་དེ་བླ་མའི་མཆོད་ར་འདྲ། བསོད་ནམས་བག་བྲོ་རྩ་བའི་བླ་མ་འདྲ་ཟེར།
  • བཅའ་འདྲི་བྱ་ཡུལ་
    འགྲུལ་པ་ཚོ་ནི་དེ་ནི་ལྷ་ཆོས་ཞུ་མཁན་འདྲ་ཟེར་བཏང་གང་ནས།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ལམ་སེང་དགའ་ཐག་ཆོད་བྱས་ནི། གྲི་གཏོང་བའི་ཁྲིས་དེའི།
  • བཅའ་འདྲི་བྱ་ཡུལ་
    སྔོན་ལ་རང་གིས་ང་ཚོའི་གྲུ་དེ་ལ་སྨད་ར་གཅིག་མཐོང་དང་ཟེར་དའ།
  • བཅའ་འདྲི་བྱ་ཡུལ་
    དམའ་འབེགས་གཅིག་མཐོང་དང་ཟེ། དམའ་འབེབས་གཅིག་མཐོང་དང་ཟེར་དུས་རས་ཆུང་གིས་ལམ་སེང་།
  • བཅའ་འདྲི་བྱ་ཡུལ་
    ཉ་མགོ་གྲུ་དེ་དེ་ནི་བཤན་པའི་བཤས་ར་འདྲ་ཟེར། བསོད་ནམས་བག་བྲོ་དེ་ནི་བཤན་པ་ལག་དམར་འདྲ་ཟེར།
  • བཅའ་འདྲི་བྱ་ཡུལ་
    འགྲུལ་པ་ཚོ་ནི་བཤན་ལུག་ཚེ་ཟད་འདྲ་ཟེར། གཏོང་གནང་བྱས།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་དེ་འདྲས་གཅིག་ལ་རླུང་ལངས་བྱས། ཁོང་ཁྲོ་ཟས་བྱས། གྲུ་བཏང་ཡོས་མ་རེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    གྲུ་མ་བཏང་དང་ཨ་ནི་ཁོ་རང་གིས་ལམ་སེང་རྫུ་འཕྲུལ་བཏོན་པ་གནང་བྱས། ཁོ་རང་གིས་དའ།
  • བཅའ་འདྲི་བྱ་ཡུལ་
    རྐོ་བ་གྲུ་བཞི་དེ་རྐོ་གདན་གྱི་ཚུལ་བྱས། ད་ཀར་རྒྱུག་པ་དེ་དེ་རྦད་དེ་རྐྱ་བའི་ཚུལ་བྱས།
  • བཅའ་འདྲི་བྱ་ཡུལ་
    རས་ཆུང་སོ་སོ་དེ་ནི་དེའི་ཚུལ་བྱས། ཀོ་བའི་རྐོ་དཔོན་གྱི་ཚུལ་བྱས་བྱས་དོན་ཐད་བྱས།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་འོན་གྱི་མདའ་གཅིག་འདུག་ཀའ་ལགས།
  • བཅའ་འདྲི་བྱ་ཡུལ་
    འོན་གྱི་མདའ་ཕ་ཀིའི་དོན་དུས་རྐོ་ལྤགས་དེ་རྡབ་རྡབ་གཏོང་གནང་པ་ཡིན་ཟེར་ཀྱི་ཡོད་རེད། རྡབ་རྡབ་བཏང་།
  • བཅའ་འདྲི་བྱ་ཡུལ་
    དེང་སང་འོན་བུ་ཤིང་། འོན་བུ་ཤིང་འདུག་ཀ་ལས།
  • བཅའ་འདྲི་བྱ་ཡུལ་
    ཤིང་འོན་བུ་ཤིང་ལྷོ་ཁ་ཀྱི་ཤེལ་བྲག་ལ་མེད་པ་གཅིག་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་དུས་ཙམ་པ་སྐྱེས་པ་ཡིན་ཟེར་ཀྱི་འདུག་ཀ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་དེ་ཚོ་ཡར་ཀླུང་རྟེན་གསུམ་ཡིན་ནའང་གནས་གསུམ་ཡིན་ནའང་ཕུག་གསུམ་ཡིན་ན།
  • བཅའ་འདྲི་བྱ་ཡུལ་
    ཚང་མ་ལོ་ཀོ་དམངས་ཁྲོད་དང་བཤོད་སྲོལ་ཞེ་དྲགས་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ད་སྔོན་མ་ང་ཚོའི་ལོ་རྒྱུས་དང་གཅིག་ཡིན་ན་དེ་ཚོ་ལ་འབྲེལ་བ་ཞེ་དྲགས་མ་བྱས་བྱས་ཁོ་
  • བཅའ་འདྲི་བྱ་ཡུལ་
    རྩ་བ་ཆེན་པོ་ཡིན་པ་དང་གྲུབ་པ་ཐོབ་པ་དང་དེ་ཐོ་རྐྱང་རྐྱང་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    ཡར་ཀླུང་གི་ད་ལྟའི་གནས་གསུམ། ད་རྟེན་གསུམ། ཕུག་གསུམ་ཟེར་དེ་དའ།
  • བཅའ་འདྲི་བྱ་ཡུལ་
    ད་ག་ནང་བཞིན་ཤེལ་བྲག་ཟེར་ལ་ཞུ་མི་དགོས་བྱས་དའ།
  • བཅའ་འདྲི་བྱ་ཡུལ་
    རྦད་དེ་ཞུས་པ་ཡིན་ན་ཞུས་ཚར་ཡས་མེད་ཀྱོ་ཀྱི་ལོ་རྒྱུས་ཡོད་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    ད་ཨ་ལིས་ལོ་རྒྱུས་རང་མ་རེད་དམངས་ཁྲོད་བཤོད་སྲོལ་དང་ཚང་མ།
  • བཅའ་འདྲི་བྱ་ཡུལ་
    ད་ག་ནང་བཞིན་ཡར་ཀླུང་ཕུ་ལ་ཨོ་དེ་འདྲས་ཡོད་རེད། ད་ལྷ་རང་ལ་ཆ་བཞག་ན།
  • བཅའ་འདྲི་བྱ་ཡུལ་
    དེའི་ཁུངས་དེའི་ཡུལ་ཡར་ཀླུང་ལ་བསྡད་ན་གཏམ་དཔེ་རེད་ད་དེ་ཡང་།
  • བཅའ་འདྲི་བྱ་ཡུལ་
    ལྷ་ཡར་ལྷ་ཤམ་བུ་གསོལ་དགོས་ཡོད་ཟེར་ཀྱི་ཡོད་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    ཡ་གིའི་ཕུ་དེ་གང་རི་ཡར་ལྷ་ཤམ་བུ་ཡོད་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    གངས་རི་ཡར་ལྷ་ཤམ་བུ་ཟེར་དེ་ད་བོད་ཀྱི་སྲིད་པའི་ལྷ་དགུ་རེད།
  • བཅའ་འདྲི་བྱ་ཡུལ་
    རྗེ་ཡི་མགོ་ལ་བཅུ་གསུམ་ཟེར་བྱས་ད་སྔ་མོ་སྔ་མོའི་སྐབས་ནས། སྲིད་པའི་སྲིད་པ་སྲིད་པའི་ལྷ་དང་།
  • བཅའ་འདྲི་བྱ་ཡུལ་
    སྲིད་པའི་མགོ་ལ་བཅུ་གསུམ་དའ་བོད་ཀྱི་རྒྱལ་པོའི་མགོ་ལ་རེད་པའ་ལགས།
  • བཅའ་འདྲི་བྱ་ཡུལ་
    སྲོང་བཙན་ཚུན་ཆད་ཀྱི་སྲིད་པ་སྲིད་པའི་ལྷ་དགུ་དེ་ཀྱིས།
  • བཅའ་འདྲི་བྱ་ཡུལ་
    དེའི་སྒང་ལ་རྗེ་ཡི་མགོ་ལ་བཅུ་གསུམ་ཟེར་དེ་ཆགས་པ་རེད། སྣོན་པས་ལྔ་དེ་ཡོད་རེད་པའ་དའ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ཀྱིས་བྱས་ནས་དའ། དེའི་ཁུངས་ལ་ཚུད་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    ལྷ་ཆེན་ཡར་ལྷ་ཤམ་བུ་དའ། ལྷ་དེ་ཀྱིས་ཀྱི་ཁོངས་ནས་བྱས་ན་དའ། འོད་དེ་གུང་རྒྱལ་དེ་ཀྱིས་དང་།
  • བཅའ་འདྲི་བྱ་ཡུལ་
    ལྕགས་ཀྱི་ལྷ་ཆེན་གཉེན་ཆེན་ཐང་ལྷ་ཡིན་ནའི་འདྲ། དེའི་ཁུངས་དེ་པར་དའ།
  • བཅའ་འདྲི་བྱ་ཡུལ་
    གཙོ་བོ་གཅིག་ཡིན་པའི་ཤོད་སྲོལ་ཞེ་དྲགས་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    དེའི་ལྷ་གཡག་དཀར་པོ་དང་དེ་འདྲས། ཕེབས་ཀྱི་ཡོད་པའ།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲིས་ཡར་ལྷ་ཤམ་བུ་ཡོད་པ་ཙམ་གཅིག་གིས་ཡར་ཀླུང་དེ་རྩ་བ་ཆེན་པོ་ཡིན་ཟེར་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ནས་ཡར་ཀླུང་ངོས་ལ་དའ། དང་པོ་ཡོད་པ་དེ་ཚོ་ད་བཤོད་མི་དགོས་བྱས།
  • བཅའ་འདྲི་བྱ་ཡུལ་
    རྦད་དེ་ཡམ་བུ་བརླ་མཁར་དང་སྤྲེའུ་དང་དེ་འདྲས་ཀྱི་ལོ་རྒྱུས་ཡོད་པ། དེ་འདྲས་སྒང་ག་ཡོད་པ་རེད།
  • བཅའ་འདྲི་བྱ་ཡུལ་
    བོད་ཀྱི་ལོ་རྒྱུས་སྒང་དེ་འདྲས་ཡོད་ཙང་ཨ་ནི་ཡར་ཀླུང་དེ་ཀྱིས་ལྷོ་ཁའི་ཚབ་བྱེད་ཐུབ་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    བོད་དེ་དའ་ལོ་རྒྱུས་སྒང་ནས་ཡག་པོ་ཡོད་པའ། སྟེང་གི་གནས་ཀྱི་སྒོ་ནས་ཡག་པོ་ཡོད་པ།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་བོད་ཀྱི་ད་སྔོན་མ་ཀྱི་དེ་འདུག་ཀ་ལགས། མཛངས་མི་བདུན། བོད་ཀྱི་མཛངས་པའི་མི་བདུན།
  • བཅའ་འདྲི་བྱ་ཡུལ་
    མཛངས་པའི་མི་བདུན་ཚང་མ་ལོ་ཀོ་ཡར་ཀླུང་ཁུལ་ལ་རེད་པའ་ལགས།
  • བཅའ་འདྲི་བྱ་ཡུལ་
    དེང་སང་རེ་རེའི་ངོས་འཛིན་ཡས་མེད་པ་མ་གཏོགས་བོད་ཀྱི་དང་པོ་དེ་ལས་མ་ཚད་པ་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    བོད་ཀྱི་ཟམ་པ་དང་པོ་དང་བོད་ཀྱི་ལྕགས་ཞུ་ཡས་དང་པོ་དང་།
  • བཅའ་འདྲི་བྱ་ཡུལ་
    བོད་ཀྱི་དེ་ནི་ཕུའི་ཞིང་ཁ་མར་བབས་ཡས་དང་།
  • བཅའ་འདྲི་བྱ་ཡུལ་
    གནམ་ཞིང་ལ་ཆུ་གཏོང་ཡས་དང་དེ་ཚོ་གང་ག་མཛངས་མི་བདུན་ཀྱི་ལས་རེད་པའ་ལགས།
  • བཅའ་འདྲི་བྱ་ཡུལ་
    མཛངས་མི་བདུན་ཀྱི་མཛངས་མི་བདུན་ཀྱི་ཡོང་སའི་དམངས་ཆེ་བ་འདི་ནས་རེད་པའ་ལགས།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་བོད་ཀྱི་དའ། ལོ་རྒྱུས་ཐོག་ལ་ཡར་ཀླུང་དེ་རྦད་དེ་བོད་ཁོ་རའི་རྦད་དེ་གང་ཟེར་དགོས་རེད་དའ།
  • བཅའ་འདྲི་བྱ་ཡུལ་
    གཅིག་ནས་རྒྱལ་པོ་རིམ་བྱུང་བཞུགས་ས། གཉིས་ནས་རྦད་དེ་ལོ་རྒྱུས་རིང་པོ།
  • བཅའ་འདྲི་བྱ་ཡུལ་
    གསུམ་ནས་སྲིད་པའི་ལྷ་ནས་བྱས་ནས་ཆགས་ས། བཞི་ནས་དེ་ནི་ཡུལ་ཡར་མོ་ལུང་ཟེར་དུས།
  • བཅའ་འདྲི་བྱ་ཡུལ་
    སྐབས་དེ་དུས་ད་ཧ་ལམ་རྦད་དེ་ལྷ་ས་དག་ཕར་རྒྱལ་ས་མ་སྤོས་བར་ལ་རྦད་དེ་
  • བཅའ་འདྲི་བྱ་ཡུལ་
    བོད་ཀྱི་ཚབ་བྱེད་རང་བཞིན་ཆགས་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་དེང་སང་མིས་ས་ཁུལ་སོ་སོ་བཤད་ཡོང་དུས་དེ་ལྷོ་ཁའི་ངོས་ནས་བཤད་ན་ཡར་ཀླུང་གཙོ་བོ་
  • བཅའ་འདྲི་བྱ་ཡུལ་
    ལ་བཞག་བྱས་བརྟག་ཙམ་མ་བྱས་བྱས་ཡར་ཀླུང་ཟེར་ཡས་དེ་ཁོ་ཚབ་བྱེད་ཀྱི་རང་བཞིན་གཅིག་འགྲོ་གི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    སྤྱིའི་ངོས་ནས་བྱས་ན་ཡར་ཀླུང་གིས་ལྷོ་ཁའི་ཚབ་བྱེད་ཐུབ་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    མི་ར་གཅིག་ཀྱིས་བལྟས་ན་སྐུ་ཉིད་ཡར་ཀླུང་གཞུང་ལ་ཕེབས་དང་ཟེར་ཀྱི་འདུག་ཀས།
  • བཅའ་འདྲི་བྱ་ཡུལ་
    སྐུ་ཉིད་ལྷོ་ཁར་ཕེབས་དང་བྱས་པ་ལས་ཁོའི་དེ་ཡང་བོད་སྐད་སྒང་ནས་བཤད་ན་ཡང་
  • བཅའ་འདྲི་བྱ་ཡུལ་
    སྐད་ཆ་ཁུ་རང་སྙན་ཆ་དོད་པ་ཡོད་རེད་དའ།
  • བཅའ་འདྲི་བྱ་ཡུལ་
    ལྷོ་ཁ་ཟེར་ད་ཁོ་འགྲེལ་བཤད་སྣ་མིན་སྣ་ཚོགས་རྒྱག་གི་ཡོད་རེད་པའ།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་ད་ལྟ་བཤོད་སྲོལ་ནང་ན་ལྷ་ཁ་ཟེར་དེ་ད་ཆུའི་ལྷོ་ལ་ཡོད་ཟེར་ཡས་དེ་འདྲས་བཤད་ན་གཅིག་བྱས་ན་
  • བཅའ་འདྲི་བྱ་ཡུལ་
    འདྲ་པོ་ར་གཅིག་གཉིས་བྱས་ན་འདྲ་པོ་ཡོད་ནའི་ལས་ཡོང་གི་མེད་པའི་བཟོ་ར་པོ་སླ་པོ་ར་གཅིག་
  • བཅའ་འདྲི་བྱ་ཡུལ་
    ཆགས་ཀྱི་འདུག་ཀའ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཡུལ་ཡར་མོ་ཀླུང་ཟེར་དུས་ཙམ་པ་དེ་ནི་ཁོ་ཞེ་པོ་གཅིག་ཚབ་བྱེད་བྱེད་ཐུབ་ཀྱི་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ཁོས་མིང་ཁོ་རའི་སྒྱུ་རྩལ་གཅིག་ཡོད་རེད་པའ་ལགས།