01 Feb 2012
41 min 46 sec
Video Overview
Creators:
Columbia University, Tibetan Academy of Social Sciences, Tibet University, University of Virginia
A Lhoka government official named Kedrup discusses Dranang sites and history.
- Lhokha
- Dranang
- བཅའ་འདྲི་བྱ་ཡུལ་ངའི་མིང་ལ་མཁས་གྲུབ་ཟེར་གྱི་ཡོད།
- བཅའ་འདྲི་བྱ་ཡུལ་ང་ལྷོ་ཁ་གྲ་ནང་རྫོང་དགེ་སྙེན་གྲོང་ཚོའི་དགའ་ཚལ་ཕུག་དགོན་པར་༡༩༥༧ལོར་སྐྱེས་པ་རེད་ལའོ།
- བཅའ་འདྲི་བྱ་ཡུལ་ཨའ། ལོ་ལྔ་དྲུག་ནས་དགོན་པའི་ནང་ལ་དཔེ་ཆ་བལྟས་བྱས་ལོ་བཅོ་ལྔ་བར་དུ་བསྡད་པ་ཡིན།
- བཅའ་འདྲི་བྱ་ཡུལ་དེ་ནས་ཡའ།
- བཅའ་འདྲི་བྱ་ཡུལ་༡༩༨༡ལོར་ལྷོ་ཁ་ས་ཁུལ་རིག་རྩལ་ཚོགས་པའི་འཁྲབ་གཞུང་དང་ཨེ་འདྲས་གཞས་ཚིག་དེ་འདྲས་
- བཅའ་འདྲི་བྱ་ཡུལ་གསར་རྩོམ་གནང་ཡས་ལ་མར་སྐད་བཏང་གནང་བྱུང་།
- བཅའ་འདྲི་བྱ་ཡུལ་དེ་ནས་བཟུང་ནས་ལོ་ཉི་ཤུ་ཐམ་པ་ཏག་ཏག་ཆེད་ལས་རིག་རྩལ་གྱི་འཁྲབ་གཞུང་འཛིན་བྱས་བསྡད་པ་ཡིན།
- བཅའ་འདྲི་བྱ་ཡུལ་ཨ་ནི་ནམ་རྒྱུན་ནས་ང་རང་སྔོན་མག་ནས་ཀྱི་ཨ་འདྲའི་གི་དམངས་ཁྲོད་ཀྱི་རྩོམ་རིག་དང་།
- བཅའ་འདྲི་བྱ་ཡུལ་ལྷག་པར་དུ་ཡིན་ན་གསར་རྩོམ་དང་།
- བཅའ་འདྲི་བྱ་ཡུལ་ལོ་རྒུས་དང་ཨ་འདྲའི་གང་ཅིའི་ཐོག་དགའ་པོ་རེ་ཅི་ཡོད་ལའོ།
- བཅའ་འདྲི་བྱ་ཡུལ་བྱས་ཙང་ང་ར་ལོ་ཉི་ཤུའི་ནང་ཕ་གའི་བསྡད་དུས་ཙང་བློ་མཐུན་རྣམ་པ་དང་ཨེ་འདྲས་ཀྱི་
- བཅའ་འདྲི་བྱ་ཡུལ་རྒན་ལགས་རྣམ་པའི་སློབ་སྟན་འོག་ལ། གྲུབ་འབྲས་ཟེར་ད་ཆེ་སེ་གའི་ཡོ་མ་རེད་དའ།
- བཅའ་འདྲི་བྱ་ཡུལ་ཡིན་ནའང་མི་དང་ཕན་ཚུན་ཨའོ།
- བཅའ་འདྲི་བྱ་ཡུལ་འབྲེལ་རྒྱ་ཆེན་པོ་སྤྱི་ཚོགས་ཀྱི་ཡིན་ནའང་བག་ཆགས་ཡིན་ན་རྒྱ་ཆེན་པོ་ར་གཅིག་ཨེ་འདྲས་ཟེར་བྱེད་ཐུབ་སོང་།
- བཅའ་འདྲི་བྱ་ཡུལ་དེ་ནས་༡༩༩༨ལོ་ནས་ཨེ་ནི་ང་ལས་ཀའི་དགོས་དབང་དང་གོང་རིམ་གྱི་བཀའ་ལྟར།
- བཅའ་འདྲི་བྱ་ཡུལ་ས་ཁུལ་སྲིད་གྲོས་ལ་ལས་གནས་བསྒྱུར་སོང་ལགས།
- བཅའ་འདྲི་བྱ་ཡུལ་ད་ལྟ་ས་ཁུལ་སྲིད་གྲོས་ལ་ལས་ཀ་བྱེད་ཀྱི་ཡོད་ལགས།
- བཅའ་འདྲི་བྱ་ཡུལ་ཡིན་ནའང་སྲིད་གྲོས་ཀྱི་ལས་ཀ་དེའི་ནང་ལ་ཡང་ལས་ཀ་རང་།
- བཅའ་འདྲི་བྱ་ཡུལ་སོ་སོ་རང་ཆེད་ལས་ཀྱི་ལས་ཀ་གཞན་ཡོད་རེ་དའ་ངས་སྔ་ཕྱི་བར་གསུམ་དུ་
- བཅའ་འདྲི་བྱ་ཡུལ་སྔ་ལང་ཕྱི་ཉལ་དང་དུས་ཚོད་དམ་འཛིན་གྱིས་བོད་མི་རིགས་ཀྱི་དའ།
- བཅའ་འདྲི་བྱ་ཡུལ་དམངས་་ཁྲོད་སྒྱུ་རྩལ་ཡིན་ནའང་འདྲ། ཨའ།
- བཅའ་འདྲི་བྱ་ཡུལ་ཕུལ་བྱུང་གི་རིག་གནས་ཡིན་ནའང་འདྲ་གསར་རྩོམ་ཡིན་ནའང་འདྲ་དེའི་ཐོག་ལ་མུ་མཐུད་
- བཅའ་འདྲི་བྱ་ཡུལ་སོ་སོའི་ནུས་པ་ཡོད་པ་དེ་ཞར་དང་ཞོར་ལ་འདོན་བཞིན་པ་ཡིན་ལའོ།
- བཅའ་འདྲི་བ་ཨ་ནི་དེ་རིང་རྒན་ལགས་ཀྱིས་དེ་ཅིག་
- བཅའ་འདྲི་བ་ང་ཚོའི་བཅའ་འདྲི་ལ་དང་ལེན་གནང་བ་ལ་ཐུགས་རྗེ་ཆེ་གནང་ཞུ་རྒྱུ་ཡིན་།
- བཅའ་འདྲི་བ་ཨ་ནི་ད་ལྟ་འདིའི་བཀའ་འདྲི་ཞུ་ཡས་གཅིག་ལ་ཡའ།
- བཅའ་འདྲི་བ་ཨོ་རྒན་ལགས་ཀྱིས་དེ་ཅིག་དའ་ང་ཚོའོ་ཡའ། གྲ་ནང་།
- བཅའ་འདྲི་བ་རྒན་ལགས་ཀྱི་འཁྲུང་ས་གྲ་ནང་ལ་རེད་པའ།
- བཅའ་འདྲི་བྱ་ཡུལ་ལའ་རེད་ལ།
- བཅའ་འདྲི་བ་བྱས་ཙང་ཨ་ནི་གྲ་ནང་གི་ནང་ལོགས་ཀྱི་ལུང་པའི་ཁྱད་ཆོས་
- བཅའ་འདྲི་བ་དེ་དའ་ཨོའོ་གང་འདྲ་ཡིན་མིན་གཅིག
- བཅའ་འདྲི་བ་ང་ཚོ་ལ་གཅིག་དཔེ་ཆ་བཞག་ན་ད་གྲ་ནང་ཟེ་མིང་ཐོབ་སྟང་ནས་བྱས་
- བཅའ་འདྲི་བ་ཨ་ནི་ང་ཚོའོ་ངོ་སྤྲོད་ཅིག་གནང་ན་ཡོང་གི་རེད་པས།
- བཅའ་འདྲི་བྱ་ཡུལ་ལགས་རེད་ལའ། ཨོའོ་ད་དེ། དེ་འདྲ་སེ་རེད་ལ་ང་སྐྱེས་ས་རང་གྲ་ནང་ལ་རེད་པ།
- བཅའ་འདྲི་བྱ་ཡུལ་གྲ་ནང་ཟེར་ཡས་དེ་གྲ་ནང་ཟེར་ཡས་དང་གྲ་ཕྱི་ཟེ་གཉིས་ཡོད་རེ་ལའ།
- བཅའ་འདྲི་བྱ་ཡུལ་ད་གྲ་ནང་ཟེར་ཡས་དེ་ཁོ་མིང་ཚིག་གང་ནས་འགྲེལ་བཤད་བརྒྱབ་པ་ཡིན་ན།
- བཅའ་འདྲི་བྱ་ཡུལ་ད་ལྟ་དཔེར་ན་བོད་རྒྱ་ཚིག་མཛོད་ཆེན་མོ་ཡིན་ནའང་འདྲ།
- བཅའ་འདྲི་བྱ་ཡུལ་ད་པར་༼དེ་མིན་༽གཞན་དག་ཁག་གཅིག་གིས་གསུངས་ཡས་ལ་བྱས་ན།
- བཅའ་འདྲི་བྱ་ཡུལ་ཨ་ནི་ཤིང་གྲ་མ་མང་པོ་སྐྱེས་བྱས་དེའི་གྲ་ནང་ཡིན་ཟེར་གསུངས་ཞག་འདུག་གའ་ལགས།
- བཅའ་འདྲི་བྱ་ཡུལ་ཡིན་ན་ཡང་ངས་དེ་ལ་རྦད་དེ་མོས་མཐུན་ཞུ་གི་མེད་ལའ།
- བཅའ་འདྲི་བྱ་ཡུལ་ངས་ཟེར་ན་ངས་སྔོན་མ་བོད་ཀྱི་ལོ་རྒྱུས་རྙིང་པ་དེ་འདྲ་དང་ལྷག་པར་དུ་གྲ་ནང་རང་གི་
- བཅའ་འདྲི་བྱ་ཡུལ་ད་ཆོས་འབྱུང་ཟེ་ད་ཆེད་མངགས་ཟེ་ཡོད་མ་རེད་དའ།
- བཅའ་འདྲི་བྱ་ཡུལ་གྲ་ནང་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་དེ་འདྲའི་དཀོན་པོ་ཡོད་རེད།
- བཅའ་འདྲི་བྱ་ཡུལ་དེ་ཚོའི་ནང་ལ་བལྟས་གང་ག་བྱེད་དུས་ཙང་། གྲ་ནང་ཟེར་ཡས་དེ་རིག་པའི་གྲ་དང་ཆོས་ཀྱི་གྲ
- བཅའ་འདྲི་བྱ་ཡུལ་ཨ་ནི་དཔེར་ན། མཁས་པ་མང་པོ་ཐོན་པའི་ས་རེད་པཱ་ལའོ།
- བཅའ་འདྲི་བྱ་ཡུལ་བྱས་ཙང་གྲ་དེ་དེ་འདྲའི་གི་གྲ་ཅིག་སློབ་གྲྭའི་གྲྭ་ཅིག་གི་གྲྭ་ནང་ལ་རྩིས་བྱས།
- བཅའ་འདྲི་བྱ་ཡུལ་གྲྭ་ནང་ལ་ངོས་འཛིན་ཞུ་གི་ཡོད་ལ། བྱས་ཙང་ཡི་གེ་དེ་དག་ཆའི་གང་ནས་ཆ་བཞག་ནའང་།
- བཅའ་འདྲི་བྱ་ཡུལ་ལྦ་ཟུར་བརྒྱབ་པ་གཅིག་དང་མ་བརྒྱབ་པ་གཅིག་ཡོད་རེད། ག་ར་བཏགས་གྲ་དེ།
- བཅའ་འདྲི་བྱ་ཡུལ་མ་བརྒྱབ་པའི་ཁུངས་དེ་གང་རེད་ཟེར་ན་ཤིང་གྲ་མ་ཟེར་ཡས་དེ་རེད།
- བཅའ་འདྲི་བྱ་ཡུལ་ངའི་ཁུངས་བརྒྱབ་པ་དེ་གང་རེད་ཟེར་ན་སློབ་གྲྭའི་གྲྭ་དེ་སོང་ཙང་ལྦ་ཟུར་བརྒྱབ་ཀྱི་ཡོད།
- བཅའ་འདྲི་བྱ་ཡུལ་ད་དེ་མ་གཞི་ང་རའི་དེ་རེད་ཟེར་རྒྱུ་མིན་འདུག་དའ།
- བཅའ་འདྲི་བྱ་ཡུལ་ངས་དེ་ཡང་ལོ་རྒྱུས་མང་པོ་ལ་བལྟས་བྱས་དེ་འདྲའི་ཡིན་ལའ།
- བཅའ་འདྲི་བྱ་ཡུལ་དེའི་གྲ་ནང་གི་རེད་ལ་གྲ་ཕྱི་ཟེར་ཡས་དེ་ཞོག་ཕ་རི་དེའི་གྲ་ནང་དང་ཆ་ཞིག་ཡོད་རེད་ལའ།
- བཅའ་འདྲི་བྱ་ཡུལ་ད་ལུང་པའི་ཁ་གཏད་དང་བྱས་པ་ཡིན་ན། ཆུ་ཕར་བྱས་ད་ཡར་ལུང་གཙང་པོའི་ལྷོ་དེ་ལ་ཡོད་རེད་པའ།
- བཅའ་འདྲི་བྱ་ཡུལ་ཡར་ལུང་གཙང་པོའི་བྱང་དེ་ལ་གང་ཡོད་རེད་ཟེར་ན།
- བཅའ་འདྲི་བྱ་ཡུལ་གྲ་ནང་གྲ་རབ་ཁ་སྤྲོད་ཡིན་ཟེར་དམངས་ཁྲོད་ལ་གྲ་ནང་དང་གྲ་རླབ་ཟེར་ཕར་ཁ་སྤྲོད་རེད་ལའ།
- བཅའ་འདྲི་བྱ་ཡུལ་གྲ་ཕྱི་དང་ཟུང་དཀར་ཁ་སྤྲོད་ཡིན་ཟེར།
- བཅའ་འདྲི་བྱ་ཡུལ་ཟུང་དཀར་ཟེར་བསམ་ཡས་ཀྱི་རྡོའི་མཆོད་རྟེན་ཡོད་ས་དེ་ལ་རེད་ལའ།
- བཅའ་འདྲི་བྱ་ཡུལ་བྱས་ཙང་ལོ་རྒྱུས་ཁོ་རའི་ནང་ལ་དེ་འདྲས་ཀྱི་དཔེ་ཆ་ཡོད་དུས་དེ་ནང་ལ་
- བཅའ་འདྲི་བྱ་ཡུལ་གྲ་ཟེར་ཡས་དེ་སློབ་གྲྭའི་གྲྭ་དེ་བྲིས་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་དེ་གྲ་ནང་རང་གི་ད་དེ་རིང་སྔོན་ལ་གྲ་ནང་རང་ཞུས་པ་ཡིན་ན་
- བཅའ་འདྲི་བྱ་ཡུལ་གྲ་ནང་ཟེར་དེ་ཕུ་དེར་ཡར་ཤར་རྒྱག་ཟ་པོ་ཟེར་ཡས་དེར་ལ་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ཟ་པོ་ཟེར་ཡས་དེའི་དོན་དག་ག་རས་ཟེར་ན་ང་ཚོས་ཡང་ཁ་ཅིག་གིས་ཡང་ངོས་འཛིན་བྱེད་ཡས་དེ།
- བཅའ་འདྲི་བྱ་ཡུལ་ཨའོ། ལྟོ་ཆས་ཀྱི་ང་ཚོའི་ཚོས་མ་ཟ་པོ་ཟེར་ཡས་ཅིག་ཡོད་རེད་པཱ་རང་བྱུང་གི་ཡོད་རེད་དེ།
- བཅའ་འདྲི་བྱ་ཡུལ་དངོས་ནས་བྱས་ན་ག་ཝས་ཟ་ར་ཟར་ཕུ་རེད་དོ་ཀའ་ལཱ།
- བཅའ་འདྲི་བྱ་ཡུལ་གྲོག་རོང་གཟར་པོ་བྱས་ཕུ་རག་ཡིན་པའི་དོན་དག་བྱས།
- བཅའ་འདྲི་བྱ་ཡུལ་དེ་ནས་ལ་བརྒྱབ་ཕྱིན་པ་ཡིན་ན་ཡར་འབྲོག་ལ་སླེབ་ཀྱི་རེད་ལ་ཡར་འབྲོག་སྐར་མ་གླིང་གི་རྩྭ་ཐང་དང་།
- བཅའ་འདྲི་བྱ་ཡུལ་ཡར་འབྲོག་གཡུ་མཚོ་ཡོད་ས་དེ་ལ་སླེབ་ཀྱི་རེད་ལཱ། དེ་གྲྭ་ནང་གི་ཕུ་ཕུ་དེའི་རེད་ལཱ།
- བཅའ་འདྲི་བྱ་ཡུལ་དེའི་ཡར་ལ་དེ་གང་འདྲ་ཞིག་ཡོད་རེད་ཟེར་ན། ལ་གསུམ་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་གླང་ལ། མི་ལ། རྟ་ལ་ཟེར་ཡས་གཅིགདེ་གང་ནས་བྱུང་པ་རེད་ཟེར་ན།
- བཅའ་འདྲི་བྱ་ཡུལ་སྣང་ལ། མི་ལ། རྟ་ལ་ཟེར་ཡས་དེ་ཨ་ནི། ད་ལྟ་གྲྭ་ནང་མདའ་དེའི་གྲྭ་ཐང་དགོན་ཡོད་རེད་པའ།
- བཅའ་འདྲི་བྱ་ཡུལ་གྲྭ་ཐང་དགོན་པ་བཞེངས་པའི་སྐབས་ལ་ཤིང་ཁག་གཅིག་ལྷོ་ནས་ཚུར་དྲང་པ་ཡིན་ཟེར་གྱི་ཡོད་རེད།
- བཅའ་འདྲི་བྱ་ཡུལ་ལྷོ་ནས་ཚུར་འདྲེན་དུས་ཙང་དེ་དུས་ཙང་།
- བཅའ་འདྲི་བྱ་ཡུལ་ཤིང་གང་ཀ་ཨ་ནི་ཁ་ཤས་མི་ཀས་དྲས་བྱས་ཡོང་རྟ་ལ་བརྒྱབ་ནས་ཡོང་དེའི་
- བཅའ་འདྲི་བྱ་ཡུལ་ལམ་ཀག་དེ་ལ་མི་འགྲོ་ས་སོང་ཙང་མི་ལ་ཟེར་གྱི་ཡོད་རེད་། དེང་སང་ཡང་།
- བཅའ་འདྲི་བྱ་ཡུལ་རྟ་ལ་བརྒྱབ་ནས་ཡོང་ས་དེ་ལ་རྟ་ལ་ཟེར་གྱི་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་གླང་གོག་ལ་བསྐལ་ནས་ཡོང་ས་དེ་ལ་གླང་ལ་ཟེར་གྱི་ཡོད་རེད་ལ། དེང་སང་ཡང་ཟེར་དང་ཟེར་བཞིན་པ་རེད་ལཱ།
- བཅའ་འདྲི་བྱ་ཡུལ་དེ་ནས་མར་ཡོང་ནི་བཤད་སྲོལ་ལ་དེ་ག་རེ་བྱེད་ཀ་ཡོད་རེད་ཟེར་ན་སེར་ར་ཁ་པ་ཟེར་ཡས་ཅིག་ཡོད་རེད་ལཱ་
- བཅའ་འདྲི་བྱ་ཡུལ་གྲོང་ཚོ་སེར་ར་ཁ་པ་ཟེར་ཡས་ཅིག་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་དེ་ག་རས་ཟེར་ན་དེ་ནས་མར་བྱས་ཤིང་དེ་འཁྱེར་ཡོང་དུས་ཙང་།
- བཅའ་འདྲི་བྱ་ཡུལ་དེ་རྦད་ད་མི་དང་རྟ་དང་གང་ཀ་ཆད་བྱས་ཨ་ནི་ཆས་དུས་དེ་དུས་ཙང་གྲྭ་ཐང་བཞེངས་གནང་མཁན་གཏེར་
- བཅའ་འདྲི་བྱ་ཡུལ་འདོན་གྲྭ་པ་མངོན་ཤེས་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་གཏེར་འདོན་གྲྭ་་མངོན་ཤེས་ཀྱིས་རྫུ་འཕྲུལ་བཏབ་གནང་བྱས་
- བཅའ་འདྲི་བྱ་ཡུལ་སེར་ར་ཁ་ཟེར་ཡས་དེར་སླེབས་དུས་ཙང་སེར་བ་སྤོབ་པ་ཡིན་ཟེར་གྱི་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་སེར་ར་སྤབ་ཙང་དེ་སེར་ར་ཞི་པོ་འདོན་བྱས་དེ་ཆུ་འཁྱིལ་བྱས།
- བཅའ་འདྲི་བྱ་ཡུལ་ད་ཆུ་དེ་ལ་རྦད་དེ་ཤིང་གང་ཀ་མར་བསྐུར་གནང་པ་ཡིན་ཟེར།
- བཅའ་འདྲི་བྱ་ཡུལ་བསྐུར་གནང་བྱས་ད་ལྟ་གྲྭ་ཐང་དགོན་པ་ཡོད་སའི་ཕར་ཙམ་དེ་ལ་ཡང་
- བཅའ་འདྲི་བྱ་ཡུལ་དེང་སང་གྲྭ་ནང་གི་ཆུ་ཡོད་ས་དེའི་འགྲམ་དེ་ལ་སྒལ་པ་ཁར་ཟེར་ཡས་ཅིག་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་སྒལ་པ་ཁར་ཟེར་ག་ཟེར་གྱི་ཡོད་རེད་ཟེར་ན་སྒལ་པ་ཟེར་ཡོད་ས་དེ་ལ་ཁར་བྱས་
- བཅའ་འདྲི་བྱ་ཡུལ་ཤིང་དེ་ཀས་དེ་ནས་ཚུར་དྲང་པ་ཡིན་ཟེར།
- བཅའ་འདྲི་བྱ་ཡུལ་ད་གྲྭ་ནང་གི་ལུང་པའི་ཁོ་རའི་ཤོད་ཡས་ཀྱི་ཤོད་སྲོལ་ལ་གྲྭ་ནང་བཞེངས་དུས་ཁོ་རའི་ཤིང་དེ་དེ་འདྲ་སེ་བྱས་པ་རེད།
- བཅའ་འདྲི་བྱ་ཡུལ་ཕུ་ཕུ་དེའི་ལ་གསུམ་དེ་དེ་འདྲའི་སེ་རེད་ལཱ།
- བཅའ་འདྲི་བྱ་ཡུལ་དེ་ནས་མར་ཡོང་ནས་ཡང་ཞོ་ར་ཟེར་ཡས་ཅིག་ཡོད་རེད་ལཱ་ཞོ་ར་ཟེར་ཡས་དེ་གང་རས་ཟེར་ན།
- བཅའ་འདྲི་བྱ་ཡུལ་ཨོའོ་དམངས་ཁྲོད་ཀྱི་ཤོད་སྲོལ་ཅིག་ཡོད་རེད་པ་ལ་ཕོ་དེ་ཀས་རྦད་རང་བཞིན་བཟང་པོ་
- བཅའ་འདྲི་བྱ་ཡུལ་ཞོ་ནང་བཞིན་འཇམ་པོ་ཞེ་ཅིག་ཡིན་ནའི།
- བཅའ་འདྲི་བྱ་ཡུལ་བུ་མོ་དེ་ཚོ་རྦད་ར་ནང་བཞིན་བྱས་འཚུབ་པོ་ཡོད་ཟེར་གྱི་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་བྱས་ཙང་ཁོ་མིང་ལ་ཞོ་ར་ཟེར་གྱི་ཡོད་རེད་ལཱ། ད་མ་གཞི་ལུང་པ་ད་མང་པོ་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་ད་མར་བྱས་ཡོང་ནི་གྲྭ་ནང་གི་ལུང་པ་ཆེ་ཤོས་གསུམ་ཡོད་རེད་པ་ལཱ།
- བཅའ་འདྲི་བྱ་ཡུལ་གཅིག་དཀྱིལ་རུ་ཟེར་གྱི་རེད། གཅིག་དགེ་སྙེན་ཟེར་གྱི་རེད། གཅིག་གྲྭ་ཐང་ཡོད་ས་དེ་རེད།
- བཅའ་འདྲི་བྱ་ཡུལ་དཀྱིལ་རུ་ཟེར་ཡས་དེ་ལ་སླེབས་ཀྱི་རེད་ལཱ།
- བཅའ་འདྲི་བྱ་ཡུལ་དཀྱིལ་རུ་ཟེར་ཡས་དེ་ག་རེ་རས་ཟེར་ན་ད་གྲྭ་ནང་དེང་སང་གི་རྒྱ་ཁྱོན་ནས་བལྟས་པ་ཡིན་ན་
- བཅའ་འདྲི་བྱ་ཡུལ་དཀྱིལ་རུ་ཟེར་ཡས་དེ་ཡར་ཕུ་ལ་ཡོད་རེད་།
- བཅའ་འདྲི་བྱ་ཡུལ་ཡིན་ནའང་ལུང་པ་རང་བྱས་གཟར་པོ་ནས་བྱས་རྩིས་བརྒྱབ་པ་ཡིན་ན་དཀྱིལ་དཀྱིལ་དེ་ལ་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་དམངས་ཁྲོད་ཀྱི་ཤོད་སྲོལ་ལ་གང་འདྲ་བཤད་ཀྱི་ཡོད་རེད་ཟེར་ན།
- བཅའ་འདྲི་བྱ་ཡུལ་གྲྭ་ནང་མགོ་ཞུག་སློག་ཀྱང་དཀྱིལ་རུ་དཀྱིལ་ལ་གནས་ཟེར་
- བཅའ་འདྲི་བྱ་ཡུལ་གལ་སྲིད་གྲྭ་ནང་ཟེར་ཡས་དེ་འདུག་སེ་བསྐོར་ར་ཅིག་བརྒྱབ་ཕྱི་སྟང་སློག་པ་ཡིན་ནའང་།
- བཅའ་འདྲི་བྱ་ཡུལ་དཀྱིལ་རུ་དེ་དཀྱིལ་དེ་ག་རང་ལ་བསྡད་ཀྱི་ཡོད་རེད་ཟེར་གྱི་ཡོད་རེད།
- བཅའ་འདྲི་བྱ་ཡུལ་ད་ས་ཆའི་མི་ཁོ་ས་ཆ་མི།དེ་དུས་འཇལ་བྱས་བྱེད་མཁན་ཡོད་མ་རེད་དེའི་འཇལ་པ་ཡིན་ན་དཀྱིལ་དེ་ལ་
- བཅའ་འདྲི་བྱ་ཡུལ་ཡོད་ཟེར་གྱི་ཡོད་རེད་ལཱ་དཀྱིལ་རུ་ཟེར་ཡས་དེ་ལ་སླེབས་ཀྱི་རེད་ལཱ།
- བཅའ་འདྲི་བྱ་ཡུལ་དཀྱིལ་རུ་ནས་མར་ཡོང་བྱས་རལ་སྒང་ཟེར་ཡས་ཅིག་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་དེང་སང་སྐད་གྲགས་ཡོད་རེད་ལཱ་ལུང་པ་དེ། ཨའོ་སྣམ་བུ་དང་ཨ་འདྲའི་ཐག་སའི་ལུང་པ་ཅིག་
- བཅའ་འདྲི་བྱ་ཡུལ་ད་རལ་སྒང་ཟེར་ཡས་དེ་གང་རས་ཟེར་ན་ཆུ་དེ་རལ་པ་སི་སི་ཡོང་སའི་སྒལ་
- བཅའ་འདྲི་བྱ་ཡུལ་ངོ་ཕྱོགས་མར་ཕུ་ངོ་ཕྱོགས་ནས་ཤར་ངོ་ཕྱོགས་ནས་དེ་ནས་མར་ཆུ་གཅིག་ཡོང་།
- བཅའ་འདྲི་བྱ་ཡུལ་ཡར་ནས་མར་ལྷོ་ངོ་ཕྱོགས་ནས་ཆུ་གཅིག་ཡོང་།
- བཅའ་འདྲི་བྱ་ཡུལ་ནུབ་ངོ་ཕྱོགས་ནས་ཆུ་གཅིག་ཡོང་། ཆུ་གསུམ་ཡོང་སའི་རལ་པ་སིག་སིག་ཡོང་སའི་སྒང་དེའི་ཡོད་ཟེར་གྱི་ཡོད་རེད།
- བཅའ་འདྲི་བྱ་ཡུལ་ཆུ་དེ་འོག་དེ་འོག་དེ་ལ་རྒྱུག།རལ་པ་སིག་སིག་ཡོང་སའི་སྒང་དེ་ལ་རལ་སྒང་ཟེར་གྱི་
- བཅའ་འདྲི་བྱ་ཡུལ་ཡོད་རེད་ལཱ།དེ་ནས་ཚུར་ཙེ་ཡོང་བྱས་ཨོའོ་ང་ཚོའི་པད་གྲོང་ཟེར་ཡས་ཅིག་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་དེ་མེ་ཏོད་པད་མའི་གྲོང་ཡིན་ཟེར་གྱི་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་མེ་ཏོད་པད་མའི་གྲོང་།དེ་ཕུ་དེ་ལ་ཡར་སོ་ཐང་ཡོད་རེད་ལཱ་ད་སོ་ཐང་ཟེར་ཡས་དེ་ག་རེ་ཟེར་གྱི་ཡོད་རེད་ཟེར་ན།
- བཅའ་འདྲི་བྱ་ཡུལ་སྔོན་མ་གྲྭ་ཐང་བཞེངས་དུས་དང་ཡང་འབྲེལ་བ་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་གྲྭ་ཐང་བཞེངས་དུས་ཨོའོ་གྲྭ་ཐང་གི་སྔོན་མའི་རྒྱ་ཕིབ་ཡོད་རེད་པ་ལཱ་
- བཅའ་འདྲི་བྱ་ཡུལ་རྒྱ་ཕིབ་དེ་ཚོ་མང་ཆེ་བ་རྫ་དེ་འདྲ་རེད་ལཱ་གཡུ་རྫ་དེ་འདྲས་རེད་ལཱ།
- བཅའ་འདྲི་བྱ་ཡུལ་སེར་པོ་དང་སྔོན་པོ་བསམ་ཡས་དང་ཨེ་འདྲའི་འདྲ་པོ་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་དེའི་རྫ་བཟོ་ཡས་ཀྱི་སོ་གཏོང་ས་དེ་ག་པར་བཏང་པ་རེད།
- བཅའ་འདྲི་བྱ་ཡུལ་རྫ་དེ་ག་པར་བཟོས་པ་རེད་ཟེར་ན་སོ་ཐང་ཟེར་ཡས་དེའི་རེ་དེ་ལ་བཏང་པ་རེད་ལ།
- བཅའ་འདྲི་བྱ་ཡུལ་དེ་ལ་སོ་དེ་བཏང་པ་ཡིན་ཟེར་གྱི་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་ཡར་གའི་སོ་བཏང་རྫ་དེ་བཟོས་པ་སོང་ཙང་སོ་ཐང་ཟེར་གྱི་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་ད་དེ་ནས་མར་ཡོང་ན་ལྷ་ཡུལ་ཟེར་ཡས་ཅིག་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་ལྷ་ཡུལ་ཟེར་ཡས་དེ་ཡར་སྟོད་ལ་སྤང་གཤོང་སྐྱིད་པ་སྨད་ལ་རྩྭ་ཐང་སྐྱིད་པ་
- བཅའ་འདྲི་བྱ་ཡུལ་བར་ལ་ཆུ་མིག་བཟང་བ་ལྷའི་ལུང་པ་ནང་བཞིན་ཡོད་ཙང་ལྷ་ཡུལ་ཟེར་བཏགས་བཞག་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་ད་དེ་ནས་ད་ལྟ་མར་མར་སླེབས་བྱས་ད་ལྟ་ང་ཚོའི་ལུང་པ་ཡོད་ས་སྟེ་དགེ་སྙེན་ཡོད་ས་དེ་ལ་སླེབས་ཀྱི་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་ད་དགེ་སྙེན་ཟེར་ཡས་དེ་ག་ཟེར་གྱི་ཡོད་རས་ཟེར་ན་རྒྱལ་བ་ཡར་རྒྱབ་པས་བཞེངས་གནང་པའི་
- བཅའ་འདྲི་བྱ་ཡུལ་རྒྱལ་བ་ཡར་རྒྱབ་པའི་སྐབས་ལ་ད་བཞེངས་གནང་བའི་རྒྱལ་བའི་གླིང་ཡིན་ཟེར་གྱི་ཡོད་རེད་པ་ལཱ།
- བཅའ་འདྲི་བྱ་ཡུལ་འོ་དེ་འདྲ་སེ་བྱས་རྒྱལ་བའི་གླིང་ཡིན་ཟེར་གྱི་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་དེའི་ཕུ་དེ་ལ་དགའ་ཚལ་སྦུག་ཞེས། དགའ་ཞིང་སྐྱིད་པའི་ཚལ་སྦུག་ཟེར་གྱི་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་དེ་ནས་མར་མར་ཡོང་བྱས་ད་སེར་ཁུང་ཟེར་བ་དེ་ལ་སླེབས་ཀྱི་རེད་ལཱ །
- བཅའ་འདྲི་བྱ་ཡུལ་སེར་ཁུང་ཟེར་ཡས་དེ་གང་ཡིན་ཟེར་ན་ཨོའོ་ནམ་རྒྱུན་ད་གནམ་གཤིས་ཀྱི་
- བཅའ་འདྲི་བྱ་ཡུལ་འཁོར་ཕྱོགས་ཅིག་གིས་གྲྭ་ནང་ལ་སེར་བ་གང་འདྲ་ཞིག་བཏང་ནའང་།
- བཅའ་འདྲི་བྱ་ཡུལ་གལ་སྲིད་སྔོན་མ་ཡིན་ན་ཨ་ནི་ལགས་ལགས་དང་ཨ་འདྲ་གིས་སེར་བ་བཀག་པ་རེད་པ་ལཱ།
- བཅའ་འདྲི་བྱ་ཡུལ་རྦད་དེ་ལུང་པ་དེའི་ནང་ལ་ཕར་ཕྱིན་བྱས་སེར་བའི་ཁུང་བུ་བཟོ་ར་ཅིག་ཆགས་བྱས།
- བཅའ་འདྲི་བྱ་ཡུལ་ཕ་གི་ལ་ཕར་བཀར་སའི་སོ་འདྲ་ཅིག་ཆགས་བྱས་སེར་ཁུང་ཟེར་གྱི་ཡོད་རེད་ལཱ་དེ་གསེར་གྱི་ཁུང་བུ་དེ་འདྲ་མ་རེད་ལཱ།
- བཅའ་འདྲི་བྱ་ཡུལ་དེ་ནས་ཚུར་ཡོང་ནི་ཨ་ནི་བྱམས་པ་གླིང་ལ་སླེབས་ཀྱི་རེད་ལཱ་བྱ་པ་
- བཅའ་འདྲི་བྱ་ཡུལ་གླིང་ཟེར་ག་རས་ཟེར་ན་སྔོན་མ་མཆོད་རྟེན་ཡོད་ས་དེ་ལ་སྐད་གྲགས་ཡོད་རེད།
- བཅའ་འདྲི་བྱ་ཡུལ་ཨོའོ་འཛམ་གླིང་གང་ལ་སྐད་གྲགས་ཡོད་པའི་མཆོད་རྟེན་ཞིག་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་བྱམས་པ་གླིང་མཆོད་རྟེན་ཡོད་ས་དེ་ལ་རྒྱལ་བ་བྱམས་པ།
- བཅའ་འདྲི་བྱ་ཡུལ་ད་མི་སྐུ་སྐུ་ཚད་ཆེན་པོ་འཛམ་གླིང་ལ་སྐད་གྲགས་ཡོད་པ་ཞིག་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་མཆོད་རྟེན་ད་གའི་མཆོད་རྟེན་བཀྲ་ཤིས་སྒོ་མང་ཟེར་འཛམ་གླིང་ལ་སྐད་གྲགས་ཡོད་པ་ཞིག་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་དེའི་མིང་ལ་བྱམས་པ་གླིང་ཟེར་གྱི་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་དེ་ནས་མར་བྱས་ཡོང་པ་དེ་ལ་ང་ཚོའི་གྲྭ་ཐང་ཡོད་ས་དེ་ལ་སླེབས་ཀྱི་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་ད་གྲྭ་ཐང་ཡོད་ས་དེ་ཀས་དེ་གང་འདྲ་ཟེར་རས་ཟེར་ན།
- བཅའ་འདྲི་བྱ་ཡུལ་གྲྭ་ཐང་ཟེར་ཡས་དེ་གཙོ་བོ་གྲྭ་ཐང་དགོན་པ་དགོན་པའི་མིང་རེད་ལཱ།
- བཅའ་འདྲི་བྱ་ཡུལ་ད་དགོན་པའི་མིང་དེ་ལུང་པ་ལ་ཐོགས་པ་རེད་ལཱ།
- བཅའ་འདྲི་བྱ་ཡུལ་དེའི་རྩིས་ཀྱི་ལུང་པ་ཁོ་ར་ལ་གྲྭ་ཐང་ཟེར་གྱི་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་གྲྭ་ཐང་ཟེར་ཡས་དེ་ག་རས་ཟེར་ན་འདྲ་བའི་དོན་དག་བྱས་བྱས་ཨ་ནི་
- བཅའ་འདྲི་བྱ་ཡུལ་དེང་སང་འདྲ་པོ་ཡོད་པའི་དོན་དག་དེ་སྒྲ་ཉམས་བྱས་གྲ་སེ་བྱས་པ་རེད་ཟེར།
- བཅའ་འདྲི་བྱ་ཡུལ་འདྲ་པོ་གང་ཡོད་རེད་ཟེར་ན་བསམ་ཡས་གཙུག་ལག་ཁང་དང་སྔོན་མ་ནས་འདྲ་པོ་ཞེ་པོ་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་བསམ་ཡས་གཙུག་ལག་ཁང་དང་ད་བསམ་ཡས་གཙུག་ལག་ཁང་གི་དབུ་རྩེ་རིག་གསུམ་ལ་
- བཅའ་འདྲི་བྱ་ཡུལ་ཨ་ནི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པ་དང་ཕྱི་ས་བར་མ་དང་ནང་མ་ཡོད་པ་དང་།
- བཅའ་འདྲི་བྱ་ཡུལ་དེ་ཚོ་སོགས་ཚང་མ་བསམ་ཡས་དང་འདྲ་པོ་ཡོད་པའི་དོན་དག་ནས་འདྲ་ཐང་ཟེར་བཏགས་པ་རེད་ལཱ།
- བཅའ་འདྲི་བྱ་ཡུལ་དེ་ནས་མར་ཡོང་བྱས་ཨ་ནི་གྲྭ་ནང་གི་མདའ་མདའ་སྟེ་གྲ་ནང་གི
- བཅའ་འདྲི་བྱ་ཡུལ་ཡང་ཁ་དང་གྲེ་མོ་ཟེར་ཡས་དེ་ལ་སླེབས་ཀྱི་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་ད་ཡང་་ཟེར་ཡས་ཀྱི་དོན་དག་དེ་ཚོ་དེང་སང་ཁ་ཤས་ཀྱི་གང་ལ་གཡང་དཀར་ཟེར་བྲིས་ཀྱི་འདུག་ཀ་ལཱ།
- བཅའ་འདྲི་བྱ་ཡུལ་གཡང་དཀར་ཟེར་ཡས་དེང་འདྲའི་ལུག་ཟེར་ཡས་ཀྱི་དོན་དག་ཅི་ཡང་མ་རེད་ལཱ།
- བཅའ་འདྲི་བྱ་ཡུལ་དེའི་དོན་དག་ཡང་དམངས་ཁྲོད་ལ་ཤོད་སྲོལ་གང་ཡོད་རེད་ཟེར་ན།
- བཅའ་འདྲི་བྱ་ཡུལ་གྲྭ་ནང་གི་མདའ་མདའ་དེ་རེད་ལཱ།ཡང་ཁ་ཟེར་ཡས་དེ།
- བཅའ་འདྲི་བྱ་ཡུལ་ཡང་ཁ་ཟེར་ཡས་དེ་གྲུ་ས་ཞིག་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་བྱས་ཙང་ཁ་ཟེར་ཡས་དེ་དོན་དག་དེ་ག་རས་ཟེར་ན་གྲུ་ཁ་ཟེར་གྱི་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་ཡང་ཟེར་ཡས་དེ་ག་རས་ཟེར་ན་ཡང་དམངས་ཁྲོད་ཀྱི་ཤོད་སྲོལ་ལ་སྔོན་མ་
- བཅའ་འདྲི་བྱ་ཡུལ་དེའི་རྩེད་ཐང་གི་ཉ་མགོ་གྲུ་ཁ་ལ་གཉན་དཔོན་བསོད་ནམས་དཔལ་རྒྱས་ཟེར་ཡས་ཅིག་ཡོད་རེད་ཟེར།
- བཅའ་འདྲི་བྱ་ཡུལ་དེས་ཡ་གིར་གྲུ་བཏང་ཡས་ལ་ཕྱོགས་ཞེན་བྱས་བྱས་དེ་དུས་དེ་དབང་ཆེན་པོ་སོང་ཙང་རྦད།
- བཅའ་འདྲི་བྱ་ཡུལ་གྲུ་དེ་ཡིན་ན་སྔོན་མ་ཡིན་སོང་ན་ཀོ་བ་རེད་པ་ལཱ།
- བཅའ་འདྲི་བྱ་ཡུལ་ཁོ་ཚོས་ཀོ་བ་དེ་ཚོ་གཡག་ཀོ་ཡག་པོ་དང་མཐུག་པོ་ཞེ་པོ་དེ་ཚོ་བཟོས་
- བཅའ་འདྲི་བྱ་ཡུལ་ཡ་གི་རྦད་ད་ངན་པོ་བྱས་བྱས་ད་ཞེ་དྲག་ཟེར་མེད་པ་བྱས་བྱས་ཡང་པོ་དེ་འདྲ་གིས་
- བཅའ་འདྲི་བྱ་ཡུལ་བཟོ་རུ་བཅུག་བྱས་ཀྲབ་མོ་དེ་འདྲ་གིས་བཟོས་བྱས་ཞེ་དྲག་འགྲོ་ཡས་མེད་པ་བཟོས་ཙང་
- བཅའ་འདྲི་བྱ་ཡུལ་ཡང་ཀོ་ཟེར་གི་ཡོག་རེད་ཡང་བའི་ཀོ་བའི་གྲུ་ཁ་ཟེར།
- བཅའ་འདྲི་བྱ་ཡུལ་ཨོའོ་དེ་འདྲ་བྱས་བྱས་ད་གྲྭ་ནང་ནང་ལོགས་ཀྱི་ཁུང་དེ་ད་
- བཅའ་འདྲི་བྱ་ཡུལ་ལུང་པའི་མིང་གྲལ་རེད་པོ་མར་ཞུས་ན་འདུག་སེ་རེད་ལཱ།
- བཅའ་འདྲི་བྱ་ཡུལ་ད་དེ་ནས་ཚུར་འདོན་ཡོང་བྱས་ཆུ་ཕ་རི་ཕར་ལ་བཞགས།
- བཅའ་འདྲི་བྱ་ཡུལ་ཚུར་འདོན་བྱས་ད་གིན་ངས་ཞུ་ཡས་ཀྱི་གྲྭ་ཕྱི་དེ་ལ་སླེབས་སོང་ན་
- བཅའ་འདྲི་བྱ་ཡུལ་མདའ་དེ་ལ་མར་སླེབས་པ་དེ་ལ་ཚོང་འདུས་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་ཚོང་འདུས་ཟེར་ཡས་དེ་སྔོན་མ་ཚོགས་པ་སྡེ་བཞིའི་ཡ་རྒྱལ་རེད་ལཱ།
- བཅའ་འདྲི་བྱ་ཡུལ་དེའི་ནང་ལ་ཚོང་དུས་ཟེར་ད་ཚོང་བརྒྱབ་ས་རེད་པ་ལཱ།
- བཅའ་འདྲི་བྱ་ཡུལ་ཚོང་དུས་ཟེར་ཡས་དེ་ལ་ཡང་སྔོན་མ་ཤོད་སྲོལ་གང་ཡོད་རེད་ཟེར་ན།
- བཅའ་འདྲི་བྱ་ཡུལ་ཨ་ནི་གྲྭ་ནང་ཟེར་ཡས་དེ་སྔོན་མ་ཨོའོ་བླ་མ་ཅིག་གིས་དེ་འདྲའི་གསུངས་པ་རེད་ཟེར་
- བཅའ་འདྲི་བྱ་ཡུལ་ཁྱོད་ཚོར་ཕུ་ལ་གངས་རི་དགོས་ཡོད་དམ་མདའ་ལ་ཚོང་འདུས་དགོས་ཡོད་ཟེར་གསུངས་པ་རེད་ཟེར།
- བཅའ་འདྲི་བྱ་ཡུལ་ཨ་ནི་དེ་དུས་གྲྭ་ནང་གི་བུ་མོ་གཅིག་གིས་གྲྭ་ནང་བུ་མོ་ཟེར་ཡས་དེ་ཨ་ནི་ཁོ་རའི་
- བཅའ་འདྲི་བྱ་ཡུལ་གཏམ་འདོད་ཚ་པོ་རེད་པོ་དེང་སང་བྱས་ན་འཁྲུགས་པོ་རེད་ཅི་དེ་འདྲ་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་བྱས་ཙང་དེའི་སེམས་ལ་ད་ཕུ་ལ་གངས་རི་ཡོད་ནི་ཕན་ཐོགས་ཀྱི་མ་རེད་ཟེར་
- བཅའ་འདྲི་བྱ་ཡུལ་མདའ་ལ་ཚོང་འདུས་ཡོད་ན་ཨ་ནི་སྐྱིད་པོ་རེད་ཅི་བྱས་ཚོང་དང་འཁྲུགས་པོ་རེད་ཅི་ཡོང་གི་རེད་བསམ་བྱས་
- བཅའ་འདྲི་བྱ་ཡུལ་མདའ་ལ་ཚོང་འདུས་དགོས་ཡོད་ཟེར་ལབ་པ་རེད་ཟེར།
- བཅའ་འདྲི་བྱ་ཡུལ་བྱས་ནས་འོ་དེ་ལ་ཚོང་འདུས་བྱུང་བྱས་ཚོང་འདུས་ཞེས་བཏགས་པ་རེད་ཟེར་གྱི་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་བྱས་ཙང་གྲྭ་ནང་སྔོན་མ་བྱས་ན་ཆུ་དཀོན་པོ་ཡོད་རེད་ལཱ། ཕུ་ལ་གངས་རི་ཡང་ཡོད་མ་རེད་ལཱ།
- བཅའ་འདྲི་བྱ་ཡུལ་གལ་སྲིད་ཕུ་ལ་གངས་རི་ཡོད་པ་ཡིན་ན་དེས་གྲྭ་ནང་ཞིང་ཁ་དང་དེ་ཚོ་
- བཅའ་འདྲི་བྱ་ཡུལ་ཡར་ཀླུང་ནང་བཞིན་ཆགས་ཀྱི་ཡོད་ཅེས་ཟེར་སྲོལ་འདུག་ད་དམངས་ཁྲོད་ཀྱི་ཤོད་སྲོལ་རེད། དེ་ཚོ་གང་ཀ
- བཅའ་འདྲི་བྱ་ཡུལ་ཨ་ནི་མདའ་ལ་ཚོང་འདུས་ཆགས་པ་རེད་ཟེར་གྱི་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་ད་ཚོང་འདུས་ནས་ཡར་ཕྱིན་ཏེ་སྨོན་གྲོལ་གླིང་ཡོད་སའི་ལུང་པ་ཡོད་ས་དེ་ཚོར་སླེབས་ཀྱི་རེད་པ་ལཱ།
- བཅའ་འདྲི་བྱ་ཡུལ་སྨོན་གྲོལ་གླིང་ཟེར་ཡས་དེ་ཡང་ད་ག་རང་རེད་ལཱ་དགོན་པའི་མིང་ཡང་ལུང་པ་ལ་ཐོགས་པ་རེད་ལཱ།
- བཅའ་འདྲི་བྱ་ཡུལ་དང་པོ་དང་པོ་བྱས་པ་ཡིན་ན་སྨོན་གྲོལ་གླིང་ཡོད་སའི་ས་ཆ་དེར་སྨོན་གྲོལ་གླིང་ཟེར་གྱི་ཡོད་མ་རེད་ལཱ།
- བཅའ་འདྲི་བྱ་ཡུལ་དགོན་པ་བཏབ་པའི་རྗེས་ལ་ཨ་ནི་ལུང་པ་དེའི་མིང་ལ་སྨོན་གྲོལ་གླིང་ཟེར་གྱི་ཡོད་རེད་ལཱ།
- བཅའ་འདྲི་བྱ་ཡུལ་ད་དེ་སྨོན་གྲོལ་གླིང་ཟེར་ཡས་དེའི་མིང་ཚིག་ཁོ་ར་ཆོས་གང་ནས་བཏགས་པས་གོ་བདེ་པོ་ཞེ་དྲག་རེད་ལ།
- བཅའ་འདྲི་བྱ་ཡུལ་གང་ལྟར་སྨོན་ལམ་བརྒྱབ་ནས་སྨིན་པའི་གྲོལ་པར་བྱས་པ་སྨོན་ལམ་བརྒྱབ་པའི་དོན་སྨིན་པར་བྱས་པ་གྲོལ་བར་བྱས་པ།
- བཅའ་འདྲི་བྱ་ཡུལ་གང་ལྟར་དེ་མཇལ་བ་ཙམ་གྱིས་ཨ་ནི་དེའི་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་
- བཅའ་འདྲི་བྱ་ཡུལ་དེ་འདྲའ་ཡི་དོན་དག་བཤད་ཀྱི་ཡོད་རེད་ལ་སྨིན་ཅིང་གྲོལ་བར་སྟོན་པའི་དོན་དག་དེ་འདྲའི་བཤད་ཀྱི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ད་གང་ལྟར་སྨོན་གྲོལ་གྱི་གླིང་དེ།
- བཅའ་འདྲི་བྱ་ཡུལ་དེ་ནས་ཡར་བྱས་དེ་ནི་གྲྭ་ཕྱིའི་ཕུ་ཅིག་ཡོད་རེད་པ་ལཱ།
- བཅའ་འདྲི་བྱ་ཡུལ་ཡང་བཅས་ཟེར་ཡས་དེ་འདྲ་འདེགས་བཅས་ཟེར་ཡས་དེ་འདྲ་གཅིག་ལས་གཅིག་མཐོ་བའི་དོན་བཤད་ཀྱི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ད་དེ་ངོ་ཕྱོགས་ཏེ་གྲྭ་ཕྱི་ངོ་ཕྱོགས་དེ་ལ་ལུང་པ་ཏོག་ཙམ་ཉུང་བ་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ད་མར་ཁ་གཏད་དེ་ཅིག་ཡོང་ན། ཡང་གྲྭ་ཕྱི་ནས་མར་ཙམ་འདོན་ན་རྣམ་སྲས་གླིང་།
- བཅའ་འདྲི་བྱ་ཡུལ་རྣམ་སྲས་གླིང་ཟེར་ཡས་ཀྱི་ལུང་པ་དེ་ཡང་སྔོན་མ་སྐད་གྲགས་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་གང་རེད་ཟེར་ན་དེ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་གླིང་ཡིན་ཟེར་གྱི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ད་ལྟ་དེའི་མདའ་དེ་ལ་རྣམ་སྲས་གླིང་གི་གཞི་ཀ་ཞིག་འདུག་ཀ་ལ་རྣམ་སྲས་གླིང་གཞིས་ཀ་ཟེར་ཡས་དེ་
- བཅའ་འདྲི་བྱ་ཡུལ་བོད་ཀྱི་ད་མི་ཤོད་སྲོལ་ཡིན་ནའང་འདྲ་ལོ་རྒྱུས་ཡིན་ནའང་འདྲ་
- བཅའ་འདྲི་བྱ་ཡུལ་ཕགས་གྲུའི་སྐབས་ནས་ཨ་ནི་དང་པོའི་བརྩིགས་པའི་རྫོང་ཆེན་གྱི་
- བཅའ་འདྲི་བྱ་ཡུལ་རྫོང་དང་པོའི་ཁུངས་ཀྱི་ད་བོད་ཀྱི་གཞིས་ཀ་དང་པོ་ཁུངས་དེ་ཚོ་རེད་ལ་རྫོང་ནང་བཞིན་གཞིས་ཀར་གྱུར་པའི་
- བཅའ་འདྲི་བྱ་ཡུལ་དང་པོའི་ཁོངས་དེ་ཚོ་རེད་ལ། དེང་སང་ཡིན་ན་ཡ་གི་ལ་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་བྱས་ཙང་ད་གྲྭ་ནང་གི་ཁྱོན་ཡོངས་ཀྱི་ས་ཆའི་ཞིབ་ཅིང་ཕྲ་བ་རང་ད་མེད་པ་བྱས།
- བཅའ་འདྲི་བྱ་ཡུལ་ད་ཁྱོན་ཡོངས་རེ་ཅིག་ཞུས་པ་ཡིན་ན་ས་ཆའི་མིང་ཚིག་དེ་ཚོ་དེ་འདྲ་ཟེར་རེད་ལ།
- བཅའ་འདྲི་བ་དེ་ནི་རྒན་ལགས་ད་ང་ཚོའི་གྲྭ་ནང་དེ་ནི་དཔེ་མི་སྲིད་ཀྱི་ད་མཁས་པ་མང་པོ་འདོན་གནང་པ་རེད་པ་ལ་
- བཅའ་འདྲི་བ་སྔོན་མའི་སྐབས་ལ་ཡིན་ནའང་རེད་ཆོས་ལུགས་ཀྱི་སྐོར་ནས་ཡིན་ནའང་རེད་
- བཅའ་འདྲི་བ་རིག་གཞུང་སྐོར་ནས་ཡིན་ནའང་རེད།
- བཅའ་འདྲི་བ་ད་གང་ཅིའི་ཐད་ལ་མཁས་པ་མང་པོ་ཕེབས་གནང་ཡོད་རེད་ལ་
- བཅའ་འདྲི་བ་ད་དེའི་ནང་ལ་ཡ་ད་ད་ལྟ་དམངས་ཁྲོད་ལ་ཡིན་ནའང་རེད་ཡི་གེའི་ཐོག་ལ་སྐྱེ་ཆེན་
- བཅའ་འདྲི་བ་བཅུ་གསུམ་ཟེར་ཡས་ཅིག་གསུངས་ཀྱི་འདུག
- བཅའ་འདྲི་བ་དེ་མིན་པའི་དེ་ནི་ཡང་ལག་རྩལ་གྱི་ཐོག་ལ་ཆ་བཞགས་པ་ཡིན་ནའང་མཁས་པ་མི་བཞི་གསུངས་ཡས་དེ་འདྲ།
- བཅའ་འདྲི་བ་དེའི་སྐོར་ལ་རྒན་ལགས་ཀྱིས་ངོ་སྤྲོད་ཅིག་ངག་རྒྱུན་ཐོག་ལ་གསུངས་སྲོལ་དེ་འདྲ་ཅིག
- བཅའ་འདྲི་བྱ་ཡུལ་ལ་རེད་ད་དེ་སྔོན་མ་ལོ་རྒྱུས་ཐོག་ལ་རྦད་དེ་ཆ་ཚང་ཟེར་ད་ཅིག་
- བཅའ་འདྲི་བྱ་ཡུལ་ཁ་ཤས་ཁ་ཤས་མ་ཏོག་ཡོད་མ་རེད་ལ་དེ་ཚོ་ལོ་རྒྱུས་གང་ལ་བྲིས་པ་དེ་ཚོ་ཡང་
- བཅའ་འདྲི་བྱ་ཡུལ་བཞེད་པ་མི་མཐུན་པ་ཡོད་རེད་ལ་ད་ཡིན་ནའང་ང་ཚོ་གྲྭ་ནང་དང་དེ་པའ་
- བཅའ་འདྲི་བྱ་ཡུལ་ངག་རྒྱུན་ནས་ཤོད་ཡས་དེ་ཚོ་ཞུས་པ་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་ངག་རྒྱུན་རང་ལ་དམངས་ཁྲོད་ནས་ད་ཕ་གཏམ་བུ་ལ་འཇག་པ།
- བཅའ་འདྲི་བྱ་ཡུལ་གཅིག་གིས་གཅིག་ལ་བཤད་ཡི་གེ་མ་ཤེས་པ་དེ་ཚོས་ཀྱང་ཡང་དེ་འདྲ་ཧ་གོ་གི་རེད་ལཱ།
- བཅའ་འདྲི་བྱ་ཡུལ་སྐྱེ་མཆེད་བཅུ་གསུམ་དང་མཁས་པ་མི་བཞི་དང་ཨ་འདྲའི་ཅིག་ཧ་གོ་གི་རེད་ལཱ།
- བཅའ་འདྲི་བྱ་ཡུལ་ད་ཁོ་གང་ཡིན་ཟེར་ན་དམངས་ཁྲོད་ཀྱི་ད་མེས་པོ་དེ་ཚོས་ཡི་གེ་མ་ཤེས་ཀྱང་གཅིག་གིས་གཅིག་ལ་
- བཅའ་འདྲི་བྱ་ཡུལ་དམངས་ཁྲོད་ཀྱི་ད་དེ་ཕ་གཏམ་བུ་ལ་འཇག་པ་རེད་པ་ལཱ།
- བཅའ་འདྲི་བྱ་ཡུལ་ད་དེའི་ནང་ལ་རིམ་པ་ཟེར་གང་ཡང་ཡོད་མ་རེད་ལཱ།
- བཅའ་འདྲི་བྱ་ཡུལ་ཁོ་སྐྱེས་ཆེན་བཅུ་གསུམ་གྱི་ངོས་ནས་ཆ་བཞག་ན་ད་སྐྱེས་བུ་ཆེན་པོ་བཅུ་གསུམ་ཡིན་ཟེར་གྱི་ཡོད་རེད་པ་ལཱ།
- བཅའ་འདྲི་བྱ་ཡུལ་ཨ་ནི་དང་པོ་དང་དེ་ལ་ཁོ་ར་ད་ཀ་ཟེར་སྙིང་དོན་ཟེར་མེད་པ་བྱས་ཞུས་ཡིན་ན།
- བཅའ་འདྲི་བྱ་ཡུལ་གཏེར་འདོན་གྲ་པ་མངོན་ཤེས།
- བཅའ་འདྲི་བྱ་ཡུལ་གཏེར་འདོན་གྲ་མ་མངོན་ཤེས་ནི་ད་གྲྭ་ཐང་དགོན་པ་བཞེངས་གནང་མཁན་དེ་རེད།
- བཅའ་འདྲི་བྱ་ཡུལ་ཨ་ནི་ལྷག་པར་དུ་ན་ཚོའི་བོད་ཀྱི་གསོ་བ་རིག་པའི་གང་ནས་ཆ་བཞག་ན་རྒྱུད་བཞི།
- བཅའ་འདྲི་བྱ་ཡུལ་དང་ཐོག་གཏེར་ནས་འདོན་གནང་པ་ཡིན་ཟེར་གྱི་འདུག་ལ།
- བཅའ་འདྲི་བྱ་ཡུལ་འོ་དེ་གནང་མཁན་དེ་གཏེར་འདོན་གྲ་མ་མངོན་ཤེས་རེད།
- བཅའ་འདྲི་བྱ་ཡུལ་ད་དེ་ནས་སྐྱེས་བུ་ཡེ་ཤེས་རྡོ་རྗེ་སྐྱེས་བུ་ཡེ་ཤེས་རྡོ་རྗེ་ཟེར་ཡས་དེ་གྲྭ་ནང་གི་ཡར་
- བཅའ་འདྲི་བྱ་ཡུལ་ཅོ་བ་སྨད་ཟེར་ཡས་དེ་ལ་འཁྲུངས་པ་རེད།
- བཅའ་འདྲི་བྱ་ཡུལ་ད་དེ་སྐྱེས་བུ་ཡེ་ཤེས་རྡོ་རྗེ་ཁོང་ཡིན་ན་ཆོས་ལུགས་བྱས་པ་ཡིན་ན་འབྲུག་པ་བཀའ་རྒྱུད་པའི་ཁུངས་བྱས།
- བཅའ་འདྲི་བྱ་ཡུལ་གང་མི་ཚད་པའི་མཛད་འཕྲིན་ཆེན་པོ་ལྷག་པར་དུ་རྩ་རིའི་གནས་སྒོ་ཕྱེ་གནང་མཁན་
- བཅའ་འདྲི་བྱ་ཡུལ་རྩ་རིའི་གནས་སྒོ་ཕྱེ་གནང་མཁན་ཨ་འདྲ་ཅིག་རེད་ལ།
- བཅའ་འདྲི་བྱ་ཡུལ་དེ་ནས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ།
- བཅའ་འདྲི་བྱ་ཡུལ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་གྲྭ་ནང་གི་སྟོད་རོང་ཟེར་ཡས་དེ་ལ་འཁྲུངས་པ་རེད་ལ།
- བཅའ་འདྲི་བྱ་ཡུལ་ད་དེ་ནི་རྙིང་མའི་ཀུན་མཁྱེན་གཉིས་ཀྱི་གྲས་ཀ་རེད་ལ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དང་།
- བཅའ་འདྲི་བྱ་ཡུལ་ཀུན་མཁྱེན་འཇིག་མེད་གླིང་པ་ཟེར་ད་རྙིང་མའི་ཆོས་ལུགས་ཀྱི་གང་ནས་བཤད་པ་ཡིན་ན་
- བཅའ་འདྲི་བྱ་ཡུལ་ད་ཀུན་མཁྱེན་ཀློང་ཆེན་ལས་ཞེ་པ་ཅིག་ཡོད་མ་རེད་ལ།
- བཅའ་འདྲི་བྱ་ཡུལ་ཀུན་མཁྱེན་ཀློང་ཆེན་གྱིས་རྦད་དེ་བསམ་ཡས་མཆིམ་ཕུ་ཟེར་ཡས་དེ་ལ་བཞུགས་བྱས་ཨ་ནི་རྦད་དེ།
- བཅའ་འདྲི་བྱ་ཡུལ་སློབ་དཔོན་སློབ་དཔོན་གུ་རུ་པད་མ་སཾ་བ་གུ་རུ་རིན་པོ་ཆེས་དངོས་སུ་ཞལ་
- བཅའ་འདྲི་བྱ་ཡུལ་ཐེངས་མང་པོ་གཟིགས་སོ་སེ་མང་པོ་ཟེར་གྱི་ཡོད་རེད། ཁོང་གི་གསུངས་རྩོམ་ཆ་བཞག་ནའང་།
- བཅའ་འདྲི་བྱ་ཡུལ་མཛོད་བདུན་ཟེར་ཡས་དང་ཡེ་ཤེས་མཛོད་ཀློང་ཆེན་མཛོད་འཆི་མེད་མཛོད་ཟེར་ཡས་དེ་འདྲ་མཛོད་བདུན་ཟེར་
- བཅའ་འདྲི་བྱ་ཡུལ་དུས་རྦད་དེ་ད་ཆོས་ལུགས་རྙིང་མའི་གང་ནས་བྱས་པ་ཡིན་ན་
- བཅའ་འདྲི་བྱ་ཡུལ་རྩེར་སོན་པ་ཅིག་རེད་ལཱ།དེ་ཅིག་རེད་ལཱ།
- བཅའ་འདྲི་བྱ་ཡུལ་དེ་ནས་ཆོས་རྒྱལ་གཏེར་བདག་གླིང་པ།
- བཅའ་འདྲི་བྱ་ཡུལ་ཆོས་རྒྱལ་གཏེར་བདག་གླིང་པ་གྲྭ་ནང་ལ་འཁྲུངས་པ་རེལ་ལ།
- བཅའ་འདྲི་བྱ་ཡུལ་ཆོས་རྒྱལ་གཏེར་བདག་གླིང་པ་ནི་དེ་རེད་སྨོན་གྲོལ་གླིང་དགོན་པ་བཞེངས་གནང་མཁན་དེ་རེད།
- བཅའ་འདྲི་བྱ་ཡུལ་དེའི་གོང་ལ་སྨོན་གྲོལ་གླིང་ཡོད་ས་དེ་ལ་དགོན་པ་ཅིག་ཀྱང་མེད་པ་མ་རེད་ལ།
- བཅའ་འདྲི་བྱ་ཡུལ་སྨོན་གྲོལ་གླིང་ཟེར་གྱི་ཡོད་མ་རེད་ལ་སྔོན་མ་ལོ་རྒྱུས་གང་ལ་ཆུང་ཆུང་ཅིག་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་དེ་ནས་ཆོས་རྒྱལ་གཏེར་བདག་གླིང་པའི་སྐབས་ལ་ལོ་དུས་བྱས་ན་
- བཅའ་འདྲི་བྱ་ཡུལ་ཨོའོ་ད་རྒྱལ་བ་སྐུ་ཕྲེང་ལྔ་པའི་སྐུ་དུས་ཙམ་དེ་པ་ལ་རེད་ལ། དེ་ནས་ཡར་རྗེ་ཨོ་རྒྱན་གླིང་པ།
- བཅའ་འདྲི་བྱ་ཡུལ་ཡར་རྗེ་ཨོ་རྒྱན་གླིང་པ་དེང་སང་གྲྭ་ནང་ཕུ་དེ་ལ་ཡར་རྗེ་ཟེར་དེང་སང་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ཡར་རྗེ་ཨོ་རྒྱན་གླིང་པ་དེ་ལ་འཁྲུངས་པ་རེད་ལ།
- བཅའ་འདྲི་བྱ་ཡུལ་ཁོང་ནི་རྦད་དེ་སྐྱེས་བདུན་གྱི་གྲས་ཀ་ཞེ་ཅིག་རེད་ལ་ཡར་རྗེ་ཨོ་རྒྱན་གླིང་པའི་ད་དམངས་ཁྲོད་ཀྱི་
- བཅའ་འདྲི་བྱ་ཡུལ་ཤོད་སྲོལ་ལ་ད་ཀ་ཡོད་རེད་ལ་སྔོན་མ་སྐྱེ་བདུན་གྱི་སྐུ་ཞྭ་དེ་འདྲ་སྐྱེ་བདུན་གྱི་རིལ་བུ་ཡིན་ཟེར་གྱི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་སྔོན་མ་ཁོ་རང་གི་ཨ་ནི་མཇུག་ལ་ཕག་གྲུ་དང་ཏོག་ཙམ་དམ་ཚིག་མི་མཐུན་པ་བྱས་ཏེ།
- བཅའ་འདྲི་བྱ་ཡུལ་མར་རྒྱ་ཚ་ངོ་ཕྱོགས་ལ་ཐད་བྱས་སྐུ་གཤེགས་པ་རེད་ལ།
- བཅའ་འདྲི་བྱ་ཡུལ་སྐུ་གཤེགས་པའི་མཇུག་ལ་ཁོང་གི་སྐུ་དམར་གདུང་དེ་སྣེ་དོང་གི་བན་ཙང་དགོན་པ་ལ་
- བཅའ་འདྲི་བྱ་ཡུལ་དམར་གདུང་རྦད་དེ་མཆོད་རྟེན་ནང་ལ་བླུགས་བཞག་པ་རེད་ལ།
- བཅའ་འདྲི་བྱ་ཡུལ་མཆོད་རྟེན་ནང་ལ་བླུགས་བཞག་པ་དེ་སྔོན་མ་སེར་རྙིང་པའི་སྐབས་ལ་ཆ་བཞག་པ་ཡིན་ན་
- བཅའ་འདྲི་བྱ་ཡུལ་ཨ་ནི་སྡེ་པ་གཞུང་ནས་ཆེད་མངགས་སྨན་རྩིས་ཁང་གི་ཨེམ་ཆེ་དང་མཉམ་དུ་ཕེབས་བྱས།
- བཅའ་འདྲི་བྱ་ཡུལ་ལོ་རེ་རེ་ལ་སྐུ་གདུང་དེ་རྦད་དེ་དམར་གདུང་དེ་ནས་ཏོག་ཙམ་ཏོག་ཙམ་བཞུར་གྱི་ཡོད་རེད་ལ་
- བཅའ་འདྲི་བྱ་ཡུལ་བཞུར་ནི་ཡང་དུས་སང་ཕེབས་དུས་ཚུར་ཡང་འཁྲུངས་ཡོང་གི་ཡོད་རེད་ཟེར།
- བཅའ་འདྲི་བྱ་ཡུལ་ཨ་ནི་ཕ་ཀས་བཞུར་པ་དེ་ཀས་གང་ཀ་སྨན་བཟོ་ཡས་དང་དེ་འདྲའི་གི་ད་སྔོན་མ་བྱས་ན་སྐྱེ་བདུན་ཟེར་གྱི་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་ད་ཁོ་ར་ཐུམ་མོང་མ་ཡིན་པ་ཅིག་ཡིན་བྱས་དེ་འདྲའི་ལོ་རྒྱུས་ཅིད་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་དེ་ཡར་རྗེ་ཨོ་རྒྱན་གླིང་པ་ཟེར་ཡས་དེ་རེད་ལ།
- བཅའ་འདྲི་བྱ་ཡུལ་དེ་ནས་ཡང་བཟང་ཚོ་དབུ་རལ་པ་ཟེར་ཡས་ཅིག་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་བཟང་ཚོ་དབུ་རལ་པ་ཟེར་ཡས་དེ་ད་ལྟ་ངས་ཞུ་ཡས་ཀྱི་གྲྭ་ནང་ཕུ་ཕུ་དེ་ལ་རེད་ལ།
- བཅའ་འདྲི་བྱ་ཡུལ་གྲྭ་ནང་ཕུ་ཕུ་དེ་ལ་ཚོ་བྱས་ད་རྦད་དེ་ས་མཐོ་པོ་ཞེ་དྲག་རེད་ལ།
- བཅའ་འདྲི་བྱ་ཡུལ་དེའི་གང་ལ་ད་བཟང་ཚོ་རང་བིས་ཟེར་ཡས་ཅིག་ད་དེ་གཙོ་བོ་རྩ་རླུང་དང་རླུང་སྒོམ་བྱས།
- བཅའ་འདྲི་བྱ་ཡུལ་ཨ་ནི་རྦད་དེ་དགུན་ཁ་གྲང་མོ་གྲང་རྐྱང་དེ་པ་ས་མཐོ་པོའི་སྒང་ལ་རྦད་དེ་
- བཅའ་འདྲི་བྱ་ཡུལ་གོས་ལོག་དང་དེ་ཚོ་མ་མཆོད་པ་བྱས་བྱས་དེ་ནི་རྦད་དེ་རླུང་སྒོམ་བྱས།
- བཅའ་འདྲི་བྱ་ཡུལ་ཚ་དྲོད་སྤར་ཡས་དེ་འདྲ་གི་ད་ཁོ་སྒོམ་ཐུབ་ཡས་ཀྱི་སྒོམ་ས་བྱེད་ཡས་ཅིག་ཡོད་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་དེའི་ནང་ནས་མཆོག་ཏུ་གྱུར་པའི་རྩ་རླུང་དེ་ལ་མཆོག་ཏུ་གྱུར་པ།
- བཅའ་འདྲི་བྱ་ཡུལ་ལྷག་པར་དུ་གྲང་རླུང་སྒོམ་གནང་ཡས་ཀྱི་དེ་འདྲའི་གྲུབ་ཐོབ་སྐད་གྲགས་ཡོད་པ་དེ་འདྲ་རེད་ལ།
- བཅའ་འདྲི་བྱ་ཡུལ་བཟང་ཚོ་དུང་ཚོ་རལ་པའང་ཟེར་གྱི་རེད་ལ།
- བཅའ་འདྲི་བྱ་ཡུལ་བཟང་ཚོ་དབུ་རལ་པ་ཡང་ཟེར་གྱི་རེད་ལ།
- བཅའ་འདྲི་བྱ་ཡུལ་འོ་དེ་གཅིག་རེད་ལ། དེ་ནས་དགའ་ཆེན་མཐུ་སྟོབས་དབང་ཕྱུག
- བཅའ་འདྲི་བྱ་ཡུལ་དགའ་ཆེན་མཐུ་སྟོབས་དབང་ཕྱུག་ཟེར་ཡས་འདི་ད་གིན་ངས་ཞུས་ཡས་ཀྱི་སེར་ར་བཀག་སའི་ལུང་པ་དེ།
- བཅའ་འདྲི་བྱ་ཡུལ་སེར་ཁུང་གི་དགའ་ཆེན་མཐུ་སྟོབས་དབང་ཕྱུག་ཞུ་ཡས་ཅིག་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་དེ་ནས་ཡར་ཕུ་དེ་ལ་ད་གིན་ངས་ཟེར་ཡས་ཀྱི་སོ་ཐང་ཟེར་ཡས་
- བཅའ་འདྲི་བྱ་ཡུལ་ཡོད་ས་དེ་ལ་སོ་གཏོང་ས་ཡོད་ས་དེའི་ཁྲིད་དེ་ལ།
- བཅའ་འདྲི་བྱ་ཡུལ་གཉན་ཐོ་ཟེར་ཡས་ཀྱི་དགོན་པ་ཞིག་ཡོད་རེད་ལ། དེའི་ནང་ལ་ད་གཉན་ཐོ་ཐམས་ཅད་མཁྱེན་པ།
- བཅའ་འདྲི་བྱ་ཡུལ་གཉན་ཐོ་ཐམས་ཅད་མཁྱེན་པ་ཟེར་དུས་བོད་ཀྱི་ད་མཁས་པ་སྐད་གྲགས་ཡོད་པ་དེ་འདྲ་རེད་ལ།
- བཅའ་འདྲི་བྱ་ཡུལ་གསུང་འབུམ་ཞེ་དྲག་ཡོད་རེད་ལ། དེ་ནས་ཀླུ་ཆུ་རབ་བརྟན་དབང་པོ།
- བཅའ་འདྲི་བྱ་ཡུལ་ཀླུ་ཆུ་རབ་བརྟན་དབང་པོ་ཟེར་ཡས་དེ་པད་གྲོང་ཟེར་ཡས་ཡོད་ས་དེ་ལ་ལུང་པ་ཆུང་ཆུང་ཞིག་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ཀླུ་ཚོ་ཆུ་མིག་ཟེར་ཡས་ཤིག
- བཅའ་འདྲི་བྱ་ཡུལ་ཀླུ་ཚོ་ཆུ་མིག་ཟེར་ཡས་དེ་གང་ཟེར་གྱི་ཡོད་ཟེར་ན་དེའི་ནང་ལ་ཨ་ནི་ཀླུ་ཆུ་རབ་བརྟན་དབང་པོས་ད་ཨོའོ་གང་རས་ཟེར་ན།
- བཅའ་འདྲི་བྱ་ཡུལ་ལུང་པ་དེ་ལ་ཆུ་དཀོན་པོ་ཡོད་ཙང་། འཐུང་ཡས་དང་ཨའི་འདྲའི།
- བཅའ་འདྲི་བྱ་ཡུལ་ཨ་ནི་ཀླུ་དང་དེ་འདྲ་ཅིག་སྒོམ་གནང་བྱས་ཆུ་མིག་དེ་འདྲ་བཏོན་པ་ཡིན་ཟེར་གྱི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་དེང་སང་ཀླུ་ཆུ་མིག་ཟེར་གྱི་ཡོད་རེད་ལ། དེང་སང་ཀླུ་ཆུ་མིག་ཟེར།
- བཅའ་འདྲི་བྱ་ཡུལ་ཀླུ་ཆུ་རབ་བརྟན་དབང་པོ་ཟེར་ཡས་འོ་དེ་རེད་ལ།
- བཅའ་འདྲི་བྱ་ཡུལ་དེ་ནས་ཡིན་དོམ་ཤིས་འཕྲིན་ལས་ལྷུན་གྲུབ།
- བཅའ་འདྲི་བྱ་ཡུལ་ད་དེ་ཆོས་རྒྱལ་གཏེར་བདག་གླིང་པའི་དངོས་ནས་བྱས་ན་དོ་ཤིས་ཟེར་ནམ་རྒྱུན་ཁ་ལ་ཆགས་པ་མ་ཏོག
- བཅའ་འདྲི་བྱ་ཡུལ་ཆོས་རྒྱལ་གཏེར་བདག་གླིང་པའི་ཡབ་དེ་རེད་ལ།
- བཅའ་འདྲི་བྱ་ཡུལ་ཡབ་ཆེན་ཟེར་གྱི་རེད་ལ་ཁ་ཤས་ཀྱིས་ཡབ་ཆེན་ཟེར་གྱི་རེད།
- བཅའ་འདྲི་བྱ་ཡུལ་བསམ་དར་འཕྲིན་ལས་ལྷུན་གྲུབ། བསམ་དར་བྱ་བཟང་མགོན་པོ།
- བཅའ་འདྲི་བྱ་ཡུལ་གྲ་ཐང་གི་ཡར་ཙེ་དེ་ལ་བསམ་དར་བྱ་བཟང་མགོ་པོ། སྐད་གྲགས་ཡོད་རེད།
- བཅའ་འདྲི་བྱ་ཡུལ་ད་དེ་མཁས་པ་མི་བཞི་ཡི་ནང་ལའང་ཡོད་རེད་ལ། བསམ་དར་བྱ་བཟང་མགོན་པོ།
- བཅའ་འདྲི་བྱ་ཡུལ་བཟོད་པ་རྡོ་རྗེ་རྒྱལ་མཚན་གྲྭ་ནང་གི་ཕུ་ངོ་ཕྱོགས་སོག་ཁ་ཟེར་ཡས་དེ་ལ་ཡོད་རེད་ལ་
- བཅའ་འདྲི་བྱ་ཡུལ་སོག་ཁ་ཟེར་ཡས་དེ་ལུང་པའི་མིང་བྱས་བཟོད་ཟེར་ཡས་དེ་ཁྱིམ་ཚང་གི་མིང་རེད་ལ་
- བཅའ་འདྲི་བྱ་ཡུལ་མཇུག་ལ་ད་བཟོད་པ་ཟེར་གྱི་ཡོད་རེད་ལ། བཟོད་སེ་ཟེར་གྱི་མ་རེད་ལ།
- བཅའ་འདྲི་བྱ་ཡུལ་དེ་ཡིན་ནའི་བོད་ཀྱི་རུས་མིང་དེ་འདྲ་མ་རེད་ལ།
- བཅའ་འདྲི་བྱ་ཡུལ་བཟོད་རྡོ་རྗེ་རྒྱལ་མཚན་ཟེར་ཁོ་རའི་མི་ཚང་གི་མིང་བཟོ་ར་བཟོད་རྡོ་རྗེ་རྒྱལ་མཚན།
- བཅའ་འདྲི་བྱ་ཡུལ་དེ་ནས་ཡང་ཕུར་པ་དཔལ་མགོན་འཕྲིན་ལས།
- བཅའ་འདྲི་བྱ་ཡུལ་ཕུར་པ་དཔལ་མགོན་འཕྲིན་ལས་ཟེར་ཡས་དེ་ཡང་ད་གིན་སྐྱེས་བུ་ཡེ་ཤེས་རྡོ་རྗེ་
- བཅའ་འདྲི་བྱ་ཡུལ་ཡོད་སའི་མར་ཙམ་དེ་ལ་གྲྭ་ནང་ཕུར་བུ་ཟེར་ཡས་ཅིག་ཡར་རི་ཤུར་ཅིག་གི་ནང་ལ་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་དེའི་ནང་ལ་ཡོད་པའི་གཞིས་ཀ་ཅིག་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་དེའི་ནང་ལ་བླ་མའང་བྱས་གཞི་ཀ་བྱས་མཉམ་དུ་གནང་བཞུགས་མཁན་ཅིག
- བཅའ་འདྲི་བྱ་ཡུལ་དེ་ལ་ཕུར་པ་དཔལ་མགོན་འཕྲིན་ལས་ཟེར་གྱི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ད་གོང་དུ་ཞུས་པ་དེ་ཚོ་ཚང་མ་གྲྭ་ནང་སྐྱེས་ཆེན་བཅུ་གསུམ་རེད་ལ།
- བཅའ་འདྲི་བྱ་ཡུལ་ད་མཁས་པ་མི་བཞི་ཟེར་ཡས་དེ་ལ་ཟེར་སྲོལ་སྣ་ཚོགས་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ཁ་ཅིག་དེའི་ནང་ལ་ཡོད་པའང་ཡོད་རེད།ཁ་ཅིག་མེད་པའང་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་མཁས་པ་མི་བཞི།
- བཅའ་འདྲི་བྱ་ཡུལ་ད་ཡིན་ནའང་དམངས་ཁྲོད་དེ་ང་ཚོའི་དེ་ཁུལ་དམངས་ཁྲོད་ཀྱི་ཤོད་སྲོལ་བྱས་ན།
- བཅའ་འདྲི་བྱ་ཡུལ་སྐྱེས་ཆེན་བཅུ་གསུམ་དེ་ཀས་སྐྱེས་བུ་མཆོག་ཏུ་གྱུར་པ་སྐྱེས་ཆེན་བཅུ་གསུམ་རེད་ཟེར།
- བཅའ་འདྲི་བྱ་ཡུལ་ཁ་ཤས་ཀྱིས་སྐྱེས་པ་ཆེན་པོའང་རེད་ལ་མཁས་པ་ཡང་རེད་ཟེར།
- བཅའ་འདྲི་བྱ་ཡུལ་ཁ་ཤས་ཡང་གཞན་དག་གི་གསར་གཏོད་བཟོ་འདྲ་གནང་ཐུབ་ནའང་ཡང་
- བཅའ་འདྲི་བྱ་ཡུལ་སྐྱེས་ཆེན་རང་བླ་མ་དང་དེ་འདྲ་མེད་པ་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་བྱས་ཙང་དབྱེ་བ་ཕྱེ་ཡས་དེ་སྐྱེས་ཆེན་བཅུ་གསུམ་དང་མཁས་པ་མི་བཞི་ཟེར།
- བཅའ་འདྲི་བྱ་ཡུལ་ཁ་ཤས་གཉིས་ཀ་ལ་ཚུད་ཁ་ཤས་གཉིས་ཀ་ལ་མ་ཚུད་པའི་བཟོ་ར་ཅིག
- བཅའ་འདྲི་བྱ་ཡུལ་དམངས་ཁྲོད་ཀྱི་ཤོད་ཚུལ་དེ་འདྲ་རེད་ལ།
- བཅའ་འདྲི་བྱ་ཡུལ་ད་མཁས་པ་མི་བཞི་དེ་གང་རེད་དམ་ཟེར་ན།
- བཅའ་འདྲི་བྱ་ཡུལ་གཅིག་སྟེ་ད་ལྟ་ངས་ཞུ་ཡས་ཀྱི་ཕུར་པ་དཔལ་མགོན་འཕྲིན་ལས་ཟེར་ཡས་དེ་རེད་ལ།
- བཅའ་འདྲི་བྱ་ཡུལ་གྲྭ་ནང་གི་ཕུ་དེ་ལ་ཕུར་པ་ཟེར་ཡས་ཤིག་ཡོད་རེད་སེ།
- བཅའ་འདྲི་བྱ་ཡུལ་དེ་གང་གནང་པ་རེད་དམ་ཟེར་ན། ཨ་ནི་དཀར་ཡོལ་བཟོས་པ་ཡིན་ཟེར་གྱི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་གྲྭ་ནང་གི་གྲྭ་དཀར་གྲྭ་དཀར་ཟེར་ཅིག་འདུག་ག་ལ། གྲྭ་དཀར་ཟེར་ཡས་དེ་དེང་སང་ཡང་ཐོས་མྱོང་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་གྲྭ་དཀར་ཟེར་ཡས་དེ་དེང་སང་བརྙེད་ཀྱི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་དེ་བཟོ་གནང་ཡས་དེ་གྲྭ་དཀར་ཟེར་ས་དེ་ཕུར་པ་ཟེར་ས་དེ་ལ་ཡིན་ཟེར་གྱི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ཕུར་པ་གཞིས་ཀ་ཟེར་བྱས་དེང་སང་གྱང་རོ་མཐོང་ཡས་ཡོད་རེད་མ་གཏོག་གཞིས་ཀ་བསྡད་ཡོད་མ་རེད་ལ།
- བཅའ་འདྲི་བྱ་ཡུལ་ཕུ་ཆུང་བྱས་དེ་ལ་བཟོས་པ་ཡིན་ཟེར་གྱི་ཡོད་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་བྱས་ཙང་ཁོང་གི་ད་ཨོའོ་མཛད་རྗེས་བཟོ་མཁས་པ་གཅིག་གཞན་ཡོད་རེད་དའི་
- བཅའ་འདྲི་བྱ་ཡུལ་མཚོན་རྟག་རེད་པོ་གཅིག་དཀར་ཡོལ་བཟོས་གནང་པ་དེ།
- བཅའ་འདྲི་བྱ་ཡུལ་མཁས་པ་མི་བཞི་ཟེར་ཡས་ཀྱི་གཅིག་རེད་ལ། ཕུར་པ་དཔལ་མགོན་འཕྲིན་ལས་ཟེར་ཡས་དེ་རེད་ལ།
- བཅའ་འདྲི་བྱ་ཡུལ་གཅིག་འདུལ་པོ་དོན་གྲུབ་དབང་རྒྱལ་ཟེར་ཡས་དེ་རེད་ལ།
- བཅའ་འདྲི་བྱ་ཡུལ་དོམ་པོ་དུན་གྲུབ་དབང་རྒྱལ་ཟེར་ཡས་དེའི་བཞུགས་ས་ཡང་གྲྭ་ཐང་གི་ཕར་ཕར་རེད་ལ།
- བཅའ་འདྲི་བྱ་ཡུལ་དེ་ནས་ཡར་གྱི་བཟོ་ར་ཅིག་སེར་ཁུང་ཡོད་ས་དེ་པ་ལ། དེས་གང་བྱས་པ་རེད་ཟེར་ན།
- བཅའ་འདྲི་བྱ་ཡུལ་དེང་སང་ཡང་གྲྭ་ནང་གི་སྣམ་བུ་ཟེར་ཐོན་ཁུངས་ཡག་ཤོས་དང་གྲྭ་ནང་གི་དང་ཐོག་སྣམ་བུ་ཅིག་འདུག་ཀ་ལ།
- བཅའ་འདྲི་བྱ་ཡུལ་སྣམ་བུ་འཐག་ཡས་དེ་ད་དང་ཐོག་བཟོ་གནང་ཡས་དེ་
- བཅའ་འདྲི་བྱ་ཡུལ་དོམ་པོ་དོན་གྲུབ་དབང་རྒྱལ་གྱིས་བཟོས་གནང་པ་ཡིན་ཟེར་གྱི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ཨོའོ་དོམ་པོ་དོན་གྲུབ་དབང་རྒྱལ།
- བཅའ་འདྲི་བྱ་ཡུལ་དེ་ནས་ད་གིན་ཞུ་ཡས་ཀྱི་གཅིག་ཀླུ་ཆུ་རབ་བརྟན་དབང་པོ། ཀླུ་ཆུ་རབ་བརྟན་དབང་པོ་ཟེར།
- བཅའ་འདྲི་བྱ་ཡུལ་ད་གིན་ངས་ཀླུ་ཚོ་ཆུ་མིག་ཟེར་ས་ཡོད་ས་དེ་ལ་རབ་བརྟན་དབང་པོ་ཟེར་ཡས་དེས་གང་གནང་པ་རེད་དམ་ཟེར་ན།
- བཅའ་འདྲི་བྱ་ཡུལ་གྲྭ་ནང་གི་རྫ་ཆས་བཟོ་ཡས་དེ་རྫ་བཟོ་ཡས་ཅིག་ཡོད་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་གྲྭ་ནང་ལ་གྲྭ་ནང་གི་རྫ་བཟོ་ས་དེ་ལ་ད་ལྟ་གྲྭ་ནང་གི་ཕུ་དེ་ལ་བཙན་ཡུལ་ཟེར་ཡས་ཅིག་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་བཙན་ཡུལ་ཟེར་ཡས་དེའི་ནང་ལ་རྫ་བཟོ་ཡི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་བཙན་ཡུ་ལ་གྱི་རྫ་སེ་བྱས་ད་སྔོན་མ་ཡིན་ན་ང་ཚོའི་ལུང་པའི་ནང་ལ་ཡིན་ནའང་འདྲ།
- བཅའ་འདྲི་བྱ་ཡུལ་གང་ས་གང་ལ་སྐད་གྲགས་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་རྫའི་ནང་ནས་རྫ་རིགས་ཀྱི་ནང་ནས་བཙན་ཡུལ་ཟེར་ཡས་དེ་གའང་བཙན་ཡུལ་རེད་ལ།
- བཅའ་འདྲི་བྱ་ཡུལ་བཙན་གྱི་ཡུལ་བཙན་འབར་བ་པི་རོའི་ཡུལ་རེད་ལ། རྩ་ཡུལ་རང་མ་རེད་ལ།
- བཅའ་འདྲི་བྱ་ཡུལ་བཙན་འབར་བ་པི་རོའི་ཡུལ་ཡོད་ས་དེ་ལ་དེང་སང་ས་ཆ་ཁོ་རའི་ད་མི།
- བཅའ་འདྲི་བྱ་ཡུལ་ལུང་པ་དང་དེ་ཚོ་གང་ཀ་ལ་གཏེར་ར་ཟེར་ཡས་དེ་འདྲ་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་གཏེར་ར་ཟེར་ཡས་དེ་ད་ཁ་ནས་ཁ་སྐད་ནས་གྲྭ་ནང་གིས་གཏེར་ར་གཏེར་ར་ཟེར་ལབ་མ་གཏོག
- བཅའ་འདྲི་བྱ་ཡུལ་དངོས་གནས་བྱས་ན་དེ་ནས་རྫ་བཟོ་ཡས་ཀྱི་ས་དེ་དང་པོ་དེ།
- བཅའ་འདྲི་བྱ་ཡུལ་གཏེར་ལ་བཞེས་པ་ཡིན་ཟེར་གྱི་ཡོད་རེད་ལ། རྫ་ཆུང་ཆུང་ཞིག་ཀླུ་ཆུ་རབ་བརྟན་དབང་པོས་ཡར་ལུང་པའི།
- བཅའ་འདྲི་བྱ་ཡུལ་ཁོ་རང་བཞུགས་ས་དེ་གཞོག་ནུབ་ངོ་ཕྱོགས་དེ་ལ་རེད་ལ།
- བཅའ་འདྲི་བྱ་ཡུལ་ཨ་ནི་གཞོག་ཤར་དེ་ལ་ཕར་ཐད་བྱས་དེ་ནས་ས་དང་དེ་ཚོ་གང་ཀ་བྱས་ཏེ་ས་དེ་ཚོ་གཏེར་ལ་བཞེས།
- བཅའ་འདྲི་བྱ་ཡུལ་ཁོ་དེ་འདྲ་རང་བྱུང་གི་དེ་འདྲ་རྫ་དང་པོ་ཅིག་བཟོས་གནང་།
- བཅའ་འདྲི་བྱ་ཡུལ་ཨ་ནི་དེ་ནས་གཞི་ནས་རྫ་བཟོ་ས་དེ་དེ་ལ་དར་པ་ཡིན་ཟེར།
- བཅའ་འདྲི་བྱ་ཡུལ་དེའི་ཤུལ་དེ་ལ་གཏེར་ར་ཟེར་གཏེར་བཟོ་འདྲ་ཅིག་ཆགས་བྱས་གཏེར་ར་གཏེར་ར་ཟེར་བྱས་ཏེ།
- བཅའ་འདྲི་བྱ་ཡུལ་དེང་སང་ཡང་མི་ཚང་དེའི་མིང་ལ་གཏེར་ར་ཞེས་ཟེར་དང་ཟེར་བཞིན་པ་རེད་ལ།
- བཅའ་འདྲི་བྱ་ཡུལ་དེ་ཀླུ་ཆུ་རབ་བརྟན་དབང་པོའི་རེད་ལ།
- བཅའ་འདྲི་བྱ་ཡུལ་དེ་ནས་བསམ་དར་བྱ་བཟང་མགོན་པོ། མཁས་པ་མི་བཞིའི་གཅིག
- བཅའ་འདྲི་བྱ་ཡུལ་ཁོང་གིས་གང་རེད་ཟེར་ན་གྲྭ་ནང་གི་སྔོན་མ་གྲྭ་ཀ། གྲྭ་ནང་གི་ད་དངུལ་ཡོད་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་གྲྭ་དངུལ་ཊམ་དཀར་ཟེར་ཡས་ཅིག་ཡོད་རེད་ལ། ད་ཊམ་ཀ་དཀར་པོ་ཟེར་མི་འདྲ་བ་ཅིག
- བཅའ་འདྲི་བྱ་ཡུལ་ད་གཡང་མ་རེད་ལ་གྲྭ་དངུལ་ཊམ་ཀ་ཟེར་ཡས་དེ་བཟོ་གནང་ཡས་དེ།
- བཅའ་འདྲི་བྱ་ཡུལ་ཁོང་གིས་བཟོས་གནང་པ་རེད་ཟེར་གྱི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་བྱས་ཙང་ཁོང་རྣམ་པ་དེ་ཀས་དེ་ཨོའོ་མཁས་པ་མི་བཞི་བཞུ་དགོས་ཡས་དེ།
- བཅའ་འདྲི་བྱ་ཡུལ་མ་གཞི་གཞན་དག་གང་ཀའི་གང་ལ་མཁས་པོ་དང་ཕྱག་ལས་ཡོད་ཀྱང་།
- བཅའ་འདྲི་བྱ་ཡུལ་སོ་སོར་ད་མཚོན་རྟགས་བཟོ་འདྲ་རེ།
- བཅའ་འདྲི་བྱ་ཡུལ་ཨོའོ་དེང་སང་བཞུས་པ་ཡིན་ན་གསར་གཏོད་བཟོ་འདྲ་ཅིག་རེ་རེ་གནང་བྱས་ཨ་ནི་གྲྭ་ནང་སྐྱེས་ཆེན་བཅུ་གསུམ་དང་།
- བཅའ་འདྲི་བྱ་ཡུལ་མཁས་པ་མི་བཞི་ཟེར་བྱས་ཏེ་ཨ་ནི་ཨོའོ་གྲྭ་ནང་གི་མི་ཚང་མས་ཕ་གཏམ་བུ་འཇག་གིས་དད་གུས་བཞུ་ཀྱི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ད་ག་ནང་བཞིན་ས་ཆ་གཞན་དག་གི་མི་ཡིས་ཀྱང་དེ་འདྲ་ཅིག་གོ་ཡི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ད་ཡིན་ནའང་དེ་ཚོ་དམངས་ཁྲོད་ནས་ཤོད་ཡས་དེ་ཧ་ཅང་གི་རྒྱ་ཆེན་པོ་བྱས་གཏིང་ཟབ་པོ་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་སྔོན་མའི་ལོ་རྒྱུས་དང་དེ་ཚོའི་གང་ལ་ཡང་ཞེ་དྲག་བྲིས་པ་དེ་ཚོ་ཏོག་ཙམ་ཉུང་བ་ཡོད་རེད་ལ།
- བཅའ་འདྲི་བ་ཨ་ནི་རྒན་ལགས། ད་སྐྱེས་ཆེན་བཅུ་གསུམ་དང་མཁས་པ་མི་བཞི་བཅས།
- བཅའ་འདྲི་བ་ང་ཚོའི་གྲྭ་ནང་ནང་ལོག་ལ་དཔེ་མི་སྲིད་ཀྱི་ད་གང་མི་ཚད་ཀྱི་བྱིན་རླབས་ཆེན་པོ་མང་པོ་ཕེབས་ཡོད་རེད་པ་ལ།
- བཅའ་འདྲི་བ་ད་ང་ཚོའི་ཡུལ་ལུང་དེའི་ནང་ལ་ཡང་དེ་འདྲ་རྟེན་དང་བརྟེན་པ་དེ་འདྲ་གཞན་དག་ག་རེ་གང་རེ་ཡོད་ན།
- བཅའ་འདྲི་བ་རྒན་ལགས་ཀྱིས་ང་ཚོ་ལ་ངོ་སྤྲོད་ཅིག་གནང་རོགས་གནང་།
- བཅའ་འདྲི་བྱ་ཡུལ་ད་གྲྭ་ནང་གི་ངས་ཞུས་པ་རེད་དེ།
- བཅའ་འདྲི་བྱ་ཡུལ་ད་མིའི་སྔོན་མ་ནས་ད་གིན་ངས་དང་པོ་མིང་ཁོ་ར་ཆོས་ཀྱི་གྲྭ་དང་རིག་པའི་གྲྭ་དེ་འདྲ་སེ་ཞུས་པ་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་ཨ་ནི་དམངས་ཁྲོད་ལའང་དེ་འདྲ་རེད་ལ།
- བཅའ་འདྲི་བྱ་ཡུལ་གྲྭ་ནང་མི་ཟེར་བྱས་ནི་མགོ་བདེ་པོ་རེད་ཅིག་ལའང་བརྩི་ཀྱི་རེད་ལ། སྔོན་མ་དང་དེང་སང་ཡིན་ནའང་དེ་ཀ་རེད་ལ།
- བཅའ་འདྲི་བྱ་ཡུལ་སྔོན་མ་ཡིན་ནའང་དེ་ཀ་ནང་བཞིན་སྐྱེས་བུ་དམ་པ་མང་པོ་བྱོན་པ་རེད་ལ།
- བཅའ་འདྲི་བྱ་ཡུལ་དེའི་བར་ལ་ཡང་དགོན་པ་ཡིན་ནའང་འདྲ་དེ་མིན་གྱི་རིག་གནས་སྐོར་ཡིན་ནའང་འདྲ་
- བཅའ་འདྲི་བྱ་ཡུལ་གྲྭ་ནང་གི་ཁུངས་དེ་ད་གྲྭ་ནང་གི་གྲྭ་ཕྱི་གཅིག་པ་ཡིན་གྱི་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་དཔེ་མི་སྲིད་པའི་ཡག་པོ་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་དཔེར་ན་རིག་གནས་གང་ནས་ཆ་བཞག་ནའང་གཞན་ཞུ་མི་དགོས་པར་བོད་ཡོངས་ལ།
- བཅའ་འདྲི་བྱ་ཡུལ་སྐད་གྲགས་ཡོད་པའི་སྨོན་གྲོལ་གླིང་ཟེར་དུས་རྦད་དེ་སྔོན་མའི་ལོ་རྒྱུས་གང་ནས་འཆད་ནའང་འདྲ་
- བཅའ་འདྲི་བྱ་ཡུལ་དམངས་ཁྲོད་མང་་གང་ནས་བོད་ཁོ་ར་སྐད་གྲགས་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་སྨོན་གྲོལ་གླིང་རིག་གནས་ཁོ་རའི་སྨོན་གྲོལ་གླིང་ཟེར་དགོན་པ་བྱས་ནས་ཆོས་ལུགས་རེད་ལ།
- བཅའ་འདྲི་བྱ་ཡུལ་རྙིང་མའི་ད་དེ་འདྲ་རྡོ་རྗེ་བྲག་དང་སྨོན་གྲོལ་གླིང་། བྱང་གཏེར་དང་ལྷོ་གཏེར་གཉིས་རེད་ལ།
- བཅའ་འདྲི་བྱ་ཡུལ་དེ་ཆོས་ལུགས་གཅིག་པོ་ཙམ་གྱིས་མིན་པར་སྨོན་གྲོལ་གླིང་ལ་ད་རྦད་དེ་
- བཅའ་འདྲི་བྱ་ཡུལ་བོད་ཀྱི་རིག་པའི་གནས་ཚང་མ་ཡོད་རེད་ལ། ལྷག་པར་དུ་སྨོན་གྲོལ་གླིང་ལ་ཨོའོ་སྨན་དང་། རྩིས་དང་།
- བཅའ་འདྲི་བྱ་ཡུལ་དཔེར་ན་སྔོན་མ་སྨོན་གྲོལ་གླིང་དེ་བོད་ལ་འདུ་ཟེར་སྐད་གྲགས་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་དེ་ཀ་ནང་བཞིན་སྨོན་གྲོལ་གླིང་གི་སཾསྐྲི་ཏའི་སྐད་སྦྱང་ཡས་ཡིན་ནའང་འདྲ།
- བཅའ་འདྲི་བྱ་ཡུལ་སྣ་མིན་སྣ་ཚོགས་ཞེད་པོ་ཅིག་འདུག་གང་ལ།
- བཅའ་འདྲི་བྱ་ཡུལ་རིག་གནས་སྐོར་ལ་ད་དགོན་པའི་སྒང་ནས་སྐད་གྲགས་ཡོད་པ་དེ་འདྲ་སྨོན་གྲོལ་གླིང་ཟེར་སྐད་གྲགས་བྱེད་ཀྱི་རེད་ལ།
- བཅའ་འདྲི་བྱ་ཡུལ་ད་ཆུ་ཚུར་རྒྱུད་ལ་ཞུས་པ་ཡིན་ན་བསམ་ཡས་དང་དེ་ཚོ་མ་ཞུས་པ་བྱས།
- བཅའ་འདྲི་བྱ་ཡུལ་དེ་ནས་དེ་ཡིན་ན་ང་ཚོའི་གྲྭ་ཐང་ད་གིམ་སྔོན་ལ་ཞུས་པ་ནང་བཞིན།
- བཅའ་འདྲི་བྱ་ཡུལ་གཏེར་འདོན་གྲ་མ་མངོན་ཤེས་ཀྱི་ད་ལྷ་ཁང་མང་པོ་བཞེངས་གནང་པའི་ནང་ནས་ད་གྲ་ཐང་དེ་མཆོག་ཏུ་
- བཅའ་འདྲི་བྱ་ཡུལ་གྱུར་པ་གཅིག་རེད་པ་ལ། ཨ་ནི་གྲ་ཐང་དགོན་པ་དེ་ཡིན་ན་གང་རེད་ཟེར་ན།
- བཅའ་འདྲི་བྱ་ཡུལ་ངས་ཞུས་པ་ནང་བཞིན་བསམ་ཡས་དང་འདྲ་པོ་ཡོད་པའི་ཐོག་ནས་འདྲ་ཐང་།
- བཅའ་འདྲི་བྱ་ཡུལ་ད་དུང་ཁ་ཤས་ཀྱི་ཐོག་ལ། ད་ཁོ་མི་ཆེ་བ་རེད་པོ་བརྗོད་བྱས།
- བཅའ་འདྲི་བྱ་ཡུལ་བསམ་ཡས་ལས་ཁྱད་དུ་འཕགས་པ་ཁྱད་འཕགས་ལྔ་ཡོད་ཟེར་དེ་འདྲའང་བཞེད་ཀྱི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ད་དེང་སང་གི་ངོ་ནས་བཤད་པ་ཡིན་ན།
- བཅའ་འདྲི་བྱ་ཡུལ་གྲྭ་ཐང་ནང་ལོག་ལ་ཆ་བཞག་པ་ཡིན་ན་དེ་ནི་ལྡེབས་རིས་དང་དེ་འདྲའི་ད་ཐུན་མོང་མ་ཡིན་པ།
- བཅའ་འདྲི་བྱ་ཡུལ་གྲ་ཐང་གི་ལྡེབས་རིས་དེ་ཚོ་ད་མི་སྔོན་མ་དམངས་ཁྲོད་ཀྱིས་ཟེར་གྱི་རེད་ལ།
- བཅའ་འདྲི་བྱ་ཡུལ་དམངས་ཁྲོད་ཀྱི་དེ་ཚོས་གང་ཟེར་གྱི་རེད་དམ་ཟེར་ན།
- བཅའ་འདྲི་བྱ་ཡུལ་གྲ་ཐང་གི་ལྡེབས་རིས་དེ་ཚོ་ཁ་ཤས་ད་དེ་ཀ་སེ་ད་སྐྱ་བྲིས་བཟོ་འདྲ་བྲིས་ནས་རང་བཞིན་གྱིས་བྱུང་པ་རེད་ཟེར།
- བཅའ་འདྲི་བྱ་ཡུལ་དེ་འདྲ་ཟེར་ད་དམངས་ཁྲོད་ཀྱི་ཤོད་སྲོལ་དེ་འདྲ་ཡོད་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་ད་དེང་སང་ཁོ་རང་དངོས་གནས་ལྟ་དུས་ཙང་། དེ་ཚོ་ཨ་ནི་གང་རེད་ཟེར་ན་རི་མོ་བྲི་སྟངས།
- བཅའ་འདྲི་བྱ་ཡུལ་ད་བོད་ཀྱི་རི་མོའི་བྲི་སྟངས་ཆེན་པོ་ལྔ་ཡོད་རེད་པ་ལ། གཙོ་བོ་ད་རྦད་བྲིས་དེ་དང་པོ་ལ་བརྩི་ཀྱི་རེད་ལ།
- བཅའ་འདྲི་བྱ་ཡུལ་རྦད་བྲིས་ངོ་ཕྱོགས་དེ། དེ་ལས་སྔ་བ་ཡོད་པའི་ཁོ་ར་ལྟ་སྟངས་ཤིག་ཡོད་རེད་ལ། མ་འདྲ་བ་ཅིག
- བཅའ་འདྲི་བྱ་ཡུལ་ད་དེ་ལས་སྔ་བ་ཡོད་ཅེས་ཐགས་མ་བཅད་ཀྱང་ཐུན་མོང་མ་ཡིན་པ་དེ་འདྲའི་རི་མོའི་ཁྱད་ཆོས།
- བཅའ་འདྲི་བྱ་ཡུལ་ད་ཧ་ལམ་བོད་ལ་དཀོན་པོ་ཡོད་པའི་བཟོ་ར་ཅིག
- བཅའ་འདྲི་བྱ་ཡུལ་མེད་པ་རོད་པོའི་དེ་འདྲའི་རི་མོའི་ཁྱད་ཆོས་ཡོད་པ་གྲ་ཐང་རང་གི་དགོན་པ་དེ་གཙོ་ཆེན་པོ་དེ་འདྲ་ཅིག་རེད་ལ།
- བཅའ་འདྲི་བྱ་ཡུལ་གྲ་ཐང་དེ། ད་དེ་ནས་ཨོའོ། དེ་མིན་པའི་ཡང་དེ་ནས་ཡར་ཕྱིན་ན།
- བཅའ་འདྲི་བྱ་ཡུལ་དཔེར་ན་དགེ་སྙེན་ཚོགས་པ་ཟེར་ཡས་དེ་ཚོ་ཤ་སྟག་སྔོན་མ་ཚོགས་པ་སྡེ་བཞིའི་ཡ་གྱལ་རེད་ལ།
- བཅའ་འདྲི་བྱ་ཡུལ་ཚོགས་པ་སྡེ་བཞི་ཟེར་དུས་ཙང་།
- བཅའ་འདྲི་བྱ་ཡུལ་ད་པཎ་ཆེན་ཁ་ཆེ་པཎ་ཆེན་ཤཀྱཤི་རིས་ཚོགས་པ་སྡེ་བཞི་བསྡོམ་གནང་པ་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་དེའི་སློབ་མ་མཁས་ཆེན་བྱང་ཆུབ་འོད་དང་། བྱང་ཆུབ་དཔལ།
- བཅའ་འདྲི་བྱ་ཡུལ་དེ་འདྲས་ཀྱི་སྡོད་གནང་རོགས་རེད་ལ། ཚོགས་པ་སྡེ་བཞི་ཟེར་དུས་ཙང་སྐད་གྲགས་ཡོད་པ་རེད་ལ།
- བཅའ་འདྲི་བྱ་ཡུལ་ད་འདུལ་བའི་སྒང་ནས་དཔེར་ན་རྫ་ནང་དགེ་སྙེན་ཚོགས་པ། སྙེ་མོ་རྒྱལ་གཅེས་ཚོགས་པ།
- བཅའ་འདྲི་བྱ་ཡུལ་སྣེ་གདོང་རྩེ་ཚོགས་པ། གྲྭ་ནང་གི་ཚོང་འདུས་ཚོགས་པ་ཟེར་ཡས་དེ་འདྲ།
- བཅའ་འདྲི་བྱ་ཡུལ་ད་དགེ་སྙེན་ཚོགས་པ་ཟེར་ཡས་ཀྱི་ནང་ལ་གང་ཡོད་རེད་ཟེར་ན།
- བཅའ་འདྲི་བྱ་ཡུལ་དེ་ཀ་སེ་ད་གཞན་དག་རྟེན་དང་དེ་ཚོ་ཕར་བཞག་ནི། པཎ་ཆེན་རྫ་ཧུ་རིན་པོ་ཆེ་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་སྔོན་མ་པཎ་ཆེན་རྫ་ཧུ་རིན་པོ་ཆེ་སེ་ཚོགས་པ་སྡེ་བཞི་མ་ཏོག་ཡོད་མ་རེད་ལ།
- བཅའ་འདྲི་བྱ་ཡུལ་ཚོགས་པ་རེ་རེ་ལ་པཎ་ཆེན་གྱི་རྫ་ཧུ་རིན་པོ་ཆེ་རེ་རེ་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ད་པཎ་ཆེན་རྫ་ཧུ་རིན་པོ་ཆེ་དམངས་ཁྲོད་ཀྱི་ཤོད་སྲོལ་ལ་གང་འདྲ་ཡོད་རེད་ཟེར་ན།
- བཅའ་འདྲི་བྱ་ཡུལ་དེ་འདྲ་བྱས་པ་རེད་ཟེར་གྱི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་པཎ་ཆེན་ཨོའོ་ཁ་ཆེ་པཎ་ཆེན་དེ་ལ་ཕེབས་དུས་ཙང་།
- བཅའ་འདྲི་བྱ་ཡུལ་དགེ་སྙེན་དང་དེ་པ་ཕེབས་དུས་ཙང་ཁ་ཆེ་པཎ་ཆེན་བཞུགས་ས་དེ་གཞོག་ཤར་དེ་ལ་བྱས།
- བཅའ་འདྲི་བྱ་ཡུལ་ད་དེ་ཅིག་ཡོད་རེད་ཟེར་རྫ་བཟོ་མཁན་ཅིག་ཡང་།
- བཅའ་འདྲི་བྱ་ཡུལ་ད་སྐུ་སོགས་བཞེངས་གནང་མཁན་ཅིག སྐུ་སོགས་བཞེངས་བྱེད་མཁན་དེ།
- བཅའ་འདྲི་བྱ་ཡུལ་གང་ལ་ཡོད་རེད་ཟེར་ན་གཞོག་ནུབ་དེ་ལ་ཡོད་རེད་ཟེར་བསྡད་ཀྱི་ཡོད་རེད་ཟེར།
- བཅའ་འདྲི་བྱ་ཡུལ་ཁོ། ཨ་ནི་ཉིན་མོའི་གོང་ལ་ཁོས་ཕར་ཕྱིན་པཎ་ཆེན་རིན་པོ་ཆེའི་སྐུ་མདུན་ལ་བཅར་བྱས།
- བཅའ་འདྲི་བྱ་ཡུལ་ཨ་ནི་དགོངས་མོ་ཕར་ལ་ལོགས་ཕྱིན། འོ་དེ་འདྲ་བྱས་བྱས།
- བཅའ་འདྲི་བྱ་ཡུལ་ད་ལྟག་སྒོ་ཉི་ཤར་ཟེར་ཡས་དེ་གང་ཡིན་ཟེར་ན།
- བཅའ་འདྲི་བྱ་ཡུལ་ཁོ་ཕྱེ་སྟངས་ལོགས་བྱས་ལྟག་ཁུང་ལ་ཉི་མ་རྐྱང་རྐྱང་མ་གཏོགས་ཤར་གྱི་མེད་ཟེར་གྱི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ཕར་འགྲོ་དུས་ཕར་ཕྱོགས་ལ་ཤར་བྱས་དེ་འདྲ་སེ་བྱས་བྱས།
- བཅའ་འདྲི་བྱ་ཡུལ་ད་ཁོས་པཎ་ཆེན་ལ་དད་པ་ཞེ་དྲག་ཞུས་བྱས།
- བཅའ་འདྲི་བྱ་ཡུལ་ཨ་ནི་པཎ་ཆེན་གྱི་དགོངས་པ་རྫོགས་དུས་ཙང་པཎ་ཆེན་རིན་པོ་ཆེས་ད་ཁྱེད་རང་གིས་ང་ཤི་སོང་ན།
- བཅའ་འདྲི་བྱ་ཡུལ་ཨ་ནི་ངའི་རྦད་དེ། འདྲ་སྐུ་བཟོ་འདྲ་ཏོག་ཙམ་ཅིག་བཞེངས་གནང་རོགས་གསུང་པ་རེད་ཟེར།
- བཅའ་འདྲི་བྱ་ཡུལ་ཨ་ནི་པཎ་ཆེན་དགོངས་པ་རྫོགས་ཙང་ཁོ་སྡུག་རྟགས་ཆོད། ཁོ་མི་དེ་འདྲ་ཞེ་དྲག་བཟོ་ཐུབ་ཀྱི་མེད་པ་བྱས།
- བཅའ་འདྲི་བྱ་ཡུལ་རྫ་དང་དེ་འདྲ་མ་གཏོག་སྐུ་དང་དེ་འདྲ། ཨ་ནི་མི། བཞུགས་ཁྲིའི་བཟོ་འདྲ་ཅིག་ཁ་ཅིག་ཏོག་ཙམ་བཟོས།
- བཅའ་འདྲི་བྱ་ཡུལ་དེའི་སྒང་ལ་ཇོག་ཇོག་བཟོས་བྱས། དེ་ནི་སྐུ་བཟོ་ཡས་ཀྱི་འདག་པག་བཞི་བཞགས་པ་རེད་ཟེར།
- བཅའ་འདྲི་བྱ་ཡུལ་ཨ་ནི་ཁོ་གཉིད་ཁུག་བསྡད་དུས་ཁོ་རང་བྱོན་བྱུང་པ་རེད་ཟེར་གྱི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་པཎ་ཆེན་རྫ་ཧུ་རིན་པོ་ཆེ་ཟེར་ཡས་དེ། ཁོ་ཐུན་མོང་མ་ཡིན་པ་ཅིག་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ད་པཎ་ཆེན་རྫ་ཧུ་རིན་པོ་ཆེ་ཟེར་ད་ལྟ་ཚོགས་པ་སྡེ་བཞིར་རེ་རེ་ཡོད་ཟེར།
- བཅའ་འདྲི་བྱ་ཡུལ་དེའི་གོང་ལ་གཅིག་ཚོགས་པ་སྡེ་བཞི་ནས་རྩེ་པོ་ཏ་ལ་ལ་ཡོད་ཟེར་ཡས་ཅིག་ཡོད་ཀྱང་།
- བཅའ་འདྲི་བྱ་ཡུལ་དེང་སང་དངོས་གནས་བཤད་ན་ཕལ་ཆེར་ཡོད་ན་མེད་ན་ཧ་གོ་མ་བྱུང་།
- བཅའ་འདྲི་བྱ་ཡུལ་ད་ལྟ་བསྡད་པ་དེ་གྲྭ་ནང་དགེ་སྙེན་ཚོགས་པ་དེར་པ་ལ་གཅིག་བསྡད་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ད་གྲྭ་ནང་དགེ་སྙེན་ཚོགས་པ་ལ་པཎ་ཆེན་རྫ་ཧུ་རིན་པོ་ཆེན་ཟེར་ཡས་དེ།
- བཅའ་འདྲི་བྱ་ཡུལ་ད་དེ་མིན་པའི་ཡན་ཤོད་སྲོལ་ལ་ཡང་ད་ལྟ་གྲྭ་ནང་གི་སྐོར་དེ་ལ་གང་རེད་ཟེར་ན།
- བཅའ་འདྲི་བྱ་ཡུལ་གྲྭ་ནང་སེ་ཡང་མི་གཞན་དང་མི་འདྲ་ཡོང་བའི་རྒྱུ་མཚན་ཅིག་འདུག་ཀང་ལ།
- བཅའ་འདྲི་བྱ་ཡུལ་ཨ་ནི་ཁ་ཤས་ཀྱིས་ཡང་ཆུའི་དོན་དག་ལ་ཤོད་ཀྱི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ཆུ་དེ་དཀོན་པོ་ཞེད་པོ་ཅིག་ཡིན་པ་གང་ཞིག་ལ་ནི། ཡག་པོ་ཞེད་ཅིག་ཡིན་ཟེར་ཡས་དེ་འདྲ།
- བཅའ་འདྲི་བྱ་ཡུལ་གྲྭ་ནང་གི་མི་དེ། ད་ཁ་ཤས་ཀྱི་ཡང་ཤོད་ཡས་གང་ཡིན་ཟེར་ན་གྲྭ་ནང་གི་མི་དེ་ད་སྔོན་མ་སྔོམ་མའི་དུས་ལ།
- བཅའ་འདྲི་བྱ་ཡུལ་གྲྭ་ནང་ཟེར་ཡས་དེ་ཡང་མི་རིགས་འདུ་ཡས་མང་ཤོས་ཡིན་ཟེར་ཡས་དེ་འདྲ། གལ་སྲིད།
- བཅའ་འདྲི་བྱ་ཡུལ་གལ་སྲིད་ད་དེ་དུས་མི་རིགས་ཟེར་བྱས་པ་མ་གཏོག་རྒྱ་དཀར་ནག་དང་བལ་ཡུལ་དང་དེ་པ་ཞེ་དྲག་ཟེར་
- བཅའ་འདྲི་བྱ་ཡུལ་གང་ཡང་ཡོད་མ་རེད་དེ་ལས། ས་ཆ་ཕན་ཚུན་ལ་མི་རིགས་བརྩི་གི་འདུག་ཀ་ལ།
- བཅའ་འདྲི་བྱ་ཡུལ་དཔེར་ན་ང་ཚོ་ལའང་ཆ་བཞག་ན། སྐབས་དེ་དུས་བོད་ཀྱི་གནའ་སྔ་མོའི་སྐབས་ལ་ཆ་བཞག་ན་ལྷོ་པའི་བཟོ་འདྲ།
- བཅའ་འདྲི་བྱ་ཡུལ་དཔེར་ན་དེང་བྱས་པ་ཡིན་ན་ནག་ཆུའི་བཟོ་འདྲ། ཆམ་མདོའི་བཟོ་འདྲ།
- བཅའ་འདྲི་བྱ་ཡུལ་ད་མི་རིགས་བཟོ་འདྲ་ལ་བརྩིས་བྱས། ཁོ་གང་རེད་ཟེར་ན།
- བཅའ་འདྲི་བྱ་ཡུལ་འཛམ་བུ་གླིང་དང་དེ་འདྲ་མཐོང་ཡས་དེ་རྒྱ་ཆུང་ཆུང་རེད་པ་ལ། མི་རིགས།
- བཅའ་འདྲི་བྱ་ཡུལ་ད་བོད་རིགས་གཅིག་པོ་ཡིན་ན་དེ་ཚོའི་བཟོ་འདྲ་དེ་མི་རིགས་ལ་ཕར་ཚུར་
- བཅའ་འདྲི་བྱ་ཡུལ་འབྲེལ་བ་བྱེད་ཡས་དེ་རྒྱ་ཆེ་བ་ཡོད་པ་བྱས། རྒྱ་ཆེ་བ་ཡོད་ཙང་། ད་ལྟ་གྲྭ་ནང་ངོ་ཕྱོགས་ཀྱི་མི་དེ་དག
- བཅའ་འདྲི་བྱ་ཡུལ་ད་ཨོའོ་དེང་སང་དང་མ་སོང་ནའི་ལུང་པ་གཞན་གྱི་མི་གང་ཀ་རྒྱུད་དེ་ཕར་ཚུར་འདྲེས་བྱས།
- བཅའ་འདྲི་བྱ་ཡུལ་རྒྱུད་དེ་ཕར་ཚུར་འདྲེས་ཙང་། མི་གང་ཀ་ད་སྤྱང་པོ་དང་།
- བཅའ་འདྲི་བྱ་ཡུལ་ཀླད་པ་གྲུང་པོ་ཡོད་ཟེར་དམངས་ཁྲོད་དུ་ཤོད་ཀྱི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ད་དམངས་ཁྲོད་ལ་འདུག་སེ་བཤད་པ་དེ་ཚོ།
- བཅའ་འདྲི་བྱ་ཡུལ་ད་མི་དེང་སང་བཤད་ན་ཚན་རིག་དང་ཡང་མཐུན་པའི་བཟོ་འདྲ་ཅིག་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་འོ་དེ་འདྲའི་གྲྭ་ནང་གི་ཤོད་སྲོལ་དེ་འདྲ་ཡོད་རེད་ལ།
- བཅའ་འདྲི་བ་ཨ་ནི་རྒན་ལགས་ཨོའོ།
- བཅའ་འདྲི་བ་ང་ཚོའི་གྲྭ་ནང་ལ་ཡ་དེའི་དམངས་ཁྲོད་ཀྱི་ད་ཡུལ་གོམས་གཤིས་ལུགས་དང་།
- བཅའ་འདྲི་བ་ཡང་ལག་ཤེས་ཐོག་ནས་ཡིན་ནའང་རེད། ད་ལྟ་གོང་ལ་ཡ།
- བཅའ་འདྲི་བ་རྒན་ལགས་ཀྱིས་ད་ཅིག་ངོ་སྤྲོད་གནང་སོང་ལ།
- བཅའ་འདྲི་བ་ད་ད་རེས་ཡང་། ད་ལྟ་སྔ་མོ་དང་འདྲ་བའི་ཨོའོ།
- བཅའ་འདྲི་བ་ལག་ཤེས་དེ་འདྲའི་བསླབ་རྒྱུན་དེ་འདྲ་བསྡད་ཡོད་པ་དེ་འདྲ་དང་དེ་འདྲའི་སྐོར་ལ་ཡ་
- བཅའ་འདྲི་བ་རྒན་ལགས་ཀྱིས་ཅིག་དམིགས་བསལ་གྱི་ཁྱད་ཆོས་ཡོད་པ་དེ་འདྲ་ངོ་སྤྲོད་ཅིག་གནང་རོགས་གནང་།
- བཅའ་འདྲི་བྱ་ཡུལ་ད་གྲྭ་ནང་གི་དམངས་ཁྲོད་སྲོལ་རྒྱུན་ལག་ཤེས་བཟོ་འདྲ་དང་།
- བཅའ་འདྲི་བ་དེ་ནས་དམངས་ཁྲོད་ཀྱི་ད། ཨོའོ་ཡུལ་གོམས་གཤིས་ལུགས།
- བཅའ་འདྲི་བྱ་ཡུལ་དེ་ནས་རིག་གནས་བཟོ་འདྲ། ཁོ་ར་ཁོ་རང་ལ་ཡང་དམིགས་བསལ་གྱི་ཁྱད་ཆོས་ཡོད་པ་དེ་འདྲ་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་དཔེར་ན། ད་ལག་ཤེས་ཀྱི་གང་ནས་ཆ་བཞག་ན།
- བཅའ་འདྲི་བྱ་ཡུལ་གཙོ་བོ་རེད་དེ་ཅིག་གྲྭ་ནང་གི་སྣམ་བུ་དེ་རེད་ལ།
- བཅའ་འདྲི་བྱ་ཡུལ་གྲྭ་ནང་གི་སྣམ་བུ་དེ་གང་རེད་ཟེར་ན། ད་ཁོ་རང་ད་གིན་ངས་ཞུས་པ་ནང་བཞིན།
- བཅའ་འདྲི་བྱ་ཡུལ་ཨོའོ་མ་གཞི་ད། བོད་ཀྱི་ལོ་རྒྱུས་སྒང་ནས་བྱས་ན་སྣམ་བུ་དེ། ཡག་སྡུག་ཡག་པ་དང་།
- བཅའ་འདྲི་བྱ་ཡུལ་དེ་ཚོ་གང་ཀ། གོང་དཀར་དང་དེ་ཚོ་ཚང་མ་ཡག་པོ་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ད་ཡིན་ནའང་གྲྭ་ནང་གི་དེ་ཡིན་ན། གྲྭ་ནང་སྣམ་བུ་ཟེར་བྱས་བྱས་ཁོ།
- བཅའ་འདྲི་བྱ་ཡུལ་གལ་སྲིད་གོང་དཀར་གྱི་སྣམ་བུ་ཡིན་ནའང་།
- བཅའ་འདྲི་བྱ་ཡུལ་གྲྭ་ནང་སྣམ་བུ་ཟེར་ཡས་ཀྱི་ཁོ་སྐད་གྲགས་ཆགས་པ་དེའི་རྒྱུ་མཚན་དེ་གང་འདྲ་རེད་ཟེར་ན།
- བཅའ་འདྲི་བྱ་ཡུལ་དང་པོ་ཁོ་རང་ནས་ཁོ་ལོ་རྒྱུས་སྒང་ནས་དང་པོ་དེ་གྲྭ་ནང་ལ་བྱུང་པ་དེ་མཚོན་གྱི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ད་གིན་ངས་དང་པོ་ཁོ་རང་ལ།
- བཅའ་འདྲི་བྱ་ཡུལ་མཁས་པ་མི་བཞིའི་ནང་ནས་གཅིག་གིས་སྣམ་བུ་འཐག་ཡས་དེ་བཟོས་པ་རེད་ཟེར་འདུག་ཀ་ལ།
- བཅའ་འདྲི་བྱ་ཡུལ་བྱས་ཙང་ཁོ་ལོ་རྒྱུས་ཁོ་རང་གི་སྒང་ནས། དང་པོའི་སྐད་ཆ་དེ་ལ་གྲྭ་ནང་སྣམ་བུ་རྐྱང་རྐྱང་ཟེར་གྱི་རེད་ལ།
- བཅའ་འདྲི་བྱ་ཡུལ་དངོས་གནས་བྱས་ན་སྣམ་བུ་ཁ་ཅིག་ད་གོང་དཀར་དང་དེ་པ་དེང་སང་ཡག་པོ་ཡོད་ཀྱང་།
- བཅའ་འདྲི་བྱ་ཡུལ་རྣམ་རྒྱལ་ཞོལ་ཟེར་སྔོན་མ་ལོ་རྒྱུས་སྒང་ནས་སྐད་གྲགས་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་བྱས་ཙང་གྲྭ་ནང་གི་སྣམ་བུ་དེ་ལ་ཁྱད་ཆོས་གང་ཡོད་རེད་ཟེར་ན།
- བཅའ་འདྲི་བྱ་ཡུལ་གྲྭ་ནང་གི་སྣམ་བུ་དེ་ཡིན་ན། ཁོ་གཞན་དང་མི་འདྲ་བར། བལ་ཅིག་འདུག་ཀ་ལ།
- བཅའ་འདྲི་བྱ་ཡུལ་བལ་དེ་གཅིག་པ་མིན་ཟེར་གྱི་ཡོད་རེད་ལ། བལ་དེ་གཅིག་པ་མིན་ཟེར་ཡས་དེའི་རྒྱུ་མཚན་དེ་ཡིན་ན།
- བཅའ་འདྲི་བྱ་ཡུལ་ད་དོན་དངོས་ཁོ་རང་དམངས་ཁྲོད་ཀྱི་སྐད་ཆ་རེད་ལ་དེ། དངོས་གནས་ཁོ་རང་རེད་ལ།
- བཅའ་འདྲི་བྱ་ཡུལ་གཅིག་པ་མིན་ཟེར་ཡས་དེ་གང་རེད་ཟེར་ན།
- བཅའ་འདྲི་བྱ་ཡུལ་གྲྭ་ནང་ལ་ལུགས་དཀོན་པོ་ཞེ་དྲག་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་གྲྭ་ནང་མི་ཚང་གཅིག་ལ་ལུགས་བཞི་ཙམ་ལྔ་ཙམ་ལས་ཡོད་མ་རེད་ལ།
- བཅའ་འདྲི་བྱ་ཡུལ་དེ་ཡིས་སྣམ་བུ་གཅིག་ཆགས་ཀྱི་མ་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་གྲྭ་ནང་ཟེར་ཡས་དེ་རྦད་དེ་གང་ས་གང་ལ་གནའ་སྔ་མོ་ནས་མི་ཚོང་དང་དེ་འདྲ་གཙོ་བོ་བྱས་བྱས་ཕྱིན་པ་མ་གཏོགས།
- བཅའ་འདྲི་བྱ་ཡུལ་ཁོ་རང་རང་ལ་ཨོའོ་ལུགས་དང་རྦད་དེ་འབྲོག་ལས་བྱེད་ས་དེ་ཞེ་དྲག་ཡོད་མ་རེད་ལ།
- བཅའ་འདྲི་བྱ་ཡུལ་ཞིང་ལས་ཟེར་བྱས་ནི་ཞེ་དྲག་ཡོད་མ་རེད་ལ། བྱས་ཙང་བལ་དང་དེ་ཚོ་ས་ཆ་གང་ས་གང་ལ།
- བཅའ་འདྲི་བྱ་ཡུལ་ཁ་ཤས་བལ་བྱང་ནས་ཁྱེར་ཡོང་གི་ཡོད་རེད་ལ། བྱང་བལ་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ཁ་ཤས་ཡར་སྟོད་ངོ་ཕྱོགས་ལ་ཕྱིན་བྱས་སྟོད་པའི་ཡོད་རེད་ལཱ། མང་ཆེ་བ་འབྲོག་ངོ་ཕྱོགས་ལ་ཕྱིན།
- བཅའ་འདྲི་བྱ་ཡུལ་ཡར་འབྲོག་ངོ་ཕྱོགས་ལ་ཕྱིན། འབྲོག་བལ་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་བྱས་ཙང་བལ་དང་གང་ཀ་ཟི་ལིང་གུ་ལིང་གང་ཀ་ཚོང་བརྒྱབ་ཉོས་བྱས།
- བཅའ་འདྲི་བྱ་ཡུལ་དེ་ཁོས་གང་བྱུང་མང་བྱུང་བཀྲེས་བྱས། བྱས་པ་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་བཀྲེས་བྱས་བྱེད་དུས་ཙང་གྲྭ་ནང་ག་སྣམ་བུ་དེ་གཅིག་ཟེར་བྱས་པ་ཡིན་ན་མི་ཁ་ཅིག་གིས་
- བཅའ་འདྲི་བྱ་ཡུལ་རྒྱུ་གཙང་སྤུས་གཙང་ཟེར། བལ་ཡག་པོ་ཡོད་ཟེར་གྱི་ཡོད་རེད་པ་ལ། གཉིས་ཟེར་བྱས་ན།
- བཅའ་འདྲི་བྱ་ཡུལ་སྣ་མིན་སྣ་ཚོགས་བྱས་པ་དེ་ཁོ་ཡག་པོ་ཆགས་ཀྱི་ཡོད་རེད་ཟེར་གྱི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ཁོ་རྐང་བཙུག་ཏེ་བཟོས་པ་མ་རེད་ལ། སྔོན་མའི་སྐབས་སུ་བྱས་ན་དེ་འདྲའི་ཧ་གོ་གི་མ་རེད་དེའི།
- བཅའ་འདྲི་བྱ་ཡུལ་སྣ་མིན་སྣ་ཚོགས་བྱས། བལ་སྣ་མིན་སྣ་ཚོགས་བྱེད་དུས་ཙང་།
- བཅའ་འདྲི་བྱ་ཡུལ་ཁོ་རང་རང་བཞིན་གྱིས་མི་འདྲ་བ་ཅིག་ཆགས་ཡོང་བྱས།
- བཅའ་འདྲི་བྱ་ཡུལ་གཅིག་གཅིག་པུས་བཏགས་པ་དེ་ཡང་ཁོ་རང་ཁོ་རང་དེ་ཟེར་ཡོད་མ་རེད་ལ་ད།
- བཅའ་འདྲི་བྱ་ཡུལ་ཁོ་རྒྱུ་གཙང་སྤུས་གཙང་ཟེར་བ་ཙམ་མ་གཏོགས།
- བཅའ་འདྲི་བྱ་ཡུལ་སྣ་མིན་སྣ་ཚོགས་བྱེད་ཡས་དེར་ཁྱད་ཆོས་གཅིག་ཡོད་རེད་ཟེར་གྱི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་གཉིས་དེ་གང་ཡིན་ཟེར་ན། གྲྭ་ནང་གི་ད་ལྟ་སྣམ་བུ་འཐག་ཡས་ཀྱི་བཏག་ཅིག་ཡོད་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་བཏག་དེ་བཏག་ཞེང་ཆུང་ཆུང་ཆུང་རེད་ལ།
- བཅའ་འདྲི་བྱ་ཡུལ་ཞེང་དེ་སྤྱིར་བཏང་བྱས་ན་ཆེན་པོ་ཞེ་དྲག་ཡོད་མ་རེད་ལ།
- བཅའ་འདྲི་བྱ་ཡུལ་གྲྭ་ནང་མང་ཆེ་བ། ཞེང་དེ་ཆེན་པོ་མེད་དུས་གང་བྱེད་ཀྱི་ཡོད་རེད་ཟེར་ན།
- བཅའ་འདྲི་བྱ་ཡུལ་མི་གང་ཀ་ལག་པས་འཐག་གི་ཡོད་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་ལག་པས་འཐག་དུས་ལག་པ་ཟེར་མཁན་དེ་ཤུགས་ཆེན་པོ་ག་ཚོད་ཡོད་ནའང་།
- བཅའ་འདྲི་བྱ་ཡུལ་ལག་པའི་ཤུགས་ལ་ཚད་གཞི་ཡོད་རེད་པ་ལ། ཁོ་ཞེང་ཆེན་པོ་དང་ཞེ་དྲག་བྱེད་དུས་ཙང་།
- བཅའ་འདྲི་བྱ་ཡུལ་སྣམ་བུ་ཡག་པོ་ཆགས་ཀྱི་རེད་དེའི་ཁོ་ཡིན་ནའང་ཁོ། ཅ་ལག་ཞེད་དྲག་ཡོད་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་གཞན་དེ་ཡང་པོ་བྱས་ཆུང་ཆུང་བྱས་མགྱོག་པོ་དང་། ཁོ་བདེ་པོ། བཏག་ནའང་འཐག་བདེ་པོ།
- བཅའ་འདྲི་བྱ་ཡུལ་ཁོ་གཅིག་ཡིན་ནའང་ཞེང་ཆུང་ཆུང་དང་དེ་འདྲའི་ཁྱད་ཆོས་ཡོད་རེད་ལ། གཅིག་ནས།
- བཅའ་འདྲི་བྱ་ཡུལ་གཉིས་ནས་སྣམ་བུ་ཞེང་ཆུང་ཆུང་དེ་ང་ཚོ་སྔོན་མ་བོད་པའི་ད་བོད་བཟོའི་གོས་འཚེམ་དུས།
- བཅའ་འདྲི་བྱ་ཡུལ་ལྷག་པར་དུ་བུའི་ཕྱུ་པ་ཡིན་ནའང་འདྲ། བུའི་སྟོད་ཐུང་ཡིན་ནའང་འདྲ།
- བཅའ་འདྲི་བྱ་ཡུལ་དེ་དུས་བུའི་ཨོའོ་གོས་ཐུང་དེ་དེང་སང་ནང་བཞིན་རྒྱ་བཟོ་མ་རེད་ལ།
- བཅའ་འདྲི་བྱ་ཡུལ་དེ་ཚོ་ག་རེ་བཟོས་ནའང་བུ་མོའི་དེ་ཏོག་ཙམ་ཆེ་བ་བྱུང་ན་ཡག་པོ་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་བུའི་དེ་མང་ཆེ་བ་ཆུང་བ་དེས་བཟོ་ལྟ་ཡག་པ་ཆགས་ཀྱི་རེད་ལ།
- བཅའ་འདྲི་བྱ་ཡུལ་སྣམ་ཞེང་ཆེན་པོ་དེས་བུ་མོའི་མོ་གོས་ཕུ་དུང་ཡོད་པ་ཡིན་ནའང་འདྲ་ཕུ་དུང་ཕུ་མེད་ཡིན་ནའང་འདྲ།
- བཅའ་འདྲི་བྱ་ཡུལ་ཡག་པོ་ཆགས་ཀྱི་མ་རེད་ལ་ཡང་མིན་ན། ཟུར་ནས་བཟོ་ལྟ་བཟོ་དུས་གྲས་ཀོ་ཤག་གི་རེད་ལ།
- བཅའ་འདྲི་བྱ་ཡུལ་དེ་འཚེམ་པོ་མཁས་པས་ཧ་གོ་གི་རེད་ལ།
- བཅའ་འདྲི་བྱ་ཡུལ་གྲྭ་ནང་གི་སྣམ་བུ་བཏག་བཞེངས་ཆུང་ཆུང་དེ་ཁོ་ཞེ་དྲག་གྲས་ཀོ་མ་མ་རེད།
- བཅའ་འདྲི་བྱ་ཡུལ་བཟོ་ལྟ་དེ་ཁོ་རང་ཏག་ཏག་ཁོ་རང་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་རྒྱབ་བཟོ་རྣམ་པ་གསུམ་ཟེར་ཡས་དང་གཅིག་རྣམ་པ་ཆེད་བཤག་ཟེར་ཡས་རེད་པོ།
- བཅའ་འདྲི་བྱ་ཡུལ་གཏན་ལ་ཐིག་ལ་འཁེལ་པ་བརྒྱབ་ཡོད་རེད་ལ། ད་ཁོ་རང་བོད་ཀྱི་བཟོ་རིག་པའི་སྒང་ལ་སྔོན་མ་ནས།
- བཅའ་འདྲི་བྱ་ཡུལ་ཅིག་བཟོས་བཞག་ཡོད་རེད་པ་ལ། རྒྱབ་དོ་དཔེར་ན་རྣམ་པ་གསུམ་ཟེར་ཡས་འདྲ་དང་།
- བཅའ་འདྲི་བྱ་ཡུལ་བཟོ་ལྟ་རྣམ་པ་ཕྱེད་ཀ་ཟེར་ཡས་འདྲ་པོ། སྒོ་ང་རྣམ་པ་ཕྱེད་ཀ་ཟེར་ཡོད་རེད་ལ།ལོ་རྒྱུས་བཟོ་ར་ཅིག
- བཅའ་འདྲི་བྱ་ཡུལ་ཡོད་རེད་དེའི་ཁོ་སྣམ་བུ་ཆེན་པོ་ཞེང་ཆེན་པོ་ཞེ་དྲག་བཏག་པ་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་ཞེང་ཆེན་པོ་ཞེ་དྲག་བཏག་དུས། ཁོའི་གཞུང་ལུགས་ཕ་གི་ལྟར་ཕྱིན་ན།
- བཅའ་འདྲི་བྱ་ཡུལ་ཁོ་རྗེས་ལ་ཆེན་པོ་ཆགས་ཀྱི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་བྱས་ཙང་ཁོའི་ཚད་དེ་ཏག་ཏག་ཁོ་རང་ཕར་ནས་བཤད་པའི་གཞུང་ལུགས་བཟོ་འདྲ་ཅིག་ཡོད་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་འོ་དེ་དང་ཏག་ཏག་གི་ཚད་མཐུན་བསྡད་པའི་བཏག་ཞེང་ཅིག་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་བཏག་དེ་སྤྱིར་བཏང་བྱས་ན་དྲུག་བཏག་ཟེར་ཡས་དེ་ཆུང་ཤོས་རེད་ལ།
- བཅའ་འདྲི་བྱ་ཡུལ་བཏག་དྲུག་བཅུ་ཐམ་པ་ཡོད་རེད་ལ། ཁ་ཤས་ལ་དྲུག་བཅུ་རེ་བཞི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་དེའི་འདོམ་པ་ཆེན་པོ་དེ་འདྲ་ཡོད་མ་རེད་ལ། བྱས་ཙང་ཁྱད་ཆོས་དེ་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་གསུམ་ནས་ཡིན་ན་གྲྭ་ནང་གི་མིས་ད་འཐག་ཡས་མགྱོག་པོ།
- བཅའ་འདྲི་བྱ་ཡུལ་བུ་དང་བུ་མོ་ཟེར་ཡས་སེ་ཡོད་མ་རེད་ལ། གྲྭ་ནང་ཟེར་ཡས་དེ། བུ་དེ་པ།
- བཅའ་འདྲི་བྱ་ཡུལ་དེང་སང་བྱས་པ་ཡིན་ན་སློབ་གྲྭ་ལ་འགྲོ་མཁན་ཏོག་ཙམ་སྟེ་ལོ་བརྒྱད་དགུ་ནས་བྱས་ཏེ་ཚང་མས་བལ་ཟེར་གྱི་རེད།
- བཅའ་འདྲི་བྱ་ཡུལ་ཟླ་ལད་རྒྱག་གི་རེད་ལ།
- བཅའ་འདྲི་བྱ་ཡུལ་ལོ་བཅུ་གཉིས་བཅུ་གསུམ་ཡིན་ན་ཚང་མས་སྣམ་བུ་འཐག་གི་རེད་ལ།
- བཅའ་འདྲི་བྱ་ཡུལ་ཚུར་སྤུན་གྲོས་བྱེད་ཡས་ལ་བུ་དང་བུ་མོ་ཟེ་ཡས་ཡོད་མ་རེད་ད་ལ།
- བཅའ་འདྲི་བྱ་ཡུལ་སྔོན་མ་ཁོ་རང་བྱས་པ་ཡིན་ན། ཁོ་གོམས་གཤིས་ཁོ་རང་ཆགས་བྱས་ད།
- བཅའ་འདྲི་བྱ་ཡུལ་ཉིན་མོའི་གོང་ལ་ད་ལས་ཀ་གཞན་དག་ཡོད་པ་གཅིག་བྱས།
- བཅའ་འདྲི་བྱ་ཡུལ་དགོང་མོས་དགོང་དྲོ་དྲིལ་རེད་ཟེར་བྱས་སླེབས་ལོང་མེད་པར།
- བཅའ་འདྲི་བྱ་ཡུལ་མི་གང་ཀ་བསྡད་པ་དང་ཨ་ནི་ཨ་མ་དང་དེ་ཚོས་ཟླ་ལལ་དྲིལ། ཟླ་ལལ་བརྒྱབ།
- བཅའ་འདྲི་བྱ་ཡུལ་ཆུང་བ་དེ་ཚོས་སྤུན་བསྐྱལ། རྒན་ཁོག་རེད་པོ་སྤྱིར་བཏང་མ་འཇོན་པ་དེ་ཚོས་བལ་བསྲེས།
- བཅའ་འདྲི་བྱ་ཡུལ་འོ་དེ་འདྲ་བྱས་རེད་དྲིལ་བསྡད་ཀྱི་རེད་ལ།
- བཅའ་འདྲི་བྱ་ཡུལ་དེ་འདྲ་དྲིལ་པའི་སྐབས་ལ་ཡང་ཁོ་ཚོའི་གོམས་གཤིས་ཏེ།
- བཅའ་འདྲི་བྱ་ཡུལ་དེ་དུས་ཞུ་མར་མ་གཏོག་གང་ཡང་ཡོད་མ་རེད་དེའི།
- བཅའ་འདྲི་བྱ་ཡུལ་ཨ་ནི་ཁ་ཤས་ཀྱིས་གཞས་རེད་འདྲ་བཏང་བྱས་ཡང་དམངས་གཞས་འདྲ་བཏང་།
- བཅའ་འདྲི་བྱ་ཡུལ་ཕར་ཚུར་གཞས་ཀྱི་བཟོ་འདྲ་དམངས་གླུའི་བཟོ་འདྲ་བཏང་།
- བཅའ་འདྲི་བྱ་ཡུལ་ཁ་ཤས་ཀྱིས་ཡང་རྨོ་མོའི་བཟོ་འདྲས་ཀྱིས་སྒྲུང་གླུའི་བཟོ་འདྲ་བཤད་བྱས།
- བཅའ་འདྲི་བྱ་ཡུལ་རྦད་དེ་དགོངས་མོ་ཕྱི་པོ་ཞེད་པོ་བསྡོད་ཡས་ཀྱི་གོམས་གཤིས་གཅིག་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ཁོའི་རྒྱུ་མཚན་གང་རེད་ཟེར་ན།
- བཅའ་འདྲི་བྱ་ཡུལ་ཉིན་མོ་ལས་དགོངས་མོ་ལས་ཀ་མང་བ་ཡོང་གི་ཡོད་རེད་ལ། རྦད་དེ་བལ་ལས་བྱས་བྱས།
- བཅའ་འདྲི་བྱ་ཡུལ་དེ་འདྲའི་ཡང་གྲྭ་ནང་ལ་ད་ཁྱད་ཆོས་ཐུན་མོང་མ་ཡིན་པ་སྟེ།
- བཅའ་འདྲི་བྱ་ཡུལ་གཅིག་ནས་ཡིན་ན་གྲྭ་ནང་གི་སྣམ་བུ།
- བཅའ་འདྲི་བྱ་ཡུལ་གཉིས་ནས་སྣམ་བུ་དེ་འཐག་ཡས་ཀྱི་ད་ལས་ཀ་བྱེད་མཁན་ཏེ་བུ་དང་བུ་མོ་དང་།
- བཅའ་འདྲི་བྱ་ཡུལ་རྒན་རྒོན་དང་ཕྲུ་གུ་དང་། ཟེར་ཡས་ཡོད་མ་རེད་ལ།
- བཅའ་འདྲི་བྱ་ཡུལ་གང་ལྟར་ཁོ་བྱེད་ཐུབ་པ་ཚང་མས་ཧ་རུབ་སྦར་རུབ་བྱས་ཏེ་བྱེད་ཡས་དེ་གྲྭ་ནང་གི་ཁྱད་ཆོས་གཙོ་བོ་ཅིག་རེད་ལ།
- བཅའ་འདྲི་བྱ་ཡུལ་དེ་ནས་ཡང་གྲྭ་ནང་ལ་གཞན་ཤིང་བཟོ་བ་ཡག་པོ་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་གྲྭ་ནང་གི་ཤིང་བཟོ་ཟེར་ཡས་དེ་ཡང་། རྡོ་བཟོ་ཡོད་ཀྱང་ཤིང་བཟོ་ཡས་དེར་སྐད་གྲགས་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ལྷག་པར་དུ་གྲྭ་ནང་གི་ཕུ་དེ་ལ་སྐྱིད་ཤ་བུ་ཁ་ཟེར་ཡས་ཅིག་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ད་དེ་ཚོ་སྔོན་མ་སྤྱི་ཚོགས་ཏའ་སི་ཏུ་གཉིས་པའི་སྐབས་ནས།
- བཅའ་འདྲི་བྱ་ཡུལ་ཨ་ནི་རྦད་དེ་ཆེད་མོ་བ་ནས་ཆེད་མོ་བ་བརྒྱུད་པ།
- བཅའ་འདྲི་བྱ་ཡུལ་སྔོན་མ་རྡོ་ཤིང་གི་ད་ཁོ་རང་གི་ལག་རྩལ་དང་དེ་ཚོའི་གོ་མིང་ཡོད་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་འོ་དེ་ཚོའི་ཁུངས་ལ་གང་ཀ་ཚུད་བྱས།
- བཅའ་འདྲི་བྱ་ཡུལ་ད་གཅིག་གིས་ཕ་ཤུལ་བུ་འཛིན་བྱས་བྱས་རྦད་དེ་ད་ལྟ་བར་དུ་བསྡད་པ་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་སྐྱིད་ཤ་བུ་ཁ་ཟེར་བྱས་ཏེ་སྐད་གྲགས་ཡོད་པ་གཅིག
- བཅའ་འདྲི་བྱ་ཡུལ་སྔོན་མ་ནས་འོ་དེ་ཚོའི་ཐད་ཀྱི་ལག་རྩལ་དེ་ཚོ་ད་ག་སེའི་ལག་རྩལ་དེ་འདྲ་མ་རེད་ལ།
- བཅའ་འདྲི་བྱ་ཡུལ་གཅིག་ནས་ཡིན་ན་རྦད་དེ་ས་བཀྲ་བཀོད་ཡས་དེང་སང་།
- བཅའ་འདྲི་བྱ་ཡུལ་དེང་སང་བྱས་པ་ཡིན་ན་ཁང་པའི་མཐའ།
- བཅའ་འདྲི་བྱ་ཡུལ་ཁང་པ་རྦད་དེ་གསུམ་ཐོག་དང་བཞི་ཐོག་དགོན་པ་དང་དེ་ཚོ་ལ་ས་བཀྲ་བཀོད་ཐུབ་པ།
- བཅའ་འདྲི་བྱ་ཡུལ་གཉིས་ནས་ཡིན་ན་ཆུང་ཆུང་ངོས་ནས་བཤད་ན།
- བཅའ་འདྲི་བྱ་ཡུལ་ད་རྦད་དེ་ལག་པ་ཙམ་གྱི་ཡིན་ན་གནས་བརྟན་བཅུ་དྲུག་རྦད་དེ་བརྐོས་ཡིན་ན་ཨ་འདྲ་བརྒྱག་ཐུབ་པ།
- བཅའ་འདྲི་བྱ་ཡུལ་དེ་འདྲའི་རྦད་དེ་ལག་རྩལ་ཡོད་པ། ལྷག་པར་དུ་མགྱོག་བརྒྱག་ཡས་ཟེར་ཡས་དེ་འདྲ།
- བཅའ་འདྲི་བྱ་ཡུལ་སྔོན་མའི་ད་སྐབས་དེ་དུས་ཀྱི་ཆ་རྐྱེན་དེ་འདྲའི་འོག་ལ་དཔེར་ན།
- བཅའ་འདྲི་བྱ་ཡུལ་བྱམས་པ་གླིང་གི་མཆོད་རྟེན་ད་རྦད་དེ་ད་གིན་ཞུས་པ་ནང་བཞིན།
- བཅའ་འདྲི་བྱ་ཡུལ་བྱམས་པ་གླིང་གི་མཆོད་རྟེན་དེ་ད་འཛམ་བུ་གླིང་ལ་སྐད་གྲགས་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ཐོག་སེའི་ཀུང་ཁྲིའི་གང་ནས་བྱས་སོང་ན་ཀུང་ཁྲི་ཉི་ཤུ་རྩ་བརྒྱད་རྩ་དགུ་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་དེ་ཁྲི་བསྐོར་བཅུ་གསུམ་བརྩིས་པ་ཡིན་ན། དེའི་བྱམས་ཁང་ཟེར་ཡས་དེ་འོག་འོག་དེ་རེད་ལ།
- བཅའ་འདྲི་བྱ་ཡུལ་ད་དེའི་འོག་འོག་དེ་ལ་འདུ་ཁང་ཞིག་སྔོན་མ།
- བཅའ་འདྲི་བྱ་ཡུལ་འོག་འོག་དེའི་འདུ་ཁང་གཅིག་གི་ཀ་བ་གཅིག་སྐྱོན་ཤོར་འདུག་ཀང་ལ།
- བཅའ་འདྲི་བྱ་ཡུལ་ཀ་བ་སྐྱོན་ཤོར་བྱས་ཨ་ནི་ཁོ་ཉེན་ཁའི་བཟོ་འདྲ་སླེབས་བྱས། ད་ཀ་བ་དེ་བརྗེ་ཡས་ལ།
- བཅའ་འདྲི་བྱ་ཡུལ་ཨ་ནི་ཀ་བ་དེ་བརྗེ་ཀོ་བྱུང་ན་དེང་སང་ནང་བཞིན་འཕྲུལ་ཆས་དང་ཅིག་མེད་དུས་ཙང་།
- བཅའ་འདྲི་བྱ་ཡུལ་མགྱོག་རྒྱག་གོ་གི་འདུག་ཀ་ལ་། གང་ལྟར་གདུང་མ་དང་དེ་ཚོ་ཡར་བཀྱག་བྱས་ཀ་བ་དེ་བརྒྱབ་པ་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་གདུང་མ་དང་དེ་ཚོ་ཡར་བཀྱག་ཀ་བ་བརྗེ་ཡས་དེ་ཁོ་ཉེན་ཁ་ཆེན་པོ་ཞེད་ཅིག་ཆགས་བྱས།
- བཅའ་འདྲི་བྱ་ཡུལ་མིའི་ཐབས་ཤེས་ལ་བརྟེན་བྱས་མ་གཏོག་འཕྲུལ་ཆས་དང་དེ་ཚོ་ཡོད་མ་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་བྱས་ཙང་སྐྱིད་ཤ་བུ་ཁའི། ད་ལྟ་འོ་དམངས་གཙོའི་བཅོས་བསྒྱུར་གོང་ལ།
- བཅའ་འདྲི་བྱ་ཡུལ་དེང་སང་བཞུགས་པ་དེ་ཚོའི་པ་ཕ་རེད་ལ། ད་བཤེགས་པ་རེད་ལ།
- བཅའ་འདྲི་བྱ་ཡུལ་འོ་དེ་ཡིས་རྦད་དེ་མགྱོག་བརྒྱབ་ཡས་ཁས་བླངས་ཏེ་ཁས་ལེན་དུས།
- བཅའ་འདྲི་བྱ་ཡུལ་སྡེ་པ་གཞུང་གིས་ཁས་ལེན་གྱི་ཡོད་མ་རེད་ཟེར་གྱི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་དེ་ཡར་བཀྱག་བྱས་ལུག་ཕྱིན་ན་མི་ཤི་པ་ལས་མཆོད་རྟེན་ལུག་པ་དེ་སྡུག་གི་རེད་སེ།
- བཅའ་འདྲི་བྱ་ཡུལ་ད་མི་ལ་བརྩི་གི་ཡོད་མ་རེད་ལ་ད་མཆོད་རྟེན་རྦད་དེ་ལུག་ཕྱིན་ནས། འོག་འོག་དེ་ལ་རེད་པ་ལ་བྱམས་ཁང་དེ།
- བཅའ་འདྲི་བྱ་ཡུལ་ཨ་ནི་རྦད་དེ་ཁས་བླངས་བྱས། དེ་ངའི་སྲོག་གི་དོན་དག་མེད་ངས་རྦད་དེ་ཁས་ལེན་གྱི་ཡིན་ཟེར་དེ།
- བཅའ་འདྲི་བྱ་ཡུལ་རྦད་དེ་ལག་རྩལ་དང་དེ་ཚོ་ལ་གདེང་ཚོད་བྱས་བྱས། ཨ་ནི་རྦད་དེ་མགྱོག་བརྒྱབ་ནི།
- བཅའ་འདྲི་བྱ་ཡུལ་མགྱོག་བརྒྱབ་ཡར་བཀྱག་སྟེ་ཨ་ནི་ཀ་བ་དེ་ཚོ་སྔོན་ལ་བཟོས་བཞག་ཏེ་
- བཅའ་འདྲི་བྱ་ཡུལ་ཁོ་རང་གིས་མགྱོག་བརྒྱབ་བྱས་རྦད་དེ་བརྗེས་པ་རེད་ཟེར། ཀ་བ་དེ་བརྗེས་གཞུ་དེ་མར་ལྷོད།
- བཅའ་འདྲི་བྱ་ཡུལ་མར་ལྷོད་ཡས་ཅིག་ཡོད་རེད་པ་ལ། ལྷོད་ཡས་དེ་ཏོག་ཙམ་སྔ་དྲག་བྱས།
- བཅའ་འདྲི་བྱ་ཡུལ་ཁོ་རང་གི་མཛུམ་མོ་ཡ་གཅིག་ཕ་གིའི་ནང་ལ་ཚུད་བྱས། གདུང་དང་དེའི་བར་དེ་ལ།
- བཅའ་འདྲི་བྱ་ཡུལ་རྦད་དེ་མར་དིག་སེ་ཐེབས་བྱས།
- བཅའ་འདྲི་བྱ་ཡུལ་ཨ་ནི་དཔེ་བསག་སོང་དཔེ་བསག་སོང་སེ་ལམ་སེང་ལྟེབ་རྩེག་དེ་སྐེད་པའི་བར་དེ་ནས་
- བཅའ་འདྲི་བྱ་ཡུལ་བཏོན་བྱས་ལམ་སེང་བཞུས་བྱས་མཛུབ་མོའི་ཤུལ་དེ་མཇུག་མཇུག་ཏུ་ཡང་བསྡད་ཡོད་ཟེར་གྱི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ཁོ་གང་ཡིན་ཟེར་ན་མགྱོག་རྒྱག་གི་བསྡད་ན་ཉེར་གྱི་ཡོད་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་དེ་མཛུམ་མོ་ཕ་གི་ལ་ཚུད་ནི་ཚུད་ཚར་པ་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་དེ་ནི་རྦད་དེ་སྐེས་པའི་བར་དེ་ནས་ལྟེབ་རྩེག་ད་བཏོན་བྱས་ལམ་སེང་མཛུམ་མོ་རྦད་དེ་བཅད་བྱས།
- བཅའ་འདྲི་བྱ་ཡུལ་ཁོ་རྦད་དེ་བྱས་བྱས་མཇུག་མཇུག་ལའང་དེའི་རྩ་ལ་མཛུམ་མོའི་ཤུལ་ཟེར་ཀོ་རེད།
- བཅའ་འདྲི་བྱ་ཡུལ་ཁྲག་རྫེས་དང་ད་དེ་འདྲའི་ད། ལོ་རྒྱུས་གང་ལ་དེ་འདྲའི་ཤོད་སྲོལ་ཡོད་ཟེར་གྱི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་བྱས་ཙང་དེའི་ཐོག་ནས་ད་གྲྭ་ནང་གི་ཤིང་བཟོ་བ་སྤྱི་དང་།
- བཅའ་འདྲི་བྱ་ཡུལ་ལྷག་པར་དུ་སྐྱིད་ཤ་བུ་ཁའི་ཤིང་བཟོ་བ་དེ་ཚོ་ཡག་པོ་ཡོད་པ།
- བཅའ་འདྲི་བྱ་ཡུལ་དེ་འདྲའི་ད་མཁས་པོ་ཡོད་པ་ས་བཀྲ་བཀོད་ཡས་ཡིན་ནའང་འདྲ།
- བཅའ་འདྲི་བྱ་ཡུལ་མགྱོག་བརྒྱག་ཡས་ཡིན་ནའང་འདྲ། བརྐོས་བརྒྱག་ཡས་ཡིན་ནའང་འདྲ།
- བཅའ་འདྲི་བྱ་ཡུལ་དེ་འདྲ་ལ་སྐད་གྲགས་ཡོད་རེད་ལ། གྲྭ་ནང་ཤིང་བཟོ་བ་ལ།
- བཅའ་འདྲི་བྱ་ཡུལ་དུས་དེང་སང་ཡང་ཁོ་རང་གི་ལག་རྒྱུན་དེ་གྲྭ་ནང་ཤིང་བཟོ་སེ་ད་གང་ས་གང་ལ་གྲྭ་ནང་ཤིང་བཟོ་བ་
- བཅའ་འདྲི་བྱ་ཡུལ་དང་གྲྭ་ནང་གི་རྡོ་བཟོ་བ་ཟེར་གྱི་རེད་ལ། ད་སྐད་གྲགས་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ཨོའོ་དེ་འདྲའི་ལག་རྩལ་གང་ལ་གཙོ་བོ་འོ་དེ་འདྲའི་བཟོ་ར་ལ་ཡག་པོ་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ད་དེ་ནས་དམངས་ཁྲོད་ཀྱི་གང་ནས་ཆ་བཞག་པ་ཡིན་ན།
- བཅའ་འདྲི་བྱ་ཡུལ་གྲྭ་ནང་གི་མི་ཟེར་ཡང་གཞས་དང་ཞབས་བྲོ་ལ་དགའ་པོ་ཞེད་དྲག་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ལྷག་པར་དུ་ད་ལྟ་ལྷོ་ཁའི་སྒོར་གཞས་སེ་ལྷོ་ཁའི་སྒོར་གཞས་སེ་སྒོར་གཞས་ཀྱི་ནང་ལ།
- བཅའ་འདྲི་བྱ་ཡུལ་ལྷོ་ཁའི་སྒོར་གཞས་ལྷོ་ཁའི་སྒོར་གཞས་སེ་བཤད་མ་བཤད།
- བཅའ་འདྲི་བྱ་ཡུལ་གཙོ་བོ་དེ་གྲྭ་ནང་ལ་རེད་ལ། གྲྭ་ནང་དེ་ལས་སྒོར་གཞས་ཡག་པ་གཅིག་ཀྱང་ཡོད་མ་རེད་ལ།
- བཅའ་འདྲི་བྱ་ཡུལ་གྲྭ་ནང་ལུང་པ་གཅིག་ལ་སྒོར་གཞས་ཁོ་རའི་ཁྱད་ཆོས་ཁོ་རང་གསུམ་ཙམ་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་གྲྭ་ནང་ཕུ་ད་གིན་ངས་ཞུས་པའི་གཟར་པོ་ཟེར་ཡས་རེད་པོ།
- བཅའ་འདྲི་བྱ་ཡུལ་སྐྱི་རུ་ཡན་ཆད་དེ་ཚོས་གང་འདྲ་རྒྱག་གི་རེད་ཟེར་ན། ཁོ་ལ་བརྒྱབ་བྱས་འབྲོག་དང་ཐག་ཉེ་པོ་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་འབྲོག་གཞས་འདྲ་ཚད་ཚད་རེད་ཅིག ཁོའི་ཞབས་བྲོ་དེ་གང་རེད་ཟེར་ན།
- བཅའ་འདྲི་བྱ་ཡུལ་རྦད་དེ་ཞབས་བྲོའི་ད། སྟངས་སྟབས་ཅིག་ཡོད་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་སྟངས་སྟབས་དེ་ཚོ་རྦད་དེ་ལྷིང་པོ།
- བཅའ་འདྲི་བྱ་ཡུལ་ལྷིང་པོ་ཡིན་པ་ལ་རྫིག་པོ་ཤོག་ཆེན་པོ་འོ་དེ་འདྲ་རྒྱག་མཁན་གྱི་བཟོ་རེད་ཅིག
- བཅའ་འདྲི་བྱ་ཡུལ་བར་རྩ་ལྷག་ཁག་ཅིག་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་བར་རྩ་ལྷག་དེས་གང་རེད་ཟེར་ན་གནའ་ཉམས་སྡོད་པོ་ཏོག་ཙམ་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ད་མདའ་ངོ་ཕྱོགས་ལ་ཏོག་ཙམ་ཅིག་ཡོད་རེད་པ་ལ། དེ་ཡང་ཞབས་བྲོ་འཁྲུག་པོ།
- བཅའ་འདྲི་བྱ་ཡུལ་རྦད་དེ་དེ་འདྲ་ཅིག་ཡོད་རེད་ལ་སྒོར་གཞས། གྲྭ་ནང་རང་རང་གི་རེད་ལ།
- བཅའ་འདྲི་བྱ་ཡུལ་གཅིག་དེ་རེད་ལ། གྲྭ་ནང་ནང་ཁུལ་ལ།
- བཅའ་འདྲི་བྱ་ཡུལ་ཁྱོན་ཡོངས་ལ་གྲྭ་ནང་ནས་བཤད་པ་ཡིན་ན། གྲྭ་ནང་གི་སྒོར་གཞས་དེ་ཆ་ཚང་ཤོས་རེད་ལ།
- བཅའ་འདྲི་བྱ་ཡུལ་གཞས་ཚིག་གང་ནས་ཆ་བཞག་ན། ཆ་མ་ཚང་བ་གཅིག་ཀྱང་བཏང་གི་མ་རེད་ལ།
- བཅའ་འདྲི་བྱ་ཡུལ་གཞས་ཚིག་དཔེར་ན།
- བཅའ་འདྲི་བྱ་ཡུལ་གྲྭ་ནང་དང་གཞན་དག་ལ་བཏང་བྱས་ཕར་ཚུར་གཞས་འགྲན་བསྡུར་བྱས་པ་ཡིན་ན།
- བཅའ་འདྲི་བྱ་ཡུལ་གཅིག་མ་གཏོག་བཏང་ཆོག་གི་མ་རེད་ལ། དགུང་བསང་མཐོན་པོ་བཏང་ཡས་ཡིན་ན།
- བཅའ་འདྲི་བྱ་ཡུལ་ངས་དགུང་བསང་ནས་དེ་བར་དུ་ཡོད་རེད་ལ་བཞུག་གྲལ་བར་དུ།
- བཅའ་འདྲི་བྱ་ཡུལ་ཁག་བདུན་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ད་དེ་ཚོ་དཔེ་དཔེ་བཞག་ནི་གནའ་སྔ་མོའི་མི་དེ་ཚོ་ད་དམངས་ཁྲོད་ནང་ཡོད་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་དགུང་བསང་མཐོན་པོ་དྲོ་འཇམ་ཉི་མ།
- བཅའ་འདྲི་བྱ་ཡུལ་གངས་སྟོད་མཐོན་པོ་དང་སེང་གེ་དཀར་མོ།
- བཅའ་འདྲི་བྱ་ཡུལ་བྲག་སྟོད་མཐོན་པོ་དང་ཐང་དཀར་རྒོད་པོ། སྤང་སྟོད་མཐོན་པོ་དང་ཤྭ་བ་སྨུག་ཆུང་།
- བཅའ་འདྲི་བྱ་ཡུལ་མཚོ་སྟོད་མཐོན་པོ་དང་ཉ་ཆུང་སེར་མིག
- བཅའ་འདྲི་བྱ་ཡུལ་ལྕང་གླིང་མཐོན་པོ་དང་བྱིའུ་ཆུང་ཇོལ་མོ།
- བཅའ་འདྲི་བྱ་ཡུལ་བཞུག་བྲལ་མཐོན་པོ་དང་ཕོ་གཞོན་མོ་གཞོན་ཟེར་བྱས་བྱས།
- བཅའ་འདྲི་བྱ་ཡུལ་ད་དེ་རྐྱང་རྐྱང་མ་ཏོག་བཏང་ཆོག་གི་མ་རེད་ལ།
- བཅའ་འདྲི་བྱ་ཡུལ་ངས་དེའི་དཔེ་དེ་ལ་བཞག་བྱས་གཞན་བཏང་གི་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་ཁྱོད་རང་གིས་དེ་ཀ་རང་ཅིག་དཔེ་སྦྱར་ཏེ་བཏང་གོ་རེད་ལ།
- བཅའ་འདྲི་བྱ་ཡུལ་བུ་མོས་མཚན་གང་བསྡད་ནའང་དེ་ཀ་རང་བཏང་གོ་རེད་མ་གཏོག
- བཅའ་འདྲི་བྱ་ཡུལ་གཞན་གཅིག་ཀྱང་བཏང་ཡས་ཡོད་མ་རེད་ལ།
- བཅའ་འདྲི་བྱ་ཡུལ་ཡང་རྟ་ཡིན་ན་རྟ་གཞས་རྐྱང་རྐྱང་། རྟའི་སྐོར།ངས་རྟའི་སྐོར་བཏང་ན།
- བཅའ་འདྲི་བྱ་ཡུལ་ཁྱེད་རང་གིས་རྟའི་སྐོར་རྐྱང་རྐྱང་བཏང་གོ་རེད་ལ།
- བཅའ་འདྲི་བྱ་ཡུལ་དེ་འདྲ་བྱས་བྱས་ཁོ་ཆུ་ཚད་དེ་མཐོ་པོ་ཞེད་པོ་ཅིག་ལ་སླེབས་བྱས།
- བཅའ་འདྲི་བྱ་ཡུལ་ཞབས་བྲོ་དེ། ཞབས་བྲོའི་ཚིག་གི་གང་ནས་ཆ་བཞག་ན།
- བཅའ་འདྲི་བྱ་ཡུལ་ད་ཞབས་བྲོའི་སྒོ་རིམ་སྒང་ནས་ཆ་བཞག་ན། ལུང་པ་གཞན་དང་གཅིག་ཀྱང་འདྲ་གི་མ་རེད་ལ།
- བཅའ་འདྲི་བྱ་ཡུལ་གོ་རིམ་དང་པོ་དེ་གང་རེད་ཟེར་ན། རྦད་དེ་སྐུལ་ཡས་བཟོ་ར་ཅིག་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་བསྐུལ་ཡས་ཟེར་དུས་དལ་གཞས་རེད་ལ།
- བཅའ་འདྲི་བྱ་ཡུལ་ཕར་ནས་ཚུར་ཡོང་བྱས་དལ་པོ་བྱས་ཏེ་བཏང་བྱས། དལ་གཞས།
- བཅའ་འདྲི་བྱ་ཡུལ་དལ་གཞས་དེ་དཔེར་ན་ག་ལེར་ག་ལེར་བཏང་བྱས་བསྐུལ་པ་ཟེར་གྱི་རེད་ལ།
- བཅའ་འདྲི་བྱ་ཡུལ་དེ་ནས་བསྐུལ་ཏེ་ཕར་ནས་བླང་པ་ཟེར་གྱི་རེད་ལ།
- བཅའ་འདྲི་བྱ་ཡུལ་དེ་གཉིས་ཙམ་གསུམ་ཙམ་བྱེད་ཀྱི་རེད་ལ། དེར་དལ་གཞས་ཟེར་གྱི་རེད་ལ། དང་པོ་དེ་ལ།
- བཅའ་འདྲི་བྱ་ཡུལ་དལ་གཞས་དེ་བཏང་ཚར་བའི་མཇུག་དེ་ལ་གང་བྱེད་ཀྱི་རེད་ཟེར་ན།
- བཅའ་འདྲི་བྱ་ཡུལ་གསུམ་རྒྱག་འབུད་ཡས་ཅིག་འདུག་ཀ་ལ།གསུམ་རྒྱག་བརྒྱབ་པ་དེ་ཆུད་ཆུད་སེ་གཅིག་པོ་ཟེར་གྱི་མ་རེད་ལ།
- བཅའ་འདྲི་བྱ་ཡུལ་ཡང་ཁོ་ཁ་ནས་ཁ་ཤས་ཅིག་ཤོད་ཡས་ཅིག་འདུག་ཀ་ལ། འོ་དེ་ཟེར་གྱི་རེད་ལ།
- བཅའ་འདྲི་བྱ་ཡུལ་དཔེར་ན་རྟ་ལ་རྟ་སྒ་བཙུག་ནས་བཞག་ཡོད། བཅུ་དྲུག་ལིང་ཤང་གཡོག་ནས་བཞག་ཡོད།
- བཅའ་འདྲི་བྱ་ཡུལ་འགྲོས་དང་སྒོམ་པ་བརྒྱབ་ན་བསམ་ཡོད། རྒྱག་ཡས་མེད་ན་བཟུར།
- བཅའ་འདྲི་བྱ་ཡུལ་བཟུར་རྒྱུ་མེད་ན་འུར་འུར་སེ་འདུག་སེ་མ་གཏོག་ཆུད་ཆུད་བྱས་ན་བརྩིས་ཀྱི་མ་རེད་ལ།
- བཅའ་འདྲི་བྱ་ཡུལ་ཁོ་རྒྱག་རེམ་བཞིན་རེ་རེ་དགོས་ཀྱི་རེད་ལ། ཤོད་ཡས་རེ་རེ།
- བཅའ་འདྲི་བྱ་ཡུལ་ད་དེ་བྱས་པའི་མཇུག་དེ་ལ། གསུམ་རྒྱག་དེ་སྤབ་པའི་མཇུག་དེ་ལ་ཨ་ནི་ཁོ་གཞས་དེ་གང་ཡིན་ནའང་།
- བཅའ་འདྲི་བྱ་ཡུལ་འཁྲུག་གཞས་རྒྱག་གི་རེད་ལ། དཔེར་ན་དགུང་བསང་མཐོན་པོ། ཡིན་ན་དེ་བརྒྱབ་བྱས།
- བཅའ་འདྲི་བྱ་ཡུལ་ད་དེ་ཚར་དུས་ཕར་ནས་བླངས་ཡང་མ་ཟད་བར་དུ་རྒྱག་གོ་རེད་ལ།
- བཅའ་འདྲི་བྱ་ཡུལ་མ་ཟད་བར་དུ་རྒྱག་དུས་རེ་རེར་གསུམ་རྒྱག་སྤབ། རེ་རེར་ཁ་བཤད་རེ་རེ་བཤད་དགོས་རེད་ལ།
- བཅའ་འདྲི་བྱ་ཡུལ་ཡང་མཇུག་ཏུ་དཀར་མོ་ནས་ཀྱི་རྩྭ་ཐང་ཐོག་སེ་ཡང་གཅིག་བབ་དགོས་རེད་ལ།
- བཅའ་འདྲི་བྱ་ཡུལ་དེ་འདྲ་བྱེད་དུས་ཁོ་གཞས་དེ་མགྱོག་པོ་རྫོགས་འགྲོ་གི་ཡོད་རེད་ད།
- བཅའ་འདྲི་བྱ་ཡུལ་གཅིག་གཅིག་པོ་ཞེ་དྲག་མེད་པར་གསར་པ་བྱས་བཏང་གོ་རེད་པ་མི། བཏང་ཚར་གྲབ་ཡོད་དུས།
- བཅའ་འདྲི་བྱ་ཡུལ་བྱས་ཙང་གཞས་ཀྱི་གོ་རིམ་དེ་གཞས་ཀྱི་དགུང་བསང་ནས་བཞུག་གྲལ་བར་དུ་རྫོགས་སོང་ན།
- བཅའ་འདྲི་བྱ་ཡུལ་ད་གཞས་གཅིག་རྫོགས་པ་རེད་པ་ལ། རྫོགས་པ་དང་གང་བྱེད་ཀྱི་ཡོད་རེད་ཟེར་ན།
- བཅའ་འདྲི་བྱ་ཡུལ་ཡང་གསུམ་རྒྱག་གཅིག་བབ་ཀོ་རེད་ལ། དེ་ནས་གཞས་མཇུག་བསྐུལ་གྱི་རེད་ལ།
- བཅའ་འདྲི་བྱ་ཡུལ་གཞས་མཇུག་དེ་གང་རེད་ཟེར་ན། ཡང་རྦད་དེ་དལ་རེད་ལ་ཡང་འཁྲུག་གཞས་བྱས།
- བཅའ་འདྲི་བྱ་ཡུལ་དལ་སེ་སོ་སོ་གཅིག་པོས་བཏང་ཡས་རེད་ལ། ཕ་གིས་ལེན་ཀོ་མ་རེད་ལ།
- བཅའ་འདྲི་བྱ་ཡུལ་རྦད་དེ་གཞས་དེ་དཔེར་ན་རིག་གསུམ་རི་བོའི་རྩེ་མོ་གཅིག་བཏང་པ་ཡིན་ན།
- བཅའ་འདྲི་བྱ་ཡུལ་རིག་གསུམ་རི་བོའི་རྩེ་མོ་ནས་རྩ་བ་བར་དུ་གསུམ་ཀ་སོ་སོ་གཅིག་པོས་བཏང་དགོས་རེད་ལ།
- བཅའ་འདྲི་བྱ་ཡུལ་སོ་སོ་གཅིག་པོས་སོ་སོའོ་ཁུངས་དེ་ཀས་དེའི། སོ་སོ་གཅིག་པོས་དཔེར་ན་
- བཅའ་འདྲི་བྱ་ཡུལ་རིག་གསུམ་རི་བོའི་རྩེར་མ་འགྲོ་ལ།
- བཅའ་འདྲི་བྱ་ཡུལ་ཤིང་ལ་མ་བྱས་གནས་གསུམ་འདུག་ཟེར། མར་ད་དུང་ཡང་དེ་ཀ་བཏང་དགོས་རེད་ལ།
- བཅའ་འདྲི་བྱ་ཡུལ་རིག་གསུམ་རི་བོའི་རྩེ་མོ། ཤིང་ལ་མ་བྱས་ཀ་བ་ཉན་པའི་ཙན་དན་འདུག
- བཅའ་འདྲི་བྱ་ཡུལ་གདུང་མ་ཉན་པའི་ལྷ་ཤིང་འདུག འབྲས་སྤང་ཉན་པའི་ཤུག་པ་འདུག
- བཅའ་འདྲི་བྱ་ཡུལ་རིག་གསུམ་རི་བོའི་སྐེད་པ་རུ། དེ་ནི། སེམས་ཅན་མ་ཆགས་གནས་གསུམ་འདུག་ཟེར།
- བཅའ་འདྲི་བྱ་ཡུལ་དེ་ནི་གཅིག་གང་ག་མར་དེའི་བར་དུ་བཏང་བྱས་ཨ་ནི། ཆུད་ཆུད་བྱས་ཏེ་རྫོགས་པ་རེད་ལ།
- བཅའ་འདྲི་བྱ་ཡུལ་ད་གཞི་ནས་རྫོགས་སོང་ན། གཞོག་ཕར་ཕྱོགས་དེས་གང་རེད་ཟེར་ན་གཞི་ནས་སྐུལ་ཡོང་གི་རེད་ལ་གཅིག
- བཅའ་འདྲི་བྱ་ཡུལ་ད་སྐུལ་ནས་དེ་ཀ་ནང་གཞིན་བྱས། འོ་འདུག་སེ་བྱས་བྱས་ཁོ་འགྲན་བསྡུར་བྱེད་ཀྱི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་བྱས་ཙང་ཁོའོ་གོ་རིམ་དེ་རྦད་དེ་ཆ་ཚང་པོ་ཞེད་པོ་ཅིག་ཡོད་རེད་མ་གཏོག
- བཅའ་འདྲི་བྱ་ཡུལ་ད་ག་སེ་བརྒྱབ་བྱས་འགྲན་བསྡུར་བྱས་པ་ཟེར་གྱི་ཡོད་མ་རེད་ལ།
- བཅའ་འདྲི་བྱ་ཡུལ་ཁོ་གོ་རིམ་ཡག་པོ་བྱས་བྱས། ད་གཞས་རྒྱག་ཡས་ཀྱི་ཁ་གཏད་ཅིག་ཡོད་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་ཁ་གཏད་དེ་ཡིན་ན་མཚམས་རེ་ཡང་ལུང་པ་སོ་སོའི་ནང་ལ་སོ་སོ་གཅིག་པོ་ཡིན་ན།
- བཅའ་འདྲི་བྱ་ཡུལ་ཨ་ནི་བུ་དང་བུ་མོ་ཕར་ཚུར་འགྲན་བསྡུར་བྱེད་ཀྱི་རེད་ལ།
- བཅའ་འདྲི་བྱ་ཡུལ་ཡང་ན་མཚམས་རེ་ཡང་ལུང་པ་གཅིག་དང་ལུང་པ་གཅིག་གྲྭ་ནང་མདའ་ཞུག་དེ་ཚོ།
- བཅའ་འདྲི་བྱ་ཡུལ་ད་ཐག་རིང་བ་དེ་ཚོ་རྦད་དེ་ཤར་རྒྱག་འབྲོག་པ་དང་དེ་ཚོ་བྱས། དགོང་དཀར་དང་བྱེད་ཀྱི་རེད།
- བཅའ་འདྲི་བྱ་ཡུལ་དེ་འདྲ་བྱེད་དུས་རྦད་དེ། དེ་ནི་མཚན་གང་ཁོ་རང་བརྒྱབ་བྱས།
- བཅའ་འདྲི་བྱ་ཡུལ་ད་འོ་ན་དོ་གོང་ཁྱེད་རྣམ་ཚོས་མཚན་གང་བསྡད་པ་ཡིན་ན། སང་དགོང་ང་ཚོས་རྦད་དེ་ད་བརྗེ་ལེན་ལ་ཡོང་བྱས།
- བཅའ་འདྲི་བྱ་ཡུལ་ཉི་མ་བཞི་ཙམ་ལྔ་ཙམ་བདུན་ཙམ་བརྒྱབ་པའི་ལོ་རྒྱུས་ཡོད་རེད་ལ། ད་ཁ་ཤས་ཀྱི་ཉྭ་ཤ་སྟག་རྦད་དེ་ལུག་བྱས།
- བཅའ་འདྲི་བྱ་ཡུལ་དེ་ཨ་རེ་མ་བརྟན་པ་བྱས་དེ་་་་་་་བཟོ་འདྲ་ཅིག་བྱས། གཞས་ལ་རྫོགས་ཡས་མེད་པ་བྱས།
- བཅའ་འདྲི་བྱ་ཡུལ་ཨ་ནི་ང་ཚོའི་ད་ལྟ་དེ། གྲྭ་ནང་གི་དེ་སྐད་གྲགས་ཡོད་རེད་ལ། ད་ལྟ་སེར་ཁུང་ཟེར་ཡས་དེ།
- བཅའ་འདྲི་བྱ་ཡུལ་དེ་དམངས་གཙོའི་བཅོས་བསྒྱུར་བྱས་པའི་རྗེས་ལ་རེད་ལ། ཡར་འབྲོག་ལ་འབྲོག་པ་དང་བརྒྱབ་ནི།
- བཅའ་འདྲི་བྱ་ཡུལ་འབྲོག་པ་དང་གཞས་བརྒྱབ་ནི། སེར་ཁུང་བསྟན་འཕེལ་ཟེར་ཡས་ཅིག་ཡོད་རེད་ལ། སྔོན་མ།
- བཅའ་འདྲི་བྱ་ཡུལ་དེང་སང་ཡང་བཞུགས་ཡོད་རེད་ལ། སྔོན་མ་ཤང་ཀྲང་བྱས་པ་རེད་ལ། མཇུད་དེ་བར།
- བཅའ་འདྲི་བྱ་ཡུལ་དེ་གཞོན་པ་བྱས་དེ་དང་ཁ་ཅིག་ཕྱིན་བྱས། འབྲོག་གི་ཕ་པར་ལས་ཀ་བྱེད་དུ་ཕྱིན་འདུག་ཀང་ལ།
- བཅའ་འདྲི་བྱ་ཡུལ་མི་བཅུ་ལྔ་བཅུ་དྲུག་ཅིག་ཡོད་པ་འདྲ་ཨར་པོ་རྒྱག་ཏུ་འགྲོ་མཁན། ཨ་ནི་འབྲོག་པ་དང་བརྒྱབ་ནི།
- བཅའ་འདྲི་བྱ་ཡུལ་ཨ་ནི་རྦད་དེ་ཉིན་ཞག་ལྔ་དྲུག་བརྒྱབ་ནི། དེ་ཁྱོན་ནས་སླ་མ་འཁེལ་པ་བྱས་བྱས། ཞུག་ལ་སེར་ཁུང་།
- བཅའ་འདྲི་བྱ་ཡུལ་འབྲོག་པ་ཧང་སང་བྱས། ཨ་ནི། རྦད་དེ་འུ་ཐུག་བྱས་གཞས་རྫོགས་བྱས།
- བཅའ་འདྲི་བྱ་ཡུལ་ཕ་གིའི་ནང་ལ། རྫོགས་པའི་དཀྱིལ་ལ་མི་མཁས་པ་ཅིག་འདུག་ཟེར་གྱི་འདུག་ཀ་ལ།
- བཅའ་འདྲི་བྱ་ཡུལ་དེ་ཡིས་ཨ་ནི། སེར་ཁུང་བསྟན་ཕེལ་མ་འགྱུར་ཨ་མ་དྲོན།
- བཅའ་འདྲི་བྱ་ཡུལ་གཞས་ལ་རྫོགས་རྒྱུ་མིན་འདུག་དཀོན་མཆོག་གསུམ།
- བཅའ་འདྲི་བྱ་ཡུལ་སེ་བཏང་པ་རེད་ཟེར་གྱི་ཡོད་རེད་ད། ཁོ་ཧང་སང་བྱས།
- བཅའ་འདྲི་བྱ་ཡུལ་ད་རྦད་དེ་རྫོགས་ཡས་མི་འདུག་སེ། དེ་ནས་ཞུག་ལ་ཁ་བཏགས་གཡོག་བྱས།
- བཅའ་འདྲི་བྱ་ཡུལ་ད་འདུམ་བཏང་བྱས་ད་ཤོར་སོང་སེ། དེ་ནི་འོ་དེ་འདྲ་སེ་བྱེད་ཡས་ཀྱི་ཨ་ནི་ད་གྲྭ་ནང་གི་སྒོར་གཞས་ཟེར་ཡས་དེ།
- བཅའ་འདྲི་བྱ་ཡུལ་ཁོ་རང་ཁོ་རང་ལ་ཨོའོ་དེ་འདྲའི་ཁྱད་ཆོས་ཅིག་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ད་དེ་མིན་པའི་གྲྭ་ནང་གི་ཡང་།དམངས་ཁྲོད་ཀྱི་བྱས་ན་བྲོ་དེ་ཡང་སྐད་གྲགས་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་དེང་སང་ད་ལྟ་མང་ཆེ་བས། ཨོའོ་ཁྲག་མགོ་དང་དེ་འདྲས་བྲོ་དེ་རྒྱག་གི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ཁྲག་མགོ་དང་དགོང་དཀར་ངོ་ཕྱོགས་ཀྱིས་རྒྱག་གི་ཡོ་ད་རེད་མ་གཏོགས།
- བཅའ་འདྲི་བྱ་ཡུལ་སྔོན་མ་རང་གི་བྱས་ན། བྲོའི་ལོ་རྒྱུས་གཙོ་བོ་རེད་ཅིག་ད་ལྟ་དོར་ཟེར་ཡས་དང་།
- བཅའ་འདྲི་བྱ་ཡུལ་དོར་ཟེར་ཡས་དེ་བསམ་ཡས་ཀྱི་མར་ཙམ་དེ་ལ་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་བསམ་ཡས་ཟེར་ཡས་དེ་རུ་བྲོ་སྣ་བཅོ་བརྒྱད་ཡོ་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་དེ་གང་རེད་ཟེར་ན་བྲོ་ཟེར་ཡས་དེ་གྲྭ་ནང་ཡག་པོ་ཡོད་རེད་ཟེར་ཡས་དེ།
- བཅའ་འདྲི་བྱ་ཡུལ་བསམ་ཡས་དང་འབྲེལ་བ་ཡོད་རེད་ལ། བྲོ་སྣ་བཅོ་བརྒྱད་དེ་གང་ཀ་ད།
- བཅའ་འདྲི་བྱ་ཡུལ་དང་ཐོག་ས་ཆགས་ས་རྒུལ་ཟེར་རྦད་དེ་ང་ཚོས་བྱས་པ་ཡིན་ན་ད་ས་ཆགས་ས་རྡུལ།
- བཅའ་འདྲི་བྱ་ཡུལ་བསམ་ཡས་ས་དང་པོར། ས་བྱིན་གྱིས་རློབ་ཡས་ཟེར་གྱི་ཡོད་རེད་ལ་ད།
- བཅའ་འདྲི་བྱ་ཡུལ་བསམ་ཡས་བཞེངས་དུས་ས་བྱིན་གྱིས་རློབ་དུས་ཙ་ན། གང་བྱས་མིན་གྱི་ས་ཆགས་ས་རྡུལ་ཟེར་ཡས་ཀྱི་བྲོ་གཅིག
- བཅའ་འདྲི་བྱ་ཡུལ་དེ་ནས་རྩིག་རྨང་འདིང་དུས། གང་བྱས་མིན་རྦད་དེ་རེ་རེ་བྱས་ཏེ་བྲོ་སྣ་བཅོ་བརྒྱད་བྱས་ཏེ།
- བཅའ་འདྲི་བྱ་ཡུལ་ཨ་ནི་ཞུག་ལ་ཚར་ནི་ཨ་ནི་རྦ་དེ་ཕོ་རོག་རྡོ་རྗེ་གྲོས་ཟེར་ཡས་དེ་ཚོ་ཕོ་རོག་ཤ་སྟག་གིས་གྲིབ།
- བཅའ་འདྲི་བྱ་ཡུལ་ཚང་ནས་གོང་ལའི་སྒང་ལ་བསྡད་པ་དང་། དེ་ནས་བརྟེན་བྲེལ་བྱས་པ་དང་ཨ་ནི་ཞུག་ཞུག་དེ་ལ།
- བཅའ་འདྲི་བྱ་ཡུལ་ཆ་ཚང་ཅིག་ཁོས་བྲོའི་ནང་ནས་ཁོ་རང་གི་ཆར་གཞི་ཁོ་རང་ཡོད་རེད་ལ་ད།
- བཅའ་འདྲི་བྱ་ཡུལ་བྱས་ཙང་བྲོ་སྣ་བཅོ་བརྒྱད་དེའི་ནང་ལ་བསམ་ཡས་ཀྱི་ད།
- བཅའ་འདྲི་བྱ་ཡུལ་བཞེངས་པའི་ལོ་རྒྱུས་རབ་ཟེར་བྲིས་ཡོད་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་བྱས་ཙང་གྲྭ་ནང་གི་བྲོ་དེ་ཁོ་སྐད་གྲགས་ཀྱང་ཞེད་ཅིག་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ཁོ་དེ་ཁོ་རང་ཡང་རྦད་དེ་མི་འདྲ་བ་ཅིག་ཡོད་རེད་ལ། ཁོ་རའི་གཅིག་ནས་མགོ་གཡུག་ཡས་དེ་མི་འདྲ་བ་ཅིག་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་གཉིས་ནས་གཞས་ཚིག་མི་འདྲ་བ་ཅིག་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་གསུམ་ནས་བྲོ་སྣ་བཅོ་བརྒྱད་གང་ལ་སྟངས་སྟབས་རྦད་དེ་གཅིག་པ་མ་རེད་ལ།
- བཅའ་འདྲི་བྱ་ཡུལ་དེ་འདྲའི་ཡང་གྲྭ་ནང་གི་བྲོ་སེ་སྐད་གྲགས་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ད་དེང་སང་བྲོ་མང་ཆེ་བ་ཁྲག་མགོ་དང་ལྷོ་ཁའི་བྲོ་རྒྱབ་ཟེར་དུས་ཁྲག་མགོ་དང་ཨ་འདྲས་ཀྱིས་རྒྱག་གི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་དེའི་རྒྱུ་མཚན་གང་རེད་ཟེར་ན། གཞོན་པ་དང་མང་ཆེ་བ་ཡར་ནས་འགྲོ་གི་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་ད་ང་ཚོའི་གྲྭ་ནང་གི་རྒན་གོན་ཞེ་དྲག་བཞུགས་ཡོད་མ་རེད་ལ།
- བཅའ་འདྲི་བྱ་ཡུལ་གལ་སྲིད་རྒན་གོན་དེ་ཚོ་བཞུགས་ནའང་།
- བཅའ་འདྲི་བྱ་ཡུལ་ལྷ་ས་དང་དེ་ཕར་ཞེད་དྲག་ཐད་བྱེད་ཐུབ་ཡས་ཡོད་མ་རེད་པ་ལ། ཨོ་དེ་འདྲ་རེད་ལ།
- བཅའ་འདྲི་བ་ཨ་ནི་ད་ལྟ་དེའི་བསམ་ཡས་ཀྱི་རྒན་ལགས་ཀྱིས་བསམ་ཡས་གསུངས་གནང་སོང་ང་ལ།
- བཅའ་འདྲི་བ་སྔ་མོ་ནས་བསམ་ཡས་དང་ཆུ་བྱང་ངོ་ཕྱོགས་དེ་ཀས།
- བཅའ་འདྲི་བ་དཔེ་ཆ་བཞགས་ན་བསམ་ཡས་དགོན་པ་ཡིན་ནའང་རེད་ཆུ་བྱང་ངོ་ཕྱོགས་ཏེ།
- བཅའ་འདྲི་བ་ད་ཨོ་རྒྱན་རིན་པོ་ཆེ་ཡི་དེའི་ཨོའོ་གསང་ཡུམ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་
- བཅའ་འདྲི་བ་དེ་བྲག་གཡང་རྫོང་ལ་བསྡད་ཀྱི་ཡོད་རེད་པ་ལ།
- བཅའ་འདྲི་བ་ད་དེའི་རྒྱུད་དེ་པ་ལ་སྔོན་མ་གྲྭ་ནང་གི་ཁོང་བརྩི་གི་རེད་དེ་གང་འདྲ་ཡིན་ནམ་ལ།
- བཅའ་འདྲི་བྱ་ཡུལ་ད་དེ། དེ་འདྲ་རེད་ལ།
- བཅའ་འདྲི་བྱ་ཡུལ་སྔ་མོ་སྔ་མོ་བྱས་ན་བསམ་ཡས་དེང་སང་བྱས་ན་གྲྭ་ནང་གི་ཁོང་རེད་ལ།
- བཅའ་འདྲི་བྱ་ཡུལ་སྔོན་མ་བྱས་ན་བསམ་ཡས་རྫོང་ཟེར་ཡས་ཅིག་ཡོད་རེད་ལ། ཨོའོ་དེང་སང་གི་ད་ལྟ་དངོས་གནས་བྱས་ན།
- བཅའ་འདྲི་བྱ་ཡུལ་སྔོན་མ་རྫོང་ཡོད་ས་ཚང་མ་མང་ཆེ་བ་ལ་དེང་སང་རྫོང་ཡོད་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་ཡིན་ནའང་ཁ་ཅིག་ལ་ཡོད་མ་རེད་ལ།
- བཅའ་འདྲི་བྱ་ཡུལ་དེ་བོད་ཡོངས་ལ་དེ་འདྲ་ཅིག་རེད་ལ། དཔེར་ན་ང་ཚོའི་ལྷོ་ཁ་ལ་ཆ་བཞགས་ན།
- བཅའ་འདྲི་བྱ་ཡུལ་བསམ་ཡས་རྫོང་ཡོད་ས་དེ་ལ་དེང་སང་བསམ་ཡས་ཤན་སེ་ཡོད་མ་རེད་ལ། གྲྭ་ནང་གི་ཁོང་ལ་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་དེ་ཀ་ནང་བཞིན་ཟངས་རི་མར་ཀའི་བཟང་རི་རྫོང་འོལ་ཀ་རྫོང་ཟེར་ཡས་ཅིག་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ཡང་ཟངས་རི་ཤན་སེ་ཡོད་མ་རེད་ལ། དེ་ཀ་ནང་བཞིན་སྔོན་མ་རྫོང་བཅོ་བརྒྱད་སེ་ཡོད་ན།
- བཅའ་འདྲི་བྱ་ཡུལ་དེང་སང་བཅུ་གཉིས་སེ་ཆགས་བསྡད་ཡོད་རེད་ལ།ལྷོ་ཁའི་ངོས་ནས་བཤད་ན་དེ་ཀ་ནང་བཞིན།
- བཅའ་འདྲི་བྱ་ཡུལ་བོད་ཀྱི་ཁོ་རང་ལ་ཁོ་མི་སྐབས་དེའི་རྫོང་གང་ཀ་ལ་དེ་ཡོད་མ་རེད་ལ།
- བཅའ་འདྲི་བྱ་ཡུལ་སྐབས་དེ་དུས་བྱས་ན་བསམ་ཡས་ཟེར་ཡས་དེ་ཁོ་སྲིད་འཛིན་གང་ནས་ཆ་བཞག་ནའང་གྲྭ་ནང་རྫོང་གི་ཁོང་མ་རེད་ལ།
- བཅའ་འདྲི་བྱ་ཡུལ་བསམ་ཡས་རང་ལ་བསམ་ཡས་རྫོང་ཅིག་ཡོད་རེད་ལ། ད་དགོན་པ་ནི་དགོན་པ་རང་།
- བཅའ་འདྲི་བྱ་ཡུལ་ཡང་ཁོ་དགོན་པ་ཟེར་ཡས་དེ་ཡང་ཁོ།གཞུང་གི་དགོན་པ་དང་དེ་འདྲ་སྔོན་མ་ནས་ཅིག་ཡོད་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་གཞུང་གི་དགོན་པ་དང་དེ་འདྲ་ཡིན་པ་ཡིན་ན་རྫོང་དེའི་འོག་ལ་ཡིན་ན་ཡང་སོ་སོ་ཁྲལ་འུ་རང་འཇལ་བྱས་ན་
- བཅའ་འདྲི་བྱ་ཡུལ་ཡང་སོ་སོ་རྫོང་འོག་ལ་འདུས་དགོས་མ་རེད་པ་ལ། དེ་འདྲ་ཅིག་རེད་ལ།
- བཅའ་འདྲི་བྱ་ཡུལ་བསམ་ཡས་རང་གི་དགོན་པ་བྱས་ན།
- བཅའ་འདྲི་བྱ་ཡུལ་ད་མི་བསམ་ཡས་རྫོང་འོག་ལའང་འདུས་མི་དགོས་པའི་བཟོ་འདྲ་ཅིག་ཆགས་བསྡད་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ད་ཁོ་ལོ་རྒྱུས་རིམ་བྱུང་གི་གང་ནས་སྐད་གྲགས་ཆེན་པོ་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་ལྷག་པར་དུ་བསམ་ཡས་དགོན་པ་དེ་ད་ཚང་མས་མཁྱེན་གྱི་རེད།
- བཅའ་འདྲི་བྱ་ཡུལ་ཁོ་བོད་ཀྱི་དགོན་པ་དང་པོ།
- བཅའ་འདྲི་བྱ་ཡུལ་བོད་ཀྱི་ད་དང་པོ་གསུམ་ཟེར་ཡས་ཅིག་ཁ་གཏུགས་ལ་བཤད་ཆོག་གི་རེད་ལ།
- བཅའ་འདྲི་བྱ་ཡུལ་བོད་ཀྱི་དགོན་པ་དང་པོ་ཡིན་པ་དེ། དགོན་པ་དང་པོ་ཟེར་ཡས་དེ་རེད་ད།
- བཅའ་འདྲི་བྱ་ཡུལ་སངས་རྒྱས་ཆོས་དགེ་འདུན་གང་ཀ་ཚང་པའི་དགོན་པ་དེ་དང་པོ་དེ་ཡིན།
- བཅའ་འདྲི་བྱ་ཡུལ་བོད་ཀྱི་ད་ཨོའོ་སློབ་གྲྭ་བ་ད་གྲྭ་པ་དགེ་འདུན་རེད་པ་ལ། དགེ་འདུན་གྲྭ་པ་དང་པོ།
- བཅའ་འདྲི་བྱ་ཡུལ་དགེ་འདུན་དང་པོ་བཟོ་གནང་ཡས། སད་མི་བདུན་རབ་ཏུ་བྱུང་གནང་པ་རེ་ད་པ་ལ།
- བཅའ་འདྲི་བྱ་ཡུལ་ད་སད་མི་བདུན་རབ་ཏུ་བྱུང་པ་དེ་ང་རང་གི་ལྟ་སྟང་ངོས་ནས་བཤད་པ་ཡིན་ན།
- བཅའ་འདྲི་བྱ་ཡུལ་དེ་ཕར་བཞག་ནས་སྐབས་དེ་དུས་སློབ་གྲྭ་རེད་སེ་བཤད་ནའང་བཤད་ཆོག་གི་རེད་སེ།
- བཅའ་འདྲི་བྱ་ཡུལ་དེ་དུས་སློབ་གྲྭ་དམིགས་བསལ་ཟེར་ཡོད་མ་རེད་ལ། གཅིག་ནས་དགེ་འདུན་དང་པོ་རེད་ལ།
- བཅའ་འདྲི་བྱ་ཡུལ་གཉིས་ནས་སློབ་གྲྭ་བའི་བཟོ་ར་ཅིག་ཆགས་པ་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་སློབ་གྲྭ་དང་པོའི་བཟོ་འདྲ་ཅིག་བརྩི་ཆོག་གི་རེད་པ་ལ། ད་དེ་མ་བརྩིས་པར་ཆ་བཞག་ནའང་།
- བཅའ་འདྲི་བྱ་ཡུལ་དང་པོ་གཉིས་བྱུང་སོང་ང་ལ། དེ་ནས་བོད་ཀྱི་རྙིང་མའི་ཆོས་ལུགས།
- བཅའ་འདྲི་བྱ་ཡུལ་ང་ཚོ་བོད་ལ་དར་བའི་རྙིང་མའི་ཆོས་ལུགས་འདུག་ཀ་ལ།
- བཅའ་འདྲི་བྱ་ཡུལ་བོད་ཀྱི་རྙིང་མའི་བོད་ཀྱི་ཆོས་ལུགས་རང་།
- བཅའ་འདྲི་བྱ་ཡུལ་དང་པོ་རྙིང་མའི་ཆོས་ལུགས་བཟོ་ར་ཅིག་ཆགས་ཀྱི་ཡོད་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་རྙིང་མའི་ཆོས་ལུགས་དང་པོ་དར་ས་དེ་བསམ་ཡས་རང་རེད་ལ།
- བཅའ་འདྲི་བྱ་ཡུལ་བྱས་ཙང་བསམ་ཡས་དགོན་པའི་གཞན་དག་གི་ད་བཀོད་པ་དང་དེ་འདྲ་ཕར་བཞག་བྱས།
- བཅའ་འདྲི་བྱ་ཡུལ་ཁོ་རང་རང་ལ་དང་པོ་ཁོ་རང་ལ་ཨེ་འདྲ་ཅིག་གི་གསུམ་ཡོད་རེད་ལ། བསམ་ཡས་ལ།
- བཅའ་འདྲི་བྱ་ཡུལ་ད་བསམ་ཡས་རང་ལ་ཞེ་དྲག་མ་ཞུས་པ་བྱས། ད་ལྟ་གསུང་པ་ནང་བཞིན་བྱས་ཞུས་པ་ཡིན་ན།
- བཅའ་འདྲི་བྱ་ཡུལ་བསམ་ཡས་ནས་འདུག་སེ་ཡར་ཁ་གཏད་བྱས་ཆུ་བྱང་གི་འདུག་ཀ་ལ་བསམ་ཡས་ད་ཡིན་དང་ཡིན།
- བཅའ་འདྲི་བྱ་ཡུལ་བསམ་ཡས་ཀྱི་ད་གཡས་གཡོན་གང་ཀ་བརྩིས་པ་ཡིན་ན།
- བཅའ་འདྲི་བྱ་ཡུལ་ཡར་ཕྱིན་པ་ཡིན་ན། གཡའ་མ་ལུང་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་གཡའ་མ་ལུང་ནི་གུ་རུ་རིན་པོ་ཆེས་རྦད་དེ་ཡར་གི་ལ་གྲུབ་པ་ཤ་སྟག་བརྒྱབ་གནང་ས་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་བསམ་ཡས་མཆིམ་ཕུ་ནི། བསམ་ཡས་མཆིམ་ཕུ་ཟེར་ཡས་དེ་རྦད་དེ།
- བཅའ་འདྲི་བྱ་ཡུལ་ད་སྐད་གྲགས་ཡོད་པ་དེ་འདྲའི། ད་ཨོའོ། བསམ་ཡས་དགོན་པ་ནང་བཞིན།
- བཅའ་འདྲི་བྱ་ཡུལ་དཔེར་ན་ལྷ་ས་ལ་ཆ་བཞག་ན། ལྷ་སའི་གཙུག་ལག་ཁང་དང་བྲག་ཡེར་པ་ཟེར་ཡས་དེ་ཀ་ནང་བཞིན།
- བཅའ་འདྲི་བྱ་ཡུལ་ཁོ་རང་འང་ད་དགོན་པ་ནང་བཞིན་བྲལ་ཐབས་མེད་པའི་བསམ་ཡས་མཆིམ་ཕུ་ཞིག་རེད་ལ།
- བཅའ་འདྲི་བྱ་ཡུལ་མཆིམ་ཕུའི་དེའི་ནང་ལ་གང་རེད་ཟེར་ན། རྗེ་འབངས་ཉེར་ལྔ།
- བཅའ་འདྲི་བྱ་ཡུལ་རྙིང་མའི་རྗེ་འབངས་ཉེར་ལྔ་ཅིག་ཡོད་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་གྲུབ་པ་ཐོབ་པའི་རྗེ་འབངས་ཉེར་ལྔའི་གང་ཀའི་གྲུབ་ཕུག་ཡོད་རེ་ལ། གྲུབ་ཕུག
- བཅའ་འདྲི་བྱ་ཡུལ་ལྷག་པར་དུ་གུ་རུ་རིན་པོ་ཆེ་རྒྱུན་རིང་པོ་ཞུགས། དེ་འདྲ་ཡི་རང་བྱུང་ཁྱད་དུ་འཕགས་པ།
- བཅའ་འདྲི་བྱ་ཡུལ་མཆིམ་ཕུའི་གཞོག་འདི་ངོ་ཕྱོགས་དེ་ལ་ཡོད་རེད་ལ། དེ་ནས་ཡར་ཁ་གཏད་ཕྱིན་ན་གཡའ་མ་ལུང་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ཡོད་ད་ཞེད་དྲག་ཡོད་རེད་དེ། གཞོག་ཤར་ངོ་ཕྱོགས་ལ་ཚུར་འོང་ན། བསམ་ཡས་ཧས་བུ་རི་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་རྒྱབ་དེ་ལ་སྐར་ཆུང་ལྷ་ཁང་ཡོད་རེད་ལ། དེ་ནས་ཡར།
- བཅའ་འདྲི་བྱ་ཡུལ་ཕར་ཁ་གཏད་པ་རེད་ཅིག་བྱས་པ་ཡིན་ན་དེ་ནི་ཟུང་དཀར་ཟེར་ཡས་ད་གིན་ངས་གྲུ་ས་ཅིག་ཡོད་ས་དེ་ལ།
- བཅའ་འདྲི་བྱ་ཡུལ་ཟུང་དཀར་མདོའི་མཆོད་རྟེན་དེ་དག་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ད་ཟུང་དཀར་མདོའི་མཆོད་རྟེན་ཡོད་ས་དེ་ནས་ཡར་ཁ་གཏད་ཕྱིན་པ་ཡིན་ན། ཨ་ནི་དེ་ནས་ཡར།
- བཅའ་འདྲི་བྱ་ཡུལ་དེ་ནས་ཡར་བྲག་ངོ་ཕྱོགས་ལ་ཡར་ཕྱིན་བྱས།
- བཅའ་འདྲི་བྱ་ཡུལ་ད་ལྟ་རྒན་ལགས་ཀྱིས་གསུངས་པའི་ཡར་ཕར་བྲག་ངོ་ཕྱོགས་ལ་སླེབས་ཀྱི་རེད་ལ།
- བཅའ་འདྲི་བྱ་ཡུལ་བྲག་ངོ་ཕྱོགས་ལ་སླེབས་ན། བྲག་གི་མདའ་དེ་ལ་བྲག་མདར།
- བཅའ་འདྲི་བྱ་ཡུལ་མཚོ་ཁའི་ད་ལྟ་ཨོ་རྒྱན་རིན་པོ་ཆེ་ཡི་གསང་ཡུམ།
- བཅའ་འདྲི་བྱ་ཡུལ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ད་ལྟ་དེའི་མཚོ་བླ་མཚོ་ཅིག་ཡོད་རེད་པ་ལ། འོ་དེ། འོ་དེ་ལ་ལ་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་མཚོ་ཁའི་བླ་མཚོ་ཟེར་ཡས་དེ། དེ་ནས་ཡར་ཡར་ཕྱིན་བྱས་ད་ཡར་གིའི་བྲག་གི་གནས་ཚུལ་ཆུང་ཆུང་དེ་ཚོ་མ་བཤད་པ་བྱས།
- བཅའ་འདྲི་བྱ་ཡུལ་རྔ་སྒྲ་དགོན་པ་ཡོད་རེད་ལ། དེ་ཀ་ནང་བཞིན་དགོན་པ་གཞན་དག་ཀྱང་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ཨ་ནིའི་དགོན་པ་དང་དེ་འདྲ་ཡོད་རེད་པ་ལ། ཚར་གསེབ་དང་དེ་ཚོ།
- བཅའ་འདྲི་བྱ་ཡུལ་དེ་མ་ཕུད་ནའང་བྲག་གི་ཕུ་དེ་ལ་སྐད་གྲགས་ཡོད་རེད་ལ། བྲག་གཡང་རྫོང་དང་རྫོང་སྐུ་འབུམ།
- བཅའ་འདྲི་བྱ་ཡུལ་ད་དེ་གཉིས་ཁྱོན་ནི་བོད་ཁོ་རང་ལ་ཧ་ལམ་མེད་པའི་བཟོ་ར་ཅིག ད་བྲག་ཕུག
- བཅའ་འདྲི་བྱ་ཡུལ་བྲག་ཕུག་ནང་ནས་རང་བྱུང་གི་ཁྱད་དུ་འཕགས་པ། རྦད་དེ་བྲག་ཡང་རྫོང་དང་རྫོང་སྐུ་འབུམ་ཟེར་ད།
- བཅའ་འདྲི་བྱ་ཡུལ་རྫོང་སྐུ་འབུམ་ཟེར་ཡས་དེ་སྐུ་འབུམ་ཅིག་ཟེར་གྱི་ཡོད་རེད་ལ། བྲག་ཡང་རྫོང་ཡང་ནས་ཡང་དུ་རྫོང་དང་།
- བཅའ་འདྲི་བྱ་ཡུལ་གནས་སྒོ་གསར་པ་རིག་འཛིན་རྒོད་ཀྱི་འགྲིམ་ར་བཅས་ཀྱི་གནས་སྒོ་དང་།
- བཅའ་འདྲི་བྱ་ཡུལ་ད་དེའི་ནང་ལོག་ལ་སངས་རྒྱས་སྟོང་གི་ལྷུང་ཟེད་དང་། ད་རང་བྱུང་གི་རྦད་དེ།
- བཅའ་འདྲི་བྱ་ཡུལ་འགྲེལ་བཤད་བརྒྱབ་ནི་བརྒྱབ་ཚར་ཡས་དང་དེ་ཞེད་པོ་ཡོད་མ་རེད་ལ།
- བཅའ་འདྲི་བྱ་ཡུལ་ད་དེང་སང་རྦད་དེ་མི་ཚང་མ་ལོག་འགྲོ་མཁན་ཁོ་རང་།
- བཅའ་འདྲི་བྱ་ཡུལ་ད་ནིང་དང་གཞེས་ནིང་དེ་པ་ལ་ང་ཚོས་ཀྱང་ཕྱིན་པ་ཡིན་ལ།
- བཅའ་འདྲི་བྱ་ཡུལ་རྦད་དེ་འགྲོ་མཁན་ཁོ་རང་མང་དུ་ཕྱིན་བྱས། སྔོན་མ་ཡིན་ད་འགྲོ་མཁན་དེ་གང་རེད་ཟེར་ན།
- བཅའ་འདྲི་བྱ་ཡུལ་སྔོན་ལ་ཡུམ་བླ་མཁར་ལ་འགྲོ་མཁན་ཟེར་ཡས་དང་ནས་ཚ་ལ་འགྲོ་མཁན་ཟེར་ཡས་དང་།
- བཅའ་འདྲི་བྱ་ཡུལ་གཞིས་ཀ་རྩེ་འགྲོ་ཡས་ཡིན་ཟེར་ཡས་མང་པོ་ཞེད་ཅིག་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་ད་དེང་སང་རྦད་དེ་དཀའ་ལས་བརྒྱབ་ཏེ། རྦད་ཕར་གི་ལ་ད་ལྟ་སྒོམ་པ་བརྒྱབ་ཏེ་འགྲོ་དགོས་རེད་ལ།
- བཅའ་འདྲི་བྱ་ཡུལ་འགྲོ་དགོས་རེད་དེའི་རྦད་དེ་འགྲོ་མཁན་ཁོ་རང་ཆད་ཡས་ཁོ་རང་ཡོད་མ་རེད་ལ། ཁོ།
- བཅའ་འདྲི་བྱ་ཡུལ་ཁོའི་ནང་ལོག་དེ་རྦད་དེ་དེ་རེད་ལ།
- བཅའ་འདྲི་བྱ་ཡུལ་མི་ཡིས་བཟོས་བཞག་པ་དེ་འདྲ་གཅིག་ཀྱང་ཡོད་མ་རེད་ལ།རང་བྱུང་གི་ད་གནས་ཕྱོགས་རེད་པ་ལ།
- བཅའ་འདྲི་བྱ་ཡུལ་ཨ་ནི་གཅིག་ནས་ནང་ལོག་ལ་དད་སེམས་དང་། ལྟ་བསྐོར་བྱེད་ཡས་ཡོད་པ།
- བཅའ་འདྲི་བྱ་ཡུལ་ཡུལ་སྐོར་སྤྲོ་ཆམ་ལ་ཕྱིན་ནའང་བྱེད་ཡས་ཡོད་པ། ཕྱི་ལོག་ལ་ཆ་བཞག་ན་རྦད་དེ་དབེན་པ་ཡིན་པ།
- བཅའ་འདྲི་བྱ་ཡུལ་དབེན་ཞིང་ལྷིང་བ། ཨ་ནི་ཤིང་ནགས་དང་དེ་ཚོ་ཆུ་དེ་ཚོ་གཙང་མ།
- བཅའ་འདྲི་བྱ་ཡུལ་ཤིང་དེ་ཚོ་ཡག་པོ་མཁའ་རླུང་གཙང་མ། ཨ་ནི་རྦད་དེ་བྱ་དང་དེ་ཚོ།
- བཅའ་འདྲི་བྱ་ཡུལ་འདབ་ཆགས་དང་དེ་ཚོ་རྦད་དེ་རང་བྱུང་ཐུན་མོང་མ་ཡིན་པ།
- བཅའ་འདྲི་བྱ་ཡུལ་ཁ་ཤས་རྦད་དེ་མིའི་ས་ལ་བབ་མཁན་གྱི་འདབ་ཆགས་དང་། མིའི་མེ་ཏོག་དང་དེ་འདྲ་མང་པོ་ཡོད་རེད་ལ།
- བཅའ་འདྲི་བྱ་ཡུལ་བྱས་ཙང་ཁོ་རྦད་དེ་སྐྱིད་པོ་ཞེད་ཅི་བྱས་བྱས།
- བཅའ་འདྲི་བྱ་ཡུལ་དངོས་གནས་དབེན་པའི་གནས་ཁྱད་དུ་འཕགས་པ་དེ་འདྲ་རེད་ལ།