Skip to main content Skip to search
31 Jan 2012
25 min 10 sec
Video Overview
Creators: 
Columbia University, Tibetan Academy of Social Sciences, Tibet University, University of Virginia

Interview with the senior lama of this Gyemen-area monastery, up-valley from Chongyé, Dekyi Park, and Pünrap Manor. 

Transcript search
No results found for this search
0 of 0
  • བཅའ་འདྲི་ཞུ་ཡུལ་
    ༡༠༡༢ལ་དམིགས་བསལ་བྱས་ཁོང་འདྲ་འཁྲུངས་པ་བྱས། ད་དེ་ནས་དེ་དགོན་པ་ཕྱག་འདེབས་ཡས་དེ་དྲུག་ཅུ།
  • བཅའ་འདྲི་ཞུ་ཡུལ་
    ཆིག་སྟོང་བརྒྱ་མེད་དྲུག་ཅུ། ཆིག་སྟོང་བརྒྱ་མེད་དྲུག་ཅུ་རེ་ལྔ། རེ་ལྔ་ལོ་ལ་དེ་ནི་དགོན་པ་ཕྱག་བཏབ་པ་ཡིན་པ།
  • བཅའ་འདྲི་ཞུ་ཡུལ་
    དགོན་པ་ཕྱག་བཏབ་པ་བྱས། ད་དེའི་སྐབས་ལ་དགེ་འདུན་ག་ཚད་ཡོད་རེད་པས་ཟེར་ན། དགེ་འདུན། ཨའ།
  • བཅའ་འདྲི་ཞུ་ཡུལ་
    ཕྱག་བཏབ་ནས་བཀའ་གདམས་པའི་དགོན་པ་བྱས་ནས་དགེ་འདུན་ལྔ་བརྒྱ་ཙམ་ཞིག་ཡོད་པོའོ།
  • བཅའ་འདྲི་ཞུ་ཡུལ་
    དགེ་འདུན་ལྔ་བརྒྱ་ཙམ་ཞིག བཀའ་གདམས་པའི་དགོན་པ་ཕྱག་བཏབ། དེ་ནས་ཕྱག་བཏབ་གནང་འདུག་ཟེ་བྱས།
  • བཅའ་འདྲི་ཞུ་ཡུལ་
    དེ་ནི་དེ་ནས་དེ་དེ་གང་ཟེར། རྟེན་གཙོ་དེ་གང་ཡིན་ཟེར་ན། ཨོང་།
  • བཅའ་འདྲི་ཞུ་ཡུལ་
    རིག་འཛིན་ཟླ་བ་སྨན་བླ་བདེ་གཤེགས་རྒྱལ་པོ། རིན་ཆེན་ཟླ་བ་དེ་རྟེན་གཙོ་ཡིན།
  • བཅའ་འདྲི་ཞུ་ཡུལ་
    དགོན་པའི་རྟེན་གཙོ་དེ། འདུག་ཟེར་བྱས། ད་དེ་ནས་དེ་ནི་གང་ཟེར་ན།
  • བཅའ་འདྲི་ཞུ་ཡུལ་
    རིན་ཆེན་ཟླ་བ་རྟེན་གཙོ་འདུག་བྱས། ད་དེ་ནས། ད་དེ་ནས།
  • བཅའ་འདྲི་ཞུ་ཡུལ་
    བཀའ་གདམས་པའི་དགོན་པ་ཡང་ཕར་ཁོ་རའི་གིས་ཉམས་ཞིག་སུ་ཕྱིན་ནས་དེ་ནི་ཕར་བར་ལམ་ཡང་
  • བཅའ་འདྲི་ཞུ་ཡུལ་
    དེ་གང་ཟེར་ཀས། དེ་ཆགས་བཞག སྨན་ལུགས་ཀྱི་ཆོས་ཁ་གཅིག་ཆགས་བཞག
  • བཅའ་འདྲི་ཞུ་ཡུལ་
    བཀའ་གདམས་པའི་དགོན་པ་དེ་ཉམས་ཞིག་ལ་ཕྱིན་བྱས། དེ་ནས་བར་ལམ་ལ་སྨན་ལུགས་ཀྱི་ཆོས་ཁ་གཅིག
  • བཅའ་འདྲི་ཞུ་ཡུལ་
    སྨན་ལུགས་ཀྱི་ཆོས་ཁ་དེ་ཆགས། ད་དེ་ནས་དེའི་སྐབས་དེ་ལ་ད། སྨན་ལུགས་ཀྱི་ཆོས་ཁ་ཆགས་ནས་ལོ།
  • བཅའ་འདྲི་ཞུ་ཡུལ་
    ལོ་ཤས་གཅིག་ཡང་ཕར་འདུག་ཟེ་བྱུང་ཞག དེ་བྱུང་ནས་དེ་ནི་དེའི་མཇུག་ལ་དེ་ནི་དེ་གང་ཟེར།
  • བཅའ་འདྲི་ཞུ་ཡུལ་
    དགེ་ལུགས་པའི་དགོན་པ་དངོས་སུ་ཚུར་ཤར་བྱས། དགེ་ལུགས་པའི་དགོན་པ་ཚུར་ཆགས་ནས་དེ་ནི་དེའི་སྐབས་ལ།
  • བཅའ་འདྲི་ཞུ་ཡུལ་
    དེ་ལ་དེ་ནུའུ་ཀ། དགེ་འདུན་པ་ག་ཚོད་ཡོད་པ་ཟེར་ན། དགེ་འདུན་པ་དེ་ནུའུ་ཀ། བརྒྱ་དང་ལྷག་ཙམ་ཅིག་ཡོད་རེད།
  • བཅའ་འདྲི་ཞུ་ཡུལ་
    དགོན་པ་གསར་རྒྱག་གནང་ནས།
  • བཅའ་འདྲི་ཞུ་ཡུལ་
    དེ་ནི་ཨོ་དེ་ཨའི་སྐབས་དེ་ནས་དེ་ནི་དགེ་ལུགས་པའི་དགོན་པ་ཆགས་ནས་དེ་ནི་
  • བཅའ་འདྲི་ཞུ་ཡུལ་
    མཆོད་སྡོང་རང་སྒོ་བཙན་དང་དེ་དེ། གང་ཟེར་ཀས། གྲྭ་ཚང་གིས་ད་མཉམ་པོ་ཐུགས་ཁུར་གནང་ནི་ཀའ། དེ་ལ་ཨོང་།
  • བཅའ་འདྲི་ཞུ་ཡུལ་
    བོད་ས་གནས་སྲིད་གཞུང་ལ་ཕར་ལ་སྙན་གསེང་གནང་བྱས། དེ་རུ་ཡར། གཙང་པོའི་མདུན་དེ་རུ།
  • བཅའ་འདྲི་ཞུ་ཡུལ་
    སྙན་ལུང་དེ་ནས་ཡར་གཙང་པོའི་ཁྲིས་དེ་རུ་བསྒྱུར་བྱས།
  • བཅའ་འདྲི་ཞུ་ཡུལ་
    དེ་ནི་གྲྭ་པ་དེ་ཀྱིས་དེ་སྡོམ་གཙང་བཟོས། ཨོ་འདུག་ཟེར་གནང་བཞག དེ་ཡིན་ཟའ། ད་དེ་ནས་གང་ཡིན་ཟེར་ན།
  • བཅའ་འདྲི་ཞུ་ཡུལ་
    དགོན་པ། དགོན་པའི་མཚན་ལ་སྤྱན་གཡས་སྤྱན་གཡས་ཞུ་དགོས་ཡས་དེ་གང་ཡིན་ཟེར་ན།
  • བཅའ་འདྲི་ཞུ་ཡུལ་
    བཅོམ་ལྡན་འདས་ཉན་ཐོས་ཆོས་སྒྲ་ཕུའུ་སྤྱན་གཡས་པ་དེ། བཅོམ་ལྡན་འདས་ཀྱི་ཉན་ཐོས་སེ་ར་ཕུག་ཡོད་རེད་པའ།
  • བཅའ་འདྲི་ཞུ་ཡུལ་
    ཨོ་དེའི་དེ་དེ་གང་ཟེར་ན་སྤྱན་གཡས་པ་དེ་ཡ་གའི་གདུང་རྟེན། རྒྱ་གར་ཤར་རིའི་གདུང་རྟེན་ནང་དེ་རུ།
  • བཅའ་འདྲི་ཞུ་ཡུལ་
    དངོས་སུ་ཁོ་རུ་བཞུགས་ཡོག་རེད། དངོས་སུ་བཞུགས་ཡོག་རེད། ད་དེ་ག་རེ་རེད་པས་ཟེར་ན།
  • བཅའ་འདྲི་ཞུ་ཡུལ་
    དེ་དངོས་སུ་བྱུང་ནས་དེ་ནི་སྤྱན་གཡས་སྤྱན་གཡས་ཟེར་དགོན་པའི་མཚན་སྤྱན་གཡས་ཟེར་ཐོགས་
  • བཅའ་འདྲི་ཞུ་ཡུལ་
    དགོས་ཡས་དེ་རྒྱུ་མཚན་ཨོ་འདུག་ཟེར་བྱས་ཨིན་༼ཡིན།༽། འདུག་ཟེར་ཡིན། ད་དེ་ནས་དེ་ནི།
  • བཅའ་འདྲི་ཞུ་ཡུལ་
    དེ་བྱས་ནས་རིག་གནས་གསར་རྗེའི་སྐབས་ནས་དེ་ནི་ཕར་ཐོར་གཤིགས་དེ་ཕྱིན།
  • བཅའ་འདྲི་ཞུ་ཡུལ་
    སྤྱན་གཡས་པ་དེ་ཐོར་གཤིགས་ཕྱིན་བྱས་ད་ཞག་དུས་ལ་ད། སྤྱན་གཡས་པ་དེ་བསྡད་མེད་པ་བྱས།
  • བཅའ་འདྲི་ཞུ་ཡུལ་
    འདུག་ཟེར་ཨིན། ད་དེ་དེང་སྐབས་ཀྱི་དུས་སུ་ད། དགེ་འདུན་ཟ་གྲངས་ག་ཚོད་ཡོད་རེད་པས་ཟེར་ན་དའ།
  • བཅའ་འདྲི་ཞུ་ཡུལ་
    དགེ་འདུན་ནུའུ་རུ་༼འདི་རུ།༽དེ་གནང་མཁན། དགེ་འདུན་ཉི་ཤུ་རྩ་ལྔ་ཙམ་ཞིག་ཡོག་རེད། འདུག་ཟེར་ཨིན།
  • བཅའ་འདྲི་ཞུ་ཡུལ་
    འདུག་ཟེར་ཨིན་ཙང་ད། མདོར་བསྡུས་ར་པོ་གཅིག་གིས་ཕར་ཞུས་པ་ཙམ་མ་གཏོགས་གཞན་ཞེ་དྲགས་ཀྱིས་ད།
  • བཅའ་འདྲི་ཞུ་ཡུལ་
    ཞུ་ཡས་ཀྱི་དེ་ཟེར་མིན་འདུག
  • བཅའ་འདྲི་ཞུ་ཡུལ་
    དེ་དེ་གང་ཟེར་ན་ད། ཨོང་། རྩེ་དེ་སྒོར་སྒོར་བྱས་དའ། ཏའ་ཏའ་ནང་བཞིན་བྱས། རྩེ་དེ་སྒོར་སྒོར་བྱས།
  • བཅའ་འདྲི་ཞུ་ཡུལ་
    ད་དེ་ནས་ཁ་ཆེ་སྐུ་མཆེད་གཉིས་ནོ་རུ་དེ་ནི་ཕེབས་ནས་ཁ་ཆེ་སྐུ་མཆེད་གཉིས་ཀྱིས་དེ་ནི་
  • བཅའ་འདྲི་ཞུ་ཡུལ་
    ལྕགས་རི་དེ་གྲུ་བཞི་བཟོ་བ་གནང་། ད་དེ་རིང་སང་ལྕགས་རི་ཏོག་ཙམ་ཏོག་ཙམ་མ་གཏོགས་བསྡད་ཡོད་མ་རེད།
  • བཅའ་འདྲི་ཞུ་ཡུལ་
    གང་ག་ཐོར་བྱས། ད་རིག་གནས་གསར་བརྗེ་ཚུགས་ནས་དེ་ནི། ཨོ་འདུག་ཟེར་བྱས་ཐོར།
  • བཅའ་འདྲི་བ་
    མཆོད་རྟེན་དེ་ག་རེ་རེད་གསུངས་པ་རེད་ལགས་ད་ལྟ།
  • བཅའ་འདྲི་ཞུ་ཡུལ་
    མཆོད་རྟེན་དེ་དའ། དེ་ཡིན་གསུངས་ཀྱི་འདུག་ག་རེ་ཟའ། ཨོང་། ས་བཅུད་འབུམ་པ། ས་བཅུད་འབུམ་པ།
  • བཅའ་འདྲི་ཞུ་ཡུལ་
    ད་ལུང་པ་ཁོ་རའི་སའི་བཅུད་དེ་མ་ཉམས་པའི་ཀྱི་ཆེད་དུ། ད་བཤད་གྲོས་མང་པོ་འཁེལ་བསྡད་ཡོད་རེད་པའ།
  • བཅའ་འདྲི་ཞུ་ཡུལ་
    ལུང་པའུ་གཞུང་བྱས། ཡི་ནས་མར་ཐད། ཕི་ནས་ཚུར་ཐད། མི་ནས་ཡར་ཐད་བྱས།
  • བཅའ་འདྲི་ཞུ་ཡུལ་
    ས་དྲོད་མ་ཉམས་ཀྱི་ཆེད་དུ་དའ། ལུང་ཚོ་ཁོ་རས་བཞེངས་བྱས་དེ་ནི་ཡ་རུ། མཆོད་རྟེན་ཡ་གི་བཞེངས་པ་ཡིན་ཟེར།
  • བཅའ་འདྲི་ཞུ་ཡུལ་
    སྔོན་མ་ལོ་རྒྱུས་ཐོག་ལ།
  • བཅའ་འདྲི་བ་
    མཆོད་རྟེན་དེ་གའི་མིང་ལ་ག་རེ་ཟེར་ཀྱི་ཡོད་ན་ལགས།
  • བཅའ་འདྲི་ཞུ་ཡུལ་
    དཔལ་འབར་མཆོད་རྟེན། དཔལ་འབར་མཆོད་རྟེན།
  • བཅའ་འདྲི་ཞུ་ཡུལ་
    བྱང་ཆུབ་མཆོད་རྟེན་ཡང་ཟེར་ཀྱིས། བྱང་ཆུབ་མཆོད་རྟེན། མཆོད་རྟེན་ལ།
  • བཅའ་འདྲི་བ་
    དགོན་པའི་ད་ལྟ་དེའི་ལོ་གཅིག་གི་དེ་ཡོད་རེད་པའ་ལགས། ཨོང་ག་རེ་ཟེར་དགོས་རེད་དའ།
  • བཅའ་འདྲི་བ་
    ཆོས་རིམ་ར་དེ་ག་རེ་ག་རེ་ཡོད་ནའ།
  • བཅའ་འདྲི་ཞུ་ཡུལ་
    ལའོ་ལགས།
  • བཅའ་འདྲི་ཞུ་ཡུལ་
    ཨ་ལས་ཆོས་ག་ཚུགས་ཡས་དེ་ཨས།
  • བཅའ་འདྲི་བ་
    ཨོ་དེ།
  • བཅའ་འདྲི་ཞུ་ཡུལ་
    ཨོང་འོང་། ཆོས་ཁ་ཚུགས་ཡས་དེ་དའ།
  • བཅའ་འདྲི་བ་
    ཨོ་དེ་ངོ་སྤྲོད་གཅིག་གནང་རོགས།
  • བཅའ་འདྲི་ཞུ་ཡུལ་
    ཕ་ནས། ཟླ་བ་དང་པོའི་ནང་ནས། ཞུས་པ་ཡིན་ན། ཟླ་བ་དང་པོའི་ནང་དེ་རུ། འདིའི་མེ་འབྲུག་གི་དེ་གཅིག་གསོལ་ཀྱི་རེད།
  • བཅའ་འདྲི་ཞུ་ཡུལ་
    གྲོང་ཚོ་ཡོད་སའི་ནང་མ་རུ། ལྷ་བུའི། མེ་འབྲུག་ལྷ་བུའི་དམ་ཆོས་གཅིག་ཚུགས།
  • བཅའ་འདྲི་ཞུ་ཡུལ་
    ཨོང་། ད་ལོ་གསར་བཏང་པའི་མཇུག་གི་དེ་ལ་རེད། བོད་ཀྱི་ལོ་གསར་བཏང་བའི་མཇུག་གུ་དེའི་དམ་ཆོས་དེ་ཚུགས།
  • བཅའ་འདྲི་ཞུ་ཡུལ་
    ད་ དེ་ནས་ཟླ་བ་གཉིས་པའི་ནང་དེ་དེ་གཅིག་གནང་དགོས་གང་ཟེར་ན། ད་སྲུང་མའི་དུས་ཆེན་གཅིག
  • བཅའ་འདྲི་ཞུ་ཡུལ་
    ཟླ་གཉིས་པའི་ཚེས་པ་གསུམ་ནས་ད་སྔོན་མ་ཡིན་ན་ཚེས་པ་བཅོ་ལྔ་བར་དུ་ཡོག་རེད།
  • བཅའ་འདྲི་ཞུ་ཡུལ་
    ཚེས་པ་བཅོ་ལྔ་བར་དུ། ད་དེང་སྐབས་ཀྱི་དུས་སུ་ད་ཚེས་པ་བཅུ་ཙམ་མ་གཏོགས་དེ་རིང་སང་ཡོད་མ་རེད།
  • བཅའ་འདྲི་ཞུ་ཡུལ་
    དེ་འདྲས་ཟེར་ཨིན་ཙང་། དེ་ནི་དེའི་སྐབས་དེའི་ཚེས་པ་བརྒྱད་ལ་ཡང་མིན་ན་བརྒྱད་དང་དགུ་ལ་དེ་ཨོང་།
  • བཅའ་འདྲི་ཞུ་ཡུལ་
    འཆམ་གཅིག་རྒྱབ་རྒྱུ་པའ། རྡོ་གཅལ་འདིའི་ནང་ལ། སྲུང་མའི་འཆམ་གཅིག་སྐྱོན།
  • བཅའ་འདྲི་ཞུ་ཡུལ་
    བརྒྱད་ཀྱི་ཉིན་མོ་དེ་འཆམ་གཅིག་སྐྱོན། ད་དེ་ནས་ཕར་དགུའི་ཉིན་མོ་དེ་རྒྱས་ཙམ་གཅིག་གནང་འཆམ།
  • བཅའ་འདྲི་ཞུ་ཡུལ་
    འཆམ་གཅིག་བརྒྱབ་དུས་ཆེན། དེ་ནི་ཉིན་མོ་གསུམ་རིང་སྐོར་དུས་ཆེན་ཡིན་ཟེར་བྱས། ཨོ་དེ་འདྲས་ཟེར་བྱས།
  • བཅའ་འདྲི་ཞུ་ཡུལ་
    འབྲོམ་ཆོས་ཨོ་དེ་ཚུགས་ཀྱི་པའ། ཟླ་བ་དེའི་ནང་ལ། ཨོང་གཉིས་པའི་ནང་ལ་དེ་ཀྱིས་ཚུགས།
  • བཅའ་འདྲི་ཞུ་ཡུལ་
    དའ། གསུམ་པའི་ནང་དེ་ལ་དེ་ནི་དའ། བཀའ་འགྱུར་ལྗགས་ཀློག་ཞུ་གི་རེད།
  • བཅའ་འདྲི་ཞུ་ཡུལ་
    གསུམ་པའི་ཚེས་པ་བརྒྱད་ནས་བཀའ་འགྱུར་ལྗགས་ཀློག་ཞུས།
  • བཅའ་འདྲི་ཞུ་ཡུལ་
    ད་སྤུན་ཀློག་ཁྲིག་སམ་༼ཚང་མ་༽དེ་རུ་གྲྭ་ཚང་རང་ལ་ཞུགས་བསྡད་ཀྱ། བཀའ་འགྱུར་ལྗགས་ཀློག་ཞུས།
  • བཅའ་འདྲི་ཞུ་ཡུལ་
    གསུམ་པ་བྱས། ད་བཞི་པའི་ནང་དེའི་ག་རེ་ཞུ་གི་རེད་བྱས་ན། བཞི་པའི་ནང་ལ།
  • བཅའ་འདྲི་ཞུ་ཡུལ་
    ཀླུ་གནོད་བཀག་པོ་ཕྱག་བརྒྱད། གཏོང་གི་རེད། ཀླུ་གནོད་བཀག་པོ་ཕྱག་བརྒྱད།
  • བཅའ་འདྲི་ཞུ་ཡུལ་
    ཟླ་བ་གསུམ་པའི་གནམ་གང་ནས་དེ་ནི་བཞི་པའི་ཚེས་པ་བཅོ་ལྔ་བར་དུ། བཅོ་ལྔ་བཅུ་དྲུག་བར་དུ།
  • བཅའ་འདྲི་ཞུ་ཡུལ་
    ཀླུ་གནོད་འདུག་ཟེར་བྱས། དེ་འདྲས་བྱས། ད་དེའི་མཇུག་གུ་དེའི་ད་བཀའ་འགྱུར་བཞི་པའི་མཇུག་གུ་དེའི་དའ།
  • བཅའ་འདྲི་ཞུ་ཡུལ་
    བཀའ་འགྱུར་ལྗགས་ཀློག་ཞུས་པའི་དེ་ལས་ཡའི་བཀའ་འགྱུར་དེ་ལྗགས་ཀློག་གནང་ཚར་ཀྱི་མ་རེད།
  • བཅའ་འདྲི་ཞུ་ཡུལ་
    བཞི་པའི་ནང་དེ་རུ་ཏོག་ཙམ་ལྗགས་ཀློག་གནང་གི་རེད། དེ་གནང་།
  • བཅའ་འདྲི་ཞུ་ཡུལ་
    ད་དེ་ནས་ཕར་ཙམ་བཞི་པ་ནས་ད་ཟླ་བ་ལྔ་པ་ལ་སླེབས་པ་རེད་པའ། ལྔ་པའི་ཚེས་ཤར་དེ་རུ་བར་དུ།
  • བཅའ་འདྲི་ཞུ་ཡུལ་
    དེ་གནང་གི་རེད་གང་ཟེར་ཀས། བཀའ་འགྱུར་ད་ཀ་ལྗགས་ཀློག་གནང་གི་རེད།
  • བཅའ་འདྲི་ཞུ་ཡུལ་
    བཀའ་འགྱུར་ལྗགས་ཀློག་གནང་། འདུག་ཟེར་བྱས་ལྔ་པ་བྱས། དའ། ཨོང་།
  • བཅའ་འདྲི་ཞུ་ཡུལ་
    ད་དྲུག་པའི་ནང་དེའི་དེ་རེད་ག་རེ་ཟེར། དྲུག་པ། ཟླ་བ་དྲུག་པ། ཚེས་ཤར་ད་གར་དེ་ནི་དྲུག་པ་ཚེས་བཞི།
  • བཅའ་འདྲི་ཞུ་ཡུལ་
    ཨོ་འདུག་སེ་ཆོད་དུས་གཅིག་ཚུགས་ཀྱི་རེད། ཚེས་པ་བཞིའི་ཉིན་མོ་དེ་དྲུག་པ་ཚེས་བཞིའི་ཆོས་དུས་གཅིག་ཚུགས།
  • བཅའ་འདྲི་ཞུ་ཡུལ་
    ད་དེ་ནས་ཕར་ཚེས་པ་བརྒྱད་ལ་ཡང་ཨོང་། གནས་རྟེན་ཆོས་སྐྱོང་ཀྱི་དགོན་པར་ཆོས་དུས་གཅིག་ཚུགས་ཀྱི་རེད།
  • བཅའ་འདྲི་ཞུ་ཡུལ་
    འདུག་ཟེར་བྱས། ཨོང་ད་དེ་ནས་དྲུག་པ་བྱས། ད་དྲུག་པའི་ཚེས་པ་བརྒྱད་བྱས། དའ།
  • བཅའ་འདྲི་ཞུ་ཡུལ་
    དྲུག་པའི་ཚེས་པ་དགུ་ནས་ཡ་གའི་དགོན་པ་སྟེང་ལ་ཡར་ཕེབས།
  • བཅའ་འདྲི་ཞུ་ཡུལ་
    རྟེིང་བསྐོར་ཡ་རུ་བཞག དགུ་ནས་བཅུ། བཅུ་གཅིག བཅུ་གཉིས། བཅུ་གསུམ། བཅུ་བཞི་བར་དུ་རྟིང་བསྐོར་ཤག་ལ།
  • བཅའ་འདྲི་ཞུ་ཡུལ་
    རི་རྒྱལ་ལྷ་ཆེན་པོའི་རྟིང་བསྐོར་ཤག་ལ། དེ་ནི་ནས་ཚེས་པ་བཅོ་ལྔ་ནས་དེ་ནི་ཡ་གའི་ཨོང་།
  • བཅའ་འདྲི་ཞུ་ཡུལ་
    ཟླ་བ་དྲུག་པའི་ཟླ་མཇུག་དེའི་རིང་དགུང་འབྲོམ་ཆོས་ཚུགས་དགོས་བའ།
  • བཅའ་འདྲི་ཞུ་ཡུལ་
    དགེ་བཤེས་ལྷ་ཆོས་ཚུགས་པའི་འབྲོམ་ཚུགས་བྱས་བྱས། ཉིན་མོ་བཅོ་ལྔའི་རིང་དགུང་ཨོ་ཡ་རུ་འབྲོམ་ཆོས་ཚུགས་
  • བཅའ་འདྲི་ཞུ་ཡུལ་
    དེ་ནི་དེ་འབྲོམ་ཆོས་ཚུགས་ནས་ད་འབྲོམ་ཆོས་གྲོལ་བའི་སྒང་དེ་རུ་དེ་ནི།
  • བཅའ་འདྲི་ཞུ་ཡུལ་
    ཡ་གའི་ལྷ་བྱང་ཆུབ་གསུམ་པས་དེ་ནི་བྱམས་རྩིས་འདུག་ཟེར་བཞུགས་གནང་། ཁ་སྐོང་བྱམས་རྩིས།
  • བཅའ་འདྲི་ཞུ་ཡུལ་
    ཨོ་དེ་འདྲས་གཅིག་འདུག་ཟེར་བྱས། ད་དེ་ནས་དྲུག་པོ་བྱས། ད་དྲུག་པ་ནས་ད་བདུན་པ་སླེབས་པ་རེད་པའ།
  • བཅའ་འདྲི་ཞུ་ཡུལ་
    ད་བདུན་པའི་ནང་དེའི་དེ་རེད་ལའོ་གང་ཟེར། བདུན་པའི་ཚེས་པ་བཅུ་ནས་
  • བཅའ་འདྲི་ཞུ་ཡུལ་
    ཚེས་པ་བཅོ་ལྔ་བར་དུ་དེ་ལ་ཨོང་དེ་ཚུགས་ཀྱི་ཡོད་པོའོ། གང་ཟེར། སྒར་གཡོལ་ཚུགས་ཀྱོ་པོའོ།
  • བཅའ་འདྲི་ཞུ་ཡུལ་
    བཙུན་མའི་དུས་ཆེན་ཡང་ཞྭ་ནག་པའི་དུས་ཆེན། འདུག་ཟེར་བྱས། ཞྭ་ནག་པའི་དུས་ཆེ་ན་དེ་ལ།
  • བཅའ་འདྲི་ཞུ་ཡུལ་
    སྒར་གཡོལ་ཚེས་པ་བཅུ་ནས་བཅོ་ལྔ་བར་དུ་དེ་ལ་བཙུན་མའི་ཀ་བ་བཙུགས་སུ་ཕུལ།
  • བཅའ་འདྲི་ཞུ་ཡུལ་
    དེ་ནི་ཤོད་ལ་འདུ་ཁང་ལ་མར་དེ་ལ་ཡོད་རེད་གང་ཟའ། ཚོགས་འདུ་དེ་རྒྱུན་དེ་ཡོད་རེད།
  • བཅའ་འདྲི་ཞུ་ཡུལ་
    དེ་ནི་བཅོ་ལྔའི་ཉིན་མོ་དེ་ལ་སྒར་གཡོལ་སྐུ་མཚམས་གཅིག་སྐྱོན་དགོས་རེད་དེའི། དུས་ཆེན་བའ་དེའི།
  • བཅའ་འདྲི་ཞུ་ཡུལ་
    སྐུ་མཚམས་རྒྱབ་བྱས་སྒར་གཡོལ་སྐུ་མཚམས། ཨོ་འདུག་ཟེར་བྱས། དའ། བདུན་པའི་དེ་ལ་འདུག་ཟེར་བྱས། དའ།
  • བཅའ་འདྲི་ཞུ་ཡུལ་
    དེ་ནས་ཕར་དེ་ནི་རྒྱུན་ཚོགས་དེའི་ཡ་རུ་དགོན་པ་སྟེང་ལ་རུ་ཚར་ཡས་མེད་པོའོ།
  • བཅའ་འདྲི་ཞུ་ཡུལ་
    ཁོ་རོ་དེ་ནི་རྒྱུན་དུ་ཁོ་ར་ནས་ཞོགས་ཀས་འབྲོམ་ཆོས་མེད་ན།
  • བཅའ་འདྲི་ཞུ་ཡུལ་
    འབྲོམ་ཆོས་ཡོད་པའི་ག་དུས་འབྲོམ་ཆོས་ཚོགས། འབྲོམ་ཆོད་མེད་ན། ཞོགས་པས་གསོལ་ཇ་གཉིས་གཉིས།
  • བཅའ་འདྲི་ཞུ་ཡུལ་
    ཞལ་ཆས་བཞི་བཞི་ཟེར་དུས་ཁོ་ར་གིས་མ་ཆགས་པ་ཁོ་རུ་ཀྱིས་རྒྱུན་ཚོགས་དེ་འདུག་ཟེར་དེ་ནི་འདུག་ཟེར་ཡིན།
  • བཅའ་འདྲི་ཞུ་ཡུལ་
    ད་བདུན་པའི་དེ་ནས། ད་བདུན་པའི་གནམ་གང་ལ་སྒར་གཡོལ་གཏོང་དགོས་བའ།
  • བཅའ་འདྲི་ཞུ་ཡུལ་
    ཉི་ཤུ་དགུ་ལ་སྒར་གཡོལ་བཏོན། དེ་ནི་གནམ་གང་ནས་མར་ཕེབས་ནུ་རུ།
  • བཅའ་འདྲི་ཞུ་ཡུལ་
    དགོན་པ་ཤོད་ལ་མར།གྲྭ་པ་ཡོངས་མར་ཕེབས་དགོས་ཀྱི་ཡོད།
  • བཅའ་འདྲི་ཞུ་ཡུལ་
    དགོན་པ་ཤོད་ལ་མར་ཕེབས། ད་དེ་ནས་དགོན་པ་ཤོད་ལ་མར་ཕེབས་ནས་དེ་ནི་དེ་གང་ཟེར་ན།
  • བཅའ་འདྲི་ཞུ་ཡུལ་
    དེའི་རིང་གུང་ད། ཚེས་པ་གནམ་གང་། ཚེས་པ་གཅིག གཉིས། གསུམ། བཞི།
  • བཅའ་འདྲི་ཞུ་ཡུལ་
    ལྔ་ཚེས་པ་ལྔ་བར་དུ་ཆབ་ཞུག་ནུའུ་རུ་༼འདི་རུ༽གཏོང་གི་ཡོད་རེད། ཆབ་ཞུག་བཏང་བྱས།
  • བཅའ་འདྲི་ཞུ་ཡུལ་
    གྲྭ་པའི་ད་དེའི་སྐྱིད་སྐྱིད་ར་དེ། ཆབ་ཞུག་བྱས་ནས་སྐྱིད་སྐྱིད།
  • བཅའ་འདྲི་ཞུ་ཡུལ་
    ཨོ་དེ་འདྲས་ར་པོ་བཏང་བྱས་གནམ་སྒང་ནས་ཚེས་པ་ལྔ་བར་དུ་བྱས། ཨོ་འདུག་ཟེར་བྱས། ད་དེ་ནས།
  • བཅའ་འདྲི་ཞུ་ཡུལ་
    ཟླ་བ་བརྒྱད་པ་བྱས། དའ། དེ་ནས་ཕར་དེ་ནི་ཨོང་། ཟླ་བ་བརྒྱད་པའི་ཟླ་ཞུག་དེའི་རིང་གུང་།
  • བཅའ་འདྲི་ཞུ་ཡུལ་
    ཨོང་། སྟོན་ཟླའི་གྲྭ་པ་ཚོ་ལ་ཕར། ངལ་གསོ་ཡིན། སྟོན་ཁའི་ངལ་གསོ་བྱས་ཕར།
  • བཅའ་འདྲི་ཞུ་ཡུལ་
    དེ་འདྲས་ཟེར་ཕར་བཞུགས། དའ། དགུ་པ་ཤར།
  • བཅའ་འདྲི་ཞུ་ཡུལ་
    དགུ་པ་ཤར་ནས་དགུ་པའི་ཀྱིས་ཟླ་སྟོད་རིང་དགུང་ངལ་གསོ་ད་ག་གནང་བྱས་རྒྱུན་དུ་
  • བཅའ་འདྲི་ཞུ་ཡུལ་
    རྒྱུན་ཚོགས་དེ་ཡོད་པ་མ་གཏོགས་གཞན་སོ་སོ་སོའི་ནང་ལ་ཕར་ཕེབས་ཀྱི་བའ།
  • བཅའ་འདྲི་ཞུ་ཡུལ་
    ད་དེ་ནས་དགུ་པའི་ཉི་ཤུ་གཉིས་ལ་དེ་ནི་དེ་ཚུགས་ཀྱིས་པོའོ་གང་ཟེར་ནས། དགུ་པའི་ལྷ་བབས་དུས་ཆེན།
  • བཅའ་འདྲི་ཞུ་ཡུལ་
    དགོན་པ་ལ་ཡང་སྟོང་མཆོད་འཕུལ་བྱས། ཚོགས་འདུ་གཅིག་ཚུགས་ཀྱི་པོའོ། གཉིས་དང་གསུམ་ལ་ཡི།
  • བཅའ་འདྲི་ཞུ་ཡུལ་
    ཉིན་མ་གཉིས་ཡང་འབྲོམ་ཆོས་འདུག་ཟེར་བྱས། དགུ་པའི་ལྷ་ཕོབས་དུས་ཆེན་བྱས།
  • བཅའ་འདྲི་ཞུ་ཡུལ་
    དགུ་པ་ལ་ད་འདུག་ཟེར་བྱས། ད་དེ་ནས་ཕར་དེ་དེ་ལ་གང་ཟེར་ནས།
  • བཅའ་འདྲི་ཞུ་ཡུལ་
    བཅུ་པའི་ནང་ལ་ད་དེ་ཡིན་ན་། བཅུ་པའི་ནང་དེ་རུ། བཅུ་པའི་ཉི་ཤུ་
  • བཅའ་འདྲི་ཞུ་ཡུལ་
    གཉིས་ནས་སྔོན་ལ་བཅུ་པའི་ཚེས་པ་བཅོ་བརྒྱད་ལ་ནུའུ་རུ་དེ་ཡོད་པོའོ། གང་ཟེར་ན། ཨོང་།
  • བཅའ་འདྲི་ཞུ་ཡུལ་
    དགོན་པ་ཤོད་ལ་ཡང་ཚོགས་འདུ་ཡང་ཚོགས་འདུ་གཅིག་ཡོད། བཅོ་བརྒྱད་ཀྱི་ཉིན་མོ་དེ་ལ།
  • བཅའ་འདྲི་ཞུ་ཡུལ་
    བཅོ་བརྒྱད་ཀྱི་ཉིན་མོ་དེ་ལ་ཚོགས་འདུ་གཅིག་བྱས། ཨོང་།
  • བཅའ་འདྲི་ཞུ་ཡུལ་
    ཁོ་བསྐོར་རྒྱན་ཆོས་ཟེར་ཡས་དེ་ཚོ་དང་། བཅོ་བརྒྱད་བྱས། ཨོང་།
  • བཅའ་འདྲི་ཞུ་ཡུལ་
    ད་དེ་ནས་ཉི་ཤུ་གཉིས་ནས་དེ་ནི་ལྔ་མཆོད་ཚུགས་བྱས། ལྔ་མཆོད་དེ་ཨོང་།
  • བཅའ་འདྲི་ཞུ་ཡུལ་
    དགོན་པ་རྩེ་ལ་ཡར་ཕེབས་དགོས་ཀྱི་ཡོད། དགོན་པ་རྩེ་ལ།
  • བཅའ་འདྲི་ཞུ་ཡུལ་
    དགོན་པ་སྟེང་ལ་ཡར་ཕེབས་བྱས་ལྔ་མཆོད་ཉི་ཤུ་གཉིས་ནས་ཕེབས་ནས་དེ་ནི་གཉིས།
  • བཅའ་འདྲི་ཞུ་ཡུལ་
    གསུམ། བཞི། ལྔ་དེ་ནི་དེ་བར་དུ་གང་ཟེར་ན། ཉི་ཤུ་དགུ་བར་དུ་དགོན་པ་སྟེང་ལ་ཡང་
  • བཅའ་འདྲི་ཞུ་ཡུལ་
    ལྔ་མཆོད་འབུལ་གནང་དགོས་ཡས་བྱས། འབྲོམ་ཆོས་ཨོ་འདུག་ཟེར་ཚུགས་པོའོ།
  • བཅའ་འདྲི་ཞུ་ཡུལ་
    དེ་འདུག་ཟེར་བྱས། དེ་ནི་ཡང་། གནམ་གང་ཡ་ཡི་མར་ཕེབས་གནང་ནུའུ་རུ་།
  • བཅའ་འདྲི་ཞུ་ཡུལ་
    རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་ཡང་ནུའུ་རུ་དེ་གང་ཟེར་ཀས། ཨོང་དགོན་པ་ཤོད་ལ་ཡང་ཨོང་།
  • བཅའ་འདྲི་ཞུ་ཡུལ་
    ཞབས་རྟེན་གཅིག་ཞུ་དགོས་ཡོད། དེའི་ཉིན་མོ་དེ་ཚོགས་འདུ་གཅིག་འཛོམས་བྱས་ཚུགས་ཡས་གཅིག་བྱས།
  • བཅའ་འདྲི་ཞུ་ཡུལ་
    གནམ་གང་ལ་བྱས་བཅུ་པའི། ད་བཅུ་གཅིག་པའི་ནང་དེ་ལ། དེ་ནི་དེ་ཡིན་གང་ཟེར་གས་
  • བཅའ་འདྲི་ཞུ་ཡུལ་
    བཅུ་གཅིག་པའི་ཚེས་པ་བཅུ་ནས་དགུན་ཚུལ་ཚུགས་བཅུག་ཁོང་ཚོ། དགུན་ཚུལ་ཚུགས།
  • བཅའ་འདྲི་ཞུ་ཡུལ་
    དགུན་ཚུལ་ཝ་དའ།སྤུན་ལོག་ཕེབས་མཁན་ཡོད་ནའི་ཞུགས་མཁན་ཡོད་ནའི་བཞུགས་ཆོག་པ་གཅིག་དང་
  • བཅའ་འདྲི་ཞུ་ཡུལ་
    ཞུགས་མཁན་མེད་ན་དེ་ཡང་མིན་གཅིག་མིན་གཅིག་ཚོགས་ལ་མ་ཕེབས་ནའི་འགྲིག་འདྲས་བྱས།
  • བཅའ་འདྲི་ཞུ་ཡུལ་
    རྨང་གཞི་དེ་ཀྱིས་ཕྲུ་གུ་ཆུང་ཆུང་དང་རྨང་གཞི་དེ་ཀྱིས་དགུན་ཚུལ་ཚུགས་བྱས་ཞོགས་པས་ཞོགས་ཚོགས་རེ་རེ་རེ་བྱས།
  • བཅའ་འདྲི་ཞུ་ཡུལ་
    དེ་ནི་གསོལ་ཚིགས་དེ། གསོལ་ཚིགས་ལྕགས་ཕོར་རེ་རེ། གྲྭ་པ་རེ་རེ་ལ་ལྕགས་ཕོར་རེ་རེ། འབུལ་ཀྱི་ཡོད།
  • བཅའ་འདྲི་ཞུ་ཡུལ་
    དེ་ཁྱིམ་བདག་ཚོས་རེས་མོས་བྱས་ཁོ་རུ། ཡས་མས། གྲོང་ཡས་མས་ཁྱིམ་བདག་ཚོས་འབུལ་ཀྱི་ཡོད།
  • བཅའ་འདྲི་ཞུ་ཡུལ་
    འདུག་ཟེ་བྱས་དེ་ནི་ཁྱིམ་བདག་ཚོས་ཕུལ་ཚར་པའི་མཇུག་གུ་དེ་རུ། གྲྭ་ཚང་ཀྱིས་ཡང་དེ་ལ་གང་ཡིན་ཟེར་ན།
  • བཅའ་འདྲི་ཞུ་ཡུལ་
    ཁྱིམ་ཚང་མེད་པའི་གུ་སོང་ལ་གྲྭ་ཚང་ནས་འབྲུ་བྲེ་རེ་རེ་རེ་ལ་ཡང་འབུལ་བྱས། བཅུ་གཅིག་པའི་ནང་ནས་དའ།
  • བཅའ་འདྲི་ཞུ་ཡུལ་
    བཅུ་གཅིག་པའི་དེ་བར་དུ་ཡིན་གང་ཟེར་ནས། ཨོང་། བཅུ་གཉིས་པའི་ཚེས་པ་བརྒྱད་བར་དུ།
  • བཅའ་འདྲི་ཞུ་ཡུལ་
    ཨོ་དེ་ཨོང་། འབྲུ་དང་དེ་དཔེ་རྒྱགས་དེ་བྱས། ཆོས་ལ་འབུལ་ཡས་དེ་ཚོ། དཔེ་རྒྱག་དེ་བྱས་ཨོ་འདུག་ཟེར།
  • བཅའ་འདྲི་ཞུ་ཡུལ་
    འབྲོམ་ཆོས་དེ་འདྲས་བྱས་པ་གཅིག་ཚུགས་ཀྱི་པོའོ། འདུག་ཟེར་བྱས་དེ་ཡིན། ད་དེ་ནས།
  • བཅའ་འདྲི་ཞུ་ཡུལ་
    ཚེས་པ་བརྒྱད་ནས་དེ་ནི་ནི་ཀས་དེ་དེ་གང་ཟེར་ནས། ཨོང་། དགོན་པའི་འབྲོམ་ཆོས་ཚུགས་ཡས་དེ།
  • བཅའ་འདྲི་ཞུ་ཡུལ་
    ཚེས་པ་བཅུ་བཞི་ནས་འབྲོམ་ཆོས་ནུའི་རུ་གཤོས་ལ་འབྲོམ་ཆོས་ཚུགས་དུས་བཅུ་གཉིས་ནང་ལ་ཚུགས་དུས་དེ་ནི།
  • བཅའ་འདྲི་ཞུ་ཡུལ་
    དེའི་གྲ་སྒྲིག་དེ་ཚོ་ཚེས་པ་བརྒྱད་དང་ནུའོ་ཚོ། དགོན་པའི་ཁ་ཟས་དེ་ཚོ་བཀྲག
  • བཅའ་འདྲི་ཞུ་ཡུལ་
    གྲྭ་པ་འབུལ་ཡས་ཀྱི་དེ་ཀྱི་བཀྲག་ནས། བརྒྱད་དང་། བརྒྱད་ལ་བཀྲག དགུ་ལ་ཞལ་ཟས་བཀྲག
  • བཅའ་འདྲི་ཞུ་ཡུལ་
    ད་དེ་ནས་གྲྭ་པ་རེ་རེ་ལ་ཁོ་རུ་ཞལ་ཟས།
  • བཅའ་འདྲི་ཞུ་ཡུལ་
    ཁ་ཟས་དེ་ནི་ལྔ་བཅུ་དྲུག་ཅུ་དེ་འདྲས་ཟེ་ཕར་གཏོང་སྒོ་གཏོང་དགོས་བའ། ཨོ་འདུག་ཟེ་བྱས།
  • བཅའ་འདྲི་ཞུ་ཡུལ་
    དེ་ནི་འབྲོམ་ཆོས་དེ་དེ་ནས་ཕར་གང་ཟེར་ནས། བཅུ་གཉིས་པའི་ཚེས་པ་བཅུ་བཞི་ནས། ཨོང་དེ་བར་དུ།
  • བཅའ་འདྲི་ཞུ་ཡུལ་
    ཉི་ཤུ་གཉིས་བར་དུ་འབྲོམ་ཆོས་ཚུགས་ཀྱི་ཡོད་ནུའུ་རུ། ཨོ་དེའི་རིང་དགུང་སྤུན་ཀློག་ཡོངས་རྫོགས་ཁོ་རུ་བཞུགས་ཆོག་གི་རེད།
  • བཅའ་འདྲི་ཞུ་ཡུལ་
    ཆོས་ཚོགས་ཉིན་གང་ཁོ་རུ་ཀས་ནུའུ་རུ་ཚོགས་བྱས་འདུག་ཟེ་ཡིན། འདུག་ཟེ་ཡིན།
  • བཅའ་འདྲི་ཞུ་ཡུལ་
    དེའི་སྟོང་སྒོ་དེ་ད་སྟོང་སྒོ་དེ་སུས་གཏོང་དགོས་བའ་ཟེར་ན། སྟོང་སྒོ་སོ་སོ་སོས་གྲྭ་པ་རེ་མོས་བྱས།
  • བཅའ་འདྲི་ཞུ་ཡུལ་
    སྤུན་ཀློག་རེ་མོས་བྱས་འདུག་ཟེ་གནང་དགོས་ཡས་བྱས་འདུག་ཟེ་ཡིན།
  • བཅའ་འདྲི་ཞུ་ཡུལ་
    ད་ཉི་ཤུ་གཉིས་ཀྱི་ཉིན་མོ་དེ་གང་བའ་ཀས་ཟེར་ན། ད་འབྲོམ་ཆོས་ཉིན་མོ་དགུ་ཚུགས་བྱས་ད།
  • བཅའ་འདྲི་ཞུ་ཡུལ་
    མཇུག་བསྡོམས་དེ་འབྲོམ་ཆོས་འགྲོ་བའི་སྐབས་དེ་ལ། ཉི་ཤུ་གཉིས་ལ་འབྲོམ་ཆོས་གྲོལ་གྱིས།
  • བཅའ་འདྲི་ཞུ་ཡུལ་
    དེའི་སྐབས་དེ་ལ་ནུའུ་རུ་དེ་ནི་གང་ཟེར་ནས། བཀང་གསོ་བཅུ་གཉིས་ཡོད་རེད།
  • བཅའ་འདྲི་ཞུ་ཡུལ་
    བཀང་གསོ་བཅུ་གཉིས་དང་ཚོགས་དམངས་ཡོངས་རྫོགས་ཀྱིས་འབྲི་སྤུང་གཏོར་རྒྱག་གཅིག་སྐྱོན་༼གནང་༽དགོས་ཀྱི་ཡོད་དེ།
  • བཅའ་འདྲི་ཞུ་ཡུལ་
    དེའི་སྐབས་དེ་ལ། གྲོལ་རའི་སྐབས་དེ་ལ། དེ་ཨོང་།
  • བཅའ་འདྲི་ཞུ་ཡུལ་
    འབྲོམ་ཆོས་ཚུགས་ནས་མ་གྲོལ་བར་དུ་འབྲི་སྤུང་གཏོར་རྒྱག་འབྲི་སྤུང་བཀང་གསོ་དེས་མ་ཚད་པའི་སྲུང་མའི་དེ་ཚོ་
  • བཅའ་འདྲི་ཞུ་ཡུལ་
    ཕར་གཏོར་ཕྲུག་དེ་ཚོ་གནང་བྱས། དེ་ནི་མཐའ་འདོམས་ར་དེ་ཨོ་ད། ཉི་ཤུ་གཉིས་ཀྱི་ཉིན་མོ་དེ་དེ་ནི་མར་ཕྱི་ལ་གཏོར་རྒྱག་དེ་སྐྱོན།
  • བཅའ་འདྲི་ཞུ་ཡུལ་
    འདུག་ཟེ་བྱས་དེ་ནི་འབྲོམ་ཆོས་དེ་གྲོལ་ར་ཡིན་དེ་ནས། འབྲོམ་ཆོས་གྲོལ། ད་དེ་ནས་འབྲོམ་ཆོས་གྲོལ་ནས་ད་ད། གྲྭ་པ།
  • བཅའ་འདྲི་ཞུ་ཡུལ་
    གྲྭ་པ་དམངས་དེ་ཀྱིས་ཡར་དགོན་སྟོད་ལ་ཡར་ཕེབས་དགོས་ཀྱི་ཡོད་པོའོ། བཀང་གསོ་དེ་ཀྱིས་ནུའུ་རུ།
  • བཅའ་འདྲི་ཞུ་ཡུལ་
    དགོན་པ་གཤོས་ཀྱི་ནུའུ་རུ། འདུ་ཁང་ནང་ནུའུ་རུ་ཡང་སྲུང་བཀང་གནང་བྱས་ཉིན་མོ་བརྒྱད་རིང་གང་ད།
  • བཅའ་འདྲི་ཞུ་ཡུལ་
    ཉི་ཤུ་གཉིས་ནས་གསུམ། བཞི། ལྔ། དྲུག བདུན། བརྒྱད། དགུ་གནམ་གང་བར་དུ་ནུའུ་རུ་ཉིན་མོ་བརྒྱད་རིང་གུང་དེ་རེད་གང་ཟེར་ནས།
  • བཅའ་འདྲི་ཞུ་ཡུལ་
    ནུའུ་རུ་སྲུང་བཀང་འབུལ་གནང་། ནུའུ་རུ་བཞུགས་དགོས་ཀྱི་ཡོད། འདུ་ཁང་བཞུགས་ནས་དེ་ནི།
  • བཅའ་འདྲི་ཞུ་ཡུལ་
    ད་ཡང་ཉི་ཤུ་དགུ་དང་གནམ་གང་ལ་ཡང་གཏོར་རྒྱག་དེ་སྲུང་མའི་ཡང་།
  • བཅའ་འདྲི་ཞུ་ཡུལ་
    དེ་འབྲི་སྤུང་གཏོར་རྒྱག་གཅིག་རྒྱག་དགོས་ཡོད། ཉི་ཤུ་དགུ་ལ་གཅིག་རྒྱབ། གནམ་གང་ལ་གཅིག་རྒྱབ།
  • བཅའ་འདྲི་ཞུ་ཡུལ་
    གཏོར་རྒྱག་གཉིས་འདུག་ཟེ་བྱས་རྒྱོབ། འདུག་ཟེ་བྱས། ཨོ་ད་ཟླ་བ་བཅུ་གཉིས་པ་དེ་འདུག་ཟེ་བྱས་སྒྲུབ་པ་ཡིན།
  • བཅའ་འདྲི་ཞུ་ཡུལ་
    ད་དེ་ཚོ་སྒྲུབ་ནས་དེ་ནི། ཟླ་བ་ཡར་རེ་ངོ་རེ་བཅོས་གཙོང་ད་དེ་ཆད་ཡས་མེད།
  • བཅའ་འདྲི་ཞུ་ཡུལ་
    ཚེས་པ་བཅོ་ལྔ་དང་དེ་ལ་གང་ཟའ། མར་ངོའི་གནམ་གང། ཡར་ངོའི་ཚེས་པ་བཅོ་ལྔ་བྱས།
  • བཅའ་འདྲི་ཞུ་ཡུལ་
    དེ་ལ་ཁོ་རའི་གི་བཅོད་གཙོང་དེ་ག་པར་ཚུགས་ཀྱི་བའ་ཟེར་ན། བཅོས་གཙོང་དེ་ཡང་དགོན་པ་རྩེ་ལ་ཡར་ཕེབས་དགོས་ཀྱི་ཡོད།
  • བཅའ་འདྲི་ཞུ་ཡུལ་
    བཅོད་གཙོང་གནང་ཀའ། ཨོ་དེ་ཕེབས་འདུག་ཟེ་ཡིན། ཡར་ངོ་མར་ངོའི་བཅོད་གཙོང་དེ་བྱས།
  • བཅའ་འདྲི་ཞུ་ཡུལ་
    དེ་ནི་ཟླ་བ་རེ་དག་བཞིན་ནས་དའ། སྲུང་མའི་བཀང་གསོ་དེ་ཨོང་། ཕྱི་སྲུང་ཟེར་དེ་ལ་ཡང་ཡ་རུ།
  • བཅའ་འདྲི་ཞུ་ཡུལ་
    ཚེས་པ་གསུམ་བཞི་ནས་དང་སྲུང་མའི་བཀང་གསོ། མི་ནས་བཀང་གསོ་ལ་དྲུག་བྱས།
  • བཅའ་འདྲི་ཞུ་ཡུལ་
    འདུག་ཟེར་འབུལ་གནང་དགོས་ཀྱི་ཡོད། ཟླ་བ་ངོ་རེ་བཞིན་ནས་ཡིན་དེ། དེ་འབུལ་གནང་དགོས་ཡས་དེ་གང་ཡིན་ཟེར་ན།
  • བཅའ་འདྲི་ཞུ་ཡུལ་
    ད་སྲུང་མ་དེ་གཙོ་བོ་གཙོ་བོ་དེ་དེ་ཡིན་གང་ཟེར་ནས་ཨོང་། ཡར་གྲུམ་དེ་ཕྱག་ན་རྡོ་རྗེ་བྱས་ནུའུ་རུ།
  • བཅའ་འདྲི་ཞུ་ཡུལ་
    ཕྱག་ན་རྡོར་རྗེ་བྱས། ད་དེ་ནས་ཨོང་། སྲུང་མ་དེ་ལ།
  • བཅའ་འདྲི་ཞུ་ཡུལ་
    གནས་བཞི་དང་སྐྱོང་བའི་གཞི་བདག་གཙོ་བོ་ར་དེ་དའ། དེ་ཡིན་གང་ཟེར་ནས།
  • བཅའ་འདྲི་ཞུ་ཡུལ་
    ར་མགོ་བྱམས་པ། ར་མགོ་བྱམས་པ། ར་མགོ་བྱམས་པ་བྱས།
  • བཅའ་འདྲི་ཞུ་ཡུལ་
    དེ་ནི་ཕྱག་ན་རྡོ་རྗེ་ད་དུང་ནུའུ་རུ་ཨ་ནི་དེ་ནི་ཕར་ཡོད་པ་ད་ཀའ་བྱས།
  • བཅའ་འདྲི་ཞུ་ཡུལ་
    དེ་ནི་མགོན་པོ་གྲི་གུང་བྱས། དེ་ནི་ར་མགོ་ཅན་བྱས། དགྲ་གཞུང་སྔོན་པོ།
  • བཅའ་འདྲི་ཞུ་ཡུལ་
    གནས་ལུང་གི་འོ་དའ་དགྲ་གཞུང་སྔོན་པོ་དང་། དེ་ནི་ཉིན་མོ་གཞོན་ནུ། སྲོག་མགུར་དཀྲིས།
  • བཅའ་འདྲི་ཞུ་ཡུལ་
    ཨོང་དེ་ནས། སྟོབས་ལྡན་དཔལ་འབྱོར་ཡོག་རེད། དེ་ནི་ཡོན་ཏན་དཀར་པོ་ཡོད་རེད།
  • བཅའ་འདྲི་ཞུ་ཡུལ་
    ཨོ་དེ་ཀྱིས་བྱས་དེ་ནི། ཀླུ་མེ་རྟ་གཟི་བྱིན་གཞི་བདག་དེ་ལ། གཞི་བདག་དེ་ལ།
  • བཅའ་འདྲི་ཞུ་ཡུལ་
    ཀླུ་མེ་རྟ་གཟི་བྱིན་བྱས་འདུག་ཟེར་བྱས། དེ་བྱས་ནས་འོ་དའ། བཀང་གསོ་དེ་ཨོང་ཚེས་པ་གསུམ་ལ།
  • བཅའ་འདྲི་ཞུ་ཡུལ་
    ཟླ་བ་ངོ་རེ་བཞིན་ནས་ཚེས་པ་གསུམ་ཉིན་མོ་དེ་ནས། ཟླ་བ་མ་ཤར་སྔོན་ལ་ཚེས་པ་གསུམ་ལ་བཀང་གསོ་གཅིག་ཕུལ།
  • བཅའ་འདྲི་ཞུ་ཡུལ་
    ད་དེ་ནས་ཚེས་པ་ལྔའི་ཉིན་མོ་དེ་ནས་ཡང་ལྔ་ལ་ཆ་ཚང་ཁོ་ར་ཀྱིས་ཚེས་ལྔ་ཟེར་བྱས།
  • བཅའ་འདྲི་ཞུ་ཡུལ་
    ཡང་བཀང་གསོ་བཅུ་གཉིས་ཀྱི་སྲུང་མའི་བཀང་གསོ་བྱས་དེ་འདྲས་འབུལ་གནང་དགོས་ཀྱི་ཡོད།
  • བཅའ་འདྲི་ཞུ་ཡུལ་
    ཟླ་བ་ཁོ་རུ་བཅུ་གཉིས་པ་ཧྲིལ་པོ་ཧྲིལ་པོ། སྐོར་འདུག་ཟེ་རྒྱབ་བྱས་འདུག་ཟེ་ཡིན།
  • བཅའ་འདྲི་ཞུ་ཡུལ་
    འདུག་ཟེ་ཡིན་ཙང་འོ་དའ། རྒྱུན་དུ་འོ་དའ། གཙོ་བོ་གཙོ་བོ་དེ་གང་ཟེར་ན། རང་མགོ་ཅན་པའི་རང་ནི་དགོན་པ་དང་།
  • བཅའ་འདྲི་ཞུ་ཡུལ་
    མ་གིའི་ཐབ་རྫི་ལྷ་རྒྱལ་གྱི་གཞི་བདག་དེ་ར་མགོ་ཅན་པ་རང་ཡིན། སྲུང་མ་དེ་ལ།
  • བཅའ་འདྲི་ཞུ་ཡུལ་
    དེ་ནི་དགོན་པ་རྩེ་ཡ་གི་དང་ནི། ཨོང་། རྨང་གཞི་དེ་ཆ་ཆ་རྐྱང་ཡིན། དབྱར་ས་དགུན་ས་ཟེར།
  • བཅའ་འདྲི་ཞུ་ཡུལ་
    དབྱར་ཁ་ཡ་རུ་ཟླ་བ་དྲུག་པའི་ཚེས་པ་བཅོ་ལྔ་ནས་བདུན་པའི་གནམ་གང་བར་དུ་ཡ་རུ་དབྱར་གནས་དེ་བྱས།
  • བཅའ་འདྲི་ཞུ་ཡུལ་
    ཡ་རུ་བཞུགས། དེ་ནི་བདུན་པའི་གནམ་གང་ནས་མར་བཞུགས་གནང་བྱས། འདུག་ཟེར་བྱས་དབྱར་ཁ་ཡ་རུ་བཞུགས།
  • བཅའ་འདྲི་ཞུ་ཡུལ་
    དེ་ཡང་ལྔ་མཆོད་ཀྱི་སྐབས་དེ་ལ་ཡ་རུ་ཡར་དགོན་པ་ཡར་ཕེབས།
  • བཅའ་འདྲི་ཞུ་ཡུལ་
    གཞན་ཡ་རུ་དེའི་ཚོགས་ཡོད་པའི་ག་ཙང་འདེའི་བཞུགས། འདེའི་ཚོགས་མ་དགོས་ག་ཙང་ཡར་ཕེབས།
  • བཅའ་འདྲི་ཞུ་ཡུལ་
    ཡ་རུ་ཡ་རུ་དའ། རྒྱུན་ཚོགས་དེ། ཆགས་ཡས་མེད།
  • བཅའ་འདྲི་ཞུ་ཡུལ་
    ཡ་རུ་དེ་མེད་པའི་ག་ཙང་ཡ་རུ་ཡར་ཕེབས་ནས་དགེ་འདུན་སུ་ཕེབས་ནས་གསོལ་ཇ་ཞལ་ཆས་བཞི་བཞི་ཟེར་
  • བཅའ་འདྲི་ཞུ་ཡུལ་
    དེ་ཁོང་འདྲའི་ཞོགས་ཚོགས་དེ་དེ་མི་སོང་། དེ་གང་ཟེར་ཀས་གཞི་བདག།
  • བཅའ་འདྲི་ཞུ་ཡུལ་
    བརྟན་སྡོད་ཆེན་མོ་ཡིན་བརྟན་མའི་སྲུང་ཀ་གཅིག་ཞོགས་ལྟར་མ་ཆད་པ་བྱས་ཨོ་དེ་ད་ཆོ་ག་དེ་ཨོ་འདུག་ཟེ་ཕུལ།
  • བཅའ་འདྲི་ཞུ་ཡུལ་
    དེ་ནི་གནས་ཆོས་སྲུང་། ཨོ་དེ་འདྲས་ཟེ་བྱས་དའ། རགས་བསྡུས་ར་པོ་ཞུས་ན་དའ། ཨོ་དེ་འདྲས་ར་པོ་གཅིག ཧེ་ཧེ་ཧེ།
  • བཅའ་འདྲི་ཞུ་ཡུལ་
    རྟེན་སྲོལ་དེ་དང་གནས་ཆུ་དེ་ཆགས་ཡས་མེད། ཤོད་ལ་བཞུགས་པའི་ག་ཙང་འབྱོར་ཆོས།
  • བཅའ་འདྲི་ཞུ་ཡུལ་
    འབྱོར་བ་ཆོས་དྲུག དེ་ནི་ཆོས་བརྗོད་རགས་ཙམ་འབུལ་དགོས་བའ་འོ།
  • བཅའ་འདྲི་ཞུ་ཡུལ་
    ཆོས་བརྗོད་རབས་ཙམ་གཅིག་བྱས། དེ་སྨོན་ལམ་འདོན་དགོས་བའ།
  • བཅའ་འདྲི་ཞུ་ཡུལ་
    ཨོ་འདུག་ཟེ། ཆོ་ག་ཚར་ནས་བྱས་ཨོ་འདུག་ཟེར་ཞོགས་པས་དའ། མིས་དེ་བྱས་ཙང་ཨོ་དེ་ཆགས་ཡས་མེད།
  • བཅའ་འདྲི་ཞུ་ཡུལ་
    ཁྱོན་ནས། རྒྱུན་དུ་ཀྱི་དེ་དེ་རེད། ད་འབྲོམ་ཆོས་ཚུགས་པའི་ག་ཙང་འབྲོམ་ཆོས་ཀློག་ལ་དེ་བྱེད་པ་ནའ།
  • བཅའ་འདྲི་ཞུ་ཡུལ་
    ཨོང་།སྔགས་རིམ་གྱི་སྒོ་དེ་ཀ་མ་གཏོགས་པས། མདོ་རྐྱང་པ་མ་རེད་ལགས། ཧེ་ཧེ་ཧེ། མདོ།
  • བཅའ་འདྲི་བ་
    ཨ་ནི་སྔོན་མ་གསུངས་པ་ཡིན་ན་ང་ཚོའི་དགོན་པ་ཡང་། ཆོས་གཞིས་ཡོག་རེད་པ་ལགས།
  • བཅའ་འདྲི་ཞུ་ཡུལ་
    ཡོག་རེད།
  • བཅའ་འདྲི་བ་
    འབྲོག་གཞིས་ཆོས་གཞིས་ག་རེ་ག་རེ་ཡོད་ནའ་ལགས།
  • བཅའ་འདྲི་བ་
    ལའོ་ལགས། ཨ་ལིས།
  • བཅའ་འདྲི་བ་
    ད་གའི་རྒྱུད་ལ་ཡའ། ང་ཚོའི་དགོན་པའི་ཡའ། ཆོས་གཞིས་ཡོག་རེད་པ་ལགས།
  • བཅའ་འདྲི་ཞུ་ཡུལ་
    འོ་ཡོག་རེད།
  • བཅའ་འདྲི་བ་
    ག་ཚོད་ཙམ་གཅིག་ཡོད་ནའ། ད་ལུང་པ་ད་གའི་ཁུལ་ལ་ཡོད་ནའ། གཞན་དག་ལ་ཡོད་ནའ།
  • བཅའ་འདྲི་ཞུ་ཡུལ་
    དའ། སྔོན་མ་འདེའི་དེ་ཡོག་རེད་གང་ཟེར་ན། འདོན། འདོན་གསུམ་གྱི་ས་ཞིང་ཡོག་རེད།
  • བཅའ་འདྲི་ཞུ་ཡུལ་
    ད་འདོན་རེ་རེ་ལ་ད་དེ་བཤོད་ཡས་ཡག་པོ་རང་མིན་འདུག་དེ།
  • བཅའ་འདྲི་ཞུ་ཡུལ་
    འདོན་གསུམ་དང་གསུམ་ཆ་གཅིག་ཡོག་རེད་ཟེ། དེ་ཕི་གས་དགོན་པའི་དེ་དེ་གང་ཟེར་ཀས།
  • བཅའ་འདྲི་ཞུ་ཡུལ་
    ཁག་གཅིག་ཕི་ཀས་གྲོ་མོ་ནང་ཟེར་ཕི་ཀས། ཡར་ཀླུང་། འོང་ཡར་ཀླུང་ཕུ་དེ་ལ།
  • བཅའ་འདྲི་ཞུ་ཡུལ་
    གྲོ་མོ་ནང་ཟེར་དེ་ལུང་པ་གཅིག་ཡོད་རེད་དེ་ཆ་ཚང་ཁོ་ར་དེ་དགོན་པའི་དེ་ནས་གང་ཟེར་ནས།
  • བཅའ་འདྲི་ཞུ་ཡུལ་
    མི་དང་ས་ཞིང་བྱས་པ་རྩ་ཁ་ཕྱུགས་རིགས་བྱས་པ། ཁོ་ར་རྦད་མི་ ཀའི་མདའ་དེ་ནས་ཡར་ཡོངས་རྫོགས་ཁོ་རུ། འཇལ་ཀ་འགྲོ་དགོས་བའ།
  • བཅའ་འདྲི་ཞུ་ཡུལ་
    འབྲོམ་ལྔ་ཟེར་དེ་ནས་དགོན་པ་ལ། ཕར། བྱས། ནུའུ་རུ་དའ་དེ་དེ་གང་ཟེར་ན།
  • བཅའ་འདྲི་ཞུ་ཡུལ་
    འདོན་གསུམ་དང་གསུམ་ཆ་གཅིག་ཡོད་རེད་ཟེར་ཀྱིས། དེ་གང་མི་སེར་རང་དེ་ལ་ཁུངས་དེ་བྱས་ན།
  • བཅའ་འདྲི་ཞུ་ཡུལ་
    རྐང་དྲུག་ཡོག་རེད་དའ་ཁོང་ཚོ། སྒོ་ཁག་དྲུག འོང་།
  • བཅའ་འདྲི་ཞུ་ཡུལ་
    སྒོ་ཁག་དྲུག་ཡོད་རེད། དེ་དེ་ཀྱིས་དའ་མིས་དེའི་གྲྭ་པའི་དེ་པར་ཕར་གང་ཟེར་ནས།
  • བཅའ་འདྲི་ཞུ་ཡུལ་
    གནས་ཚང་ལ་ཞབས་ཕྱི་ཞུ་ཡས་དང་གཞན་དག་ཁོང་ཚོས་འགྲོ་གི་རེད་དའ།
  • བཅའ་འདྲི་ཞུ་ཡུལ་
    ཧྲིག་དེ༼ཚང་མ༽ དེ་ནི་མ་གཞི་ད་དེ་དེ་གང་ཟེར་ནས། ཡང་ཁག་ཅིག་འོང་།
  • བཅའ་འདྲི་ཞུ་ཡུལ་
    ཆོས་གཞིས་ཁག་ཅིག་མི་སེར་ལ་མི་དམངས་ལ་ཕར་ད་དེ་རིང་སང་བྱས་ན།
  • བཅའ་འདྲི་ཞུ་ཡུལ་
    མི་དམངས་ལ་ཕར་ས་ཞིང་བོགས་བཟོ་ར་པོ་གཅིག་བཏང་། དེ་ནི་དེ་བཤད་རྒྱབ་བྱས།
  • བཅའ་འདྲི་ཞུ་ཡུལ་
    མི་དམངས་ཀྱིས་བཏབ་ནས་བཤད་རྒྱབ་བྱས་འབྲུ་ཕྱེད་ཀ་ཚུར་ང་ཚོའི་དགོན་པས་བླངས།
  • བཅའ་འདྲི་ཞུ་ཡུལ་
    འབྲུ་ཕྱེད་ཀ་ཁོང་ཚོ་ལ་ཕར་ཉར། ཉར་བྱས། ད་དེ་དེ།
  • བཅའ་འདྲི་ཞུ་ཡུལ་
    སྨིན་གོ་དེ་ག་རེ་རེད་པས་ཟེར་ན། ད་གྲྭ་པ་རེ་རེ་ལ་ཕི་ནས་ཕར་ག་རེ་ཟེར་གས་དའ།
  • བཅའ་འདྲི་ཞུ་ཡུལ་
    བགོ་བཤའ་རྒྱབ་པ་ཡིན་ན། འབྲུ་ཁལ་དྲུག་བྱུང་ན་རྩེ་གྲ་རེད།
  • བཅའ་འདྲི་ཞུ་ཡུལ་
    ལྔ་དྲུག་ཚད་ནས་ཡོང་གི་མ་རེད་ལགས། ལོ་རེ་རེ་ལ། ལོ་གཅིག་གི་ད་དེ་ར་དེ་བའ་གོ། ཧ་ཧ་ཧ།
  • བཅའ་འདྲི་ཞུ་ཡུལ་
    ཨོ་དེ་འདྲས་ཟེར་ཡོག་རེད་ལགས།
  • བཅའ་འདྲི་བ་
    གང་འདྲས་ཟེར་ར་གཅིག་ཡིན་ན་། གནས་སྐབས།
  • བཅའ་འདྲི་ཞུ་ཡུལ་
    གནས་སྐབས་དའ། ཆུ་རང་བསྐོལ་བཟོ་ར་པོ་བྱས། ང་རང་ཚོའི་ཀྱི་དེ་དེ་གང་ཟེར་ནས།
  • བཅའ་འདྲི་ཞུ་ཡུལ་
    འཚོ་བ་དེ་སོ་སོ་སོས་བསྐྱལ་དགོས་ཡས་རེད།
  • བཅའ་འདྲི་ཞུ་ཡུལ་
    ད་མིས་གསོལ་ཇ་དང་གཅིག་ས་ནི་གྲྭ་ཚང་ནས་ཏོག་ཙམ་ཏོག་ཙམ་གནང་གི་རེད་མ་གཏོགས་གཞན།
  • བཅའ་འདྲི་ཞུ་ཡུལ་
    འབྲུ་རིགས་ཚོད་དེ་སོ་སོ་སོས་བེད་སྤྱོད་གཏོང་དགོས་ཡས་བྱས།
  • བཅའ་འདྲི་བ་
    དེ་ནི་གཡས་གཡོན་མང་ཚོགས་ལ་དེ་གནང་གི་མེད་དྲོ།
  • བཅའ་འདྲི་ཞུ་ཡུལ་
    ལགས་འོའོ།
  • བཅའ་འདྲི་བ་
    མང་ཚོགས་ཀྱིས་དའ། ཞལ་འདེབས་ར་གཅིག་ཕུལ་པ་གནང་།
  • བཅའ་འདྲི་ཞུ་ཡུལ་
    མང་ཚོགས་ཀྱིས་དའ། ཞེ་དྲགས་ཡོད་མ་རེད་དའ། ཨེ་ཧེ་ཧེ་ཧེ།
  • བཅའ་འདྲི་ཞུ་ཡུལ་
    ཏོག་ཙམ་ཏོག་ཙམ་མ་གཏོགས་ཞེ་དྲག་ཡོད་མ་རེད། ད་མི་ཡར་མར་དེ་ལ་གང་ཟེར་ལུང་པའི་ནང་ལ།
  • བཅའ་འདྲི་ཞུ་ཡུལ་
    གྲོང་ཕྱོགས་ལ་གདན་འདྲེན་ཞུ་དགོས་རེད། ད་མིས། བགྲེས་པ་ཚོ། ད་ཕྲུ་གུ་ཆུང་ཆུང་ཚོ་ནི་འགྲོ་ཐུབ་ཀྱི་མ་རེད་མ་གཏོགས།
  • བཅའ་འདྲི་བ་
    ད་དེའི་ཡར་སྔོན་མ་བསྐོར་ས་དགེ་ཁུངས་ཟེར་ཅིག་ཡོད་རེད་པའ་ལགས།
  • བཅའ་འདྲི་ཞུ་ཡུལ་
    འོ་རེད་འོ།
  • བཅའ་འདྲི་བ་
    ང་ཚོའི་ཁོངས་གཏོགས་དེ་ག་ནས་ག་གི་བར་དུ་ཡིན་ན།
  • བཅའ་འདྲི་ཞུ་ཡུལ་
    དེ་ནས་གང་ཟེར་ན། མ་གའི་བདེ་སྐྱིད་གླིང་འདུག་ཀའ། མ་གའི།
  • བཅའ་འདྲི་བ་
    འོ་འོ། བདེ་སྐྱིད་གླིང་།
  • བཅའ་འདྲི་ཞུ་ཡུལ་
    བདེ་སྐྱིད་གླིང་ཡར་རྒྱབ་ནས་རེད། བདེ་སྐྱིད་གླིང་ཡར་རྒྱབ་ནས་ཕུར་བུ་ལ་མར་རྒྱབ་དེ།
  • བཅའ་འདྲི་བ་
    ང་ཚོའི་དགོན་པའི།
  • བཅའ་འདྲི་ཞུ་ཡུལ་
    འོའོ། དགོན་པའི་བསྐོར་སའི་ཁུངས་དེ། བདེ་སྐྱིད་གླིང་མར་རྒྱབ་དེ་མིས།
  • བཅའ་འདྲི་ཞུ་ཡུལ་
    དགོན་པ་རི་བི་བདེ་ཆེན་གྱི་རེད་འོའོ། ཨོ་དེའི་ཁུངས་དེ་ལ་འོ་དའ།
  • བཅའ་འདྲི་ཞུ་ཡུལ་
    ཞབས་རྟེན་ལ་ཕེབས། ཨོ་དེ་འདྲས་ཟེར་བྱེད་དགོས་རེད།
  • བཅའ་འདྲི་བ་
    དེང་སང་ཡང་ད་ག་རང་རེད་པས་ལགས།
  • བཅའ་འདྲི་ཞུ་ཡུལ་
    ལགས་འོ་ལའོ།
  • བཅའ་འདྲི་བ་
    དེང་སང་ཡང་ད་ག་རང་རེད་པས།
  • བཅའ་འདྲི་ཞུ་ཡུལ་
    དེང་སང་ཡང་ད་ག་རང་རེད་ལགས།
  • བཅའ་འདྲི་བ་
    མར་རྩེ་ཐང་ངོགས་ཕྱོགས་ལ་ཕེབས་ཀྱི་མ་རེད་ལགས།
  • བཅའ་འདྲི་ཞུ་ཡུལ་
    རྩེད་ཐང་ལ་འགྲོ་གི་མ་རེད་ལགས།
  • བཅའ་འདྲི་ཞུ་ཡུལ་
    ད་དེ་ནས་མར་རྒྱལ་ཤང་དེ་ནས་མར་ཐུག་ཐུག་ཙམ།
  • བཅའ་འདྲི་ཞུ་ཡུལ་
    ཏོག་ཏོག་ཙམ་ཕེབས་ཀྱི་རེད། ཧེ་ཧེ་ཧེ། དེང་སང་། གཞན།