Video Overview
Tibet University professor Dekyi provides an oral commentary on selections from Selected Aphorisms and Rinzin Tsangyang Gyatso's Songs and Secret Biography. This is part of the oral commentary materials for A Reader of Classical Tibetan Selection 2.1: Anthology Verses. Lekshé Chepdü, Beijing: Mirik Petrün Khang, 1981.
- དགའོ་ཡ། དེ་རིང་ང་ཚོ་འཁྲིད་ཡས་དེ་ལེགས་བཤད་སྤྱི་བསྡུས་ཟེར་ཡས་༿བ་༾དེ་རེད།
- དགལེགས་བཤད་སྤྱི་བསྡུས། སྔན༿སྔོན་༾ལ་ཡང་ང་ཚོས་ལེགས་བཤད་སྤྱི་བསྡུས་ཟེར་ཡས་ཁོའི་ནང་དོན་དེ་མ་འཁྲིད་པའི་གོང་ལ་ཡ། མིང་ཚིག་དེར་འགྲེལ་བཤད་གཅིག་རྒྱག་དགོས་ཀྱི་ཡོའོ་༿ཡོད་༾རེད།
- དགའོ་་་་དེའི་ནང་ལོགས་ལ་དང་པོ་དེ་ག་རེ་རེད་ཟེར་ན་། ལེགས་བཤད་ཟེར་གྱི་ཡོའོ་༿ཡོད་༾རེད། ལེགས་བཤད་ཟེར་ལབ་དུས་ཙམ་པ་མིང་ཚིག་ད་ག་རང་ལ་བལྟས་པ་ཡིན་པ་ཡིན་ནའི་མཁྱེན་ཡས་ར་གཅིག་ཡོའོ་༿ཡོད་༾རེད།
- དགལེགས་བཤད་ཟེར་དུས་ཙམ་པ་ལེགས་ཡིན་ན། ཡག་པའི་དོན་དག་བཟང་བའི་དོན་དག་དེ་འདྲེའི་གཅིག་རེད་པཱ།
- དགམར་བཤད་པར་བྱ་བ། མདོར་བསྡུས་བྱས་བཤད་པ་ཡིན་པ་ཡིན་ན་ལེགས་བཤད་ཟེར་ན་ག་རེ་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན་སྐྱེ་བོ་ཀུན་ལ་ཡ། སྐྱེ་བོ་ཀུན་ལ་ཡིན་ན། ཨཱ་།སྤངས་བླངས་ཀྱི་གནས་ལ་ཕྱིན་ཅི་མ་ལོག་པར་བྱེད་དགོས་པའི་བསླབ་བྱ་དང འཱ་་་་་སྡོམ་པ་འདི་འདྲས་ལེགས་པར་བཤད་པ།
- དགམདོར་བསྡུས་བྱས་བཤད་པ་ཡིན་ན་སྐྱེ་བོ་རྣམས་ལ་ཡག་པོ་འདི་འདྲས་ཟེར་བྱེད་དགོས་རེད། སྡུག་ཅག་འདི་འདྲས་ཟེར་བྱེད་དགོས་མ་རེད། ཟེར་ཡས་ཀྱི་བཤད་ཡས་ཀྱི་གཏམ་འདི་ཚོ་ལ་ལེགས་བཤད་ཟེར་གྱི་ཡོའོ་༿ཡོད་༾རེད།
- དགའོ། ལེགས་བཤད་ཅིག བོད་ཀྱི་བསྟན་བཅོས་ནང་ལོགས་ཀྱི་ལེགས་བཤད་སྤྱིའི་མིང་རེད།
- དགད་དེ་ནས་དེ་རིང་ང་ཚོས་དེའི་ཡ་འདི་ཡིན་ན་ག་རེ་རེད་ཟེར་ན། ལེགས་བཤད་འདི་རྣམས་ཀྱི་ནང་ལོགས་ནས་གཅེས་བསྡུས། འོ། འདི་འདྲས་ཟེར་རེད། གཅེས་བསྡུས།
- དགགཅེས་བསྡུས་ཟེར་དུས་ཙམ་པ་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན།
- དགགཅེས་བསྡུས། གཅེས་བསྡུས་ཟེར་ན་ལེགས་བཤད་ཡིན་ན་བོད་ཀྱི་བསྟན་བཅོས་ནང་ལ་ཧ་ཅང་གི་མང་པོ་ཡོའོ་༿ཡོད་༾རེད། དཔེར་ན་ཡིན་ན། ས་སྐྱ་ལེགས་བཤད་ཡིན་པ་ཡིན་ནའི་འདྲ། ཆུ་ཤིང་བསྟན་བཅོས་ཡིན་པ་ཡིན་ནའི་འདྲ་དེ་ནང་བཞིན་གྱི་མང་པོ་ཡོའོ་༿ཡོད་༾རེད།
- དགཡིན་ནའི་འདིའི་ནང་ལོགས་ནས་དེ་རིང་ང་ཚོས་འདི་ཡཱ་༿ལ་༾བཤད་ཡས་འདི་འདིའི་ནང་ལོགས་ནས་སྙིང་པོ། གཙོ་བོ་འདི་གས་ཡིན་ན་ཚུའུ་༿ཚུར་༾རྒྱས་པོ་མ་ཡིན་པར་ཚུའུ་༿ཚུར་༾རུབ་རུབ་བཟོས་བྱས་བསྡུས་བྱས་བཤད་པ་དེའི་མིང་ལ་སྤྱི་བསྡུས།
- དགམདོར་བསྡུས་ནས་བཤད་ན་བོད་ཀྱི་བསྟན་བཅོས་ནང་ལོགས་ཀྱི་ལེགས་པར་བཤད་པའི་གཏམ་མང་པོའི་ནང་ལོགས་ནས་སྙིང་པོ་ཚུར་བསྡུས་བྱས་བཤད་པ་དེའི་མིང་ལ་ལེགས་བཤད་སྤྱི་བསྡུས་ཟེར་གྱི་ཡོའོ་༿ཡོད་༾རེད།
- དགལེགས་བཤད་སྤྱི་བསྡུས་ཀྱི་དེབ་དེའི་ནང་ལོགས་ལ་ཡིན་ན་ག་རེ་བཤད་ཡོའོ་༿ཡོད་༾རེད་ཟེར་ན། ས་སྐྱ་ལེགས་བཤད། ད་ག་བཞིན་པའི་ཡིན་ན། འོ། ཆུ་ཤིང་བསྟན་བཅོས་འདི་འདྲས་ཀྱི་སྐོར་བཤད་ཡོའོ་༿ཡོད་༾རེད།
- དགང་ཚོས་དེ་རིང་འདིའི་ཡཱ༿འདི་ལ་༾དང་པོ་འཁྲིད་ཡག་༿ཡས་༾དེ་ག་རེ་རེད་ཟེར་ན་ས་སྐྱ་ལེགས་བཤད་ཟེར་ཡས་༿བ་༾དེ་རེད་ ས་སྐྱ་ལེགས་བཤད།
- དགས་སྐྱ་ལེགས་བཤད། ས་སྐྱ་ལེགས་བཤད་ཟེར་ཡས་༿བ་༾དེའི་ འོ་་་་ བསྟན་བཅོས་དེའི་༿འདིའི་༾མཚན་གྱི་ཐོག་མར་ལ་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན་ ལེགས་བཤད་རིན་པོ་ཆེའི་གཏེར་ཟེར་གྱི་ཡོའོ་༿ཡོད་༾རེད།
- དགའོ་ཡ་་་་།ས་སྐྱ་ལེགས་བཤད་ཟེར་ཡས་༿བ་༾འདིའི་མཚན་གྱི་ཐོག་མ་ལ། བསྟན་བཅོས་འདིའི་མཚན་གྱི་ཐོག་མ་ལ་ཡིན་ན་ག་རེ་ཟེར་གྱི་ཡོའོ་༿ཡོད་༾ཟེར་ན། ལེགས་བཤད་རིན་པོ་ཆེའི་གཏེར་ཟེར་གྱི་ཡོའོ་༿ཡོད་༾རེད།
- དགའདི་ཡིན་ན་རྩོམ་པ་པོ་རང་ཉིད་ནས་བསྟན་བཅོས་འདི་ཡཱ༿ལ་༾མཚན་བཏགས་བཞག་པ་འདི་འདྲས་ཞིག་རེད། ད་འོ་ན་་་་དེང་སང་འདིའི་ཡཱ་༿ལ་༾ས་སྐྱ་ལེགས་བཤད། ས་སྐྱ་ལེགས་བཤད་ཟེར་དགོས་ཡག་༿ཡས་༾ཀྱི་ འོ་་་་།མཚན་འདི་འབོད་དགོས་ཡག་༿ཡས་༾ཀྱི་རྒྱུ་མཚན་འདི་ཡིན་ན་ཕྱིས་སུ་མི་རྣམས་ཀྱི་ལེགས་བཤད་རིན་པོ་ཆེའི་དེབ་འདིའི་ནང་དོན། འདིའི་རྩོམ་པ་པོ། འདིའི་འཁྲུངས་ཡུལ། འདི་འདྲས་ཀྱི་གནས་ལུགས་རྒྱུ་མཚན་འདི་འདྲས་གཅིག་ལ་གཞིགས་བྱས་ཕྱིས་སུ་ཡིན་ན། མི་ཚང་མས།ཨ་ནི་་་་། ས་སྐྱ་ལེགས་བཤད་ཟེར་བྱས་ཡོངས་གྲགས་འདི་འདྲས་སུ་ཕྱིན་པ་རེད།
- དགད་འོ་ན་་་་ས་སྐྱ་ལེགས་བཤད་ཟེར་ལབ་དུས་ཙམ་པ་འདིའི་ཐོག་མར་དེའི་༿ན་༾ཡོད་པའི་ས་སྐྱ་ཟེར་ཡས་འདི་ཡིན་པ་ཡིན་ན། ང་ཚོས་ཡིན་པ་ཡིན་ན་ནམ་རྒྱུན་ནས་ས་སྐྱ་ཟེར་མཐོང་པ་ཡིན་པ་ཡིན་ན་ག་རེའི་དོན་དག་རེད་ཟེར་ན། ས་ཆ་སྐྱ་བོ། ས་ཆ་སྐྱ་བོ་ཟེར་དུས་ཙམ་པ། ས་ཡིན་ན་དཀར་པོ། འོ་་་་འདི་འདྲས་ལ་གོ་ཡས་ཡོའོ་༿ཡོད་༾རེད། གཙང་ཁུལ་གྱི་ས་ཆ་གཅིག་༿ཞིག་༾གི་མིང་རེད། ས་སྐྱ་བོ།
- དགད་འོ་ན། ད་རེས་ང་ཚོའི་བསྟན་བཅོས་འདིའི་ཡ་༿འདི་ལ་༾ས་སྐྱ་ལེགས་བཤད་ཟེར་དགོས་ཡས་ཀྱི་རྒྱུ་མཚན་གང་རེད་ཟེར་ན། འདི་ཡིན་ན་རྩོམ་པ་པོ་དང་འབྲེལ་བ་ཡོའོ་༿ཡོད་༾རེད། རྩོམ་པ་པོ་དང་འབྲེལ་བ།
- དགདཱ། ས་སྐྱ་ལེགས་བཤད་འདི་རྩོམ་པ་པོའི་མིང་ལ་ཡཱ། མཚན་ལ་ཡ་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན། འོ། ས་སྐྱ་པཎྜི་ཏ་ཞུ་གི་ཡོའོ་༿ཡོད་༾རེད། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ཟེར་བྱས་བྱས། ཁོང་ཡིན་ན་ཆིག་སྟོང་ཡིན་ན། འཱ། བརྒྱ་དང་བརྒྱད་ཅུ་བརྒྱ་གཉིས་ཀྱི་ལོ་ལ་འཱ། གཙང་ས་སྐྱའི་ཡུལ་ལ་འཱ། འཁྲུངས་པ་འདི་འདྲས་གཅིག་རེད།
- དགའོ། མཚན་འདི་ལ་ཡ། ས་སྐྱ་ཟེར་གྲགས་བཞག་བྱས། འཱ། ཡུལ་མིང་ཡིན་ན་མིང་ལ་བཏགས་པ་འདི་འདྲས་གཅིག་རེད། ཡུལ་གྱི་མིང་ཡིན་ན་མི་ལ་བཏགས་པ་འདི་འདྲས་གཅིག་རེད།བྱས་ཙང་རྩོམ་པ་པོ་འདི་ཡིན་ན་ག་རེ་རེད་ཟེར་ན། ས་སྐྱའི་པཎྜི་ཏ། པཎྜཱི་ཏ་ཟེར་ན་ལེགས་སྦྱར་གྱི་སྐད་རེད་བོད་སྐད་ལ་ཚུར་བསྒྱུར་པ་ཡིན་ན་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན་མཁས་པ་ཟེར་གྱི་ཡོའོ་༿ཡོད་༾རེད།
- དགམདོར་བསྡུས་བྱས་བཤད་ན་ས་སྐྱའི་ཡུལ་དུ་འཁྲུངས་པའི་པཎྜི་ཏ་ཆེན་པོ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་སྐྱེ་བོ་རྣམས་ལ་ཡ་སྤངས་བླངས་ཀྱི་གནས་ཕྱིན་ཅི་མ་ལོག་པར་བསླབ་ཡས་ཀྱི་གདམས་ངག་ལེགས་པར་བཤད་པ་སོང་ཙང་བསྟན་བཅོས་འདིའི་མིང་ལ་ཡཱ་ས་སྐྱ་ལེགས་བཤད། ས་སྐྱ་ལེགས་བཤད་ཟེ་ལབ་པ་རེད།
- དགད་འོ་ན་་་་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱི་ཁོང་གིས་བརྩམས་གནང་པའི་༿བའི་༾བསྟན་བཅོས་ཡིན་ན་ཧ་ཅང་གྱི་མང་པོ་ཡོད་པའི་ནང་ལོགས་ནས་ས་སྐྱ་ལེགས་བཤད་ཟེར་ཡས་འདི་ཆིག་སྟོང་ཉིས་བརྒྱ་བཞི་ཅུའི་ཡས་མས་སུ་ཡིན་ན་ཨ་ནི་་་་ཁོང་གིས་བརྩམས་གནང་བཞག་པ་གཅིག་རེད། ཆིག་སྟོང་ཉིས་བརྒྱ་བཞི་ཅུའི་ཡས་མས་སུ།
- དགབྱས་ཙང་ང་ཚོས་དེ་རིང་འདིའི་ཡཱ་ལེགས་བཤད་སྤྱི་བསྡུས་ཀྱི་ནང་ལོགས་ནས་སྔན་༿སྔོན་༾ལ་སྦྱངས་ཡས་ཀྱི་ས་སྐྱ་ལེགས་བཤད་ཟེར་ཡས་འདི། བསྟན་བཅོས་འདིའི་མཚན་འདི་གང་འདྲས་ཟེར་བྱུང་པ་༿བ་༾རེད། རེད་པཱ། ཐོག་མར་ཡིན་ན་བསྟན་བཅོས་འདིའི་མཚན་ལ་ཡཱ་གང་འདྲས་ཟེར་ཟེར་གྱི་ཡོའོ་༿ཡོད་༾རེད། འོ། འདིའི་སྐོར་རགས་ཙམ་ཞིག་རེད།
- དགམདོར་བསྡུས་ཡིན་ན་སྤྱིར་ཡིན་ན་བོད་ལ་ཡིན་པ་ཡིན་ན། འོ། ཤེས་བྱའི་གནས་ལ་སྦྱངས་པ་བྱེད་མྱོང་པ་༿བ་༾ ཡང་ན་ཐོས་པ་བྱེད་མྱོང་པའི་༿བའི་༾མི་ཡིན་ན་མང་པོས་ས་སྐྱ་ལེགས་བཤད་ཟེར་ལབ་པ་ཙམ་གྱིས་ལམ་སང༿སེང་༾ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན། ཨའོ། ས་སྐྱ་ལེགས་བཤད་འདི་ཡིན་ན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་བརྩམས་གནང་པའི་༿བའི་༾བསྟན་བཅོས་གཅིག་རེད་ཟེར་འདི་ཡིན་ན་ལམ་སང་༿སེང་༾གོ་ཡས་ཡོའོ་༿ཡོད་༾རེད་ཟེར། འོ། འདི་འདྲས་ཟེར་རེད།
- དགདཱ་ས་སྐྱ་ལེགས་བཤད་ཟེར་ཡས་ཁོ་རང་རང་། ལེགས་བཤད་རིན་པོ་ཆེའི་གཏེར་ཟེར་ཡས་ཁོ་རང་རང་གི་ནང་ལོགས་ལ་ལེའུ་བྱས་པ་ཡིན་ན། ལེའུ་ག་ཚད་ཡོའོ་༿ཡོད་༾རེད་ཟེར་ན། ལེའུ་དགུ་ཡོའོ་༿ཡོད་༾རེད། ལེའུ་དགུ། གཙོ་བོ་ཡིན་ན་ག་རེ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། །
- དགའདིའི་ནང་ལོགས་ནས་ཡང་སྙིང་ང་ཚོས་མཁས་པ་ཟེར་ཡས་དེ་ག་༿གང་༾འདྲས་ཟེར་མཁས་པར་ངོས་འཛིན་དགོས་རེད། ག་༿གང་༾འདྲས་ཟེར་བརྟག་དཔྱད་བྱེད་དགོས་རེད། བླུན་པོ་ཡིན་པ་ཡིན་ན་བླུན་པོ་ཟེར་ག་༿གང་༾འདྲས་ཟེར་གཅིག་ལ་ཟེར་གྱི་ཡོའོ་༿ཡོད་༾རེད། གནས་ཚུལ་ག་༿གང་༾འདྲས་གཅིག་གི་འོག་ལ་མཚོན་རྟགས་འདི་བླུན་པོའི་མཚོན་རྟགས་རེད། འོ་་་་འདི་འདྲས་ཀྱི་སྐོར་འདི་ཡིན་ན་མཁས་བླུན་གཉིས་ཀྱི་བརྟག་དཔྱད་བྱེད་ཡས་རེད་པཱ། འོ་་་་མཁས་པ་བརྟག་པ། བླུན་པོ་བརྟག་པ།
- དགད་ག་ནང་བཞིན་པའི་ཡ་རབ་ཀྱི་སྤྱོད་པ་ཟེར་ན་ག་༿གང་༾འདྲས་གཅིག་ལ་ཟེར་གྱི་ཡོའོ་༿ཡོད་༾རེད། ཡ་རབ་བརྟག་པ། ད་ག་ནང་བཞིན་པའི་ཡིན་ན་ག་རེ་རེད་ཟེར་ན་མི་རྣམས་ཀྱི་ནམ་རྒྱུན་གྱི་སྤྱོད་ཚུལ་གྱི་ཐོག་ནས་ཡ་རབ་ཀྱི་སྤྱོད་པ་དང་མ་རབ་ཀྱི་སྤྱོད་པ་ཟེར་ཡས་འདི་ཚོ་བརྟག་པ། ད་དེ་ནས་ཡིན་ན་ག་རེ་རེད་ཟེར་ན་སྤེལ་མ་བརྟག་པ།
- དགསྤེལ་མ་ཟེར་ན་ཡ་རབ་དང་མ་རབ་ཨོ་་་་ཡང་ན་མཁས་པ་དང་བླུན་པོ་སྤེལ་ནས་ཡོད་དུས་ཙམ་པ་ཀྲེས་༿འདྲེས་༾བྱས་ཡོད་དུས་ཙམ་པ་ག་༿གང་༾འདྲས་ཟེར་བརྟག་དཔྱད་བྱེད་དགོས་རེད། འོ། རང་བཞིན་གྱི་ཚུལ་བརྟག་པ། མི་རིགས་པའི་ཚུལ་བརྟག་པ། བྱ་བ་བརྟག་པ། ཆོས་བརྟག་པ་ལ་སོགས་པའི་ཡིན་ན་ག་རེ་རེད་ཟེར་ན་ འོ། ལེགས་བཤད་རིན་པོ་ཆེའི་གཏེར།
- དགམདོར་ན་དེང་སྐབས་འབོད་བཞིན་པའི་ས་སྐྱ་ལེགས་བཤད་དེ་ཡཱ་ལེའུ་ག་ཚོད་ཡོའོ་༿ཡོད་༾རེད་ཟེར་ན། ལེའུ་དགུ་ཡོའོ་༿ཡོད་༾རེད་ཟེར། ད་དེ་རིང་ང་ཚོའི་དེའི་ཡཱ་ཡོད་པའི་ལེགས་བཤད་གཅེས་བསྡུས་ནང་ལོགས་ཀྱི་ས་སྐྱ་ལེགས་བཤད་དེ་ཡཱ་ལེའུ་དགུ་པ་དེ་ནས་སྙིང་པོའམ་གཙོ་བོ་ཁ་ཤས་ཁ་ཤས་ཚུར་གདམས་བྱས། ཨ་ནི་་་་འདི་འདྲས་ཟེར་བཤད་བཞག་པ་གཅིག་རེད་ཟེར།
- དགད་འདིའི་ནང་ལོགས་ནས་དང་པོ་འདི། ད་ཚིགས་བཅད་ཤོ་ལོ་ཀ་དང་པོ་འདི་ཡིན་ན་ག་༿གང་༾འདྲས་ཟེར་རེད་ཟེར་ན། སྐྱེ་བོ་ཡོན་ཏན་ཡོད་མེད་པའི། བླང་དོར་བློ་གྲོས་ལྡན་པ་མཁས། རྡུལ་དང་འདྲེས་པའི་ལྕགས་ཕྱེ་རྣམས། ཁབ་ལེན་རྡོ་ཡིས་ལེན་པར་ཤེས། འོ་་་་འདི་འདྲས་ཟེར་གཅིག་བྱས་ཚིགས་བཅད་ཤོ་ལོ་ཀ་འདི་བཤད་ཡོའོ་༿ཡོད་༾རེད་ཟེར།
- དགད་འདི་ཡིན་པ་ཡིན་ན། འོ། ལེགས་བཤད་རིན་པོ་ཆེའི་གཏེར་འདིའི་ནང་ལོགས་ནས་ལེའུ་ག་རེའི་ཁོངས་གཏོགས་རེད་ཟེར་ན། མཁས་པ་བརྟག་པ་ཟེར་ཡས་ཀྱི་ལེའུ་འདིའི་ཁོངས་གཏོགས་འདི་རེད། ཡང་སྙིང་མཁས་པ་བརྟག་པ་ཟེར་དུས་ཙ་ནས་བརྟག་འདི་ག་རེའི་བརྟག་རེད་ཟེར་ན། བརྟག་པ་བྱེད་པ། དཔྱད་པ་བྱེད་པ། བརྟག་དཔྱད་བྱེད་པའི་བརྟག་འདི་རེད།
- དགབྱས་ཙང་མཁས་པ་ཟེར་ག་༿གང་༾འདྲས་ཟེར་བརྟག་དཔྱད་བྱེད་དགོས་པའི་ལེའུ་འདིའི་ནང་ལོགས་ཀྱི་ཤོ་ལོ་ཀ་གཅིག་རེད། ཤོ་ལོ་ཀ་འདི་ཡིན་ན་དོན་དག་འདི་ག་༿གང་༾འདྲས་ཟེར་རེད་ཟེར་ན། ཤོ་ལོ་ཀ་འདིའི་ཡཱ་འགྲེལ་བཤད་མ་བརྒྱབ་གོང་ལ་ཡཱ། སྔར་ང་ཚོས་ཚིག་བཅད་ཤོ་ལོ་ཀ་འདིའི་ནང་ལོགས་ལ་ཡཱ་ཡོད་པའི་མིང་ཚིག་ཁ་བཤད་ལ་ཡ་འགྲེལ་པ་གཅིག་བརྒྱབ་པ་ཡིན་ན།
- དགའདིའི་ནང་ལོགས་ཀྱི་དང་པོ། སྐྱེ་བོ་ཟེར་ཡས་དེ་རེད། དེ་ནས་ཡིན་ན་གཉིས་པ་དེ་བླང་དོར་རེད་པཱ། དེ་ནས་ལྕགས་ཕྱེ། དེ་ནས་ཁབ་ལེན་རྡོ། འོ། འདི་གྱད་ཡིན་ན་མིང་ཚིག་ཅུང་ཟད་ཁག་པ་གཅིག་རེད་འདིའི་ནང་ལོགས་ནས།
- དགད་ང་ཚོས་བཤད་པར་བྱ་བའི་ཚིགས་བཅད་ཤོ་ལོ་ཀ་དང་པོ་འདིའི་ནང་ལོགས་ཀྱི་ཨི་་་་ཡིན་ན་སྐྱེ་བོ་ཟེར་ཡས་འདི་དང་པོ་འདི་རེད།མིང་ཚིག། དེ་ནས་ཡིན་ན་མིང་ཚིག་གཉིས་པ་ཡིན་ན་ག་རེ་རེད་ཟེར་ན།བླང་དོར། བླང་དོར། དེ་ནས་ཡིན་ན་ག་རེ་རེད་ཟེར་ན།ལྕགས་ཕྱེ། དེ་ནས་ཡིན་ན་ཁབ་ལེན་རྡོ། འོ་ཡ་་་་ཁབ་ལེན་རྡོ།
- དགའདི་འདྲས་ཟེར་བྱས་བྱས་ཤོ་ལོ་ཀ་འདིའི་ནང་ལོགས་ནས་མིང་ཚིག་ལ་ཡ་སྔན་༿སྔོན་༾ལ་ཡ་འགྲེལ་པ་བརྒྱབ་པ་ཡིན་པ་ཡིན་ན། སྤྱིར་ཡིན་ན་ས་སྐྱ་ལེགས་བཤད་ཁོ་རང་གི་བསྟན་བཅོས་འདི་བརྩམས་དུས་ཙམ་པ་གི་༿ཡི་༾རྗོད་བྱེད་ཀྱི་ཚིག་འདི་གང་འདྲས་ཟེར་བེད་སྤྱད་ཡོའོ་༿ཡོད་༾རེད་ཟེར་ན།
- དགབརྗོད་བྱའི་ནང་དོན་འདི་དོན་དག་དེའི་ཡཱ་སླར་ཡང་དཔེ་གཅིག་སྦྱར་བྱས། འོ། ཡང་ན་དཔེ་འདིས་དོན་དག་འདི་མཚོན་ཐུབ་ཀྱི་རེད། དཔེར་ན་འདི་འདྲས་འདི་འདྲས་ཟེའོ་བྱས་བྱས་ཡིན་ན་ག་རེ་རེད་ཟེར་ན་ དཔེ་དང་དོན་གཉིས་མཉམ་དུ་སྤེལ་བྱས་སྦྱར་བཞག་པ་འདི་འདྲས་ཧ་ཅང་གི་མང་པོ་ཡོའོ་༿ཡོད་༾རེད།
- དགབྱས་ཙང་ང་ཚོའི་ཚིགས་བཅད་ཤོ་ལོ་ཀ་དང་པོ་འདིའི་ནང་ལོགས་ལ་ཡིན་ནའི་ག་རེ་རེད་ཟེར་ན་འདི་འདྲས་ཟེ་བཅད་བཞག་པ་གཅིག་རེད། དཔེ་དོན་གཉིས། དོན་དག་འདིའི་ནང་ལོགས་ཀྱི་སྐྱེ་བོ་ཟེར་ཡས་དེ་ག་ལ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན། མི་སྤྱི་ལ་ཟེར་གྱི་ཡོའོ་༿ཡོད་༾རེད། སྐྱེ་བོ་ཟེར་ན་མི་སྤྱི་ལ་ཟེར་གྱི་ཡོའོ་༿ཡོད་༾རེད།
- དགདེ་ནས་བླང་དོར་ཟེར་ཡས་ཀྱི་མིང་ཚིག་དེ་སུ་ལ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན། བླངས་ཟེར་ན་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན་། ཡོན་ཏན་རྣམས་ཚུར་བླངས།དགེ་མཚན་རྣམས་ཚུར་བླངས། དོར་ཟེར་ན་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན།སྐྱོན་དང་ཉེས་པ་རྣམས་ཕར་དོར་བའམ་ཕར་དབྱུགས་པར་བྱ་བ། འོ།འདིའི་ལ་ཡིན་ན་བླང་དོར་ཟེར་གྱི་ཡོའོ་༿ཡོད་༾རེད།
- དགརྒྱུན་དུ་ཡང་ག་རེ་བཤད་སྲོལ་ཡོའོ་༿ཡོད་༾རེད་ཟེར་ན། སྤང་བླངས་ཟེར་བཤད་སྲོལ་ཡོའོ་༿ཡོད་༾རེད། སྤངས་བླངས སྤངས་བླངས།སྤངས་བླངས་དང་བླང་དོར་ཟེར་མཁན་འདི་གཉིས་ཡིན་ན་ག་རེ་རེད་ཟེར་ན་དོན་དག་གཅིག་པ་རེད། ག་རེ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན།
- དགམདོར་བསྡུས་བཤད་པ་ཡིན་ན་བླངས་ཟེར་ན་མི་གཞན་གྱི་དགེ་མཚན། མི་གཞན་གྱི་ཡོན་ཏན་དེ་ཡིན་ན་ཚུར་བླངས་པའམ་ཚུར་ལེན་པར་བྱས། དོར་ཟེར་ན་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན།མི་གཞན་གྱི་སྐྱོན། ཡང་ན་རང་གི་ལུས་ལ་ཡོད་པའི་ཉེས་པ་དེ་ཚོ་ཡིན་ན་ཕར་མེད་པར་དོར་བ་དབྱུགས་པར་བྱེད་པ།
- དགམདོར་བསྡུས་བཤད་ན་སྤངས་ཟེར་དུས་ཙ་ནས་མེད་པ་བཟོས་པའམ་དབྱུགས་པར་བྱེད་པ་དེ་ལ་སྤངས་རེད་པཱ། བླངས་ཟེར་ན་ཚུར་ལེན་པ་རེད་པཱ། བྱས་ཙང་བླང་དོར་དང་སྤངས་བླངས་གཉིས་གཅིག་པ་རེད། འདི་ཡིན་ན་ཤོ་ལོ་ཀ་འདིའི་ནང་ལོགས་ཀྱི་དོན་དག་དཔེ་ཅན་འདིའི་མིང་ཚིག་གཉིས་རེད།
- དགད་ཤོ་ལོ་ཀ་འདིའི་ནང་ལོགས་ལ་ཡཱ་ཡང་བསྐྱར་དཔེ་གཅིག་བཤད་བཞག་ཡོའོ་༿ཡོད་༾རེད་དཔེ་འདི་ཡིན་ན་ག་རེའི་ནང་ལོགས་ལ་རེད་ཟེར་ན་འདིའི་ནང་ལོགས་གི་ལྕགས་ཕྱེ། ལྕགས་ཕྱེ་ཟེར་ཡས་འདི་ལྕགས་ཡིན་ན་ཚང་མས་མཁྱེན་གྱི་རེད།ཕྱེ་ཟེར་ན་ག་༿གང་༾ལ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན་ཞིབ་ཞིབ་ལ་ཟེར་གྱི་ཡོའོ་༿ཡོད་༾རེད། ཞིབ་ཞིབ།
- དགམདོར་བསྡུས་བཤད་ན། ལྕགས་ཕྱེ་ཟེར་ན་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན། ལྕགས་ཞིབ་ཞིབ། འོ་་་་འདི་འདྲས་གཅིག་ལ་ཡ་ལྕགས་ཕྱེ་ཟེར་གྱི་ཡོའོ་༿ཡོད་༾རེད། སྤྱིར་ཡིན་ན་བོད་ཡིག་གྱི་ནང་ལོགས་ནས་ཕྱེ་ཕྱེར་ཟེར་ལབ་ཀྱི་ཡོད་ན། ཕྱེ་འདི་ག་རེའི་དོན་དག་རེད་ཟེར་ན།ཞིབ་ཞིབ་ཀྱི་དོན་དག་རེད།
- དགདཔེར་ན་ང་ཚོ་རང་གི་བག་ཕྱེ་ཟེར་ཡག་༿ཡས༾།སྨན་ཕྱེ་ཟེར་ཡག་༿ཡས༾། སྨན་ཞིབ་ཞིབ།འོ།བསྐོལ་བྱས་བཏུང་ཡག་༿ཡས༾།འགམས་བྱས་ཟ་ཡག་༿ཡས་༾འོ་འདི་འདྲས་ལ་ཡའི་༿ཡང་༾ཕྱེ་ཟེར་གྱི་ཡོའོ་༿ཡོད་༾རེད། ད་རེས་གནས་སྐབས་འདིའི་ནང་ལོགས་ཀྱི་ལྕགས་ཕྱེ་ཟེར་ཡག་༿ཡས་༾འདི་ལྕགས་ཞིབ་ཞིབ་ལ་ཟེར་གྱི་ཡོའོ་༿ཡོད་༾རེད
- དགད་ཁབ་ལེན་རྡོ་ཟེར་ཡས་ཀྱི་མིང་ཚིག་འདི་ག་ལ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། ང་ཚོ་སྤྱིར་ཡིན་ན་ཁ་སྐད་ལ་ཡཱ་ལྕགས་དེའི་ཡཱ་ངར་ལྕགས་ཟེར་གྱི་ཡོའོ་༿ཡོད་༾རེད། དཔེར་ན་ལྕགས་འདི།རྒྱུབ་༿རྒྱུ་༾ཆ་འདི་ལྕགས་ཀྱི་འཁྲིས་ལ་ཡ་སླེབས་པ་ཡིན་ན། ལྕགས་འདི་ཕར་འཐེན་ཐུབ་ཡག་༿ཡས།༾འོ་་་་ཚུར་འཐེན་ཉེན་༿མཁན་༾གྱི། འོ། དཔེར་ན་བྱེ་མའི་ནང་ལོགས་ལ་ཡཱ་ལྕགས་མང་པོ་ཡོད་པ་ཡིན་ན། རྒྱུབ་༿རྒྱུ་༾ཆ་ཁབ་ལེན་རྡོ་ཟེར་ཡས་འདི་འཁྱེར་པ་ཡིན་པ་ཡིན་ན། འོ། ལྕགས་འདུ་གོའོ་༿དེ་ཚོ་༾ཡིན་ན་ཚུར་འཐེན་ཐུབ་ཀྱི་ཡོའོ་༿ཡོད་༾རེད།
- དགའདིའི་ཡཱ་ཁབ་ལེན་རྡོ་ཟེར། ཁ་སྐད་ནང་ལོགས་ལ་ང་ཚོས་ངར་ལྕགས་ངར་ལྕགས་ཟེར་བཤད་སྲོལ་ཡོའོ་༿ཡོད་༾རེད། འོ་་་་འདི་རེད། ད་འདི་འདྲས་ཟེར་བྱས་བྱས་མིང་ཚིག་ལ་འགྲེལ་པ་བརྒྱབ་ཚར་པའི་གཞུག་གུ་༿རྗེས་སུ་༾ང་ཚོས་ཚིགས་བཅད་ཤོ་ལོ་ཀ་འདིའི་ནང་དོན་བཤད་དགོས་ཀྱི་ཡོའོ་༿ཡོད་༾རེད། ཚིགས་བཅད་ཤོ་ལོ་ཀ་འདིའི་ནང་དོན་ག་༿གང་༾འདྲས་ཟེར་རེད་ཟེར་ན།
- དགསྐྱེ་བོ་ཡོན་ཏན་ཡོད་མེད་པའི། བླང་དོར་བློ་གྲོས་ལྡན་པ་མཁས། མིའི་ནང་ལོགས་ལཱ་ཟེར་ལབ་པ་རེད། སྐྱེ་བོ་ཟེར་ན་ང་ཚོ་མི་རེད་པཱ། མིའི་ནང་ལོགས་ལ་ཡཱ་ལུས་ངག་ཡིད་གསུམ་གྱི་བྱེ་བྲག་ལ་ཡཱ་ཨ་ནི་་་་ཡིན་ན་མཁས་པ་ཡང་བྱེད་ན་སྐྱོན་ཡོད་པ་ཡོན་ཏན་ཡོད་པ་ཧ་ཅང་གིས་སྣ་ཁ་མང་པོ་ཡོའོ་༿ཡོད་༾རེད་ཟེར། མི་ལ་ཡིན་ན་སྣ་ཁ་མང་པོ་ཡོའོ་༿ཡོད་༾རེད་ཟེར།
- དགད་དངོས་གནས་དྲང་གནས་ཀྱིས་ཡོན་ཏན་སུ་ལ་ཡོའོ་༿ཡོད་༾རེད།སུའུ་ཡཱ་༿སུ་ལ་༾ཡོན་ཏན་ཡོའོ་༿ཡོད་༾མ་རེད་པས་འདིའི་དབྱེ་བ་དེ་ག་ནས་ཕྱེ་དགོས་རེད་ཟེར་ན། སུའུ་༿སུ་ལ་༾ཡོན་ཏན་ཡོའོ་༿ཡོད་༾རེད་སུའུ༿སུ་ལ་༾ཡོན་ཏན་ཡོའོ་༿ཡོད་༾མ་རེད། འདིའི་དབྱེ་བ་དེ་ག་ནས་ཕྱེ་དགོས་རེད་ཟེར་ན། སྐྱེས་བུ་དེས་མི་དེས་བླང་དོར་གྱི་གནས་ལ་ཡ་ཤེས་ཀྱི་འདུག་གས་མི་འདུག་གས་དེ་ཡཱ་བལྟ་དགོས་རེད་ཟེར།
- དགམི་ཡོན་ཏན་དངོས་འབྲེལ་ཡོད་པ་ཡིན་ན་ག་རེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན་འདི་སྐྱོན་ཡིན་ཕར་དབྱུགས་ཨཱ། ཕར་དོར་ཨཱ། འདི་ཡིན་ན་ཡོན་ཏན་རེད་ཚུར་ལེན་༿ལེན་༾གྱི་ཡིན། བླང་དོར་གྱི་གནས་དེའི་ཡཱ་ཧ་ཅང་གི་བློ་གྲོས་དང་ལྡན་པ།ཤེས་རབ་དང་ལྡན་པ་མི་འདི་མཁས་པ་རེད་ཟེར།
- དགདཔེར་ན་ཆ་བཞག་རྡུལ་དང་རྡུལ་ཟེར་ན་ཐལ་རྡུལ་དང་འདི་འདྲས་མང་པོ་འདྲེས་ཡོད་པའི་ལྕགས་ཞིབ་ཞིབ་དེ་ཚོ་ཚུར་ཡིན་ན་སུས་དབྱེ་བ་ཕྱེ་༿འབྱེད་༾ཀྱི་ཡོའོ་༿ཡོད་༾རེད་ཟེར་ན་ཁབ་ལེན་གྱིས་རྡོས་དབྱེ་བ་ཕྱེ་༿འབྱེད་༾ཀྱི་ཡོའོ་༿ཡོད་༾རེད་ཟེར། མདོར་བསྡུས་བྱས་བཤད་ན་ག་རེ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན།
- དགམི་ལ་ཆ་བཞག། མི་ཚང་མའི་ནང་ལོགས་ལ་ཡིན་ན་ཡོན་ཏན་ཡོད་པ་དང་མེད་པ་ཟེར་ཡས་འདི་དབྱེ་བ་ག་འདྲས་ཟེར་ཕྱེ་དགོས་རེད་ཟེར་ན། མི་དེས་སྐྱོན་ཡོན་གཉིས་ལ་ཡ་བླངས་བ་དང་དོར་བའི་ཤེས་རབ་ཡོད་མེད་ནས་དབྱེ་བ་ཕྱེ་དགོས་རེད་ཟེར། མདོར་བསྡུས་བཤད་ན་སྐྱོན་ཡོན་གཉིས་ལ་ཡཱ་བླང་དོར་ཤེས་པ་གཅིག་ཡིན་ན་མི་འདི་མཁས་པ་རེད། སྐྱོན་དང་ཡོན་ཏན་གཉིས་ཀྱི་བླང་དོར་འདི་ཤེས་ཀྱི་མེད་པ་ཡིན་ན་མི་འདི་ཡིན་ན་མཁས་པ་མ་རེད། མི་འདི་ཡིན་ན་ཡོན་ཏན་མེད་པ་གཅིག་༿ཞིག་༾རེད་ཟེར་བཤད་ན་འགྲིགས་ཀྱི་ཡོའོ་༿ཡོད་༾རེད་ཟེར།
- དགདཔེ་དེ་ནང་བཞིན་རྡུལ་དང་འདྲེས་པའི་ལྕགས་ཕྱེ་དེ་ཚུར་ཕྱེ་༿འབྱེད་༾ཐུབ་ཡས་འདི་ཁབ་ལེན་རྡོའི་ཁྱད་ཆོས་རེད་ཟེར། འོ། འདི་ཡིན་ན་ཚིགས་བཅད་ཤོ་ལོ་ཀ་འདི་དང་པོ་འདིའི་ནང་དོན་རེད་ཟེར། མདོར་བསྡུས་བྱས་བཤད་པ་ཡིན་ན་ག་རེ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། མི་ཡིན་པ་ཡིན་ན་སོ་སོ་ལ་ཡོན་ཏན་ཡོད།ཡོད་ཟེར་ཡས་དེ་གང་ནས་མཚོན་ཐུབ་ཀྱི་ཡོའོ་༿ཡོད་༾རེད་རེད་ཟེར་ན། བླང་དོར་གནས་ལ་ཕྱིན་ཅི་མ་ལོག་པ། སྐྱོན་དང་ཡོན་ཏན་གསལ་པོར་ཧ་གོ་བ། འོ།འདི་འདྲས་བྱེད་ཡན་༿མཁན་༾གཅིག་ཡིན་ན་མཁས་པ་རེད། འདི་ལས་ལྡོག་པ་བྱེད་ཡན་༿མཁན་༾གཅིག་ཡིན་ན།འདི་ཡིན་ན་ག་རེ་རེད་ཟེར་ན་ཡོན་ཏན་མེད་པའི་རྟགས་མཚན་རེད་ཟེར།
- དགའོ་་་་ཡིན་ན་མཁས་པ་བརྟག་པའི་ལེའུ་གི་༿ཡི་༾ནང་ལོགས་ཀྱི་ཚིགས་བཅད་ཤོ་ལོ་ཀ་གཅིག་རེད་ཟེར། སླར་ཡང་ཚིགས་བཅད་ཤོ་ལོ་ཀ་གཉིས་པ་འདི་ཡིན་ན་ག་རེ་རེད་ཟེར་ན། མཁས་པ་བརྩད་ཅིང་མ་འདྲིས་པ། དེ་ཡི་བར་དུ་གཏིང་མི་དཔོག། རྔ་ལ་དབྱུ་གུས་མ་བསྣུན་ན། དེ་སྲིད་གཞན་དང་ཁྱད་ཅི་ཡོད། ཟེར་ཡས་འདི་རེད་ཟེར།
- དགད་འདིའི་ནང་ལོགས་ལ་ཡ་མིང་ཚིག་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན། ང་ཚོ་རང་གིས་མང་ཆེ་བ་ཡིན་ན་ཁྱེད་རྣམས་ཚོས་མཁྱེན་གྱི་རེད། འདིའི་ནང་ལོགས་ཀྱི་མིང་ཚིག་ནང་ལོགས་ནས་དབྱུ་གུ་ཟེར་ཡས་གཅིག་ཡོའོ་༿ཡོད་༾རེད། དབྱུ་གུ། འདི་ཡིན་ན་སྦད་དེ་ཡིག་སྐད་རེད། དབྱུ་གུ་ཟེར་ཡས་འདི་ཡིན་ན་ཡིག་སྐད་རེད།
- དགད་དབྱུ་གུ་ཟེར་ཡས་འདི་ཡིན་ན་ཁ་སྐད་ལ་ག་རེ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། འོ་་་་རྒྱག་པ་༿རྒྱུག་པའམ་དབྱུ་གུ་༾གཞུ་ཡག་༿ཡས་༾ཀྱི་རྒྱག་པ་༿རྒྱུག་པའམ་དབྱུ་གུ་༾རེད་པཱ། ཡང་ན་ཡིན་ན་ཡིག་སྐད་ནང་ལོགས་ཀྱི་དབྱུག་པ། འོ་་་་འདི་འདྲས་གཅིག་ལ་ཡ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར།
- དགམདོར་བསྡུས་བྱས་བཤད་ན། མཁས་པ་བརྩད་ཅིང་མ་འདྲིས་པ། དེ་ཡི་བར་དུ་གཏིང་མི་དཔོག།ཟེར་ན། དོན་དག་འདིས་ག་རེ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། མཁས་པ། མཁས་པ་ཟེར་ཡག་༿ཡས་༾འདི་སྤྱིར་ཡིན་ན་ཤེས་བྱ་ཡོན་ཏན་གཅིག་གོའོ་༿གཅིག་བུ་༾ཤེས་པ་ཙམ་གྱིས་འདི་ལ་ཡ་མཁས་པ་ཟེར་གྱི་ཡོའོ་༿ཡོད་༾མ་རེད། མཁས་པ་ཟེར་པ་༿བ་༾ཡིན་ན་ག་༿གང་༾འདྲས་གཅིག་ལ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན།
- དགཤེས་བྱ་ཡོན་ཏན་ལ་མཁས་པའི་མཁས་པ་ཡོའོ་༿ཡོད་༾རེད། ཡང་ན་འདི་ཡིན་ན་དོན་དང་དོན་མ་ཡིན་པའི་གནད་ལ་ཡ་བླང་དོར་ཕྱིན་ཅི་མ་ལོག་པར་གསལ་པོར་ཤེས་ངན༿མཁན་༾ཡོད་པའི་མཁས་པཱའི་ཡོའོ་༿ཡོད་༾རེད། ད་ག་ནང་བཞིན་པའི་ཡཱ་ང་ཚོ་རང་སྤྱི་ཚོགས་ཀྱི་འཚོ་བའི་ནང་ལོགས་ལ་ཡ་ལས་རིགས་སོ་སོ་སོ་འདྲ་མ་འདྲའི་ཐོག་ལ་ཡ་བྱང་ཆུབ་པའི་མཁས་པའི་ཡོའོ་༿ཡོད་༾རེད།
- དགད་ད་རེས༿རེས་༾འདིའི་ཡ་བཤད་ཡག་༿ཡས་༾ཀྱི་མཁས་པ་འདི་ཡིན་ན་ག་རེ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པའི་མཁས་པ། བླང་དོར་གྱི་གནས་ལ་ཡ་ཕྱིན་ཅི་མ་ལོག་པར་འཇུག་པའི་མཁས་པ། མཁས་པ་འདི་ཡང་སྙིང་ཡིན་ན་མཁས་པ་འདི་དངོས་གནས་ཀྱི་མཁས་པ་རེད་མ་རེད། དེའི་ཡཱ་ཡོན་ཏན་གཏིང་ཟབ་ལོས་ག་༿གང་༾འདྲས་གཅིག་ཡོའོ་༿ཡོད་༾རེད། གཏིང་ཟབ་པོ་ཡོའོ་༿ཡོད་༾རེད་ཡོའོ་༿ཡོད་༾མ་རེད།
- དགའདི་ཡིན་ན་ག་འདྲས་ཟེར་བལྟ་དགོས་རེད། སོ་སོས་ཡིན་ན་ཧ་གོ་་འདོད་ཡོའོ་༿ཡོད་༾རེད། མཁས་པ་དེའི་ཡཱ་ཡང་སྙིང་ཡོན་ཏན་གཏིང་ཟབ་ལོས་ཡོའོ་༿ཡོད་༾རེད། མཁས་པ་འདི།མཁས་པ་འདི་ཡིན་ན་ག་རེ་ག་རེ་ཤེས་འདོད་ཀྱི་ཡོའོ་༿ཡོད་༾རེད། འོ། འདི་འདྲས་གཅིག་རང་ཉིད་ཀྱི་ཤེས་འདོད་ཡོའོ་༿ཡོད་༾རེད། མ་ཟད་ཁོང་མཁས་པ་ཡིན་པ་ཡིན་ན་ཁོང་གི་འཁྲིས་ནས་ཡོན་ཏན་ལེན་འདོད་ཀྱི་བློ་ཡའི་༿ཡང་༾ཡོའོ་༿ཡོད་༾རེད།
- དགའདི་འདྲས་ཡིན་པ་ཡིན་ན་ག་རེ་བྱེད་དགོས་རེད་ཟེར་ན། རང་ཉིད་ཀྱི་མཁས་པ་དེ་བརྩད་ཅིང་འདྲི་དགོས་རེད་ཟེར་ལབ་པ་རེད།བརྩད་གཅད་ཟེར་ན་ང་ཚོ་ཁ་སྐད་ལ་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན་བརྩད་གཅོད་པའི་དོན་དག། འོ། ཁོང་ཡིན་ན་ག་༿གང་༾འདྲས་ཡོའོ་༿ཡོད་༾རེད་མི་གཞན་དག་ལ་བརྩད་གཅད། ཁོང་འདི་འདྲས་འདི་འདྲས་རེད་པས། ཁོང་འདི་འདྲས་འདི་འདྲས་མ་རེད་པས་ཟེར་སྐད་ཆ་དྲིས།
- དགའོ་་་་འདི་འདྲས་བྱས་བྱས་སོ་སོས་ཡིན་ན་མཁས་པ་འདིའི་ཡོན་ཏན་རྟོག་ཡག་༿ཡས་༾ཀྱི་ཆེད་དུ། མཁས་པ་འདི་ནས་ཡོན་ཏན་ཤེས་ཡག་༿ཡས་༾ཀྱི་ཆེད་དུ། འདི་ཡིན་ན་གཞན་ལ་བརྩད་གཅད། རང་གི་སྐད་ཆ་དྲིས།གུས་པས་༿པའི་༾ཐོག་ནས། འདི་འདྲས་མ་བྱས་པ་ཡིན་ན།མཁས་པ་འདིའི་ཡོན་ཏན་གྱི་གཏིང་འདི་དཔོག་ཐུབ་ཀྱི་མ་རེད།
- དགགཏིང་མི་དཔོག་ཟེར་ན་མཁས་པ་འདི་ལ་ཡང་སྙིང་ཡོན་ཏན་གཏིང་ཟབ་ལོས་ཡོའོ་༿ཡོད་༾རེད། ཡོན་ཏན་ག་ག་༿ག་ཚོད་༾རྩ་༿ཙམ་༾གཅིག་ཡོའོ་༿ཡོད་༾རེད། འདིའི་ཚད་འདི་ཡིན་ན་ཧ་གོ་ཐུབ་ཡས་ཡོའོ་༿ཡོད་༾མ་རེད་ཟེར། གཏིང་མཐའ་ག་ཚད་༿ཚོད་༾ཡོད་པ་དེ་ཧ་གོ་ཡས་ཡོའོ་༿ཡོད་༾མ་རེད་ཟེར།
- དགརྒྱུ༿རྒྱུ་༾མཚན་ག་རེ་རེད་ཟེར་ན། མཁས་པ་ཟེར་ཡན༿མཁན་༾འདི་ཡིན་པ་ཡིན་ན་ཡོན་ཏན་གནད་འགང་ག་༿ཚང་མ་༾ལོགས་ལ་ཡ་༿ཚང་མ་ལ་ཡ་༾མཁས་པོ་ཡོད་པ་ཡིན་ན་ཡིན་ནའི།ཁེངས་པ་དང་དྲེགས་པ་དང་སྤོབས་པ་འདི་འདྲས་མེད་ཙང་།ང་ཡོན་ཏན་འདི་ག་ཙམ་གཅིག་ཡོད། ང་ཡོན་ཏན་འདི་ག་ཙམ་གཅིག་ཡོད་ཟེར།ལབ་ཀྱི་ཡོའོ་༿ཡོད་༾མ་རེད།
- དགམ་ལབ་ཙང། འདི་ཡིན་ན་ཡོན་ཏན་ཡང་སྙིང་གཏིང་རིང་ཐུང་དེ་ག་ཚད་ཡོད་མེད་སུས་ཀྱང་དཔོག་མི་ཐུབ་པའང་ཤེས་མི་ཐུབ་པ་རེད། བྱས་ཙང་ང་ཚོས་ཡིན་ན་ག་རེ་བྱེད་དགོས་རེད་ཟེར་ན། མཁས་པ་འདིའི་ཡོན་ཏན་གཏིང་ཟབ་ལོས་དང་ཡོན་ཏན་གྱི་ཤེས་ཚད་ཀྱི་རྒྱ་ཆེ་ཆུང་དེ་སོ་སོས་དཔོག་པའང་ཤེས་འདོད་དང་ཚད་ལོང་འདོད་ཡོད་ན།ག་རེ་བྱེད་གོ་༿དགོས་༾རེད་ཟེར་ན།
- དགམཁས་པ་དེ་ལ་ཡ་བརྩད་གཅད།སྐད་ཆ་དེ་དྲིས། འདི་མ་དྲིས་པ་དང་བརྩད་མ་གཅད་ཀྱི་བར་དུ་མཁས་པ་འདིའི་ཡོན་ཏན་གྱི་གཏིང་ཚད་དེ་ལོན་ཐུབ་ཀྱི་མ་རེད་ཟེར་ལབ་པ་རེད། འདི་ཡིན་ན་མཁས་པའི་ཡོན་ཏན་གྱི་རྒྱ་ཆེ་ཆུང་འདི།ང་ཚོས་བརྩད་གཅད་པ་དང་སྐད་ཆ་མ་འདྲིས་པ་ཡིན་ན།འདི་བར་དུ་ཧ་མ་གོ་ཀྱི་མ་རེད་ཟེར།
- དགདཔེར་ན་ཆ་བཞག།ང་ཚོ་དངོས་པོའི་ནང་ལོགས་ནས་རྔ་ལ་ཆ་བཞག། རྔ་ཟེར་ཡས་འདི་ཡིན་ན་དངོས་པོ་གཞན་དང་མ་འདྲ་བར་ཡིན་ན་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན། རྔ་འདི་ནས། འ། ཁྱད་དུ་འཕགས་པའི་སྒྲ་འདི་འདྲས་ཅིག་ཚུར་གདོན་ཡས་ཡོའོ་༿ཡོད་༾རེད། ཡིན་ནས་༿ནའི་༾ང་ཚོས་རྔ་དེའི་ཡཱ་དབྱུ་གུ་དེས་མ་ཞུས་པ་ཡིན་ན། བསྣུན་ཟེར་ན་ཞུས་པའང་རྒྱག་པའི་དོན་དག་རེད།དེའི་ཡཱ་མ་ཞུས་པ་ཡིན་ན།
- དགཨཱ་་་་ནི་དངོས་པོ་གཞན་དག་དང་ཁྱད་པར་ག་རེ་ཡོའོ་༿ཡོད་༾རེད། དཔེན་ན་རྔ་འདི་ཡིན་ན་མཁས་པ་ལ་ཆ་བཞག།དབྱུ་གུ་དེ་ཡིན་ན་ག་ལ་ཆ་བཞག་པ་རེད་ཟེར་ན།ང་ཚོ་རང་གིས་བསྣུན་པ་ཟེར་ན་བརྩད་གཅད་པ་དང་སྐད་ཆ་དྲིས་པ།འདི་འདྲས་མ་བྱས་པ་ཡིན་ན། དཱ། མཁས་པ་རེད།མཁས་པ་རེད་ཟེར་ལབ་མ་གཏོགས་གཅིག་གིས་གཞན་དང་ཁྱད་པར་ཡོད་པ་འདི་ང་ཚོས་ཧ་གོ་གྱི་༿ཡི་༾ཡོའོ་༿ཡོད་༾མ་རེད་ཟེར།
- དགརྔ་དེའི་ཡཱ་རྒྱག་པ་༿རྒྱུག་པ་༾དེ་ཞུས་བྱས།འོ་་་།སྒྲ་ཐོན་པར་མ་བྱས་ན། རྔ་དེ་དང་།འོ་་་།བེམ་པོའི་དངོས་པོ་གཞན་དག་བར་་ལ་༿དབར་ལ་༾ཁྱད་པར་ཡོའོ་༿ཡོད་༾མ་རེད་ཟེར།འོ་་་།འདི་འདྲས་ཀྱི་བཤད་ཡག་༿ཡས་༾ཀྱི་དོན་དག་རེད་ཟེར།
- དགམདོར་བསྡུས་བྱས་བཤད་ན་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན།མདོར་བསྡུས་བྱས་བཤད་ན།མཁས་པ་ཡིན་པ་ཡིན་ན་ཡིན་གཅིག་རང་གིས། འེ།ག་རེ་བྱེད་དགོས་རེད་ཟེར་ན་མཁས་པ་དེ་ཡང་སྙིང་ཤེས་བྱའི་ཡོན་ཏན་གྱི་གཏིང་ཟབ་ལོས་དང་ཤེས་བྱ་ཡོན་ཏན་གྱི་རྒྱ་ཆེ་ཆུང་དེ་ང་རང་ཚོས་བརྩད་གཅད།སྐད་ཆ་དྲིས།དེའི་གཏིང་དཔོག་ཐུབ་པ་བྱེད་དགོས་རེད། འདི་མིན་པ་ཡིན་ན་མཁས་པས་ང་ལ་ཡོན་ཏན་འདི་ཙམ་ཡོད་ཅེས། ཨཱ་ནི་་་།ག་རེ་རེད་ཟེར་ན།མི་ལ་ངོམས་པར་བྱེད་ཀྱི་མ་རེད།
- དགདཔེ་དེ།དོན་དེ་ནང་བཞིན་གྱི་དཔེ།རྔ་ལ་རྒྱག་པ་༿རྒྱུག་པ་༾མ་ཞུས་པ་ཡིན་ན།དངོས་པོ་གཞན་དང་ཁྱད་ཡོའོ་༿ཡོད་༾མ་རེད།སྒྲ་འདོན་ཐུབ་ཀྱི་མ་རེད་ཟེར། འོ།དེའི་ཡཱ་བཤད་ཡག་༿ཡས་༾ཀྱི་དོན་དག་རེད་ཟེར།འདི་ཡིན་ན་ཚིགས་བཅད་ཤོ་ལོ་ཀ་འདིའི་དོན་དག་རེད།
- དགཚིགས་བཅད་ཤོ་ལོ་ཀ་གསུམ་པ་དེ་ཡིན་ན་ག་རེ་རེད་ཟེར་ན།སླར་ཡང།མཁས་པ་ཡོན་ཏན་ཀུན་བསླབ་པ། མཐར་ཕྱིན་གཅིག་གིས་འཇིག་རྟེན་གསལ། བློ་ངན་ཤེས་པ་མང་ན་ཡང། རྒྱུ་སྐར་བཞིན་དུ་གསལ་མི་ནུས། འོ་་་་འདི་ཡིན་ན་ཚིགས་བཅད་ཤོ་ལོ་ཀ་གཅིག་རེད།
- དགའདིའི་ནང་ལོགས་ལ་ཡ་ག་རེ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། མཁས་པ་ཤེས་བྱའི་ཡོན་ཏན་གནད་མང་པོ་ལ་ཡ་སྦྱངས་པ། བསླབ་པ་ཟེར་ན་སྦྱངས་པའི་དོན་དག་རེད།འདིའི་ནང་ལོགས་ལ་ཡིན་ན་མིང་ཚིག་ལ་ཆ་བཞག་ན་ཧ་མ་གོ་པ་༿བ་༾ཞེ་དྲག་ཡོའོ་༿ཡོད་༾མ་རེད། རྒྱུ་སྐར་ཟེར་བཤད་ན་ག་ལ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན་སྐར་མ་ལ་བཤད་ཀྱི་ཡོའོ་༿ཡོད་༾རེད་པཱ།
- དགབྱས་ཙང་མཁས་པ་ཡོན་ཏན་ཀུན་བསླབས་པ་ཟེར་ན་ག་རེ་ཟེར་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན།ཤེས་བྱ་ཡོན་ཏན་གྱི་གནས་ཀུན་ལ་བསླབས་པ་ཟེར་ན་སྦྱངས་པ་བྱེད་པ། འོ་་་་བསླབས་པ་ཟེར་དུས་ཙ་ནས།ཤེས་བྱའི། འོ།མཁས་པས་ཡིན་ན་ག་རེ་རེད་ཟེར་ན་ཤེས་བྱའི་ཡོན་ཏན་གནས་ཀུན་ལ་ཡིན་ན་ག་རེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན་སྦྱངས་པ་མཐར་ཕྱིན་པ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར།
- དགདེའི་ཤེས་བྱས་ཡིན་ན་། འཱ།དེའི་ཤེས་བྱ་མཁས་པ་དེའི་ཡོན་ཏན་གྱི་ནུས་མཐུ་ལས་སྐྱེ་འགྲོ་ཐམས་ཅད་༿མཐའ་དག་༾ལ་མང་པོ་གཅིག་ལ་ཡིན་ན་ཕན་པ་དང་བདེ་བ་སྒྲུབ་ཀྱི་ཡོའོ་༿ཡོད་༾རེད་ཟེར།
- དགམཁས་པས། དཱ།མཁས་པ་དེ་ལྟ་བུ་ཤེས་བྱའི་གནས།ཤེས་བྱ་ཡོན་ཏན་ལ་སྦྱངས་པ་མཐར་སོན་པའི་མཁས་པ་དེ་ལྟ་བུ་གཅིག་གིས་ཡིན་པ་ཡིན་ནའི་ལས། རྐང་བུ་གཅིག་གའི་༿གིས་༾ཡིན་པ་ཡིན་ནའི་ལས།འཇིག་རྟེན་འདིའི་ཡཱ་༿འདི་ལ་༾ཕན་པ་དང་ཉི་མ་ནང་བཞིན་ཉི་མ་གཅིག་གིས་ཀྱང་འཇིག་རྟེན་འདི་གསལ་བར་གཅིག་ཡོའོ་༿ཡོད་༾རེད་ཟེར།
- དགམདོར་བསྡུས་བཤད་ན། ཤེས་བྱ་ཡོན་ཏན་ཀུན་ལ་ཡ་ཧ་ཅང་གི་སྦྱངས་པ་མཐར་སོན་པའི་མཁས་པ་གཅིག་གི་ཡིན་ནའི་འཇིག་རྟེན་འདིའི་ཡཱ་༿འདི་ལ་༾ཕན་པ་མང་པོ་སྒྲུབ་ཐུབ་ཀྱི་ཡོའོ་༿ཡོད་༾རེད་ཟེར། འདི་ཡིན་ན་མཁས་པའི་ཡིན་ན་རང་བཞིན་རེད་ཟེར།
- དགད་བློ་ངན་ཟེར་དུས་ཙ་ནས་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན། བསམ་བློ་ངན་པ། དུག་སྦྲུལ་ནང་བཞིན་གྱི་བསམ་བློ་ངན་པའི་སྐྱེས་བུ་དེ་ཚོས་ག་རེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན་ཤེས་པ་སྤྲ་སྤྲལ་༿ཁ་ཐོར་༾ངང་ནས་ཡིན་ན་ག་རེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན་ཡོན་ཏན་གང་ས་གང་ལ་སྣ་ཁ་མང་པོ་ཤེན་༿ཤེས་༾པ།ཡང་ན། འོ་་་།སྣ་ཁ་མང་པོ་ཤེས་པའི་བློ་ངན་པའི་སྐྱེས་བུ་ཧ་ཅང་གྱི་མང་པོ་ཡོད་པ་ཡིན་ནའི།དཔེ་ག་རེ་དང་གཅིག་པ་རེད་ཟེར་ན་ནམ་མཁའི་རྒྱུ་སྐར།སྐར་མ་དང་གཅིག་པ་རེད་ཟེར།
- དགསྐར་མ་དང་གཅིག་པ་རེད་ཟེར་དགོས་ཡས་རྒྱུ༿རྒྱུ་༾མཚན་ག་རེ་རེད་ཟེར་ན།སྐར་མ་འདི་ཧ་ཅང་གི་མང་པོ་ཡོའོ་༿ཡོད་༾རེད།ཡིན་ནའི་ཁོས་ཡིན་ན་ག་རེ་རེད་ཟེར་ན་མུན་པ་དེའི་ནང་ལོགས་ལ་གསལ་ཐུབ་ཀྱི་ཡོའོ་༿ཡོད་༾རེད་པས་ཟེར་ན།གསལ་ཐུབ་ཀྱི་ཡོའོ་༿ཡོད་༾མ་རེད། འདི་དང་ག་རེ་གཅིག་པ་རེད་ཟེར་ན། བློ་ངན་པའི་ཤེས་པ་མང་པོ་ཤེས་པའི། འོ་་་།སྐྱེ་བོ་འདི་ཚོ་གཅིག་པ་རེད་ཟེར།
- དགདཱ་་་་འདི་གཉིས་གཉིས་ཀྱི་ནང་དོན་འདི་ཡིན་ན་ག་འདྲས་ཟེར་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན་མདོར་བསྡུས་བྱས་བཤད་པ་ཡིན་པ་ཡིན་ན། འོ་་་།མཁས་པ་གཅིག་ཡིན་པ་ཡིན་ན་ཤེས་བྱ་ཡོན་ཏན་ཀུན་ལ་ཡ་སྦྱངས་པ་བྱེད་པའི་མཁས་པ་གཅིག་ཡིན་པ་ཡིན་ན། གཅིག་གིས་ཡིན་ནའི་ཉི་མ་ནང་བཞིན་འཇིག་རྟེན་འདི་གསལ་ཐུབ་ཀྱི་རེད་ཟེར།
- དགདཔེར་ན་ང་ཚོའི་ཡིན་ན་ནམ་མཁར་ཡིན་ན་ཉི་མ་མང་པོ་ཡོའོ་༿ཡོད་༾མ་རེད།གཅིག་རེད། ཉི་མ་གཅིག་པུ་འདིས་ཡིན་ན་འཇིག་རྟེན་ཀུན་ལ་ཡ་གསལ་ཐུབ་ཀྱི་ཡོའོ་༿ཡོད་༾རེད། དེ་ནང་བཞིན་མཁས་པ།ཤེས་བྱ་ཡོན་ཏན་ཀུན་སྦྱངས་པའི་མཁས་པ་མཐར་ཕྱིན་པ་གཅིག་གིས་ཡིན་ནའི་འཇིག་རྟེན་འདིའི་ཡཱ་ཕན་པའི་བྱ་བ་མང་པོ་བསྒྲུབ་ཐུབ་ཀྱི་ཡོའོ་༿ཡོད་༾རེད།
- དགཡིན་ནའི་བསམ་བློ་ངན་པ།བློ་ངན་པའི་དུག་སྦྲུལ་ལྟ་བུའི་སྐྱེས་བུ།ཤེས་བྱ་མང་པོ་ཤེས་པའི་སྐྱེས་བུ་གཅིག་ཡིན་པ་ཡིན་ནའི།ནམ་མཁའི་སྐར་མ་ནང་བཞིན་གསལ་ཐུབ་ཡས་ཡོའོ་༿ཡོད་༾མ་རེད་ཟེར་ན་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན། ཕན་ཐོགས་ཡས་ཡོའོ་༿ཡོད་༾མ་རེད་ཟེར།
- དགམདོར་བསྡུས་བཤད་ན། མཁས་པ་ཡོན་ཏན་ཡིན་ན་ག་རེ་རེད་ཟེར་ན་ཀུན་ལ་སྦྱངས་པ་མཐར་ཕྱིན་པའི་མཁས་པ་དེ་ཉི་མ་དང་གཅིག་པ་རེད། གཅིག་ལས་མེད་ཀྱང་སྐྱེ་བོར་༿བོ་༾ལ་ཡ་ཕན་པ་ཞེ་དྲག་ཡོའོ་༿ཡོད་༾རེད། བསམ་བློ་ཡིན་ན་དུག་སྦྲུལ་ནང་བཞིན་གྱི་ངན་པ་ཡོད་པའི་སྐྱེས་བུ་དེ། འོ།ཤེས་བྱའི་གནས་མང་པོ་ཤེས་ཀྱི་ཡོད་པ་ཡིན་ནའི་ག་རེ་དང་གཅིག་པ་རེད་ཟེར་ན་ནམ་མཁའ་ལ་ཡ་རྒྱུ་སྐར་གྲངས་མང་པོ་ཡོད་ནའི་འཇིག་རྟེན་འདི་གསལ་མི་ཐུབ་པ་ལྟར།འཇིག་རྟེན་འདིའི་ཡཱ་ཕན་ཐོགས་བསྒྲུབ་ཐུབ་ཀྱི་མ་རེད་ཟེར།
- དགའདི་ཡིན་ན་ག་རེ་རེད་ཟེར་ན།མཁས་པ་དང་བློ་ངན།ཡང་ན་ཤེས་བྱ་ཡོན་ཏན་ཡོད་པའི་བསམ་བློ་བཟང་པོའི།འོ་་་།མི་དང།འོ་་་་།ཤེས་བྱ་ཡོན་ཏན་ཡོད་པའི་བསམ་བློ་ངན་པ་དུག་སྦྲུལ་ལྟར་གྱི་ངན་པ་ཡོད་པའི་མི་གཉིས་ཀྱི་འཇིག་རྟེན་ཡཱ་ཕན་པ་བསྒྲུབ་ཐུབ་དང་མ་ཐུབ་ཀྱི་སྐོར་འདི་ཚིགས་བཅད་ཤོ་ལོ་ཀ་འདི་ནས་འདྲེན་ཐུབ་ཀྱི་ཡོའོ་༿ཡོད་༾རེད་ཟེར།
- དགདཱ་་་་དེ་ནས་ཚིགས་བཅད་ཤོ་ལོ་ཀ་བཞི་པ་འདིའི་དོན་དག་འདི་ག་རེ་རེད་ཟེར་ན། མཁས་པ་ཡོན་ཏན་དཔག་མེད་ཀྱང་། གཞན་གྱི་ཡོན་ཏན་ཆུང་ངུ་ལེན། དེ་ལྟར་རྒྱུན་དུ་སྤྱད་པ་ཡི། མྱུར་དུ་ཐམས་ཅད་མཁྱེན་པར་འགྲོ། འདི་དོན་དག་ག་རེ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན།
- དགམཁས་པ། མཁས་པ་ཟེར་དུས་ཙམ་པ། ཤེས་བྱའི་གནས་ལ་ཡ་ཧ་ཅང་གི་རྒྱ་ཆེན་པོ། ཤེས་རྒྱ་ཆེན་པོ།ཧ་ཅང་གི་གཏིང་ཟབ་པོ་འདི་འདྲས་ཡོད་པའི་མི་ལ་ཡ་མཁས་པ་ཞེས་བསྔགས་ཀྱི་ཡོའོ་༿ཡོད་༾རེད། མཁས་པ་ཟེར་ཡས་འདི་ཡོན་ཏན་དཔག་ཏུ་མེད་པ་གཅིག་རེད། ཡོན་ཏན་དཔག་མེད་ཟེར་ན།དཔག་མེད་ཟེར་ན་ཚད་མེད་པ་ནང་བཞིན་རེད་ཧ་ཅང་གི་མང་པོ།
- དགདཔེར་ན་ཤེས་བྱའི་ཤེས་རྒྱ་གཅིག་ཡོའོ་༿ཡོད་༾རེད་པཱ།ཤེས་ཚད་ཀྱི་རྒྱ་དེ་ཧ་ཅང་གི་ཆེན་པོ་ཤེས་ཚད་ཀྱི།ཤེས་ཚད་ཀྱི་གཏིང་འདི་ཧ་ཅང་གི་ཟབ་པོ་འདི་འདྲས་ཀྱི་ཤེས་རྒྱ་ཆེ་ལ་ཤེས་ཚད་ཟབ་པའི། འོ་་་།མཁས་པ་འདི་ལ་ཡ་རང་རྒྱུད་ལ་ཡིན་ན་ཡོན་ཏན་ཡིན་ན་ཧ་ཅང་གི་མང་པོ། འོ་་་།ཚད་ལས་འདས་པ།ཚད་འཇལ་མི་ཐུབ་པ་འདི་འདྲས་མང་པོ་ཡོའོ་༿ཡོད་༾རེད། འོ་་་།མཁས་པ་ཡོན་ཏན་དཔག་མེད་པ་རེད།
- དགཡིན་ནའི།འདི་ཡིན་ན་ག་རེ་རེད་ཟེར་ན། ཨོ་་་།ད་ང་ཡོན་ཏན་འདིས་འགྲིགས་སོང་ཨཱ། ད་ང་ཡོན་ཏན་མང་པོ་ཞེ་དྲག་ཡོད། ང་ཡོན་ཏན་གཏིང་རིང་པོ་ཞེ་དྲག་ཡོད། ཨོ་་་།ད་ང་ཏག་ཏག་རེད།འོ་་་་འདི་འདྲས་ཀྱི་ཡིན་ན་ཆོག་ཤེས་བྱས་བྱས་མ་བསྡད་པར་མུ་མཐུད་ག་རེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། མི་གཞན་གྱི་འཁྲིས་ནས་ཡོན་ཏན་ཆེན་པོ་ད་ལྟ་ཅི།ཁོང་ཚོ་ལ་ཡ་དགེ་མཚན་ཆུང་ཆུང་ཡོན་ཏན་ཆུང་ཆུང་གཅིག་ཡོད་པ་ཡིན་ནའི་དེ་ཚུར་ལེན་གྱི་ཡོའོ་༿ཡོད་༾རེད་ཟེར། དེ་ཚུར་ལེན་གྱི་ཡོའོ་༿ཡོད་༾རེད་ཟེར།
- དགདཔེར་ན་ཡིན་ན་སྤྱིར་ཡིན་ན་ང་ཚོས་ཡིན་ན་ག་རེ་བྱེད་དགོས་རེད་ཟེར་ན་ཆོག་ཤེས་བྱེད་དགོས་ནོར་ལ་ཡིན་ན་ཆོག་ཤེས་བྱེད་རེད། འདོད་པ་ཡིན་ན་ཆོག་ཤེས་བྱེད་དགོས་རེད། ཨོ།ད་འདི་ད་ཙ་༿ཙམ་༾གཅིག་རེད།ད་ང་རང་འདི་ད་ཙ་༿ཙམ་༾གཅིག་རེད།མི་ལས་གོའོ་༿དགོས་པ་༾རེད། འདི་འདྲས་ཀྱི་ཆོག་ཤེས་ཡོའོ་༿ཡོད་༾རེད།
- དགཡིན་ནའི་ཡོན་ཏན་ལ་ཡིན་ན་ཆོག་ཤེས་བྱེད་ཡས་ཡོའོ་༿ཡོད་༾མ་རེད།མཁས་པས་འོ་ན་་་་འདི་འདྲས་ཟེར་རེད་ཟེར།མཁས་པ་འདི་ལ་ཡོན་ཏན་ག་ཚད་ཀྱི་མང་བ། ག་ཚད་ཀྱི་གཏིང་ཟབ་པ་རྒྱ་ཆེན་པོ་ཡོད་པ་ཡིན་ནའི་འདིས་ཚིམ་བྱས་མ་བསྡད་པར་འདེའི་ཡ་ཆོག་ཤེས་་མ་བྱས་པར་མི་གཞན་གྱི་འཁྲིས་ནས་ཡོན་ཏན་ཆེན་པོ་ལྟ་ཅི་ཡོན་ཏན་ཆུང་ངུ་འདི་འདྲས་ཡང་ལེན་གྱི་ཡོའོ་༿ཡོད་༾རེད་ཟེར།
- དགད་འདི་འདྲས་ཟེར་བྱས་བྱས་རྟག་པར་མི་གཞན་གྱི་ཡོན་ཏན་ཆེན་པོ་ལྟ་ཅི་ཆུང་ཆུང་མན་བྱས་ནས་ཚུར་ལེན་།ཡོན་ཏན་ལེན།ཡོད་པ་ཡོན་ཏན་ཚང་མ་ཚུར་ལེན་ཚུར་ལེན་བྱས་པ་ཡིན་ན།མཐའ་མ་མཐའ་མ་དེ་ཨ་ནི་་་་སོ་སོ་ཐམས་ཅད་མཁྱེན་པ་མགྱོགས་པོ་ཐོབ་ཐུབ་ཀྱི་རེད་ཟེར་དུས་ཙམ་པ། ཐམས་ཅད་མཁྱེན་པ།ཐམས་ཅད་མཁྱེན་པ་ཟེར་ན་མ་ཤེས་པ་མེད་པ།ཚང་མ་ཤེས་པ།སངས་རྒྱས་ཀྱི་མིང་གི་རྣམ་གྲངས་རེད།
- དགམདོར་ན་འོ་ན་རང་ཉིད་ཀྱི་ཡོན་ཏན་ག་ཚད་ཡོད་པ་ཡིན་ནའི་ད་དུང་དེའི་སྟེང་ལ་ཡ་ཡོན་ཏན་སྦྱངས་པ་བྱེད་ཡས།གཞན་གྱི་འཁྲིས་ནས་ཡོན་ཏན་ལེན་༿ལེན་༾པ་ཡིན་ན།ཨ་ནི་་་་ཐམས་ཅད་མཁྱེན་པ།ཐམས་ཅད་མཁྱེན་པ།ཟེར་ཡས་དེའི་ཡ་མྱུར་དུའམ་མགྱོགས་པོ་སླེབས་ཐུབ་ཀྱི་རེད་ཟེར།
- དགམདོར་བསྡུས་བཤད་ན་ཚིགས་བཅད་ཤོ་ལོ་ཀ་འདིས་ག་རེ་བསྟན་གྱི་ཡོའོ་༿ཡོད་༾རེད་ཟེར་ན། མཁས་པ་ཟེར་ཡས་འདི་ཁེངས་པ་མེད་པ།སྤོབས་པ་མེད་པ།འོ་་་།འདི་བསྟན་གྱི་ཡོའོ་༿ཡོད་༾རེད། དཔེར་ན་ད་དུང་མཁས་པ་ཟེར་ཡས་འདིས་ཨོ་་་་ང་མཐོ་ཤོས་ཡིན་ཨ་་་་ང་ཡག་ཤོས་ཡིན་ཨ་་་་བསམ་མ་བྱས་པ་བྱས་བྱས། འོ་་་་ད་དུང་མི་གཞན་གྱི་འཁྲིས་ལ་ཡ་ང་ཡ་༿ལ་༾སྦྱངས་ཡག་༿ཡས་༾མང་པོ་ཡོའོ་༿ཡོད་༾རེད།གཞན་ལ་ཡོད་པ་མང་པོ་ང་ལ་ཡོའོ་༿ཡོད་༾མ་རེད་བསམ་བྱས་བྱས། འོ་་་།མི་གཞན་གྱི་ཡོན་ཏན་དེ་ལེན་གྱི་ཡོའོ་༿ཡོད་༾རེད་ཟེར།
- དགདེ་ལྟར་རྟག་ཏུ་བྱས་པ་ཡིན་པ་ཡིན་ན།ཨ་ནི་་་་ཐམས་ཅད་མཁྱེན་པའམ།སངས་རྒྱས་ཀྱི་གནས། གོ་འཕངས་ཡང་འདི་འདྲས་ལ་མྱུར་དུ་འགྲོ་ཐུབ་ཀྱི་རེད་ཟེར། འོ་་་་འདི་ཡིན་ན་ཚིགས་བཅད་ཤོ་ལོ་ཀ་བཞི་པ་འདི་རེད།
- དགད་དེ་ནས་ང་ཚོའི་ཚིགས་བཅད་ཤོ་ལོ་ཀ་ལྔ་པ་འདི་ཡིན་ན་ག་༿གང་༾འདྲས་ཟེ་བཤད་པ་རེད་ཟེར་ན། ཐབས་ལ་མཁས་ན་ཆེན་པོ་ཡང། བྲན་དུ་བཀོལ་བ་ག་ལ་དཀའ། མཁའ་ལྡིང་མཐུ་རྩལ་ཆེ་ན་ཡང། གོས་སེར་ཅན་གྱི་བཞོན་པར་གྱུར། ཟེ་ལབ་པ་རེད།
- དགའདིའི་ནང་ལོགས་ལ་ང་ཚོས་ཡིན་ན་མིང་ཚིག། འོ་་་།མིང་ཚིག་ཡིན་ན་ཅུང་ཟད་ཁག་པ་གཉིས་ལ་ཡིན་ན་འགྲེལ་བཤད་བརྒྱབ་པ་ཡིན་ན། དང་པོ་ག་རེ་རེད་ཟེར་ན། མཁའ་ལྡིང་ཟེར་ཡས་འདི་རེད། གཉིས་པ་ཡིན་ན་གོས་སེར་ཅན།
- དགའོ་ཡ། མཁའ་ལྡིང།མཁའ་ལྡིང་ཟེར་ན་སྤྱིར་ཁྱེད་རང་ཚོས་ཕལ་ཆེར་མཁྱེན་གྱི་རེད། མཁའ་ལྡིང་ཟེར་ཡག་༿ཡས་༾དེ་ག་རེའི་མིང་རེད་ཟེར་ན་བྱ་ཁྱུང་གི་མིང་རེད། བྱ་ཁྱུང་ལ་མཁའ་ལྡིང་ཟེར་གྱི་ཡོའོ་༿ཡོད་༾རེད། བྱ་ཁྱུང། སྤྱིར་ཡིན་ན་བྱ་ཁྱུང་ཟེར་ལབ་པ་ཡིན་པ་ཡིན་ན། ད་དེང་སང་ང་ཚོས་བྱ་ཁྱུང་ཡིན་ན་གཟུགས་དེ་གང་གའི་ལོགས་ནས་མཐོང་གི་ཡོའོ་༿ཡོད་༾རེད་ཟེར་ན།
- དགཨོ། དཔེར་ན་ཆ་བཞག་ན་ལྡེབས་རིས་འདི་འདྲས་ཀྱི་ནང་ལོགས་ནས་རེད་པཱ།ཡང་ན་ཡིན་ན་ལྷ་འདི་འདྲས་ཀྱི་ཡིན་ན་ག་རེ་རེད་ཟེར་ན་གཡས་གཡོན་ལ་བཟོས་བཞག་པའི་ཡིན་ན་འཇིམ།འཇིམ་བཟོ་འདི་འདྲས་ཀྱི་ནང་ལོགས་ནས།ཡང་ན་ཡིན་ན་བྲིས་བཞག་པའི་རི་མོ་འདི་འདྲས་ནང་ལོགས་ནས་མཐོང་ཡག་༿ཡས་༾ཡོད་པའི། འོ་་་།བྱ་ཁྱུང་གི་མིང་རེད། བྱ་ཁྱུང་ལ་མཁའ་ལྡིང་ཟེར་གྱི་ཡོའོ་༿ཡོད་༾རེད།བྱ་ཁྱུང་གི་མིང་གི་མངོན་བརྗོད་རེད།
- དགད་གོས་སེར་ཅན་ཟེ་ལབ་པ་ཡིན་པ་ཡིན་ན་སྤྱིར་ཡིན་ན་ང་ཚོས་གོས་སེར་ཅན་ཟེར་ན་གོས་ཟེར་ན་དུག་ལོག་༿གྱོན་ཆས་༾རེད་པཱ།སེར་ཟེར་ན་སེར་པོ།ཅན་ཟེར་ན་ཡོད་པ། གོས་སེར་ཅན་ཟེར་ན། སྔན་༿སྔོན་༾ལ་ཡ་འདི་དོན་དག་ག་རེ་ཡིན་པ་དེ་མ་ལབ་པ་ཡིན་ན།ག་རེ་ལ་གོ་དགོས་ཀྱི་རེད་ཟེར་ན།ཨོ་་་་འདི་རབ་བྱུང་པའི་མིང་མན་༿མིན་༾འགྲོ་རེད་པཱ།གྲྭ་པ་དང་ཨ་ནིའི་སྤྱི་མིང་མན་༿མིན་༾འགྲོ།
- དགའདི་ཡིན་ན་ང་ཚོ་རང་གི་སྔན་༿སྔོན་༾མ་ཡིན་ན་དཔེར་ན་འདི་འདྲས་ཟེར་བསླབ་པ་རེད་པཱ། དཔེར་ན་ཆ་བཞག་པ་ཡིན་ན། སེར་སྐྱ།སེར་སྐྱ་ཟེར་ལབ་དུས། སེར་སྐྱ་ཟེར་ལབ་དུས་ཙ་ནས།སེར་ཟེར་ན་སེར་མོ་བ་གྲྭ་པ་དང་ཨ་ནི། སྐྱ་ཟེར་ན་སྐྱ་བོ་འཇིག་རྟེན་པ།སེར་སྐྱ་ཟེར་ལབ་པ་རེད་པཱ།
- དགད་འདིའི། འོ་་་།ཤན་ཞུགས་བྱས་གོས་ཟེར་ཅན་ཟེར་ལབ་དུས་ཙམ་པ། ཨོ་་་་།གོས་སེར་ཅན་གྲྭ་པ་དང་ཨ་ནི་མན་༿མིན་༾འགྲོ་བསམ་ཡག་༿ཡས་༾ཀྱི་བསམ་བློ་འདི་ཡིན་ན་ཡོང་སྲིད་པ་གཅིག་རེད། ཡིན་ནའི་ལའི་གོས་སེར་ཅན་ཟེར་ཡག་༿ཡས་༾འདི་ཡིན་ན་ག་རེ་རེད་ཟེར་ན། ལྷ་ཁྱབ་འཇུག།ཁྱབ་འཇུག་ཟེར་ཡག་༿ཡས་༾ཀྱི་ལྷ།ཁྱབ་འཇུག་ཟེར་ཡག་༿ཡས་༾ཀྱི་ལྷ། ལྷ་འདིའི་ཡིན་ན་ག་རེ་རེད་ཟེར་ན་མིང་གི་མངོན་བརྗོད་རེད།
- དགབྱས་ཙང་ང་ཚོའི་ཚིགས་བཅད་ཤོ་ལོ་ཀ་འདིའི་ནང་ལོགས་གི་མིང་ཚིག་ཁག་དཀའ་༿ཁག་པ་༾གཅིག་ཡིན་ན། མཁའ་ལྡིང་ཟེར་ཡག་༿ཡས་༾འདི་བྱ་ཁྱུང་གི་མིང་རེད།གོས་སེར་ཅན་ཟེར་ཡག་༿ཡས་༾ལྷ་ཁྱབ་འཇུག་གི་མིང་གི་མངོན་བརྗོད་རེད།
- དགམདོར་བསྡུས་བཤད་ན་ད་རེས་དེའི་ཡ་༿འདི་ལ་༾གྲྭ་པ་དང་ཨ་ནི། རེད་པཱ། འོ་་་་་།བཙུན་པ་དང་བཙུན་མའི་ཡིན་ན་སྤྱིའི་མིང་མ་རེད། འོ་ན་་་་གང་རེ་རེད་ཟེར་ན། ལྷ་ཁྱབ་འཇུག་ཟེར་ཡག་༿ཡས་༾དེའི་མིང་གི་རྣམ་གྲངས་མང་པོ་ཡོའོ་༿ཡོད་༾རེད།དེའི་ནང་ལོགས་ནས་རིགས་གཅིག་རེད། མིང་གི་རྣམ་གྲངས་མང་པོའི་ནང་ནས་རིགས་གཅིག་རེད།
- དགཚིགས་བཅད་ཤོ་ལོ་ཀ་འདིས་དོན་དག་ག་རེ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། སྔན་༿སྔོན་༾ལ་ང་ཚོས་དཔེ་དེ་གཅིག་བཤད། དཔེ་དེ་ཡིན་ན་ག་འདྲས་ཟེར་ལབ་པ་རེད་ཟེར་ན། མཁའ་ལྡིང་མཐུ་རྩལ་ཆེ་ན་ཡང། གོས་སེར་ཅན་གྱི་བཞོན་པར་གྱུར།ཟེར་ན་སྔོན་གྱི་གཏམ་རྒྱུད་གཅིག་ནས་མར་བཤད་པ་རེད།
- དགསྔོན་གྱི་གཏམ་རྒྱུད་འདིའི་ནང་ལོགས་ལ་ག་རེ་བཤད་པ་རེད་ཟེར་ན། སྔོན་ཡིན་ན་བྱ་ཁྱུང་དང་གོས་སེར་ཅན། བྱ་ཁྱུང་དང་ལྷ་ཁྱབ་འཇུག་གཉིས་མཐུ་རྩལ་འགྲན་པ་རེད་ཟེར། སུ་ཡིན་ན་མཐུ་ཆེའི་༿ཆེ་བ་༾འདུག་གས་ནུས་མཐུ་རྩལ་འགྲན་བསྡུར་བཏང་པ་རེད་ཟེར། འགྲན་བསྡུར་བཏང་དུས་ཙམ་པ་ག་རེ་བྱས་པ་རེད་ཟེར་ན།
- དགབྱ་ཁྱུང་དེ་ཡིན་ན་རྦད་དེ་མཐུ་རྩལ་ཆེན་པོ་བྱས་བྱས། ཁྱབ་འཇུག་གི་ཁོང་ཡིན་ན་ག་རེ་བྱས་པ་རེད་ཟེར་ན་གླགས་༿ཁ་ཐེག་༾འཁེལ་ཡོའོ་༿ཡོད་༾མ་རེད། མདོར་བསྡུས་བཤད་ན།བྱ།ཁྱབ་འཇུག་འདི་ཡིན་ན་མཐུ་རྩལ་དེ་ཕར་ཤོར། འོ་་་་མཁའ་ལྡིང་འདི་ཡིན་ན་མཐུ་རྩལ་ཐོབ་པ་རེད།
- དགད་འདི་འདྲས་ཀྱི་གནས་སྐབས་དེ་ཡ་༿ལ་༾ཁྱབ་འཇུག་གི་བསམ་བློ་གཏང་བྱས། ཨོ་་་།ད་འདི་འདྲས་ཀྱི་མཐུ་རྩལ་དེ་འགྲན་པ་ཡིན་ན།མཁའ་ལྡིང་ཐོབ་ཡས་རང་རེད། ད་ངས་མཐུ་རྩལ་དེ་མ་འགྲན་པ་བྱས་ཕར་བཞག་བྱས།ཐབས་ཀྱི་ཐོག་ནས་ཐབས་ཤེས་དང་ཇུས་བཟང་པོ་ཞིག་བཏོན་བྱས། འོ་་་།མཁའ་ལྡིང།ལྷ། འོ་་་་། འདི།འདི་བྱ་ཁྱུང་འདི། ཨ་ནི་་་་ངས་ཕར་བརྟུལ་ཐུབ་པ་བྱེད་ཀྱི་ཡིན་བསམ་བྱས་བྱས།
- དགཁོས་ག་རེ་བྱས་པ་རེད་ཟེར་ན་ཁྱབ་འཇུག་གིས་མཁའ་ལྡིང་ལ་ཡ། ཡཱ།ད་ཁྱེད་རང་རང་ཡིན་ན་མཐུ་རྩལ་ཆེན་པོ་རེད།རང་ཐོབ་པ་རེད།ང་ཡིན་ན་རང་ལས་མཐུ་རྩལ་ཡིན་ན་འགྲན་བསྡུར་ཐུབ་མ་སོང།ད་ཁྱེད་རང་གི་ང་ཡ་༿ལ་༾མཆོག་སློང་ཤིག་ངས་ཁྱེད་རང་ལ་བྱིན་གྱི་ཡིན་ཟེར་ལབ་པ་རེད།
- དགམཆོག་སློང་ཤིག་ཟེར་ན་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན། འོ་་་། ཁྱབ་འཇུག་གིས་བྱ་ཁྱུང་ལ་ཡ།ཁྱེད་རང་གིས་ངའི་འཁྲིས་ནས་ཨ་་་་མཆོག་ཏུ་འགྱུར་པ་འདི་འདྲས་སློང་ཤིག།སློང་ཤིག།སློང་ན་ངས་སྟེར་གྱི་ཡིན། འོ་་་།འདི་འདྲས་ཟེར་ལབ་པ་རེད།
- དགབྱ་ཁྱུང་གི་སྐད་ཆ་འདི་གོ་དུས་ཙམ་པ་ཡིན་ན།ང་ཡིན་ན་ཆེ་བ་རེད་ང་ཐོབ་པ་རེད་ང་ཆེ་བས་ཁྱེད་རང་ཡིན་ན་ཤོར་པ་ཆུང་བ་དེའི་ཡ་༿དེ་ལ་༾མཆོག་སློང་ཡག་༿ཡས་༾ག་རེ་ཡོའོ་༿ཡོད་༾རེད། སློང་ཡག་༿ཡས་༾ཡོའོ་༿ཡོད་༾མ་རེད། ཁྱེད་རང་གིས་ངཱ་༿ང་ལ་༾མཆོག་སློང་ཤིག། ང་བྱེད་ཐུབ་པ་ང་ཐོབ་པ་རེད།མཐུ་རྩལ་ངཱ་༼ང་ལ་༽སློང་ཤིག།ངས་ཁྱེད་རང་ལ་སྟེར་དགོས་ཟེར་ལབ་པ་རེད། འདི་འདྲས་ཐེངས་་མ་ཁ་ཤས་ལབ་དུས་ཙམ་པ།ཨ་ནི་་་་ག་རེ་བྱས་པ་རེད་ཟེར་ན།
- དགཁྱབ་འཇུག་གིས་ཡིན་ན་ཐབས་ཤེས་དེ་བསྒྲུབ་བྱས།ཁྱབ་འཇུག་གིས། ཡཱ།ད་འོ་ན་་་་ཁྱེད་རང་ཡིན་ན་ག་རེ་རེད་ཟེར་ན་ཤིན་ཏུ་མགྱོགས་པ། འཱ།ཕར་བགྲོད་ཚུར་འོངས་ལ་ཤིན་ཏུ་མགྱོགས་པ།མཐུ་རྩལ་ཆེན་པོ་རེད།ད་འོ་ན་་་་ཁྱེད་རང་གིས་ངའི་བཞོན་པ་གྱིས་ཨཱ་་་་ཟེར་ལབ་པ་རེད། བཞོན་པ།
- དགབཞོན་པ་ཟེར་ན་ཁྱེད་རྣམས་ཚོས་མཁྱེན་གྱི་རེད་པཱ།ང་ཚོས་འདི་བཞོན་པ་འདི།བཞོན་འདི་རེད་པཱ། འོ་་་།བཞོན་པ་ཟེར་དུས་ཙ་ནས་སོ་སོའོ་བཞོན་བྱེད་ཀྱི།ཡང་ན་དཔེར་ན་སྤྱིར་ཡིན་ན་ང་ཚོ་ནམ་རྒྱུན་ཡིན་ན་བཞོན་བྱེད་ཀྱི་རྟ་ཡིན་ནའི་འདྲ།བོང་བུ་ཡིན་ནའི་འདྲ་ག་རེ་ཡིན་ནའི་དེའི་ཡ་༿དེ་ལ་༾བཞོན་པ་ཟེར་གྱི་ཡོའོ་༿ཡོད་༾རེད་པཱ།
- དགད་རེས་དེའི་ཡ་༿འདི་ལ་༾ཨ་ནི་་་་་ཁྱབ་འཇུག་གིས་ག་རེ་བྱས་པ་རེད་ཟེར་ན།མཁའ་ལྡིང་ལ་ཡ།ཡ་ད་འོ་ན་་་་ཁྱེད་རང་མཐུ་རྩལ་ཆེན་པོ་རེད།ཧ་ཅང་གི་མགྱོགས་པོའི་༿པོ་ཡང་༾རེད། བྱས་ཙང་ཁྱེད་རང་གིས་ངའི་བཞོན་པ།བཞོན་ཡག་༿ཡས་༾ཀྱི། འོ་་་།འདི་བྱེད་ཨཱ་་་།ཟེར་ལབ་བྱས་བྱས། དུས་དེ་ནས་བྱས་བྱས་ག་རེ་རེད་ཟེར་ན། འོ་་་།མཁའ་ལྡིང་འདི་མཐུ་རྩལ་ག་ཚད་ཆེན་པོ་བྱ་ཁྱུང་དེ་མཐུ་རྩལ་ག་ཚད་ཆེན་པོ་ཡོད་པ་ཡིན་ནའི་ཁྱབ་འཇུག་གིས་ཐབས་དང་ཤེས་རབ་ལ་རྟེན་བྱས་བྱས་བྱ་ཁྱུང་འདི་མཐའ་མ་དེའི་ཡ་༿དེ་ལ་༾ཁྱབ་འཇུག་གི་ག་རེ་ཆགས་པ་རེད་ཟེར་ན་བཞོན་པ་ཆགས་པ་རེད་ཟེར།
- དགདཔེ་འདིས་དོན་དག་ག་རེ་བསྟན་གྱི་ཡོའོ་༿ཡོད་༾རེད་ཟེར་ན། སོ་སོ་རང་ཉིད་གལ་སྲིད་། འོ་་་།དཔེར་ན་ཆ་བཞག་དགྲ་བོ་དང་ཐུག་པ་ཡིན་པ་ཡིན་ན་ཟེར་གྱི་ཡོའོ་༿ཡོད་༾རེད། དགྲ་བོ་སྟོབས་དང་ལྡན་པ།རྩལ་ཆེ་བ། འོ་་་།འདི་འདྲས་གཅིག་དང་ཐུག་པ་ཡིན་ན་ཟེར་གྱི་ཡོའོ་༿ཡོད་༾རེད།གལ་སྲིད་སོ་སོ་རང་ཉིད་ཀྱིས་མཐུ་རྩལ་དེ་དང་སྟོབས་དེ་ལ་འགྲན་མ་ཐུབ་པ་ཡིན་ནའི་བྱ་བ་དེ་ལ་ཡ་འཇུག་པའི་ཐབས་དང་ཤེས་རབ་མཁས་པོ་ཡོད་པ་ཡིན་ན་ཨ་ནི་་་་ཕ་རོལ་གྱི་སྟོབས་ཆེན་དེ་རྣམས་སོ་སོའི་བྲན་དུའམ་སོ་སོའི་མངའ་འབངས་དུ་བཀོལ་བ་ལ་ག་ལ་དཀའ། དཀའ་ལས་ཁག་པོ་ཡོའོ་༿ཡོད་༾མ་རེད་ཟེར་ལབ་པ་རེད།
- དགམདོར་བསྡུས་བྱས་བཤད་ན་ཕ་རོལ་པོ་རྩལ་ཆེན་པོ་དང་སྟོབས་ཆེན་པོ་ག་༿གང་༾འདྲས་ཅིག་ཡོད་པ་ཡིན་ནའི་སོ་སོས་གལ་སྲིད་ཤེས་རབ་ལ་བརྟེན་བྱས་ཐབས་ཤེས་བཟང་པོ་གཅིག་བཏང་པ་ཡིན་ན། ཕ་རོལ་པོ་དེ་རང་ཉིད་ཀྱི་བྲན་དུ་བྲན་གཡོག་དུ་མངའ་འབངས་སུ་འགྱུར་བ་ལ་ལས་སླ་པོ་རེད་དཀའ་ལས་ཁག་པོ་མ་རེད།
- དགདཔེར་ན་མཁའ་ལྡིང་བྱ་ཁྱུང་དེ་མཐུ་རྩལ་ཆེན་པོ་ཞེ་དྲག་ཡོའོ་༿ཡོད་༾རེད་དེའི་ཁྱབ་འཇུག་གིས་ཐབས་ཤེས་བྱས་བྱས་མཐའ་མ་དེའི་༿དེ་ལ་༾ཡ་ཁྱབ་འཇུག་གི་ག་རེ་ཆགས་པ་རེད་བཞོན་པ་ཆགས་པ་རེད་ཟེར་བྱས་བྱས་དཔེ་དང་དོན་དེ་གཉིས་བསྟན་པ་རེད། འོ་་་།དཔེ་དོན་དེ་གཉིས་སྦྱར་བྱས་བསྟན་པ་རེད།
- དགའོ་་་།འདིའི་ནང་ལོགས་ནས་ང་ཚོ་རང་གིས་ནམ་རྒྱུན་རྟག་ཏུ་ཡིན་ན་ཡིན་གཅིག་མིན་གཅིག་སྟོབས་དགོས་ཡག་༿ཡས་༾དང་རྩལ་བྱུང་པ་ཡིན་ན་ཐམས་ཅད་བསྒྲུབ་ཐུབ་ཀྱི་ཡོད་པ་འདི་མ་རེད། ཡིན་གཅིག་སོ་སོས་ག་རེ་ཟེར་དགོས་རེད་ཟེར་ན། ཤེས་རབ་དང་བློ་གྲོས་བེད་སྤྱད་བྱས།ཐབས་ཤེས་དང་ཇུས་ལ་མཁས་པོ་གོའོ་༿དགོས་པ་༾རེད་ཟེར་ཡག་༿ཡས་༾འདི་རེད། འདི་ཚིགས་བཅད་ཤོ་ལོ་ཀ་འདིའི་ནང་དོན་བྱས།
- དགད་དེ་ནས་ཚིགས་བཅད་ཤོ་ལོ་ཀ་གཤམ་དེ་ཡིན་ན་ག་རེ་རེད་ཟེར་ན། ཡོན་ཏན་སྐྱོན་གཉིས་སུས་ཀྱང་གསལ། འདྲེས་པ་འབྱེད་ཤེས་མཁས་པ་ཡིན། ཆུ་ལས་འོ་མ་ངང་པས་ཕྱེ། བ་ལས་འོ་མ་ཀུན་གྱིས་ལོངས། འོ་ཡ་་་་འདི་ཚིགས་བཅད་ཤོ་ལོ་ཀ་འདི་ཡིན་ནའི་ག་རེ་རེད་ཟེར་ན་དཔེ་དང་དོན་གཉིས་སྦྱར་བྱས་བཤད་བཞག་ཡོའོ་༿ཡོད་༾རེད། དཔེ་དང་དོན་གཉིས།
- དགའདིའི་དོན་དག་འདི་ག་༿གང་༾འདྲས་ཟེ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། འདིའི་ནང་ལོགས་ལ་ཡ་ང་ཚོ་རང་གིས། འོ།ཚིགས་ཕྲག་༿འཁྲེགས་༾པ་འདི་འདྲས་མོའོ་༿མིན་༾འདུག་གཱ། ད་འདིའི་ཤོ་ལོ་ཀ་འདིའི་དོན་དག་འདི་ག་རེ་རེད་ཟེར་ན། ཡོན་ཏན་སྐྱོན་གཉིས་སུས་ཀྱང་གསལ་ཟེར་དུས་ཙ་ནས་ག་རེ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན།
- དགཡོན་ཏན་དཔེར་ན་ཆ་བཞག། ཡ་རབས་ཀྱི་སྤྱོད་པ་ཡིན་ནའི་འདྲ།རིག་པའི་གནས་ལྔ་ལ་ཡ་སྦྱངས་ཡག་༿ཡས་༾ཀྱི་སྦྱངས་བརྩོན་བྱས་པ་ཡིན་ནའི་འདྲ། སོ་སོ་མི་ཡིན་ན་ཡ་རབས་ཀྱི་སྤྱོད་པ་བཟང་པོ།རིག་པའི་གནས་ལྔ་ལ་ཡ་ཧ་ཅང་གི་བརྩོན་པོ་ཡོད་པ།ཡིན་ན་ཡོན་ཏན། ཡང་དཔེར་ན་ཆ་བཞག་ན་གཡོ་སྒྱུ་དང་ལེ་ལོ་དང་གཡེང་བ་དང་འདི་འདྲས་ཀྱི་སྐྱོན།འདི་གཉིས་གལ་སྲིད་ཐ་དད་ལ་བྱས་བཞག་པ་ཡིན་ན།ཁ་ཁག་ལ་བཞག་པ་ཡིན་ན།
- དགདང་པོ་ལོག་ག་༿ནས་༾ཧ་གོ་གི་༿ཡི་༾རེད། དཔེར་ན་མི་གཅིག་གིས། ཨོའོ་་་་མི་འདི་ཡིན་རྟག་པར་བརྩོན་འགྲུས་ཞེ་དྲག་བྱེད་ཀྱི་ཡོད་ན། ཨོ་་་་།འདི་ཡོན་ཏན་རེད་ཧ་གོ་སོའོ། མི་འདི་ཡིན་ན་རྟག་པར་གཡོ་སྒྱུ་བཤད།རྐུ་མག་༿རྐུན་མ་༾བརྐུས།མི་བསད་བྱེད་ཀྱི་ཡོད་ན། ཨོ་་་།འདི་སྐྱོན་རེད། ཐད་དད་༿ཐ་དད་༾ཁ་ཁག་ཡོད་པ་ཡིན་ན་ལམ་སང་༿སེང་༾ཧ་གོ་ཀྱི་༿ཡི་༾ཡོའོ་༿ཡོད་༾རེད་ཟེར།
- དགག་རེ་ལབ་པ་རེད་ཟེར་ན། ཡོན་ཏན་དང་སྐྱོན་གཉིས་ཁ་ཁག་སོ་སོ་ལ་ཡོད་པ་ཡིན་ན་མི་འགང་ག་༿ཚང་མ་༾ལོག་༿མི་ཚང་མ་༾གི་གསལ་པོ་ཤེན་༿ཤེས་༾ཀྱི་ཡོའོ་༿ཡོད་༾རེད་ཟེར། ཨོ་་་།འདི་ཡོན་ཏན་རེད་བཞག།འདི་སྐྱོན་རེད་བཞག།འདི་ཡིན་ན་གསལ་པོ་ཤེན་༿ཤེས་༾ཀྱི་ཡོའོ་༿ཡོད་༾རེད་ཟེར།
- དགཡིན་ནའི་ལའི་ནམ་རྒྱུན་ང་ཚོའི་སྤྱི་ཚོགས་ཀྱི་འཚོ་བ་དང་འཇིག་རྟེན་གྱི་འདིའི་ནང་ལོག་ལ་ཡ་ཡོན་ཏན་དང་སྐྱོན་གཉིས་གསལ་པོ་ཁ་ཁག་མེད་པའི་མཉམ་དུ་འདྲེས་པ་དཔེར་ན་འདི་འདྲས་མང་པོ་ཡོའོ་༿ཡོད་༾རེད་ཟེར། དཔེར་ན་ཆ་བཞག།ང་ཚོ་རང་གི་མི་ལ་ཆ་བཞག་པ་ཡིན་ནའི།མི་གཅིག་ལ་ཆ་བཞག་པ་ཡིན་པ་ཡིན་ན་མི་དེ་ཡིན་ན་ཚང་མ་ཡོན་ཏན་རེད་སྐྱོན་གཅིག་ཀྱང་ཡོའོ་༿ཡོད་༾མ་རེད།འོ།འདི་འདྲསའི་༿འདི་འདྲས་ཀྱང༾ཡོའོ་༿ཡོད་༾མ་རེད།ཡང་ན་མི་དེ་ཡིན་ན་འགང་ག་༿ཚང་མ་༾ལོགས་ག་སྐྱོན་རེད་ཡོན་ཏན་གཅིག་འའི་༿ཀྱང་༾ཡོའོ་༿ཡོད་༾མ་རེད།འོ་་་།འདི་འདྲས་ཡོའོ་༿ཡོད་༾མ་རེད།
- དགམིའི་ལུས་སྟེང་ལ་ཡ་ག་རེ་རེད་ཟེར་ན་སྐྱོན་འའི་༿ཡང་༾ཡོའོ་རེད།ཡོན་ཏནའི་༿ཡང་༾ཡོའོ་༿ཡོད་༾རེད།དགེ་མཚན་འའི་༿ཡང་༾ཡོའོ་རེད།ཉེས་པའི་༿ཡང་༾ཡོའོ་༿ཡོད་༾རེད། བྱས་ཙང་འདི་གཉིས་གཉིས་མཉམ་དུ་འདྲེས་བྱས་བསྡད་དུས་ཙམ་པ་ད་འདི་སྐྱོན་རེད།འདི་ཡོན་ཏན་རེད། འོ་་་།འདི་འདྲས་ཀྱི་དབྱེ་བ་ཕྱེ་༿འབྱེད་༾ཡག་༿ཡས་༾འདི་ཧ་ཅང་གི་མཁས་པོ་རེད།ཨེའི་་་། ཁག་པོ་རེད།
- དགགལ་སྲིད་ཡོན་ཏན་དང་སྐྱོན་གཉིས་འདྲེས་བྱས་བསྡད་ཡོད་པ་འདི་དབྱེ་བ་ཕྱེ་༿འབྱེད་༾ཤེན་༿ཤེས་༾པ་ཡིན་ན། འོ་་་།མི་འདིའི་མིང་ལ་ཡ་མཁས་པ་ཟར༿ཟེར་༾ད་ཡོན་ཏན་འདི་བྱས་ཁ་ཁག་བྱས།སྐྱོན་འདི་བྱས་ཁ་ཁག་བྱས།གཉིས་དེ་གཉིས་ཤེན་༿ཤེས་༾པ་འདི་མཁས་པ་གའི་མ་རེད། འདི་ལམ་སང་༿སེང་༾མཐོང་ཡག་གསལ་ཡག་གཅིག་རེད་ཟེར།
- དགདཔེར་ན་ཆ་བཞག་ང་ཚོས་སྣོད་གཅིག་གི་ནང་ལོག་ལ་ཡ་ཆུ་ཅིག་བླུགས།སྣོད་གཞན་དག་གཅིག་གི་ནང་ལོགས་ལ་ཡ་འོ་མ་ཅིག་བླུགས་བཞག་པ་ཡིན་ན།འདི་འོ་མ་རེད།འདི་ཆུ་རེད་སུ་ཡིན་ནའི་ཤེན་༿ཤེས་༾ཀྱི་རེད།འདི་གཉིས་གཉིས་དབྱེ་བ་ཕྱེད་༿འབྱེད་༾ཤེན་༿ཤེས་༾པ་འདི་མཁས་པ་མ་རེད།འོ་ན་་་་ད་ཆུ་དང་འོ་མ་གཉིས་ཀྲེས་༿བསྲེས་༾བྱས་འོ་མ་ཕར་ཕྱེ་ཆུ་ཚུར་ཕྱེ་བྱེད་ཡག་༿ཡས་༾ཀྱི་ནུས་པ་འདི་ཡོད་པ་ཡིན་ན་མཁས་པ་རེད།
- དགཡིན་ནའི་དཔེ་དེའི་ནང་ལོག་ལ་ཡ་ཆུའི་ནང་ལོག་ནས་འོ་མ་ཕར་ཚུར་ཕྱེ་༿འབྱེད་༾ཉན་༿མཁན་༾དེ།རང་བཞིན་དེ།ངོ་བོ་དེ།ཁྱད་ཆོས་དེ་སུ་ལ་ཡོའོ་༿ཡོད་༾རེད་ཟེར་ན་ངང་པ་ལ་ཡོའོ་༿ཡོད་༾རེད་ཟེ།ངང་པ་ལ་ཡོའོ་༿ཡོད་༾རེད་ཟེར།
- དགདཔེར་ན་ཆ་བཞག།སྐྱོན་དང་ཡོན་ཏན་གཉིས།སྐྱོན་དང་ཡོན་ཏན་གཉིས་འདྲེས་བྱས་བསྡད་ཡོད་དུས།འདི་སྐྱོན་དང་འདི་ཡོན་ཏན་རེད་ཟེར་དབྱེ་བ་ཕྱེད་༿འབྱེད་༾ཡག་༿ཡས་༾ཀྱི་ཡོན་ཏན་འདི་སུ་ལ་ལྡན་ཡོའོ་༿ཡོད་༾རེད་ཟེར་ན་མཁས་པ་ལ་ཡོའོ་༿ཡོད་༾རེད། ཆུའི་ནང་ལོག་ལ་འོ་མ་འདྲེས་བྱས་བསྡད་ཡོད་པ་འདི་གཉིས་གཉིས་དབྱེ་བ་ཕྱེ་༿འབྱེད་༾ཤེས་ཡག་༿ཡས་༾ཀྱི་ཡོན་ཏན་འདི་སུའོ་༿སུ་ལ་༾ཡོའོ་༿ཡོད་༾རེད་ཟེར་ན་བྱ་ངང་པ་ལ་ཡོའོ་༿ཡོད་༾རེད།
- དགའདི་ཡིན་ན་མཁས་པ་རེད། ཡིན་ནའི་དཔེར་ན་ཆ་བཞག་ན་རང་ཉིད་ལ་འོ་མ་དགོས་ཀྱི་ཡོའོ་༿ཡོད་༾རེད། འོ་མ་འདི་བ་ལས་ཡོང་གི་ཡོད་པ་དེ་འགང་ག་༿ཚང་མ་༾ལོག་གས་༿ཚང་མས་༾ཤིན་༿ཤེས་༾ཀྱི་རེད་ཟེ་ལབ་པ་རེད།འོ་མ་འདི་བ་ལས་ཡོང་གི་ཡོད་པ་དེ་འགང་ག་༿ཚང་མ་༾ལོག་གས་༿ཚང་མས་༾ཤིན་༿ཤེས་༾ཀྱི་རེད། སྐྱོན་དང་ཡོན་ཏན་ཁ་ཁག་༿ཐ་དད་༾ཡོད་པ་དེ་འགང་ག་༿ཚང་མ་༾ལོག་གས་༿ཚང་མས་༾ཤིན་༿ཤེས་༾ཀྱི་རེད། དེ་ཡཱ་༿དེ་ལ་༾ཡ་མཚན་དང་མཁས་པ་གའི་༿གང་ཡང་༾མ་རེད། ཡིན་ནའི་ལའི་སྐྱོན་དང་ཡོན་ཏན་འདྲེས་བྱས་ཡོད་པས་ཤེས་ན་མཁས་པ་རེད། འོ་མ་དང་ཆུ་གཉིས་འདྲེས་བྱས་ཡོད་པ་དེ་ཕྱེ་ཤེས་ཉན་༿མཁན་༾འདི་ངང་པ་རེད།
- དགའོ།འདི་འདྲས་ཟེ་བྱས་བྱས་དཔེ་དང་དཔེ་ཅན་འདི་གཉིས་ཀྱི་ནང་ལོགས་ནས་ག་རེ་བསླབ་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། སྤྱི་ཚོགས་ཀྱི་འཚོ་བའི་ནང་ལོགས་ལ་ཡ།འཇིག་རྟེན་གྱི་ཁམས་འདིའི་ནང་ལོགས་ལ་ཡཱ།སྐྱོན་དང་ཡོན་ཏན་རྟག་པར་ཁ་ཁག་ཡོང་སྲིད་ཀྱི་མ་རེད། སྐྱོན་དང་ཡོན་ཏན་འདྲེས་མར་ལ་ཡ་ཧ་ཅང་གི་མང་པོ་ཡོང་གི་ཡོའོ་༿ཡོད་༾རེད།འདི་ཡིན་ན་ཡིན་གཅིག་དབྱེ་བ་ཕྱེད་༿འབྱེད་༾ཤིན་༿ཤེས་༾པ་དགོས་ཀྱི་ཡོད་པ་འདི་དེའི་ཡཱ་༿འདི་ལ་༾བསྟན་གྱི་ཡོའི་༿ཡང་༾རེད། འདི་ཡིན་ན་ག་རེ་རེད་ཟེར་ན། འོ། ཚིགས་བཅད་ཤོ་ལོ་ཀ་འདིའི་ནང་དོན་རེད།
- དགད་གཤམ་གྱི་ནང་དོན་འདི་ཡིན་ན་ག་རེ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། འདི་འདྲས་ཟེ་རེད། ངེས་པར་འབྱུང་བའི་བྱ་བ་འགའ། མ་བསྒྲུབ་པ་ན་སྤྱོད་པའི་ཚེ། མཁས་རྨོངས་གཉིས་ཀྱི་ཁྱད་པར་ཤེས། བསྒྲུབ་ནས་སྤྱོད་པ་བླུན་པོའི་ཚུལ།ཟེར་ལབ་པ་རེད།
- དགད་འདིའི་དོན་དག་འདི་ག་རེ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། འདི་འདྲས་ཟེ་རེད། ང་ཚོ་མི་ལ་ཆ་བཞག་པ་ཡིན་པ་ཡིན་ན། མི་འགང་ག་༿ཚང་མ་༾ལོགས་གས་ཡིན་ན་༿ཚང་མས་༾བྱ་བ་མང་པོ་བསྒྲུབ་ཀྱི་ཡོའོ་༿ཡོད་༾རེད། ལས་ཀ་མང་པོ་ཡིན་ན་བྱེད་ཀྱི་ཡོའོ་༿ཡོད་༾རེད།ད་འོ་ན་ལས་ཀ་དེ་བྱེད་དུས་ཙམ་པ་ཡིན་ན་རྣམ་པ་གཉིས་ཡོང་གི་ཡོའོ་༿ཡོད་༾རེད་ཟེར། རྣམ་པ་གཉིས་དེ་གང་འདྲས་ཟེར་ཡོང་གི་ཡོའོ་༿ཡོད་༾རེད་ཟེར་ན། ངས་བྱ་བ་དེ་བྱས་བྱས་བྱ་བ་འགའ་ཟེར་ན་བྱ་བ་འགའ་དང་འགའ་ཤས་དང་གང་ཡང་རུང་བ་མང་པོ་བྱ་བ་དེ་ཚོ་ཡིན་ན་ངས་བསྒྲུབ་བྱས་བྱས་ང་ལ་ཡ་འབྲས་བུ། ཨ།ཨ་ཨོ་་་་ངེས་པར་དུ་དེ་འདྲས་ཅིག་ཡོང་གི་རེད༎ བཟང་པོ་དེ་འདྲས་ཅིག་ཡོང་གི་རེད། བྱ་བ་དེ་བསྒྲུབ་པ་ཡིན་ན་ཨོའོ་་་་འབྲས་བུ། ཨོ་་་།སྡུག་ཅག་དེ་འདྲས་ཅིག་ངེས་པར་དུ་ཡོང་གི་རེད།བསམ་པའི་བྱ་བ་དེ་མ་བྱས་པའི་སྔན་༿སྔོན་༾ནས་བྱ་བ་དེའི་འབྲས་བུའི་བཟང་ངན་ལ་བརྟག་དཔྱད་བྱས་པ་ཡིན་ན། དེ་ཡིན་ན་སྐྱེས་བུ་མཁས་པ་རེད་ཟེར་ལབ་པ་རེད།
- དགབྱ་བ་མ་བསྒྲུབ་པའི་སྔན་༿སྔོན་༾ལ་ཡ་བྱ་བ་དེ་༿དེའི་༾འབྲས་བུ་བཟང་ངན་ལ་བརྟག་དཔྱད་བྱེད་ཐུབ་ངན་༿མཁན་༾འདི་སྐྱེས་བུ་མཁས་པ་རེད་ཟེར། ད་འོ་ན།བྱ་བ་དེའི་སྔན་༿སྔོན་༾ལ་ཡ་རྨོངས་ཚོད་ཀྱི་ག་རེ་བྱས་པ་རེད་ཟེར་ན། འོ་་་།རྨོངས་ཚོད་ལོང་མཆོངས་ཀྱི་སྒོ་ནས་བྱ་བ་དེ་ཚ་གི་ཚི་གི་༿ཧ་རེ་ཧུ་རེ་༾ལ་ཡ་ཚུར་བསྒྲུབ། བསྒྲུབ་ཚར་པའི་གཞུག་གུ་ལ་ཡ་གཞི་ནས་འབྲས་བུ་དེའི་ཡ་༿དེ་ལ་༾བྱུང་ཚར་པའི་འབྲས་བུ་དེའི་ཡ།༿དེ་ལ་༾ ཨོ་་་།ད་འདི་ངས་ནོར་བཞག།ཨོ་་་་ད་འདི་འདྲས་བྱས་ནས་ཡོང་པ་རེད།ཕ་གི་ཡིན་ན་བྱས་ནས་ཡོང་པ་ཡོད། འདི་འདྲས་ཀྱི་དཔྱད་པ་གཏང་ངན་༿མཁན་༾འདི་ཡིན་ན་བླུན་པོ་རེད་ཟེར།
- དགམདོར་བསྡུས་བྱས་བཤད་ན།མཁས་པ་དང་བླུན་པོ་གཉིས་ལ་ཡ་ཁོང་གཉིས་ཀྱི་ཡིན་ན་ཁྱད་ཆོས་གཉིས་ཡོའོ་༿ཡོད་༾རེད་ཟེར། ཁྱད་ཆོས་འདི་ཡིན་ན་ག་འདྲས་ཟེ་རེད་ཟེར་ན།མཁས་པས་ཡིན་ན་རང་ཉིད་ཀྱི་བསྒྲུབ་ཡག་༿ཡས་༾ཀྱི་བྱ་བ་འདི་མ་བསྒྲུབ་པའི་སྔན་༿སྔོན་༾ལ་བྱ་བ་དེ་ལག་ལེན་མ་བསྟར་པའི་སྔན་༿སྔོན་༾ལ་མངོན་འགྱུར་མ་བྱུང་པའི་སྔན་༿སྔོན་༾ལ་བྱ་བ་དེའི་འབྲས་བུར་ལ་ཡ་བསམ་བློ་གཏང་གི་ཡོའོ་༿ཡོད་༾རེད།
- དགཨོ་་་་ངས་བྱ་བ་དེ་བྱས་ན་འབྲས་བུ་ག་༿གང་༾འདྲས་གཅིག་ཡོང་གི་ཡོད་ན།འབྲས་བུ་འདི་ཡོང་ན།ཨོ་་་་།འདི་འདྲས་འདི་འདྲས་ཟེ་བྱེད་ཀྱི་ཡིན། ད་འབྲས་བུ་ད་རེན་༿ད་རེས་༾སྡུག་ཅག་ཡོང་ཡག་༿ཡས་༾རེད་བཞག།ང་བྱེད་ཀྱི་མིན། འདི་འདྲས་ཀྱི། འོ་་་།མ་བྱས་བྱ་བ་དེ་མ་བྱས་པའི་སྔན་༿སྔོན་༾ནས་རང་ཉིད་ཀྱི་བྱ་བ་འདི་བྱེད་ཡག་༿ཡས་༾ལ་བརྟག་དཔྱད་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེ།འདི་ཡིན་ན་མཁས་པའི་ཁྱད་ཆོས་རེད་ཟེར།
- དགབླུན་པོས་ག་རེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན།རྨོངས་པས་ག་རེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། ཨོ་་་།བྱ་བ་དེ་སྔན་༿སྔོན་༾ལ་ཡ།བྱ་བ་གཅིག་ཐོན་པ་དང་ལམ་སང་༿སེང་༾བྱེད་ཀྱི་ཡོའོ་༿ཡོད་༾རེད། བྱས་ཚར་པ་དང་ཨ་ནི་་་་ག་རེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། འབྲས་བུ་བཟང་ངན་ཅི་རིགས་བྱུང་པ་དེའི་ཡ་༿དེ་ལ་༾གཞི་ནས་དཔྱད་པ་གཏང་གི་ཡོའོ་༿ཡོད་༾རེད། འདི་ཡིན་ན། འོ་་་།བླུན་པོའི་ཁྱད་ཆོས་རེད་ཟེར།
- དགམདོར་བསྡུས་བཤད་ན་འདི་འདྲས་ཀྱི་བྱེད་སྟངས་འདིའི་ནང་ལོགས་ནས། མཁས་པ་དང་བླུན་པོ་གཉིས་ཀྱི་ཁྱད་པར་དེ་ང་ཚོས་ཧ་གོ་ཐུབ་ཀྱི་རེད་ཟེར། དཔེར་ན་ང་ཚོ་ནམ་རྒྱུན་ཡིན་ན་འདི་འདྲས་ཟེར། ཟེར་གྱི་རེད། བསམ་བློ་སྔན༿སྔོན་༾ལ་བཏང་ན་མཁས་པ་དང། འགྱོད་པ་རྗེས་ལ་བྱས་ན་བླུན་པོ་ཡིན་ཟེར། ཟེར་གྱི་རེད། འོ་་་་འདིའི་ནང་དོན་ད་ག་རང་རེད།བྱས་ཙང་ང་ཚོས་ཡིན་པ་ཡིན་ནའི་ནམ་རྒྱུན་ག་རེ་བྱེད་དགོས་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན།
- དགརང་ཉིད་ཀྱི་བརྩམས་བྱའི་བྱ་བ་གང་ཡང་རུང་བ་ཞིག་མ་བརྩམས་པའི་སྔན་༿སྔོན་༾ལ་ཡ་ཨ་བསམ་བློ་བཏང། ཨོ་་་་འདི་བྱས་པ་ཡིན་ན་འབྲས་བུ་བཟང་ངན་དེའི་ཡ་༿དེ་ལ་༾བསམ་བློ་བཏང།བརྟག་དཔྱད་བྱས་དེ་ནས་གཞི་ནས་བསྒྲུབ། ད་འབྲས་བུ་བཟང་ངན་དེའི་ཡ་༿དེ་ལ་༾བརྟག་དཔྱད་བྱས་དེ་ནས་སླར་ཡང་སྟེས་དབང་གིས་དབང་གི་ད་འབྲས་བུ་ངན་པ་འདི་འདྲས་བྱུང་པ་ཡིན་ནའི་ལའི་ཨ་ནི་་་་ཐབས་ཟད་པ་རེད་པཱ།
- དགཡིན་ནའི། འོ་་་།སྐྱེ་བོ་བླུན་པོ་འདི་ཚོས་ཡིན་པ་ཡིན་ན་འབྲས་བུ་བཟང་ངན་ལ་ཡ་བརྟག་དཔྱད་ཁྱོན་ནས་༿རྒྱུ་ནས་འམ་རྩ་བ་ནས་༾མེད་པའི་ཐོག་ནས་རྨོངས་ཚོད་ལོང་མཆོངས་བྱས་བྱས།ཨ་ནི་་་།བྱ་བ་དེ་བསྒྲུབ་མཐའ་མ་དེའི་ཡ་༿དེ་ལ་༾ཨ་ནི་་་་དཔྱད་པ་འདི་བཏང།དཱ་འགྱོད་པ་འདི་སྐྱེས། འདི་ཡིན་ན་བླུན་པོའི་རྣམ་པ་འདི་རེད་ཟེར། ཁྱད་ཆོས་རེད་ཟེར།
- དགའོ་ཡ། འདི་ནང་ལོགས་ལ་ཡ་གཙོ་བོ་ག་རེ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། མཁས་པ་དང་རྨོངས་པ་གཉིས་ཀྱི་བྱ་བ་ལ་ཡ་བརྟག་དཔྱད་བྱེད་ཡག་༿ཡས་༾ཀྱི་སྔ་ཕྱི་རིམ་པ་དེ་བཤད་ཀྱི་ཡོའོ་༿ཡོད་༾རེད། འོ་ཡ།འདི་རེད།ད་དེ་ནས་འདིའི་གཤམ་གྱི་ཚིགས་བཅད་ཤོ་ལོ་ཀ་འདིའི་ནང་ལོགས་ལ་ཡིན་ན་ག་རེ་རེད་ཟེར་ན། ང་ཚོའི་ས་སྐྱ་ལེགས་བཤད་ནང་ལོགས་ཀྱི་ལེའུ་རབ་འབྱེད་ཡ་རབ་བརྟག་པ་ཟེར་ཡག་༿ཡས་༾འདིའི་ནང་དོན་རེད་བཞག།
- དགདཔེར་ན། དམ་པའི་ཡོན་ཏན་སྦས་འགྱུར་ཀྱང་། འཇིག་རྟེན་ཀུན་ལ་ཁྱད་པར་གསལ། སྣ་མའི་མེ་ཏོག་ལེགས་བཀབ་ཀྱང་། དྲི་ཞིམ་ཀུན་དུ་ཁྱབ་པར་འགྱུར། ཟེར་ལབ་པ་རེད། ད་འདིའི་ནང་ལོགས་ལ་ཡ་ང་ཚོས་སྔན་༿སྔོན་༾ལ་མིང་ཚིག་ལ་བལྟས་པ་ཡིན་པ་ཡིན་ན།དང་པོ།དམ་པ། གཉིས་པ་ཡིན་ན་སྣ་མའི་མེ་ཏོག། འོ།འདི་གཉིས་ཙམ་རེད་འདུག་ག
- དགསྤྱིར་ཡིན་ན་ང་ཚོ་དམ་པ།དམ་པ་ཟེར་ཡག་༿ཡས་༾འདི་ད་ནམ་རྒྱུན་ཡིན་ན་མང་པོ་ཡིན་ན་ཁ་སྐད་ལས་གོ་ཡག་༿ཡས་༾ཡོད་པ་གཅིག་རེད།དམ་པ་ཟེར་ཡག་༿ཡས་༾འདི།ཡང་ཡིག་སྐད་ནང་ལོགས་ལས་འདི་འདྲས་ཡོད་པ་འདི་འདྲས་གཅིག་རེད།དམ་པ་དམ་པ་ཟེར་ན་ག་འདྲས་ཟེར་རེད། ཟེར་ན།
- དགདེ་ཡང་དོན་དག་གོ་རྒྱུ་མང་པོ་ཡོའོ་༿ཡོད་༾རེད། དོན་དག་གོ་རྒྱུ་མང་པོ་ཡོའོ་༿ཡོད་༾རེད། གཅིག་ཡིན་ན་དམ་པ་ཟེར་ན་འོ་་་་འ་ཕ་ག་ས་འཕགས་འཕགས་པ་ལའི་དེ་འདྲས་ལའི་བཤད་ཀྱི་ཡོའོ་༿ཡོད་༾རེད། གཉིས་པ་ཡིན་ན་དམ་པ་ཟེར་ན་གང་འདྲ་རེད་ཟེར་ན་སྐྱེས་བུའམ་མི་མཆོག་དུ་འགྱུར་པ་ཁྱད་དུ་འཕགས་པ་བཟང་པོ་ལེགས་པོ་ཧ་ཅང་གི་ཡག་པོ་ཨོ།དེ་ཚོ་ལ་ཡ་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན་དམ་པ་ཟེར་གྱི་ཡོའོ་༿ཡོད་༾རེད། དམ་པ།
- དགབྱས་ཙང་སྐྱེ་བུ་དམ་པ་། སྐྱེ་བུ་དམ་པ་ཟེར་ཡས་དེ་རེད་། འོང་། ད་རེས་ཀྱི་ང་ཚོའི་སློབ་དེབ་འདིའི་ནང་ལོགས་གི་དམ་པ་དེ་སུ་ལ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། ད་ག་རང་རེད། སྐྱེས་བུ་དམ་པ་སྐྱེས་བུ་ཡང་དག་པ་མཆོག་ཏུ་འགྱུར་བ་ཕུལ་དུ་བྱུང་བའི་མི་དའི་ཡ་ཟེར་གྱི་ཡོའོ་༿ཡོད་༾རེད།
- དགགཞན་ཡང་དམ་པ་ཟེར་ན་ནམ་རྒྱུན་ཡིན་ན་ང་ཚོ་རང་གའི། འོང་། འཇིག་རྟེན་པའི་ཁ་སྐད་ཀྱི་ནང་ལོགས་ལའི་ཡང་དམ་པ་ཟེར་ཡས་གཅིག་ཡོའོ་༿ཡོད་༾རེད་དེ་ཡིན་ན་ག་རེ་རེད་ཟེར་ན། གྲོངས་ཚར་པའི་མི་དེའི་མཚན་སྨྲས་དུས་ཙམ་པ་ཡིན་ན། མཚན་གྱི་རྒྱབ་ལོགས་དའི་ཡ་དཔེར་ན་སྒྲོལ་དཀར་དམ་པ་ག་རེ་ག་རེ་མིག་དམར་དམ་པ་ཟེར་ན་གྲོངས་ཟིན་པའི་མི་དེ་མཚོན་གྱི་ཡོའོ་༿ཡོད་༾རེད།
- དགཡིན་ནའི་ད་རེས་ང་ཚོས་འདིའི་ནང་ལོགས་ལ་བཤད་ཡས་ཀྱི་དམ་པ་དེ་ཡིན་ན་སུ་ལ་གོ་ཀྱི་༿ཡི་༾ཡོའོ་༿ཡོད་༾རེད་ཟེར་ན། སྐྱེས་བུ་དམ་པ་སྐྱེས་བུ་མཆོག་ཏུ་འགྱུར་པ། སྐྱེས་བུ་ཡིན་ན་ཧ་ཅང་གི་ཡག་པོ་འོ།འདི་ལ་གོ་ཀྱི་ཡོའོ་༿ཡོད་༾རེད།
- དགསྣ་མའི་མེ་ཏོག་ཟེར་ན།སྣ་མའི་མེ་ཏོག།སྣ་མའི་མེ་ཏོག་ཟེར་ཡག་༿ཡས་༾འདི་ལ་མིང་གཞན་ཛ་ཏིའི་མེ་ཏོག་ཡང་ཟེར་གྱི་ཡོའོ་༿ཡོད་༾རེད། འོ་་་་ཛ་ཏིའི་མེ་ཏོག།ད་འོ་ན་ད་རེས་དེའི་ཡ་༿འདི་ལ་༾སྤྱིར་ཡིན་ན་མེ་ཏོག་གཞན་ཡིན་ན་མང་པོ་ཡོའོ་༿ཡོད་༾རེད་འདི་གས་ཡིན་ན་ལབ་མེད་པར་སྣ་མའི་མེ་ཏོག་ཟེར་ལབ་བྱས་དེའི་ཡ་༿འདི་ལ་༾ཁྱད་ཆོས་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན།
- དགའདིའི་སྣ་མའི་མེ་ཏོག་ཡང་ན་ཛ་ཏིའི་མེ་ཏོག་འདི་ཡིན་ན་དྲི་ཧ་ཅང་གི་ཞིམ་པོ། དྲི་བསུང་ཡིན་ན་ཧ་ཅང་གི་ཡིན་ན་ཞིམ་པོ་འཐུལ་གྱི་ཡོད་པ་འདི་སྣ་མའི་མེ་ཏོག་གི་ཁྱད་ཆོས་རེད། ཚིགས་བཅད་ཤོ་ལོ་ཀ་འདིས་དོན་དག་ཡིན་ན་ག་རེ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། སྐྱེས་བུ་དམ་པའམ་སྐྱེས་བུ་མཆོག་ཏུ་འགྱུར་པ་དེ་ཚོ་ལ་ཡ་།སྐྱེས་བུ་དམ་པའམ་སྐྱེས་བུ་མཆོག་ཏུ་འགྱུར་པ་མཁས་པ་དེ་ཚོ་ལ་ཡིན་པ་ཡིན་ན་ང་ཚོས་གོང་ལ་བཤད་པ་ནང་བཞིན་གྱི་ཡོན་ཏན་ཧ་ཅང་གི་མང་པོ་ཡོའོ་༿ཡོད་༾རེད་ཟེར། ཁོང་ཚོ་ལ་ཡིན་ན་ཡོན་ཏན།དཔེར་ན་ཡིན་ན་ཁོང་ཚོའི་ཡོན་ཏན་ཡིན་ན་དཔེར་ན་ཆ་བཞག་པ་ཡིན་ན།འོ།ནོར་ལ་ཡིན་ན་ཆོག་་ཤེས་པ་མི་གཞན་ལ་ཡིན་ན་ག་རེ་རེད་ཟེར་ན་གཞན་ཕན་གྱི་བསམ་བློ་ཡོད་པ།རེད་པཱ།
- དགའོ་་་་འདི་འདྲས་ཀྱི་གང་ལྟར།འོ།ཡོན་ཏན་ཡིན་ན་ཧ་ཅང་གི་མང་པོ་ཡོའོ་༿ཡོད་༾རེད་ཟེར། ཡིན་ནའི་སྐྱེས་བུ་དེ་དག་ཡིན་ན་ག་རེ་རེད་ཟེར་ན་ང་རྒྱལ་དང་ཁེངས་དྲེགས། ང་རྒྱལ།ཨོ་་་་་ང་ཡིན་ང་ཡག་ཤོས་ཡིན། ཁེངས་དྲེགས།ཨོ་་་།ད་སྤོབས་པ་མཐོ་པོ།འོ་་་་།འདི་འདི་འདྲས་མེད་ཙང། ཁོང་ཚོས་ཡིན་ན་རྟག་ཏུ་རང་ཉིད་ཀྱི་ཡོན་ཏན་དེ་ཡིན་ན་ག་རེ་རེད་ཟེར་ན་ཁ་ལ་ཡ་ཁྱོན་ནས་༿རྩ་བ་ནས་༾བཤད་ཀྱི་ཡོའོ་༿ཡོད་༾མ་རེད། ཨོའོ་་་་ང་ཡོན་ཏན་ཆེ་ཤོས་ཡིན་དཱ།ང་མན་༿མིན་༾པ་འ་མདོའོ་༿ད་དུང་༾སུ་ཡོའོ་༿ཡོད་༾རེད་ཆེའི་༿ཆེ་བ་༾འོ་་་་འདི་འདྲས་ཟེ་ཁ་ལ་ཁྱོན་ནས་༿རྩ་བ་ནས་༾མ་བཤད་པར་ཡོན་ཏན་དེ་རང་གི་ཁོག་པའི་ནང་ལོགས་ལ་ཡ་བཞག་བཞག་ཀྱི་ཡོའོ་༿ཡོད་༾རེད་ཟེར།སྦས་པ་ནང་བཞིན་གྱི་བཞག་པར་བཞག་གྱི་ཡོའོ་༿ཡོད་༾རེད་ཟེར།
- དགཡིན་པ་ཡིན་ནའི།ཡིན་པ་ཡིན་ནའི། འོན་ཀྱང་། ཁོང་ཚོས་ཡིན་ན་དུས་རྟག་ཏུ་ཡིན་ན་སྐྱེས་བུ་དམ་པ་མཆོག་ཏུ་འགྱུར་པ་དེ་ཚོས།འོ།འགྲོ་བ་གཞན་དག་ལ་ཡིན་ན་ཡོན་ཏན་ཡོད་པའི་དབང་གིས་འགྲོ་བ་གཞན་དག་ལ་ཡིན་ན་ཕན་ཐོགས་༿ཐོག་༾པ། འགྲོ་བ་གཞན་གྱི་ཆེད་དུ་ཡིན་ན་གཞན་ཕན་བསྒྲུབ་པ་འདི་འདྲས་མང་པོ་བྱས་ཙང་ཁོང་ཚོའི་མཚན་དང་སྙན་གྲགས་འཇིག་རྟེན་ཀུན་ལ་ཡ་ག་ས་ག་ལ་ཡིན་ན་ཁྱབ་པ། ཁོང་ཚོའི་ཡིན་ན་ཡོན་ཏན་ཡོད་པའི་སྙན་གྲགས་དེ་འཇིག་རྟེན་ག་ས་ག་ལ་ཡ་གསལ་པོ་ཡོད་པ། འོ་་་་འདི་འདྲས་གཅིག་རེད་ཟེར།
- དགབྱས་ཙང་ཡིན་ན་ང་ཚོས་ནམ་རྒྱུན་ག་རེ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། དཔེར་ན་ཆ་བཞག། ཆུ་ཅིག་གི་སྒང་་ལ་ཡ་སོག་མ་ཅིག།སོག་མ།རྩ་འདི་འདྲས་ཆུང་ཆུང་གཅིག་དབྱུགས་པ་ཡིན་ན། ཁོ་ག་རེ་བྱེད་ཀྱི་རེད་ཟེར་ན་ཆུའི་ཁ་ལ་ཡ་འཕྱོ་བྱས་བསྡད་ཀྱི་རེད།གཡེངས་བྱས་བསྡད་ཀྱི་རེད།དཱ་འདིའི་སྒང་ལ་ཡ་ནོར་བུ་རྡོག་རྡོག་གཅིག་གཡུགས་པ་ཡིན་ན་ག་རེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན་གཏིང་ལ་མར་འཕྱང་༿ལྷུང་༾འགྲོ་གྱི་༿ཡི་༾ཡོའོ་༿ཡོད་༾རེད།
- དགའདི་ནང་བཞིན་མི་བླུན་པོ་འདི་ཚོའི་ཡོན་ཏན་ཁ་ན་ཡོའོ་༿ཡོད་༾རེད། བླུན་པོའི་ཡོན་ཏན་ཁ་ན། ཨོའོ།ཞེ་དྲག་ཡོའོ་༿ཡོད་༾མ་རེད་དའི་ཨོའོ་་་། ང་མཁས་ཤོས་ཡིན་ང་ཡག་ཤོས་ཡིན་ཟེར་བྱས་བྱས་ཁ་ནས་བཤད་ཀྱི་ཡོའོ་༿ཡོད་༾རེད། ཡིན་ནའི་མཁས་པ་འདི་ཚོའི་ཡོན་ཏན་འདི་ག་གའི་༿ག་པར་༾ཡོའོ་༿ཡོད་༾རེད་ཟེར་ན་གཏིང་ལ་ཡོའོ་༿ཡོད་༾རེད། ཁོང་ཚོས་༿ཚོ་༾ཡིན་ན་ཁེངས་དྲེགས་དང་འདི་འདྲས་མེད་ཙང་རྟག་ཏུ་རང་གི་ཡོན་ཏན་དེ་ཁོག་པའི་ནང་ལོག་ལ་ཡ་སྦས་བྱས་མི་གཞན་དག་ལ་ངོམས་པ་དང་མི་གཞན་དག་ལ་འཆད་འདོད་ཀྱི་བློ་འདི་འདྲས་བྱེད་ཀྱི་ཡོའོ་༿ཡོད་༾མ་རེད། མེད་པ་ཡིན་ནའི་ཁོང་ཚོས་མི་ལ་ཡ་གཞན་ཕན་གྱི་ལས་མང་པོ་བྱས་པ་དང་ཡོན་ཏན་འདིས་མི་གཞན་གྱི་ཡིན་ན་ག་རེ་རེད་ཟེར་ན་ཁོང་ཚོའི་མཚན་དང་སྙན་གྲགས་འདི་འཇིག་རྟེན་ཀུན་ལ་ཁྱབ་པར་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར།
- དགདཔེར་ན་ང་ཚོའི་ཁ་དཔེ་ལ་ཡ་འདི་འདྲས་གཅིག་ཡོའོ་༿ཡོད་༾རེད། གསེར་ས་འོག་ཡོད་ནའི་འོད་ནམ་མཁའ་ཟེར། གསེར་ཟེར་ཡག་༿ཡས་༾འདི་ཁོ་ཡིན་ན་ག་རེ་རེད་ཟེར་ན་རྦད་དེ་ཁ་མདོག་མར་འདི་འདྲས་ཟེ་༿རུ་༾དོན་མ་བསྡད་པར་ས་འོག་ཡོད་པ་ཡིན་ནའི་ཁོའི་རིན་ཐང་བྲལ་བའི་རྣམ་པ་འདིའི་ཐོག་ནས་འདིའི་འོད་དེ་ཡིན་ན་ཕྱི་ལ་ཐོན་ཐུབ་ཀྱི་ཡོད་པ། འོ།འདི་འདྲས་ཁ་དཔེ་ལ་བཤད་ཀྱི་ཡོའོ་༿ཡོད་༾རེད།
- དགདཱ་ད་རེས་འདིའི་ནང་ལོགས་ལ་ཡ། འོ།སྐྱེས་བུ་དམ་པའི་ཡོན་ཏན་འདི་ཕྱིར་བསྒྲོགས་པའམ་འཆད་འདོད་ཀྱི་མི་གཞན་ལ་ཡིན་ན་ག་ས་ག་ལ་ཁྱབ་བསྒྲགས་བྱེད་པ་དང་འདི་འདྲས་བྱས་མེད་པ་ཡིན་ནའི་འཇིག་རྟེན་ཀུན་ལ་གསལ་པ་ནང་བཞིན་དྲི་ཞིམ་གྱི་སྣ་མའི་མེ་ཏོག་འམ་ཛ་ཏིའི་མེ་ཏོག་དེ་དངོས་པོ་གཞན་གྱི་མེ་ཏོག་འདིའི་སྒང་ལ་བཀབ་བྱས་བཞག་པ་ཡིན་ནའི། ཁོ་ཡིན་ན། བཀབ་ལ་བཞག་པ་ཡིན་པ་ཡིན་ནའི།ཁོའི་དྲི་ཞིམ་པོ་འདི་ས་ཕྱོགས་ག་ས་ག་ལ་ཁྱབ་འགྲོ་གི་༿ཡི་༾རེད་ཟེར།
- དགམདོར་ན་ཡོན་ཏན་ཡོད་པ་གཅིག་ཡིན་ན་རང་གི་མ་ལབ་པ་ཡིན་ནའི་ཀུན་གྱི་ཤེས་ཀྱི་ཡོའོ་༿ཡོད་༾རེད་ཟེར། ཡོན་ཏན་མེད་པའི་མི་གཅིག་ཡིན་པ་ཡིན་ན་ནི་ག་རེ་རེད་ཟེར་ན། ཨ་ནི།ཀུན་གྱི་ཡིན་ན་ཡོད་པའི་ཁུལ་བྱས་པ་ཡིན་ནའི་ལའི་མེད་པ་དེ་ཡིན་ན་མཐའ་མ་ལ་ཡ་ཤེས་འགྲོ་གི་༿ཡོད་༾ཡོའོ་༿ཡོད་༾རེད་ཟེར།ཤུགས་བསྟན།
- དགདཔེར་ན་སྣ་མའི་མེ་ཏོག་དྲི་ཞིམ་པོ་ཡོད་པ་འདི་དངོས་པོ་གཞན་དག་གི་ག་ཚད་བཀབ་པ་ཡིན་ནའི། ཁོའི་ཁྱད་ཆོས་ཀྱི་དྲི་ཞིམ་པོ་འདི་ས་ཕྱོགས་ག་ས་ག་ལ་ཡ་ཁྱབ་པ་དང་གཅིག་པ་རེད་ཟེར། འདི་ཡིན་ན་ཡ་རབ་བརྟག་པའི་ནང་ལོགས་ནས་ཡང་སྙིང་ཡ་རབ་ཟེར་ན་ག་༿གང་༾འདྲས་གཅིག་ལ་ཟེར་གྱི་ཡོའོ་༿ཡོད་༾རེད།ཡ་རབ་ཡིན་པའི་མི་འདི་ལ་ཡ་བརྟག་པ་ག་༿གང་༾འདྲས་ཟེར་བཏང་དགོས་རེད།དཔྱད་པ་ག་༿གང་༾འདྲས་ཟེར་བྱེད་དགོས་རེད། འོ།འདིའི་རེད།
- དགད་གཤམ་དེའི་ཡ་ག་རེ་ལབ་པ་རེད་ཟེར་ན།
- དགདམ་པ་སྲོག་ལ་འབབ་ན་ཡང་། རང་བཞིན་བཟང་པོ་ག་ལ་དོར། ས་ལེ་སྦྲམ་ནི་བསྲེགས་གཅད་ཀྱང། དེ་ཡི་ཁ་དོག་ཉམས་མ་འགྱུར་ཟེར། ལབ་པ་རེད།ཤོ་ལོ་ཀ་འདིའི་ནང་ལོགས་ལ་ཡ་མིང་ཚིག་ཡིན་ན་ཁག་པ་འདི་ཡིན་ན་གཅིག་རེད་བཞག། དཔེར་ན།ས་ལེ་སྦྲམ་ཟེར་ཡག་༿ཡས་༾འདི་རེད་བཞག།ས་ལེ་སྦྲམ། ས་ལེ་སྦྲམ། ས་ལེ་སྦྲམ།ཟེར་ན་ཁྱེད་རྣམས་ཚོས་ལམ་སེང་མཁྱེན་གྱི་རེད།གསེར་གྱི་མིང་རེད། ས་ལེ་སྦྲམ་ཟེར་ན་ག་ལ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན་གསེར་ལ་ཟེར་གྱི་ཡོའོ་༿ཡོད་༾རེད། གསེར་གྱི་མིང་གི་མངོན་བརྗོད་རེད།
- དགད་ང་ཚོས་འདིའི་ནང་ལོགས་ལ་ཡ་ག་རེ་ལབ་པ་རེད་ཟེར་ན།དམ་པ་སྲོག་ལ་འབབ་ན་ཡང་། རང་བཞིན་བཟང་པོ་ག་ལ་དོར། སྔན་༿སྔོན་༾ལ་ཡ་དམ་པ་ང་ཚོས་ད་གིན་འགྲེལ་བཤད་བརྒྱབ་ཚར་པ་རེད། སྐྱེས་བུ་དམ་པ།སྐྱེས་བུ་མཆོག་ཏུ་འགྱུར་བ།ཕུལ་དུ་བྱུང་པ་དེ་ལ་ཡ་ཟེར་གྱི་ཡོའོ་༿ཡོད་༾རེད། མི། ད་འདི་ལ་ཡ་འོ་ན་་་་རང་བཞིན་ག་རེ་ཡོའོ་༿ཡོད་༾རེད། འོ།རང་བཞིན།ཁོའི་ངོ་བོ་དེ་ཡིན་ན་ག་༿གང་༾འདྲས་གཅིག་ཡོའོ་༿ཡོད་༾རེད་ཟེར་ན།
- དགའོ་་་་ཆེ་འདོད་ཆུང་བ། འདོད་པ་ཆུང་བ།འདོད་པ་ལ་ཡིན་ན་ག་རེ་རེད་ཟེར་ན་ཆོག་ཤེས་པ། མི་གཞན་གྱི་རང་ལ་ཡ་བཀའ་དྲིན་བྱས་པ་དེའི་ཡ་༿དེ་ལ་༾དྲིན་དུ་གསོ་བ།རང་དང་མི་གཞན་གྱི་བར་རུ་༿དབར་ལ་༾གྱི་ལ་རྒྱ་དང་དམ་ཚིགས་དེ་ཡིན་ན་རྦད་དེ་དམ་པོར་བསྲུང་བ།གཞན་ཕན་བསྒྲུབ་ཡག་༿ཡས་༾ལ་ཧ་ཅང་གི་དགའ་བ། འོ།འདི་གས་ཡིན་ན་ག་རེ་རེད་ཟེར་ན་སྐྱེས་བུ་དམ་པ་དེའི་རང་བཞིན་རེད་ཟེར།
- དགསྐྱེས་བུ་དམ་པའི་རང་བཞིན།སྐྱེས་བུ་དམ་པའི་རང་བཞིན་དེ་ཡིན་ན། འོ།འདོད་པ་ལ་ཡ་ཆོག་ཤེས་བྱས་པ་ལ་ཡ་དྲིན་གསོ་བ།ལ་རྒྱ་དང་དམ་ཚིགས་ནན་གྱིས་བསྲུང་པ་།ནན་ཏན་གྱིས་བསྲུང་པ།འོ།མི་གཞན་ཕན་གྱི་བྱ་བ་བསྒྲུབ་ཡག་༿ཡས་༾ལ་ཡ་ཧ་ཅང་གི་དགའ་བ་།འདི་གས་ཡིན་ན་སྐྱེས་བུ་དམ་པའི་རང་བཞིན་བཟང་པོ་གཅིག་རེད་ཟེར། སྐྱེས་བུ་དམ་པ་ལ་ཡ་རང་བཞིན་བཟང་པོ་འདི་འདྲས་ཡོའོ་༿ཡོད་༾རེད་ཟེར།
- དགད་འོ་ན་་་་སྐྱེས་བུ་ལ་ཡ་རང་བཞིན། སྐྱེས་བུ་དམ་པ་དེའི་ཡ་༿དེ་ལ་༾རང་བཞིན་བཟང་པོ་ཡོད་པ་འདི་གས། མཐའ་མ་དེ་རང་ཉིད་དཔེར་ན་ཆ་བཞག་འདི་འདྲས་ཟེར་རེད།སྐྱེས་བུ་ལ་ཡ་རང་བཞིན་བཟང་པོ་ཡོད་པ་འདི། འོ།སྨད་དུ་བྱུང་བའི་སྤྱོད་པ་འདི་ཡིན་ན།འོ།རང་བཞིན་འདི་ཡིན་ན།གལ་སྲིད་རང་ཉིད་ལ་ཡ་ག་རེ་རེད་ཟེར་ན།འོ།དགྲ་བོ་ནང་བཞིན་གཅིག་ཐུག་པ་བྱས།དགྲ་བོ་དེ་ཚོས་ཡིན་ན་ག་རེ་རེད་ཟེར་ན་རང་ཉིད་ཀྱི་སྲོག་ལ་ཡ་ཉེན་ཁ་བཏང་བྱས་བྱས།ཨོ།ཁྱོད་རང་རང་གིས་རང་བཞིན་བཟང་པོ་འདི་དོར་དགོས་ཡག་༿ཡས་༾ཀྱི་སྐད་ཆ་དཔེར་ན་ཆ་བཞག།
- དགགྲོགས་པོ་གཉིས་ཡོའོ་༿ཡོད་༾རེད་དཱ་གྲོགས་པོ་དེ་གཉིས་ཀྱི་བར་རུ་༿དབར་ལ་༾ལ་ཡིན་ན་དམ་ཚིགས་དང་ལ་རྒྱ་ཧ་ཅང་གི་བརྟན་པོ་ཡོའོ་༿ཡོད་༾རེད། དཱ་དེ་ནས་གྲོགས་པོ་འདིས་ཡིན་ན་ག་རེ་རེད་ཟེར་ན་མཐའ་མ་དེའི་ཡ་༿དེ་ལ་༾མི་གཞན་གྱི་ལག་འོག་ལ་ཤོར་བྱས་དགྲ་འེའི་༿བོའི་༾ལག་འོག་ལ་ཤོར་བྱས་དགྲ་དེས་ཡིན་ན་ཨོ།ཁྱོད་རང་གིས་རོགས་པ་དེ་ཡིན་ན་བཙོངས་དགོས་ཡོད།སུ་རེད་འདི་བཙོངས་པ་ཡིན་པ་ཡིན་ན་ཁྱེད་རང་བསད་ཀྱི་མེན་༿མིན་༾འོ།མ་བཙོངས་པ་ཡིན་པ་ཡིན་ན།ཨོ།ཁྱེད་རང་བསད་ཀྱི་ཡིན་ཟེར་འོ།ལབ་པ་ཡིན་པ་ཡིན་ནའི་ཁོང་གིས་ཡིན་ན་དཔེར་ན་ཆ་བཞག།
- དགཨོ།ང་སྲོག་ལ་འབབ་པ་ཡིན་ནའི་ངའི་གྲོགས་པོ་དེ་ཡིན་ན་བཙོངས་ཀྱི་མིན་ནང་བཞིན་གྱི།འོ།སྐྱེས་བུ་དམ་པས།འོ།སོ་སོའོ་སྲོག་ལ་འབབ་པའམ་སྲོག་ཤོར་གྱི་ཡོད་པ་སྲོག་ལ་ཐུག་པ་ཡིན་ནའི་རང་བཞིན་བཟང་པོ་དེ་ཁྱོན་ནས་༿རྩ་བ་ནས་༾འགྱུར་བ་བཏང་གི་ཡོའོ་༿ཡོད་༾མ་རེད་ཟེར། རང་བཞིན་བཟང་པོ་དེ་ཕར་དོར་པའམ་དབྱུགས་པ་ཁྱོན་ནས་༿རྩ་བ་ནས་༾བྱེད་ཀྱི་ཡོའོ་༿ཡོད་༾མ་རེད་ཟེར།
- དགམདོར་བསྡུས་ནས་བཤད་ན་སྐྱེས་བུ་བཟང་པོ་ལ་ཡ་རང་བཞིན་བཟང་པོ་འདི་ཡོད་པ་འདི།སྐྱེས་བུ་དམ་པ་ལ་ཡ་རང་བཞིན་བཟང་པོ་ཡོད་པ་འདི་རང་གི་གྲགས་པའི་ཆེད་དུ་སྙན་གྲགས་གི་ཆེད་དུ་རང་ལ་དངོས་པོ་རྙེད་ཡག་༿ཡས་༾ཀྱི་ཆེད་དུ་མཐའ་མ་རང་གི་སྲོག་གི་ཆེད་དུ་ཡིན་པ་ཡིན་ནའི་ལའི།ཐམས་ཅད་ཡིན་ན་ག་རེ་རེད་ཟེར་ན་རང་བཞིན་བཟང་པོ་འདི་དོར་གྱི་ཡོའོ་༿ཡོད་༾མ་རེད་ཟེར། རང་བཞིན་བཟང་པོ་འདི་དོར་གྱི་ཡོའོ་༿ཡོད་༾མ་རེད་ཟེར།
- དགདཔེར་ན་ག་རེ་རེད་ཟེར་ན། གསེར་དེ་བསྲེགས་བཅད་ཀྱང་། མེ་ཚ་པོའི་ནང་ལོག་ལ་བསྲེགས་པ།མེ་དཀྲག་༿མེར་བསྲེགས་༾གཏང་།ཡང་ན་མཚོན་རྣོ་པོའོ་འདི་འདྲས་ཀྱི་བཅད།ག་རེ་བྱས་པ་ཡིན་པ་ཡིན་ནའི་ཡ།གསེར་དེའི་རང་བཞིན།ངོ་བོ།ཁ་དོག།སེར་པོ་ཡིན་པ་དེ་ནམ་ཡང་འགྱུར་ཡག་༿ཡས་༾ཡོའོ་༿ཡོད་༾མ་རེད་ཟེར། ཉམས་ཡག་༿ཡས་༾ཡོའོ་༿ཡོད་༾མ་རེད་ཟེར།
- དགདེ་ནང་བཞིན་སྐྱེས་བུ་དམ་པའི་རང་བཞིན་བཟང་པོ་དེའི་ཡ་༿དེ་ལ་༾གཞན་གྱི་སྲོག་ལ་འབབ་པའི་སྲོག་ཤོར་དགོས་ཡག་༿ཡས་༾ཀྱི་གནོད་པ་དང་སྐྱོན་བཏང་པ་ཡིན་ནའི་ཁོང་གི་རང་བཞིན་བཟང་པོ་དེ་ཁྱོན་ནས་༿རྩ་བ་ནས་༾གློད་བཏང་གི་ཡོའོ་༿ཡོད་༾མ་རེད་ཟེར།
- དགགསེར་དེ་ཡིན་ནའི་མེ་ཚ་པོ་དང་ཡང་ན།འོ།འདི་འདྲའི་ཧ་ཅང་གི་ཚ་བའི་དངོས་པོའི་ནང་ལོགས་ལ་ཡ་བསྲེགས་པ་ཡིན་ནའི་འདྲ།ཧ་ཅང་གི་རྣོ་པོ་ཡོད་པའི་མཚོན་ཆས་གཅད་པ་ཡིན་ནའི་འདྲ།ག་རེ་བྱས་པ་ཡིན་པ་ཡིན་ནའི།འདིའི་ཁ་དོག་གསེར་པོ་དེ་ཡིན་ན་ག་རེ་རེད་ཟེར་ན་ཁྱོན་ནས་ནམ་ཡང་འགྱུར་བ་ཡོང་གི་ཡོའོ་༿ཡོད་༾མ་རེད་ཟེར། དཔེ་དེ་ནང་བཞིན་རེད།འོ་ཡ།འདི་རེད།འདི་ཡིན་ན་ག་རེ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན་ཡ་རབ་བརྟག་པ་འདིའི་རེད།ཡ་རབ་ལ་བརྟག་པ་བྱེད་ཡག་༿ཡས་༾འདིའི་རེད།
- དགད་དེ་ནས་གཤམ་དེའི་ཡ་༿དེ་ལ་༾ག་རེ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། བསྟོད་པས་དགའ་བར་མི་འགྱུར་ལ། སྨད་པས་མ་དགར་མི་འགྱུར་ཞིང་། རང་གི་ཡོན་ཏན་ལེགས་གནས་པ། སྐྱེ་བོ་དམ་པའི་མཚན་ཉིད་ཡིན།
- དགད་སྐྱེ་བོ་དམ་པ་དེ་གོང་ལ་ཡིན་ན་ང་ཚོས་མང་པོ་བཤད་པ་རེད། འོ།སྐྱེས་བུ་མཆོག་ཏུ་འགྱུར་པ།སྐྱེས་བུ་ཕུལ་དུ་བྱུང་བ།འདི་འདྲས་ལ་ཡ་ཟེར་གྱི་ཡོའོ་༿ཡོད་༾རེད།འོ་ན་ག་༿གང་༾འདྲས་གཅིག་ལ་མཆོག་ཏུ་འགྱུར་པ་ཟེར་གྱི་ཡོའོ་༿ཡོད་༾རེད།ག་༿གང་༾འདྲས་གཅིག་ལ་ཕུལ་དུ་བྱུང་བ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན།
- དགསྐྱེ་བོ་བཟང་པོ་ལ་ཡ་ཡོད་པའི་རང་བཞིན་བཟང་པོ་དེ་དང་ད་ག་ནང་བཞིན་པའི་སྐྱེ་བོ་བཟང་པོ་ལ་ཡ་ཡོད་པའི་ཡིན་ན་མཚན་ཉིད་ག་རེ་རེད་ཟེར་ན།སྤྱིར་ང་ཚོ་འཇིག་རྟེན་པའི་མི་ལ་ཡིན་པ་ཡིན་ན་བསྟོད་བསྔགས་བཏང་ན་འགང་ག་༿ཚང་མ་༾ལོགས་ག་༿ཚང་མ་༾དགའ་པོ་ཡོང་གི་རེད།སྤྱིར་བཏང་བྱས་པ་ཡིན་ན། དམའ་འབེབས་བཏང་པ་ཡིན་ན།སྨད་ར་བཏང་པ་ཡིན་པ་ཡིན་ན་དགའ་པོ་ཁྱོན་ནས་༿རྩ་བ་ནས་༾ཡོང་གི་ཡོའོ་༿ཡོད་༾མ་རེད།དགེ་མཚན་གཅིག་ཡོད་པ་ཡིན་ན་དགའ་པོ་ཡོང་གི་ཡོའོ་༿ཡོད་༾རེད།སྐྱོན་གཅིག་ཡོད་པ་ཡིན་ན་དགའ་པོ་ཡོང་གི་ཡོའོ་༿ཡོད་༾མ་རེད།
- དགཡིན་ནའི་ལའི་མཁས་པ་ཟེར་ངན་༿མཁན་༾འདི་ལ་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན།བསྟོད་པ་ཡིན་ནའི་དགའ་པོ་གའི་༿གང་ཡང་༾ཡོའོ་༿ཡོད་༾མ་རེད།རང་སོར་རེད།སོ་སོ་།རང་བཞིན་དེ་ད་ག་རེད།གཞན་གྱི་དེའི་ཡ་༿དེ་ལ་༾དམའ་འབེབས་གཏང་པ་ཡིན་པ་ཡིན་ནའི་མ་དགའ་བའི་ག་གའི་༿གང་ཡང་༾ཡོའོ་༿ཡོད་༾མ་རེད།སོ་སོའི་རང་བཞིན་དེ་ད་ག་རང་རེད།བྱས་ཙང་མི་གཞན་གྱི་བསྟོད་བྱས་ཧ་ཅང་གི་དགའ་པོ་བྱེད་ཡག་༿ཡས་༾ཡོའོ་༿ཡོད་༾མ་རེད།མི་གཞན་གྱིས་དམའ་འབེབས་གཏང་ཡང་ན་མི་གཞན་གྱིས་རང་གི་སྐྱོན་བརྗོད་བྱས་དེའི་ཡ་༿དེ་ལ་༾མི་དགའ་བའི་བྱེད་ཡག་༿ཡས་༾ཡོའོ་༿ཡོད་༾མ་རེད།
- དགདེ་ཡིན་ན་རང་གི་ཡོན་ཏན་འོ།རང་ལ་གནས་སྐབས། འདིའི། ག་རེ་རེད་ཟེར་ན།རང་རང་གི་རང་གཤིས་བཟང་པོའི་ཡོན་ཏན་ག་རེ་ཡོད་པ་དེ་ལེགས་པར་གནས་པ་དེ།ཨ་ནི།སྐྱེ་བོ་དམ་པའི་མཚན་ཉིད་ཡང་ན་སྐྱེ་བོ་དམ་པའི་རྟགས་མཚན་འདི་འདྲས་གཅིག་རེད་ཟེར།
- དགའོ།སྐྱེ་བོ་དམ་པ།སྐྱེ་བོ་དམ་པ་ལ་ཡ་ང་ཚོས་བརྟག་དཔྱད་བྱེད་དུས་ཙ་ནས་ཁོང་ལ་ཡ་རང་བཞིན་བཟང་པོ་མང་པོ་ཞེ་དྲག་ཡོའོ་༿ཡོད་༾རེད།འདིའི་ཐོག་ནས་སྐྱེ་བོ་དམ་པ་རེད།འདིའི་ཐོག་ནས་སྐྱེ་བོ་དམ་པ་རེད་། ད་གིན་ཡིན་ན་ག་རེ་ལབ་པ་རེད།སྐྱེ་བོ་དམ་པ་ཟེར་ཡན་༿མཁན་༾འདི་ཡིན་ན་སྲོག་ལ་འབབ་ཀྱི་ཡོད་ནའི་སོ་སོའི་རང་བཞིན་བཟང་པོ་དོར་གྱི་ཡོའོ་༿ཡོད་༾མ་རེད།འདིའི་སྐྱེ་བོ་དམ་པའི་རྟགས་མཚན་རེད།
- དགདེའི་ཡ་༿དེ་ལ་༾ཡིན་ན་ག་རེ་རེད་ཟེར་ན་མིས་བསྟོད་བསྔགས་བཏང་པ་ཡིན་ནའི་ཧ་ཅང་གི་མ་དགའ་དགའ་མདོག་ཡའི་༿ཡང་༾ཡོའོ་༿ཡོད་༾མ་རེད།མིས་དམའ་འབེབས་བཏང་པ་ཡིན་ནའི་ཧ་ཅང་གི་ཡིན་ན་མི་དགའ་བའི་འདི་འདྲས་འི་༿ཡང་༾མ་རེད། སོ་སོའི་རང་བཞིན་ད་ག་རང་།ད་ག་རང་ལེགས་པར་གནས་པའམ་བསྡད་པ་འདིའི་ག་རེ་རེད་ཟེར་ན་སྐྱེ་བོ་དམ་པའི་མཚན་ཉིད་རེད་ཟེར།འོ།འདི་གཅིག་རེད་།འདི་ཡིན་ན་ག་རེ་རེད་ཟེར་ན།འོ།ཡ་རབ་ཀྱི་སྤྱོད་པ་རེད་པཱ།འོ།སྐྱེས་བུ་དམ་པའི་ཡིན་ན་རང་མཚན་རྟགས་མཚན།འོ།འདི་འདྲས་གཅིག་རེད་པཱ།འོ་འདི་རེད།
- དགདཱ་གཤམ་དེ་ཡིན་ན་དེ་ལས་ལྡོག་པ་དེ་ཡིན་ན། རྟག་ཏུ་གཞན་དོན་མི་སེམས་པ། དེ་ཡི་སྤྱོད་པ་ཕྱུགས་དང་མཚུངས། བཟའ་བཏུང་འབའ་ཞིག་དུད་འགྲོས་ཀྱང་། བསྒྲུབ་པར་ནུས་པ་མ་ཡིན་ནམ། འདི་ཡིན་ན་བླུན་པོ་བརྟག་པའི་ལེའུ་གི་༿ཡི་༾ནང་ལོགས་ནས་རེད།
- དགད་འོ་ན་ཡང་སྙིང་ག་༿གང་༾འདྲས་གཅིག་ལ་ཡ་བླུན་པོ་ཟེར་གྱི་ཡོའོ་༿ཡོད་༾རེད།རེད་པཱ།དཔེར་ན་མི་འདི་ཡིན་ན་སྐད་ཆ་བཤད་ཤིན་༿ཤེས་༾ཀྱི་མི་འདུག་།རེད་པཱ། མི་འདི་ཡིན་ན་ག་རེ་རེད་ཟེར་ན་དུག་ལོག་གོན་༿གྱོན་༾ཤེས་ཀྱི་མི་འདུག།འདི་འདྲས་གཅིག་ལ་ཡ་བླུན་པོ་ཟེར་གྱི་ཡོའོ་༿ཡོད་༾རེད་པས།འོ་ན་་་་་ཡང་སྙིང་ང་ཚོས་བླུན་པོ་ཟེར་ངན་༿མཁན་༾འདི་མཚན་ཉིད་ག་༿གང་༾འདྲས་གཅིག་གི་ནང་ལོགས་ལ་བཞག་གོ་༿དགོས་༾རེད། རེད་པཱ།
- དགའདི་ཡིན་ན་ག་རེ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། འདིའི་ནང་ལོགས་ནས་སྣ་ཁ་གཅིག་བླུན་པོ་ཟེར་ཡན་༿མཁན་༾འདི་ག་༿གང་༾འདྲས་གཅིག་ལ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན། དུས་རྟག་ཏུ།དུས་རྟག་ཏུ། ཨོ།ཟ་ཡག་༿ཡས་༾བསམ་བློ།གོན་༿གྱོན་༾ཡག་༿ཡས་༾ཀྱི་བསམ་བློ།རང་གི་ཆེད་དུ།གཞན་གྱི་ཆེད་དུ་ཁྱོན་ནས་བསམ་བློ་བཏང་གི་མེད་པ།དུས་རྟག་ཏུ།འདིའི་སྤྱོད་པ་འདི་ཡིན་ན་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན་ཕྱུགས་དང་གཅིག་པ་རེད།ཕྱུགས་ཟེར་ན་དུད་འགྲོ།ཕྱུགས་རིགས།འདི་ཚོ་དང་གཅིག་པ་རེད།
- དགརྒྱུ་༿རྒྱུ་༾མཚན་ག་རེ་རེད།མི་འདི་ཡིན་ན་ག་རེ་རེད་ཟེར་ན་རྟག་ཏུ་ཡིན་ན་སོ་སོའི་ཟ་ཡག་༿ཡས་༾དང་གོན་༿གྱོན་༾ཡག་༿ཡས་༾རྟག་ཏུ་ཡིན་ན་གཞན་དོན་མི་བསམ་པའི་མི་འདི་དུད་འགྲོ་དང་གཅིག་པ་རེད་ཟེར་དགོས་ཡག་༿ཡས་༾ཀྱི་རྒྱུ་མཚན་ག་རེ་རེད་ཟེར་ན།དུད་འགྲོའི་༿ཡང་༾ད་ག་ནང་བཞིན་རེད་དུད་འགྲོ་ཡིན་ན་ག་རེ་རེད་ཟེར་ན།
- དགཨོ་་་་ཟེར་དེའི་ཡ་༿དེ་ལ་༾ཨོ་་་་ཟེར་ཟ་ཡག་༿ཡས་༾འདི།ཨོ་་་་འདི་ཟ་ཡག་༿ཡས་༾རེད་འདུག་གས།འདི་བཏུང་ཡག་༿ཡས་༾རེད་འདུག་གས།ཕ་གི་ག་རེད་བྱེད་ཡག་༿ཡས་༾རེད་འདུག་གས།འདི་འདྲས་ཀྱི་བསམ་བློ་རེད་མ་གཞི་༿མ་གཏོགས་༾འདིས་དུད་འགྲོས་ཡིན་ན་ཕ་གིའི་ཆེད་དུ་ཡིན་ན་འདི་བྱེད་ཀྱི་ཡིན་དཱ།འདིའི་ཆེད་དུ་འདི་བྱེད་ཀྱི་ཡིན་དཱ།འདི་འདྲས་ཀྱི་གཞན་དོན་བསམ་བློ་གཅིག་ཡོང་གི་མ་རེད་པཱ།
- དགསྤྱིར་ཡིན་ན་ང་ཚོ་རང་གི་དཔེར་ན་ཆ་བཞག་པ་ཡིན་པ་ཡིན་ནའི་དུད་འགྲོ་དང་མི་ཟེར་ཡག་༿ཡས་༾འདིའི་ཁྱད་པར་དེའི་ཡིན་ན་ཁོ་མགོ་དུད་ནས་འགྲོ་བ་དང་སྐད་ཆ་བཤད་མ་ཤེས་པ་དང་འདི་གཅིག་གོའོ་༿པུ་༾མ་རེད་པཱ།དུད་འགྲོ་དང་མི་ཟེར་ངན་༿མཁན་༾འདིའི་ཡིན་ན་ཁྱད་པར་གྱི་ནང་ལོགས་ལས་ག་རེ་ཚུད་བསྡད་ཡོའོ་༿ཡོད་༾རེད་ཟེར་ན་གཞན་དོན་ལ་ཡ་བསམ་ཤེས་མ་ཤེས། ད་ག་ནང་བཞིན་པའི་ཡིན་ན་བླང་དོར་གྱི་དབྱེ་བ་ལ་ཡིན་ནའི་འཇུག་ཤེས་མ་ཤེས་འདི་ཚོའི་ཡོའོ་༿ཡོད་༾རེད།
- དགཡིན་ནའི་ད་རེས་དེའི་ཡ་གལ་སྲིད་མི་ཞིག་གི་དུས་དང་རྣམ་པ་ཀུན་དུ་ཟ་ཡག་༿ཡས་༾དང་གོན་ཡག་༿གྱོན་ཡས་༾ཁོ་ནའི་ཆེད་དུ་ལས་མི་གཞན་གྱི་ཆེད་དུ་བསམ་བློ་མ་བཏང་བ།གཞན་གྱི་དོན་དག་དེ་བས་ཀྱང་མི་བསྒྲུབ་པ་དེའི་སྤྱོད་པ་འདི་ཡིན་ན་དུད་འགྲོ་དང་མཚུངས་པའམ་འདྲ་བ་གཅིག་མཚུངས་རེད་ཟེར།
- དགརྒྱུ་༿རྒྱུ་༾མཚན་ག་རེ་རེད་ཟེར་ན་ཟ་ཡག་༿ཡས་༾དང་བཏུང་ཡག་༿ཡས་༾འབའ་ཞིག་ཏེ་ཁོ་ན་དུད་འགྲོས་ཡིན་པ་ཡིན་ནའི་བསྒྲུབ་པར་ནུས་པ་མ་ཡིན་ནམ་ཏེ་བསྒྲུབ་ནུས་ཀྱི་རེད་ཟེར།འོ་་་།ཟ་ཡག་༿ཡས་༾དང་བཏུང་ཡག་༿ཡས་༾ཁོ་ན་དཱ་དུད་འགྲོས་ཡིན་ནའི་ཤིན་༿ཤེས་༾ཀྱི་རེད་ཟེར། ང་ཚོ་དུད་འགྲོ་དེ་མིན་ཙང་ཡིན་གཅིག་ཟ་ཡག་༿ཡས་༾དང་བཏུང་ཡག་༿ཡས་༾ཁོ་ན་མ་ཡིན་པའི་གཞན་གྱི་བྱ་བ་གཞན་ཕན་གྱི་བྱ་བ་གཞན་ལྷག་བསམ་དཀར་པོའི་བྱ་བ་འདི་འདྲས་ཡིན་ནའི་བསྒྲུབ་གོ་༿དགོས་༾རེད་ཟེར།
- དགབྱས་ཙང་རྟག་ཏུ་གཞན་དོན་མི་སེམས་པའི་སྤྱོད་པ་འདི་ཕྱུགས་དང་འདྲ་བའི་སྤྱོད་པ་འདི་ཡོད་པའི་མི་འདི་བླུན་པོ་རེད་ཟེར་ཡག་༿ཡས་༾ཤུགས་བསྟན་ལ་ཡ་བསྟན་གྱི་ཡོའོ་༿ཡོད་༾རེད། ད་དེ་ལས་ལྡོག་པ་ཡིན་པ་ཡིན་ན་རྟག་ཏུ་མི་གཞན་གྱི་ཆེད་དུ་བསམ་བློ་གཏོང་བ་རེད་པཱ། རང་དོན་སྤངས་བ་གཞན་དོན་བསྒྲུབ་པ། འདི་འདྲས་གཅིག་ཡིན་པ་ཡིན་ན། ཤུགས་བསྟན་ལ་ཡ།ཨ་ནི་་་།མཁས་པ་རེད་ཟེ་བཤད་ཀྱི་ཡོའོ་༿ཡོད་༾རེད་པཱ། འོ་་་་འདི་རེད།
- དགཚིགས་བཅད་ཤོ་ལོ་ཀ་འདི་ག་རེ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། མ་བྱས་པ་ལས་དོན་བསྒྲུབ་པ། བྱུང་ཡང་མཛངས་པར་སུ་ཞིག་བརྩི། སྲིན་བུ་དག་གི་བཟོས་པའི་རྗེས། ཡི་གེར་བྱུང་ཡང་ཡིག་མཁན་མིན།
- དགའདིའི་ནང་ལོགས་དེའི་ཡ་༿དེ་ལ་༾མིང་ཚིག་ཡིན་ན་ག་རེད་ཡོའོ་༿ཡོད་༾རེད་ཟེར་ན།གཉིས་ཡོའོ་༿ཡོད་༾རེད་གཅིག་ཡིན་ན་མཛངས་པ་ཟེར་ཡག་༿ཡས་༾དེ་རེད།མཛངས་པ།གཅིག་ཡིན་ན་མཛངས་པ་ཟེར་ཡག་༿ཡས་༾དེ་རེད་པཱ་ལ།གཅིག་ཡིན་ན་སྲིན་བུ་ཟེར་ཡག་༿ཡས་༾དེ་རེད།སྲིན་བུ།
- དགང་ཚོ་རང་གི་དེའི་ནང་ལོགས་གི་མཛངས་པ་ཟེར་ཡག་༿ཡས་༾དེ་སྤྱིར་ཁྱེད་རྣམས་ཚོས་ཡིན་ན་གསན་མྱོང་ཡོའོ་༿ཡོད་༾རེད།མཛངས་པ་ཟེར་ན་ག་༿གང་༾ལ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན། དཔེར་ན་ཆ་བཞག་ན་བོད་ཀྱི་མཛངས་མི་བདུན་ཟེར་ཡག་༿ཡས་༾རེད་པཱ།འོ།ཨ་་་་།མཛངས་མའི་ཡོན་ཏན་བརྒྱད་ཟེར་ཡག།འོ་་་།མཛངས།མཛངས་ཟེར་ཡག་༿ཡས༾འདི་མདོར་བསྡུས་ན་མཁས་པ་ལ་ཡ་ཟེར་གྱི་ཡོའོ་༿ཡོད་༾རེད།མཛངས་པ་ཡིན་ན་མཁས་པ་ལ་ཟེར་གྱི་ཡོའོ་༿ཡོད་༾རེད། མཛངས་པ།
- དགད་དེ་ནས་སྲིན་བུ།སྲིན་བུ་ཟེར་ཡག་༿ཡས་༾འདི་ཡིན་ན་ག་༿གང་༾ལ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན། འོ།སྲོག་ཆགས་སེམས་ཅན་འབུ་ཕྲ་མོ།འོ་་་།ཆུང་ཆུང།འོ་་་།འདི་འདྲས་ལ་ཡ་སྲིན་བུ་ཟེར་གྱི་ཡོའོ་༿ཡོད་༾རེད།འབུ་སྲིན་སྲོག་ཆགས་ཕྲ་མོ་འདི་འདྲས་ཆུང་ཆུང་འདི་འདྲས་ང་ཚོ་རང་གི་དཔེར་ན་དར་སྲིན།དར་གྱི་ཨེ་འདྲས། འོ།ཨོའོ་་་་དར་ཟ་བའི་འབུ་ཆུང་ཆུང།ཡང་ན་དུག་ལོག་གི་༿གྱོན་ཆས་༾སྒེང་༿སྒང་༾ལ་ཡོད་པའི་འབུ་ཆུང་ཆུང་འདི་འདྲས་ལ་ཡ་སྲིན་བུ་ཟེར་གྱི་ཡོའོ་༿ཡོད་༾རེད།འདི་དང་འ་བ་ཞབས་ཀྱུ་འབུ་སྲིན་འབུ་འདི་གཉིས་དོན་དག་གཅིག་པ་རེད།
- དགའོ་ཡ་་་།བྱས་ཙང་ཚིགས་བཅད་ཤོ་ལོ་ཀ་འདིའི་ནང་ལོགས་གི་མིང་ཚིག་མཛངས་པ་ཟེར་ཡག་༿ཡས་༾འདི།འོ།མཁས་པ་ལ་ཡ་ཟེར་གྱི་ཡོའོ་༿ཡོད་༾རེད།འོ།སྲིན་བུ་ཟེར་ཡག་༿ཡས་༾འདི་ག་ལ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན་འབུ་སྲིན་སྲོག་ཆགས་ཕྲ་མོ་འདི་འདྲས་ལ་ཡ་ཟེར་གྱི་ཡོའོ་༿ཡོད་༾རེད།འདི་གཉིས་གཉིས་དོན་དང་དཔེ།དཔེ་དང་དཔེ་ཅན་སྦྱར་བྱས་ཚིགས་བཅད་ཤོ་ལོ་ཀ་འདིའི་དོན་བསྟན་གྱི་ཡོའོ་༿ཡོད་༾རེད།
- དགའདིའི་དོན་འདི་ག་༿གང་༾འདྲས་ཟེར་རེད་ཟེར་ན། མ་བྱས་པ་ལས་དོན་བསྒྲུབ་པ། བྱུང་ཡང་མཛངས་པར་སུ་ཞིག་བརྩི། འདིའི་དོན་འདི་རེད།ད་གིན་ང་ཚོས་སྔན་༿སྔོན་༾ལ་ཡ་ག་རེ་ལབ་པ་རེད་ཟེར་ན།མཁས་པ་ཡིན་པ་ཡིན་ནཱ་ལབ་པ་རེད། མཁས་པ་ཡིན་པ་ཡིན་ན།བྱ་བ་གང་ཡང་རུང་བ་ཞིག་མ་བྱས་པའི་སྔན་༿སྔོན་༾ལ་ཡ།མ་བསྒྲུབ་པའི་སྔན་༿སྔོན་༾ལ་ཡ་ཡིན་གཅིག་མིན་གཅིག་བརྟག་དཔྱད་བྱེད་གོ་༿དགོས་༾རེད་ཟེར། དེའི་འབྲས་བུ་ལ་ཡ།དེའི་འབྲས་བུ་ག་༿གང་༾འདྲས་གཅིག་ཡོང་གི་ཡོའོ་༿ཡོད་༾རེད།དེ་དཔྱད་པ་གཏང་གི་ཡོའོ་༿ཡོད་༾རེད་ཟེར་བརྟག་དཔྱད་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར།འབྲས་བུ་དེ་བརྟག་དཔྱད་བྱས་ཚར་པའི་གཞུག་གུ་༿རྗེས་ལ་༾གཞི་ནས་བྱ་བ་དེ་བསྒྲུབ་ཀྱི་ཡོའོ་༿ཡོད་༾རེད་ཟེར།
- དགབླུན་པོ་དེས་དེ་ལས་ལྡོག་ཏེ་ག་རེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན་སྔན་༿སྔོན་༾ལ་ཡ་བྱ་བ་མ་བྱས་གོང་ལ་བརྟག་དཔྱད་ཁྱོ་ནས་༿རྩ་བ་ནས་༾མ་བྱས་པ་བྱས།འབྲས་བུ་བཟང་ངན་ག་༿གང་༾འདྲས་ཡོང་པ་དེའི་ཡ་༿དེ་ལ་༾བསམ་བློ་མ་བཏང་པ་བྱས་བྱས་རྨོངས་ཚོད་ལོང་མཆོངས་ཀྱི་ག་རེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན་བྱ་བ་དེ་ལམ་སང་༿སེང་༾བསྒྲུབ། བརྟག་དཔྱད་ཁྱོན་ནས་༿རྩ་བ་ནས་༾མ་བྱས་པ་བྱས་བྱས་བྱ་བ་དེ་བསྒྲུབ་ཀྱི་ཡོའོ་༿ཡོད་༾རེད།
- དགད་བྱ་བ་དེ་བསྒྲུབ་དུས་ཙམ་པ་འབྲས་བུ་དེ་ཡིན་ན་ག་རེ་ཡོང་གི་ཡོའོ་༿ཡོད་༾རེད་ཟེར་ན། འོ།ངན་པ། འབྲས་བུ་ཡིན་ན་མི་ལེགས་པ་དེ་འདྲས་མང་པོ་ཡོང་གི་ཡོའོ་༿ཡོད་༾རེད་། ཡིན་ནའི་ཁ་ཅིག་ལ་ཡིན་ན། དཔེར་ན་ཆ་བཞག་ན་སྐབས་འགའ་ཤས་ལ་ཡ་ང་ཚོ་ཡིན་ན་ཁ་སྐད་མཚམས་མཚམས་ཡིན་ན་མི་ཁ་ཅིག་གིས་རྨོངས་ཚོད་ལོང་མཆོངས་ཀྱི། ཡང་ན་འོབ་ཚོད་ཀྱི་བརྟག་དཔྱད་ཁྱོན་ནས་༿རྩ་བ་ནས་༾མ་བྱས་པའི་བྱ་བ་བྱས་པ་དེ་ལ་ཡ་དོན་དག་བསྒྲུབ་ཀྱི་ཡོའོ་༿ཡོད་༾རེད། དོན་དག་བསྒྲུབ་ཀྱི་ཡོའོ་༿ཡོད་༾རེད།
- དགདེ་ཡིན་ན་ག་རེ་རེད་ཟེར་ན། དོན་དག་བསྒྲུབ་པ་དེ་ཡིན་ན་སྟེས་དབང་གི་རེད། སྟེས་དབང་ཟེར་ན་སྟབས་ལེགས་པས། སྟབས་ལེགས་བྱས་སོ་སོར་ཡ་རྐྱེན་དེ་འདྲས་ཅིག་གི་དོན་དག་དེ་བསྒྲུབ་པ་རེད། ཁྱེད་རང་གི་རྨོངས་ཚོད་ལོང་མཆོངས། གྱི་བརྟག་དཔྱད་མ་བྱས་པའི་ཐོག་ནས་བྱ་བ་གཅིག་བསྒྲུབ། བྱ་བ་འདིར་འབྲས་བུ་བཟང་པོ་གཅིག་བྱུང་པ་རེད།
- དགའདི་ཡང་། ག་རེ་རེད་ཟེར་ན། རྨོངས་ཚོད་ལོང་མཆོངས་གྱི་འོག་ལ་ཡ་སྟེས་དབང་གི་བྱུང་པའི་འབྲས་བུ་གཅིག་རེད་མ་གཏོགས་པའི། རང་ཉིད་མཁས་པ་བྱས་བྱས་དེ་ཡ་བརྟག་དཔྱད་བྱས། ཞིབ་འཇུག་བྱས་དེ་འདྲས་བྱས་བྱས་བསྒྲུབ་པའི་བྱ་བ་གཅིག་མ་རེད་། བྱས་ཙང་མི་སུས་འི་༿སུས་ཀྱང་༾ཁྱེད་རང་མཁས་པ་རེད་ཟེར་བཤད་ཀྱི་མ་རེད་ཟེར།
- དགདཔེར་ན། ང་ཚོ་རང་གི་ནམ་རྒྱུན་རྟག་པར་མཐོང་ཡས་ཡོད་པས་དེ་འདྲས་གཅིག་ལ་ཆ་བཞག་ན། དཔེར་ན་སློབ་ཕྲུག་གི་ཡིག་ཚད་གཅིག་ལ་ཆ་བཞག་ཡིན་པ་ཡིན་ན། སློབ་ཕྲུག་འདིས་ག་རེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། ཡིག་ཚད་འདིའི་ནང་ལོག་ཡ་སྟོང་ཆ་ཁ་སྐོང་བྱེད་ཡག་༿ཡས་༾དེ་འདྲས་ཡོད་པ་ཡིན་པ་ཡིན་ན། དངོས་གནས་ཁོས་བསམ་བློ་བཏང་བྱས། ཨོའོ་་་་འདི་ཡིན་ན་དེ་འདྲས་ཟེ་རེད། བྱས་ཙང་ལན་འདི་བརྒྱབ་ན་འགྲིག་པ་རེད།
- དགཨོ་་་་འདི་འདི་འདྲས་སོང་ཙང་ལན་འདི་བརྒྱབ་ན་འགྲིག་གི་མ་རེད་ཀྱི་བསམ་བློ་ཁྱོན་་ནས་༿རྩ་བ་ནས་༾བཏང་ཡོའོ་༿ཡོད་༾མ་རེད།བསམ་བློ་ཁོ་རང་ག་༿གང་༾འདྲས་ཟེ་གཏང་པ་རེད་ཟེར་ན། ཨ་་་་ད་འདི་འདྲས་ཟེ་བྲིས་གཞོག་གཅིག་བྱས་ན་འགྲིག་གི་རེད་གཅིག་བྱས་ན་ནོར་གྱི་རེད། རྨོངས་ཚོད་ཀྱི་མཐའ་མ་དེའི་ཡ་༿དེ་ལ་༾ག་རེ་བྱས་པ་རེད་ཟེར་ན་དངོས་གནས་འགྲིགས་པ་རེད།
- དགད་འདི་ཁོ་མཁས་པ་རེད་ཟེར་གྱི་རེད་པས། ཨོ་་་།དངོས་གནས་ཁྱེད་རང་མཁས་པ་རེད་བཞག།ཨོ་་་།ད་ཁྱོད་རང་གི་བསམ་བློ་བཏང་པ་འདི་འགྲིགས་བཞག་ཟེར་ཁྱོན་ནས་༿རྩ་བ་ནས་༾མ་རེད།འདི་ཡིན་ན་ག་རེ་རེད་ཟེར་ན་སྟེས་དབང་གིས་རེད་ཟེར།སྟབས་ལེགས་པ་བྱས་བྱས་བྱུང་པ་རེད་ཟེར།
- དགབྱས་ཙང་བྱ་བ་ཞིག་མ་བསྒྲུབ་པའི་སྔན་༿སྔོན་༾ལ་ཡ་བརྟག་དཔྱད་མ་བྱས་པ་བྱས། ཞིབ་འཇུག་མ་བྱས་པ་བྱས་ལས་དོན་གཅིག་བསྒྲུབ་པ་རེད། སྐབས་འགར་ལས་དོན་དེ་ཚོ་ཡིན་ན་ག་རེ་བྱས་པ་རེད་ཟེར་ན་དཔྱད་པ་མ་བྱས་པ་ཡིན་ནའི་ལའི་ལས་དོན་དེ་བསྒྲུབ་ཐུབ་ཀྱི་ཡོའོ་༿ཡོད་༾རེད།འབྲས་བུ་བཟང་པོ་གཅིག་ཡོང་གི་ཡོའོ་༿ཡོད་༾རེད།
- དགའདི་འདྲས་བྱུང་པ་ཡིན་ནའི་དེ་སྟེས་དབང་གི་རེད།སྟབས་ལེགས་པོ་གཅིག་བྱུང་པ་རེད།ད་རེས་༿རེས་༾ཁྱེད་རང་ལ་སྟབས་ལེགས་པོ་གཅིག་བྱུང་པ་རེད།ད་འདིའི་འབྲས་བུ་བཟང་པོ་ཐོབ་པ་དེའི་ཡ་༿དེ་ལ་༾མི་ཀུན་གྱིས་ཁྱེད་རང་ལ་ཡ་མཛངས་པ་རེད་ཟེར་སུས་བརྩི་ཀྱི་རེད་པས། བརྩི་གི་མ་རེད་ཟེར།མཛངས་པ་ལ་ཡ་སུ་ཞིག་གི་བརྩི་ཏེ་བརྩི་གི་མ་རེད།
- དགདཔེར་ན་ཆ་བཞག་ང་ཚོའི་དུག་ལོག་༿གྱོན་ཆས་༾དང་དར་དང་འདི་འདྲས་ཀྱི་སྒང་ལ་ཡ་སྲིན་བུས་བཟས་བྱས།ཨོ་སྲིན་བུས་ཏི་ཏི་ཏི་༿ཏིག་ཙམ་ཏིག་ཙམ་ཏིག་ཙམ་༾བཟས་བྱས་ཨི་ཁུང་མང་པོ་པིས་༿ཕིགས་༾བཞག་ཡོའོ་༿ཡོད་༾རེད།ཨི་ཁུང་མང་པོ་དེ་ཧོབ་དེ་ཁ་ལ་བལྟས་ན་ག་རེ་འདྲ་པོ་ཡོའོ་༿ཡོད་༾རེད་ཡི་གེ་བྲིས་བཞག་པའི་བཟོ་འདྲ་༿ནང་བཞིན་༾འདི་འདྲས།
- དགསྲིན་བུས་བཟས་བྱས་འབུ་ཆུང་ཆུང་འདི་འདྲས་ཀྱི་བཟས་བྱས། དུག་ལོག་༿གྱོན་ཆས་༾ཡིན་ནའི་འདྲ་ཡང་ན་ཅ་ལག་འདི་འདྲས་ལ་སྲིན་བུས་བཟས་པ་ཡིན་ན་ཧོབ་དེ་བལྟས་པ་ཡིན་ན་ཡི་གེ་འདྲ་པོ་གཅིག་ཡོའོ་༿ཡོད་༾རེད། ཡིན་ནའི་ལའི་དེའི་ཡ་༿དེ་ལ་༾སྲིན་བུ་དེ་ཡིག་མཁན་རེད་ཟེ་ཁྱོན་ནས་༿རྩ་བ་ནས་༾བཤད་ཀྱི་མ་རེད་ཟེར།སྲིན་བུ་དེ་ཡི་གེ་བྲིས་ངན་༿མཁན་༾རེད་ཟེར་ཁྱོན་ནས་༿རྩ་བ་ནས་༾བཤད་ཀྱི་མ་རེད་ཟེར།
- དགཁོ་རྒྱུམ་༿རྒྱུ་༾མཚན་ག་རེ་རེད་ཟེར་ན།སྲིན་བུ་དེ་ཁོ་རང་རང་འདི་ཟས་ཀྱི་ཆེད་དུ་བཟས་པ་རེད།སྟེས་དབང་གི་དབང་གི་རྒྱབ་ལོགས་འདི་ནས་ཡར་བཟས་པའི་རྗེས་འདི་ཤུལ་འདི་ག་རེ་ཆགས་པ་རེད་ཟེར་ན།ཡི་གེ་ནང་བཞིན་ཆགས་པ་རེད་མ་གཏོགས་ཁོས་རྐང་བརྩུགས་བྱས་ཡི་གེའི་ཆེད་དུ་ཡི་གེ་བྲིས་པ་འདི་འདྲས་མེན་༿མིན་༾ཙང།སྲིན་བུ་དེའི་ཡ་༿དེ་ལ་༾འོ།ཁོས་བཟས་པའི་རྗེས་དེའི་ཡ་༿དེ་ལ་༾ཡི་གེ་ལྟ་བུ་ལ་བྱུང་པ་ཡིན་ནའི་ཡིག་མཁན་ཟེར་ན་ཡི་གེ་བྲིས་མཁན།ཡི་གེ་ཤེས་མཁན་འདི་འདྲས་འདི་མིན་ཟེར་བཤད་ཀྱི་ཡོའོ་༿ཡོད་༾རེད།ཡིན་པ་ལ་ཡ་ཁས་ལེན་གྱི་མ་རེད་ཟེར།
- དགམདོར་བསྡུས་བྱས་བཤད་ན་ག་རེ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན།སྐབས་རེ་མཚམས་རེ་མི་འགའ་ཤས་ཀྱི་བྱ་བ་མ་བྱས་པའི་སྔོན་ལ་བརྟག་དཔྱད་མ་བྱས་པར་རྨོངས་ཚོད་ལོང་མཆོངས་ཀྱི་བྱ་བ་ཞིག་བསྒྲུབ།མཐའ་མ་དེའི་བྱ་བ་དེའི་དངོས་གནས་ལེགས་བསྒྲུབ་བྱུང་འདི་འདྲས་ཡོང་སྲིད་པ་གཅིག་རེད་ཟེར། འདི་འདྲས་ཡོང་དུས་ཙམ་པ་ཁོང་གི་རྨོངས་ཚོད་ལོང་མཆོངས་བརྟག་དཔྱད་ཞིབ་འཇུག་མ་བྱས་པར་བསྒྲུབ་པའི་བྱ་བ་དེ་མཐའ་མ་དེའི་ཡ་༿དེ་ལ་༾བསྒྲུབ་པ་དེའི་ཡ་༿དེ་ལ་༾མཁས་པ་རེད་ཟེ་སུ་ཞིག་གི་བརྩིས་ཀྱི་མ་རེད་འོ་ན་་་་དེ་ག་རེ་རེད་སྟེས་དབང་གིས་རེད། སྟེས་དབང་ཟེར་ན།ཨོ་་་།སྟབས་ལེགས་པ་བྱས་བྱས་ད་རེས་དེའི་༿འདི་ལ་༾བསྒྲུབ་བཞག།འདི་འདྲས་ཟེ་རེད་ཟེར།
- དགའོ་ཡ་་་། མདོར་བསྡུས་བྱས་བཤད་པ་ཡིན་ན་ཚིགས་བཅད་འདིའི་དོན་དག་ག་རེ་རེད་ཟེར་ན།འོ་་་།སྐབས་སྐབས་ལ་ཡ་མིས་ཡིན་ན་བརྟག་དཔྱད་མ་བྱས་པ་བྱས་བྱ་བ་བསྒྲུབ་པ་དེའི་ཡ་༿དེ་ལ་༾སྟེས་དབང་གི་བསྒྲུབ་པའི་ཡོའོ་༿ཡོད་༾རེད།དེའི་ཡ་༿དེ་ལ་༾མཁས་པར་ཡ་བརྩི་གི་༿ཡི་༾མ་རེད།
- དགདཔེར་ན་ཆ་བཞག་པ་ཡིན་ན་འབུ་སྲིན་འདི་འདྲས་ཀྱི་དངོས་པོ་འདི་འདྲས་བཟས་འདི་འདྲས་ཀྱི་སྟེང་ལ་ཡ་བཞག་བཞག་པའི་རྗེས་འདི་ཡིན་ན་ཡི་གེ་འདྲ་པོ་དཱ་ཡོའོ་༿ཡོད་༾རེད་ཡིན་ནའི་དེའི་ཡིག་མཁན་ལ་ཡ་བརྩི་གི་༿ཡི་༾མ་རེད་ལ་ཡིག་མཁན་ཡང་མ་རེད།འོ།འདི་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར།འོ་་་།འདི་རེད།
- དགད་དེ་ནས་གཤམ་དེའི་ཡིན་ན་ག་རེ་བཤད་པ་རེད་ཟེར་ན། བློ་གྲོས་ཞན་པའི་འདོད་གཏམ་དང་། སྤྱང་ཤེས་མིན་པའི་རྟ་མཆོག་དང་། གཡུལ་ངོར་ལྷུང་བའི་རལ་གྲི་རྣམས། སུ་ཡིས་གྲོགས་འགྱུར་ངེས་པ་མེད།
- དགའོ།འདི་བཤད་ཀྱི་ཡོའོ་༿ཡོད་༾རེད།འདི་ཡིན་ནའི་ག་རེའི་ནང་ལོགས་ལ་ཡ་ཡོའོ་༿ཡོད་༾རེད་ཟེར་ན། འོ།ས་སྐྱ་ལེགས་བཤད་ཀྱི་ཡིན་ན།འོ།རབ་འབྱེད་དགུ།ལིའུ་དགུའི་ནང་ལོགས་ཀྱི་བླུན་པོ་རྟགས་པ་ཟེར་ཡག་༿ཡས་༾ཀྱི་དེའི་ནང་ལོགས་དེ་རེད།
- དགཚིགས་བཅད་ཤོ་ལོ་ཀ་འདིའི་ནང་ལོག་ལ་ཡ་མིང་ཚིག་གི་འགྲེལ་པ་བྱས་པ་ཡིན་པ་ཡིན་ན། མིང་ཚིག་ཡིན་ན་གཅིག་འདོད་གཏམ་ཟེར་ཡག་༿ཡས་༾རེད་པཱ།འོ།འདོད་གཏམ།གཅིག་ཡིན་ན་སྤྱང་ཤེས་ཟེར་ཡག་༿ཡས་༾འདི་ཚོ།འདོད་གཏམ་ཟེར་ཡག་༿ཡས་༾ཡང་ན་སྤྱང་ཤེས་ཟེར་ཡག་༿ཡས་༾འ་མདོའོ་༿ད་དུང་༾གཡུལ་ངོ་ཟེར་ཡག་༿ཡས་༾འོ་་་་འདི་ཚོ་ཡིན་ན་ག་རེ་རེད་ཟེར་ན།འོ།ཤོ་ལོ་ཀ་འདིའི་ནང་ལོག་གི་མིང་ཚིག་ཅུང་ཟད་གོ་ཁག་པ་འདི་ཚོ་རེད།
- དགདཱ་འདིའི་ནང་ལོགས་ནས་སྔན་༿སྔོན་༾ལ་ཡ་འདོད་གཏམ།འདོད་གཏམ་ཟེར་ཡག་༿ཡས་༾འདི་ལ་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན།སྤྱིར་ཡིན་ན་འདོད་གཏམ་ཟེར་ཡག་༿ཡས་༾དེའི་ཡ་༿དེ་ལ་༾གོ་རྒྱུ་ཡིན་ན་ཁ་ཤས་གཅིག་ཡོའོ་༿ཡོད་༾རེད།ཡིན་ནའི་ད་རེན་༿རེས་༾གྱི་གནས་སྐབས་ང་ཚོའི་འདིའི་ཚིགས་བཅད་ཤོ་ལོ་ཀ་འདིའི་ནང་ལོགས་ལ་ཡ་འདོད་གཏམ།འདོད་གཏམ་ཟེར་ན་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན།
- དགསོ་སོ་རང་ཉིད་ཀྱི་འདོད་པའི་དབང་།ཡང་ན་སོ་སོའི་དགའ་ཉེ་སྤུན་མཆེད་ཀྱི་འདོད་པའི་དབང་དུ་བྱུང་པའི་གཏམ།སྐད་ཆ།འདི་ཚོ་ལ་ཡ་འདོད་གཏམ་ཟེར་གྱི་ཡོའོ་༿ཡོད་༾རེད། རང་ཉིད་ཀྱི་འདོད་པ་དང་བསྟུན་བྱས་ཡང་ན་རང་གི་གཉེན་ཉེ་དུ། སྤུན་མཆེད། རང་དང་ཐག་ཉེ་བའི། འོ་་་།འདི་ཚོ་ལ་ཡ་བསྟུན་བྱས་བཤད་པའི་གཏམ་འདི་ཚོ་ལ་ཡ་འདོད་གཏམ་ཟ་༿ཟེར་༾འདོད་གཏམ།
- དགསྤྱིར་ཡིན་ན་ནམ་རྒྱུན་ང་ཚོ་ཡིན་པ་ཡིན་ན།འདོད་ཆགས། ཞེ་སྡང་། གཏི་མུག། གི་ཡིན་ན་འདོད་ཆགས་རེད་པཱ། འོ་་་།འདི་འདྲས་ཀྱི་བར་༿དབར་༾འོ་ན།ཕན་ཚུན་ཡིན་ན་ཕོ་མོའི་བར་༿དབར་༾གྱི་ཡིན་ན་འདོད་པའི་སྐད་ཆ། འོ་་་་།འདོད་ཆགས་ཀྱི་སྐད་ཆ། འདི་འདྲས་ལས་འདོད་གཏམ་བཤད་ཀྱི་ཡོའོ་༿ཡོད་༾རེད།
- དགཡིན་ནའི་ད་རེ་༿ད་རེས་༾ཀྱི་གནས་སྐབས་དེའི་ཡ་༿དེ་ལ་༾འདོད་གཏམ་ཟེར་པ་ཡིན་ན་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན།རང་འདོད་ལྟར།ཡང་ན་རང་གི་གཉེན་ཉེ་དུ་དང་ཐག་ཉེ་བའི།འོ་་་།འདོད་པ་ལྟར་གྱི་གཏམ་ལ་ཡ་འདོད་གཏམ་ཟེར་གྱི་ཡོའོ་༿ཡོད་༾རེད།
- དགསྤྱང་ཤེས།སྤྱང་ཤེས་ཟེར་ཡག་༿ཡས་༾དེ་ང་ཚོའི་ཡིན་ན་བོད་རིགས་ཀྱི་སྤྱིར་ནམ་རྒྱུན་ནས་ཡིན་ན།སྤྱང་ཤེས་རྟ་ཕོ།སྤྱང་ཤེས་རྟ་ཕོ་ཟེར་གྱི་ཡོའོ་༿ཡོད་༾རེད།སྤྱང་ཤེས་རྟ་ཕོ་ཟེར་ཡག་༿ཡས་༾ཀྱི་རྟ་དེ་ག་༿གང༾འདྲས་གཅིག་ལ།ཧ།ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན།དགྲ་ཉེ་ཧ་གོ་གི་ཡོད་པ།བདག་གཞན་དབྱེ་བ་ཕྱེ་༿འབྱེད་༾ཐུབ་ཀྱི་ཡོད་པ།འོ་་་་།བདག་དང་གཞན་དབྱེ་བ་ཕྱེད་༿འབྱེད་༾ཐུབ་ཀྱི་ཡོད་པའི་རྟ་ཕོ།ཨོ་་་།བང་རྩལ་དང་འགྲོས་མྱུར་བ།འོ་་་།ཁྱད་པ་འདི་འདྲས་ལ་ཡ་སྤྱང་ཤེས་ཀྱི་རྟ་ཕོ་ཟེར་བ་རེད།སྤྱང་ཤེས་ཟེར་བ་རེད།འོ་་་།སྤྱང་ཤེས།ག་རེ་ཡིན་ནའི་ཤེན་༿ཤེས་༾པ།
- དགདཱ།གཡུལ་ངོ་། གཡུལ་ངོ་ཟེར་ཡག་༿ཡས་༾དེ་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན། གཡུལ་ངོ་།གཡུལ་ངོ་ཟེར་དུས་ཙ་ནས་གཡུལ་ཟེར་ན་ག་ལ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན་དམག་ལ་ཟེར་གྱི་ཡོའོ་༿ཡོད་༾རེད།གཡུལ་ངོ་ཟེར་ན་དམག་བརྒྱབ་༿རྒྱག་༾སའི་ས་ཆ་ལ་ཟེར་གྱི་ཡོའོ་༿ཡོད་༾རེད།ང་ཚོ་རང་གི་ཁ་སྐད་ལ་སྤྱིར་བཏང་དེང་སང་ཡིན་ན་དམག་ས་དམག་ས་ཟེ་བཤད་ཀྱི་ཡོའོ་༿ཡོད་༾རེད་པཱ།སྔ་མ་༿སྔོན་མ་༾ཡིན་པ་ཡིན་ན་གཡུལ་ས།གཡུལ་འགྱེད་པ་དམག་བརྒྱབ་པ།འོ་་་།འདི་འདྲས་ཟེར་བཤད་ཀྱི་ཡོའོ་༿ཡོད་༾རེད་པཱ།
- དགབྱས་ཙང་འོ་་་་ཚིགས་བཅད་ཤོ་ལོ་ཀའི་ནང་ལོགས་ཀྱི། འོ་་་།ཤོ་ལོ་ཀ་འདིའི་ནང་ལོག་གི་མིང་ཚིག་ཅུང་ཟད་གོ་ཁག་པ་དེ། འོ་་་།འདོད་གཏམ།སྤྱང་ཤེས།ཨེ་་་། གཡུལ་ངོ་ཟེར་ཡག་༿ཡས་༾འདི་གས་རེད་ཟེར། ད་འོ་ན་་་་མིང་ཚིག་འདི་དག་དང་ལྡན་པའི་ཚིགས་བཅད་ཤོ་ལོ་ཀ་འདིའི།འོ་་་།དཔེ་དང་དོན་གཉིས་ཀྱི་བསྟན་བྱའི་ནང་དོན་དེ་ག་རེ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན།
- དགབསྟན་བྱའི་ནང་དོན་དེ་ག་རེ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། བློ་གྲོས་ཞན་པའི་འདོད་གཏམ་དང་། བློ་གྲོས་ཞན་པ།བློ་གྲོས་ཞན་པ་ཟེར་ན་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན། བཟང་ངན་དབྱེ་བ་ཕྱེ་༿འབྱེད་༾ཡག།༿ཡས།༾རེད་པཱ། འོ་་་།དངོས་པོ་ཀུན་ལ་ཡ་དཔྱད་པ་བཏང་ཡག་༿ཡས་༾འོ་་་་།འདི་བྱ་འདི་མིན་གྱི་དབྱེ་བ་ཕྱེ་༿འབྱེད་༾ཡག་༿ཡས་༾འདི་ཚོའི་ཐད་ལ་ཡ་ཤེས་པ་ཧ་ཅང་གི་ཞན་པ།ཨོ་་་།བློ་གྲོས་ཞན་པ།
- དགའོ་་་།སྤྱིར་བྱས་པ་ཡིན་ན་མི་གཅིག་གིས་མི་གཞན་དག་གཅིག་ལ་ཡ་ག་རེ་རེད་ཟེར་ན་བཟང་ངན་གྱི་དབྱེ་བ་ཕྱེ་བྱས།ཨོ་་་།ཁྱེད་རང་གི་སྐྱོན་རེད་མ་བྱེད་ཨ་་་།འདི་ཡག་པོ་རེད་བྱིས་༿བྱེད་༾ཨ་་་།ཟེ།སྐུལ་མ་བཏང་པ་ཡིན་པ་ཡིན་ན།ཕ་སྣང་༿ཕ་རོལ་༾དངོས་པོའི་ཡུལ་དེའི་ཡ་༿དེ་ལ་༾ཕན་པ་ཡོང་གི་ཡོའོ་༿ཡོད་༾རེད་བྱས་པ་རེད།
- དགདཱ་ད་རེ་༿རེས་༾དེའི་ཡ་༿དེ་ལ་༾ག་རེ་བྱས་པ་རེད་ཟེར་ན།འོ་་་།འདི་འདྲས་ཀྱི་ལེགས་ཉེས་བླང་དོར་གྱི་དབྱེ་བ་འདི་འདྲས་མ་ཤེས་པ་བྱས་རང་རང་སོ་སོའི་དགའ་ཕྱོགས་དང་ཉེ་ཕྱོགས་ཙམ་གྱི་འདོད་པའི་དབང་དུ་ཕྱིན་བྱས་བརྟག་དཔྱད་དང་བྲལ་བའི་སྒོ་ནས་ཕྱོགས་ལྷུང་གི་ཚིག། ཕྱོགས་ལྷུང་།ཕྱོགས་ལྷུང་ཟེར་དུས་ཙ་ནས་ག་རེ་ཟེར་ན་སོ་སོའི་དགའ་ཉེ་སྤུན་མཆེད་ཀྱི་ཕྱོགས་ལ་ཡ་ཕར་ལངས་པ་སོ་སོའི་ཡིན་ན་མ་དགའ་བའམ་དགྲ་བོ་ཕྱོགས་ལ་ཡིན་ན་ཕར་ཡིན་ན་སྡང་བ།
- དགདཔེར་ན་ང་ཚོ་ཆགས་སྡང་ཟེར་ཡག་༿ཡས་༾དེ་དེ་འདྲས་ཟེ་བྱུང་པ་རེད་པཱ།རང་གི་དགའ་ཉེ་སྤུན་ལ་ཡིན་ན་ཆགས་པར་བྱེད་པ། རང་གི་ཡིན་ན་ག་རེ་རེད་ཟེར་ན་ཡང་ན་མི་དགའ་བའམ་དགྲ་ལ་ཡ།འོ་་་།སྡང་བར་བྱེད་པ།འདི་འདྲས་ཀྱི་ཆགས་སྡང་གི་གནས། ཕྱོགས་ལྷུང་གི་སེམས་འདི་འདྲས་གཅིག་གི་ག་རེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན།འོ་་་།འདོད་པའི་གཏམ་འདི་འདྲས་ཀྱི་འདོད་པའི་དབང་དུ་སོང་བའི་གཏམ་བཤད་བྱས་བླང་དོར་བློ་གྲོས་ཞན་པའི་འདོད་གཏམ་དང་ཟེར་ན། བླང་དོར་ལེགས་ཉེས་དབྱེ་བ་མ་འབྱེད་པར་རང་གི་གཉེན་ཉེ་དུ་དགའ་ཉེ་སྤུན་མཆེད་སོགས་ཀྱི་འདོད་པའི་དབང་དུ་སོང་བའི་ཕྱོགས་ལྷུང་གི་ཚིག་དང་།
- དགདཔེར་ན།སྤྱང་ཤེས་མིན་པའི་རྟ་མཆོག་དང་སྤྱང་ཤེས་མིན་པ་ཟེར་ན་ད་གིན་ང་ཚོས་སྤྱང་ཤེས་རྟ་ཕོ་ཟེར་ན་ག་ལ་ལབ་པ་རེད་ཟེར་ན་བདག་གཞན་གྱི་དབྱེ་བ་ཕྱེ་༿འབྱེད་༾ཐུབ་པ།དགྲ་ཉེ་ཡིན་ན་དབྱེ་བ་ཕྱེ་༿འབྱེད་༾ཐུབ་པའི།འ་་་།ཅི་ཡང་ཤེས་པའི་རྟ་མཆོག་ཕུལ་དུ་བྱུང་བ།བང་རྩལ་རྒྱུག་ཤེན་༿ཤེས་༾པ།འོ་་་།འདི་འདྲས་ལ་ཡ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར།
- དགདཱ་སྤྱང་ཤེས་མིན་པ་ཟེར་ན་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན། འོ་་་་།དགྲ་ཉེ།ཨ་་་།དབྱེ་བ་འབྱེད་མི་ཐུབ་པའི་བང་རྩལ་ཙམ་རྒྱུག་ཤེས་པའི་རྟ།ཡང་ན་གཡུལ་གྱི་ངོ་ལ་ཡ།དམག་ས་ལ་ཡ་ལྷུང་པའི་རལ་གྲི།འོ་་་།འདི་ཚོ་དང་གཅིག་པ་རེད་ཟེར།
- དགགཅིག་པ་ག་འདྲས་ཟེར་རེད་ཟེར་ན། དཔེར་ན་མི་གཅིག་ལ་ཆ་བཞག་རང་ཉིད་ཀྱི་ཡུལ་དེའི་ཡ་༿དེ་ལ་༾བཤད་པའི་སྐད་ཆ་དེ་ཕྱོགས་ལྷུང་སྤངས་བྱས་དྲང་པོའི་གཏམ་མ་ཡིན་པ་བྱས་ལེགས་ཉེས་བླང་དོར་གྱི་ཤེས་རབ་ཞན་པའི་དབང་གི་དགའ་པོ་དང་གཉེས་༿ཉེ་༾པོའི་ཕྱོགས་རང་གི་འདོད་པ་ཙམ་གྱི་བཤད་པའི་ཕྱོགས་ལྷུང་གི་ཚིག་ཡིན་པ་བྱས།རང་ཉིད་ཀྱི་བློའི་ནང་ལོགས་ནས།ཨོ་་་།ཡུལ་དེའི་ཡ་༿དེ་ལ་༾གནོད་པ་བསྐྱལ་ཨ་་་།ཕ་གི་ལ་ཡིན་ན་ཕམ་པ་བཟོས་ཨཱ་་་་བསམ་བསམ་གྱི་བློ་འདི་ད་མེད་པ་ཡིན་ནའི་སོ་སོས་འདོད་པ་དང་དགའ་ཉེ་སྤུན་མཆེད་ཀྱི་འདོད་པ་ཁོ་རའི་༿ནའི༾ཆེད་དུ་བཤད་པའི་ཚིག་དེས་ཕ་རོལ་བཤད་སའི་ཡུལ་དེའི་ཡ་༿དེ་ལ་༾ཕན་གྱི་ཡོད་ན་གནོད་ཀྱི་ཡོད་ན་ཧ་གོ་ཡག་༿ཡས་༾ཡོའོ་༿ཡོད་༾མ་རེད།
- དགསྤྱིར་ནམ་རྒྱུན་ཡིན་པ་ཡིན་ན་འདི་ཕན་པ་ལས་གནོད་པ་མང་ཆེ་བ་ཡོའོ་༿ཡོད་༾རེད། ཁྱེད་རང་གི་དུས་རྟག་ཏུ་རང་དོན་དང་རང་གི་དགའ་ཉེ་སྤུན་མཆེད་དང་རང་གི་ཉེ་ལ་ཉེ་བཅས་ཀྱི་ཁོ་རང་གི་འདོད་པའི་དབང་དུ་སོང་བའི་ཕྱོགས་ལྷུང་གི་ཚིག་བཤད་པ་འདི་མི་གཞན་ལ་བཤད་པ་འདི་གཞན་ལ་ཡ་ཕན་པ་ཡོད་དང་གནོད་པ་ཡོད་འདི་ཆ་མི་འཚལ་བ་འདི་ཧ་གོ་ཡག་༿ཡས་༾ཡོའོ་༿ཡོད་༾མ་རེད།
- དགདཔེར་ན།འོ་་་།དཔེར་ན་ཆ་བཞག་པ་ཡིན་པ་ཡིན་ན།སྤྱང་ཤེས།སྤྱང་ཤེས་ཟེར་དུས་ཙ་ནས་ངས་ད་གིན་ལབ་པ་ད་ག་རང་རེད། འོ་་་།རྟ་མཆོག་འདི།འོ་་་།སྤྱང་ཤེས་ཀྱི་རྟ་མཆོག་འདི།འོ་་་།སྤྱང་ཤེས་ཀྱི་རྟ་མཆོག་འདི་ཡིན་ན་ག་རེ་རེད་ཟེར་ན་ཁོས་ཡིན་ན་ཡང་སྙིང་བདག་པོ་ག་གི་ཡིན།རེད་པཱ།རང་ཉིད་བདག་པོ་ག་གི་ཡིན།རང་ཉིད་ཀྱི་བདག་པོ་མེན་༿མིན༾པ་དེ་ཡིན་ན་ཕ་གི་རེད་འདི་འདྲས་ཀྱི་བློ་འདི་ལྟ་ཤེན་༿ཤེས་༾ཀྱི་མེད་པཱ།འོ་་་།འདི་འདྲས་མ་ཤེས་ག་དུས་༿མ་ཤེས་པའི་སྐབས་༾ད་འདི།ཨོ་་་།ཡང་སྙིང་རང་ཉིད་ཀྱི་གྲོགས་རེད་དགྲ་རེད་འདིའི་༿འདི་ཡང་༾ཧ་གོ་ཡག་༿ཡས་༾ཡོའོ་༿ཡོད་༾མ་རེད།
- དགའ་མདོའོ་༿ད་དུང་༾དཔེ་དཔེར་ན་ཆ་བཞག་ན་གཡུལ་ས་ལ་ཡ་གཡུལ་སའི་སྟེང་ལ་ཡ་དམག་བརྒྱབ་དུས་ཀྱི་དམག་ས་ལ་ཡ་ཟགས་ཡོད་པའི་རལ་གྲི་གཅིག་ལ་ཆ་བཞག་པ་ཡིན་པ་ཡིན་ན།རལ་གྲི་དེ་ཡིན་ན་ཕར་སྣང་གི་དགྲ་བོས་ཟིན་དང་རང་ཉིད་ཀྱི་ལག་པས་ཟིན་ཐུབ་འདི་ཡིན་ན་བཤད་ཐུབ་ཡག་༿ཡས་༾ཡོའོ་༿ཡོད་༾མ་རེད། བྱས་ཙང་དམག་ས་ལ་ཐུག་པའི་རལ་གྲི་དེ་ཡང་སྙིང་རང་གི་གྲོགས་ལ་ཚུར་བསྟན་ཐུབ་ཀྱི་རེད་འདིས་རང་ཉིད་ཡ་༿ལ་༾གནོད་པར་འགྱུར་ཡག་༿ཡས་༾ཀྱི་རྒྱུ་ཆ་ཞིག་ཆགས་འགྲོ་གི་༿ཡི་༾རེད།དེ་ཧ་གོ་ཡག་༿ཡས་༾ཡོའོ་༿ཡོད་༾མ་རེད་ཟེར།
- དགབྱས་ཙང་ག་རེ་ལབ་པ་རེད་ཟེར་ན། ལེགས་ཉེས་བླང་དོར་མ་ཤེས་པའི་འདོད་པ་ཁོ་རང་གི་དབང་དུ་བྱུང་པའི་སྐད་ཆ་དེ་བཤད་སའི་ཡུལ་དེའི་ཡ་༿དེ་ལ་༾ཕན་པ་ཡོད་དམ་གནོད་པ་ཡོད་དེ་ཧ་གོ་ཡག་༿ཡས་༾ཆ་མི་འཚལ་བ་གཅིག་རེད། ཧ་གོ་ཡག་མེད་པ་གཅིག་རེད།འདི་ཡིན་ན་ག་རེ་ནང་བཞིན་རེད་ཟེར་ན།སྤྱང་མི་ཤེས་པའི་ལེགས་ཉེས་བླང་དོར་མ་ཡིན་པའི་བདག་པོ་སྟེ་འདི་འདྲས་དང་འདི་འདྲས་དང་གང་གང་༿གང་ཡང་སྟེ་ཅི་ཡང་མ་ཤེས་པ་༾ཧ་མི་གོ་པའི་བང་རྩལ་ཁོ་ན་ཤེས་པའི་རྟ་དེ་རང་ཉིད་ཀྱི་གྲོགས་རེད་དགྲ་རེད་ཧ་གོ་ཡག་༿ཡས་༾མེད་པ་གཡུལ་ས་ལ་ལྷུང་བའི།ཨོ་་་། རལ་གྲི་དེ་རང་ཉིད་ལ་ཡ་ཕན་ཡག་༿ཡས་༾ཀྱི་ལག་ཆར་འགྱུར་བ་ཡང་ན་རང་ཉིད་སྲོག་གཅོད་བྱེད་ཀྱི་མི་གཞན་གྱི་ལག་ཆར་འགྱུར་བ་ག་རེ་ཡིན། མདོར་ན་དེ་སུའི་གྲོགས་སུ་འགྱུར་པ་དེ་ངེས་པ་ཡོའོ་༿ཡོད་༾མ་རེད་འམ་གཏན་འཁེལ་ཡག་༿ཡས་༾ཡོའོ་༿ཡོད་༾མ་རེད་ཟེར།
- དགབྱས་ཙང་འདིའི་ཐོག་ནས་ག་རེ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན་བློ་གྲོས་ཞན་པའི་འདོད་པའི་གཏམ་འདི་མི་གཞན་ལ་ཡ་བཤད་པ་ཡིན་པ་ཡིན་ན་ཕན་པ་ལས་གནོད་པ་ཆེའི་༿ཆེ་བ་༾ཡོའོ་༿ཡོད་༾རེད་ཟེར། འདི་འདྲས་ཀྱི་གཏམ་འདོད་པའི་གཏམ་དེ་མ་ཡིན་པའི་རང་ཉིད་ཀྱི་ལེགས་ཉེས་བླང་དོར་གྱི།འོ་་་། ལེགས་ཉེས་བླང་དོར་ལ་ཡ།འ་་་།སྤྱོད་པའི་ཚིག་ཕན་ཚིག་མང་ཙམ་ཨ་ནི་་་། གཞན་ལ་བཤད་དགོས་པ་སྟེ་ཤུགས་བསྟན་རེད་ཟེར།
- དགའ་་་་།འདི་གཅིག་བྱས།དཱ་དེའི་ཡ་༿དེ་ལ་༾ཡིན་ན་ག་རེ་རེད་ཟེར་ན། གཤམ་དེའི་གི་༿གཤམ་གྱི་༾ཚིགས་བཅད་ཤོ་ལོ་ཀ་དེས་ག་རེ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། བློ་ཆུང་ཅུང་ཟད་རྒྱལ་བས་ངོམས། གལ་ཏེ་ཕམ་ན་གཉེན་ལ་འཁང་། གྲོས་ལ་ཚོགས་ན་འཐབ་རྩོད་སློང་། གསང་གྲོས་བྱས་ན་ལྐོག་ཏུ་སྨྲ།
- དགའོ་་་་།འདི་འདྲས་ཟེར་བྱས་བྱས་འདིའི་མདོར་བསྡུས་བཤད་ན་ཚིགས་བཤད།ད་གིན་ང་ཚོ་རྟག་ཏུ་གཞན་དོན་མི་སེམས་པ་ཟེར་ཡག་༿ཡས་༾འདི་ནས་འདི་བར་དུ་ཡིན་ན་ག་རེའི་ནང་དོན་རེད་ཟེར་ན། བླུན་པོ་བརྟག་པའི་ནང་དོན་རེད་པཱ།
- དགདཱ་ངས་ད་གིན་ཡིན་ན་ག་རེ་ལབ་པ་རེད་ཟེར་ན་ཁྱེད་རྣམས་ཚོའོ་ཡ་བླུན་པོ་ཟེར་ཡག་༿ཡས་༾འདི་ཡིན་ན་ཨ་ནི་་་་གཞན་དོན་ཁྱོ་ནས་༿རྩ་བ་ནས་༾མི་སེམས་པ་རྟག་ཏུ་བཟའ་བཏུང་བསམ་བློ་གཏང་གི་ཡོའོ་༿ཡོད་༾རེད། འོ་་་།ག་རེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན་ཡང་ཡིན་ན་མི་གཞན་ལ་ཡིན་ན་འདོད་པའི་གཏམ་རང་འདོད་ཀྱི་དབང་གི། རང་གཉེན་ཉེའི་དབང་གི་འདོད་པའི་གཏམ་བཤད་བྱས།མི་གཞན་ལ་ཡ་ཡིན་ན་གནོད་པའི་འདི་འདྲས་རྒྱུ་ལ་ཡ་འགྲོ་གི་༿ཡི་༾ཡོའོ་༿ཡོད་༾རེད།
- དགདཱ།དའན་༿ད་༾ལྟ་དེའི་ཡ་༿འདི་ལ་༾ག་རེ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། བློ་ཆུང་ཅུང་ཟད་རྒྱལ་བས་ངོམས། ཚིགས་བཅད་ཤོ་ལོ་ཀ་འདིའི་ནང་ལོགས་ལ་ཡ་མིང་ཚིག་ཅུང་ཟད་ཁག་དཀའ་༿ཁག་པ་༾དེ་ཡིན་ན་ག་རེ་བྱེད་གོ་༿དགོས་༾རེད་ཟེར་ན། བློ་ཆུང་ཅུང་ཟད་རྒྱལ་བས་ངོམས། ཕམ་ན་རང་གི་གཉེན་ལ་འཁང། འོ་་་།འདི་རེད།
- དགརང་གི་གཉེན་ལ་འཁང་ཟེར་ཡག་༿ཡས་༾དེ་རེད།ད།འཁང།འཁང་ཟེར་ཡག་༿ཡས་༾དེ་ཡིན་ན་ག་རེ་བྱས་པ་རེད་ཟེར་ན།ང་ཚོ་ནམ་རྒྱུན་ཁ་སྐད་ལ་ཡ་འཁང་ར་བྱས་པ་ཟེར་ཡག་༿ཡས་༾འདི་འདྲས་གཅིག་ཡོའོ་༿ཡོད་༾རེད།འཁང་ར་བྱས་པ་ཟེར་ན་མ་འདོད་པའི་རྣམ་འགྱུར་བསྟན་པ། མ་འདོད་པ་བྱེད་པའམ་ཁོང་ཁྲོ་བ་འོ་་་་འདི་འདྲས་ལ་ཡ་འཁང་ཟེར་གྱི་ཡོའོ་༿ཡོད་༾རེད།
- དགདཱ་འདིའི་ནང་ལོག་ནས་བློ་ཆུང་ཅུང་ཟད་རྒྱལ་བས་ངོམས་ཟེར་ཡག་༿ཡས་༾ཀྱི་བློ་ཆུང་དེ་སུ་ལ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན། བློ་དེ་བསམ་བློའི་བློ་རེད་པཱ།བློ་ཆུང་བློ་ཆུང་ཟེར་ན་ག་༿གང་༾འདྲས་ལ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན།མི་བསམ་རྒྱ་ཆུང་ཆུང་། སྙིང་སྟོབས་ཆུང་ཆུང་། འ་་་།བསམ་རྒྱ་ཆུང་ཆུང་།སྙིང་སྟོབས་ཆུང་ཆུང་།དུས་རྟག་ཏུ་ག་རེ་རེད་ཟེར་ན་རང་དོན་ཁོ་ན་ལས་གཞན་གྱི་དོན་ལ་ཡ་བསམ་བློ་མ་གཏོང་ཡན་༿མཁན་༾ལེགས་ཉེས་ཀྱི་བཟང་ངན་གྱི་འཇུག་ལྡོག་ལ་ཡ་བློ་གྲོས་ཀྱི་མིག་ལོང་པ་ནང་བཞིན།འོ་་་་འདི་འདྲས་ལ་ཡ་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན་སྐྱེས་བུ་བློ་ཆུང་ཟེར་གྱི་ཡོའོ་༿ཡོད་༾རེད།
- དགཡང་བསྐྱར་གཅིག་བཤད་པ་ཡིན་ན་བློ་ཆུང་ཟེར་ན་སྐྱེས་བུ་ཡིན་ན་བློ་རྒྱ་ཆུང་ཆུང་།བསམ་རྒྱ་ཆུང་ཆུང་།སྙིང་སྟོབས་ཆུང་ཆུང་།མི་གཞན་གྱི་ཆེད་དུ་བསམ་བློ་ཁྱོ་ནས་༿རྩ་བ་ནས་༾མེད་པའི་རང་དོན་འབའ་ཞིག་གམ་ཁོ་ན་བསྒྲུབ་ངན་༿མཁན་༾རེད་པཱ།ལེགས་ཉེས་ཀྱི་བླང་དོར་བྱེད་ཡག་༿ཡས་༾ཀྱི་བྱ་བ་སྒང་ལ་སླེབས་པ་ཡིན་ན་མིག་ལོང་པ་ནང་བཞིན་དུ་འགྱུར་པ།འོ་་་།འདི་འདྲས་ཀྱི་སྐྱེས་བུ་དེ་ཚོ་ལ་ཡ་མི་དེ་ཚོ་ལ་ཡ་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན་བློ་ཆུང་ཟེར་གྱི་ཡོའོ་༿ཡོད་༾རེད། བློ་ཆུང་།
- དགདཱ་དེ་ལྟ་བུའི་མི་དེ་ག་རེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། འ།འདི་ལྟ་བུའི་མི་དེས་བྱ་བ་གཅིག་བྱེད་པའི་སྐབས་ལ་ཡ།འ་་་།གལ་སྲིད་ཁྱེད་རང་རང་ལ་ཡ་རྒྱལ་ཕམ་གྱི་བྱ་བ་ཞིག་ཐུག་དུས་ཙམ་པ་ཅུང་ཟད་རྒྱལ་བའམ་ཅུང་ཟད་ལེགས་པ་ཞིག་བྱུང་པ་ཡིན་ན་ཆེན་པོ་གོའོ་༿དགོས་༾མ་རེད་ཆུང་ཆུང་གཅིག་ཡིན་ནའི་ལའི་རྒྱལ་བ་ཡིན་པ་ཡིན་ནའི་ལའི་ཀུན་ལ་ཡ་ངོམས་ཀྱི་ཡོའོ་༿ཡོད་༾རེད་ཟེར།
- དགཨོ་་་།ངོམས་པའམ་ད་རྦད་དེ་ཡིད་ཚིམས་བྱས་བྱས།སོ་སོ་ཡིད་ཚིམས་བྱས་བསྡད་བསྡད་ཀྱི་ཡོའོ་༿ཡོད་༾རེད་ཟེར། ད་དེ་ནས་མུ་མཐུད་བྱ་བ་ཆེན་པོ་བསྒྲུབ་ཡག་༿ཡས་༾དང་མུ་མཐུད་བརྩོན་པ་དང་འབད་པ་བྱེད་ཡག་༿ཡས་༾དེའི་ཡ་༿དེ་ལ་༾བསམ་བློ་མ་གཏང་བྱས་བྱས།གནས་སྐབས་དེའི་ཡ་༿དེ་ལ་༾རྒྱལ་ཁ་ཆུང་ཆུང་གཅིག་ཐོབ་པ་དེའི་ཡ་༿དེ་ལ་༾ཡིད་རྦད་དི་ཚིམས་བྱས།འདིས་ཡིན་ན་བློ་ཁངས་༿ཁེངས་༾བྱས་བསྡད་ཀྱི་ཡོའོ་༿ཡོད་༾རེད་ཟེར།
- དགའདི་ཡིན་ན་སུ་རེད་ཟེར་ན་བློ་རྒྱ་ཆུང་ཆུང་དེ་ཚོའི།བསམ་རྒྱ་ཆུང་ཆུང་དེ་ཚོས་གནས་སྐབས་ཙམ། ཅུང་ཟད་ཙམ་ཞིག་རྒྱལ་བ་ཡིན་པ་ཡིན་ནའི་འདི་ཡིན་ན་ངོམས་བྱས་ཡིད་ཚིམས་བྱས།འདོད་པ་ཁངས་༿ཁེངས་༾བྱས།སླད་ཕྱིན་བྱས་བྱ་བ་ཆེན་པོ་བསྒྲུབ་ཡག་༿ཡས་༾ལ་ཡ་འབད་པ་དང་བརྩོན་པ་ཁྱུ་ནས་༿རྩ་བ་ནས་༾བྱེད་ཀྱི་ཡོའོ་༿ཡོད་༾མ་རེད་ཟེར།
- དགདཱ།གལ་སྲིད་རྒྱལ་ཕམ་གྱི་གནས་ཚུལ་གྱི་ཐོག་ལ་ཐུག་བྱས་ལས་ཀ་འདི་འདྲས་བྱས་པའི་དབང་དུ།གལ་སྲིད་དེའི་ཡ་༿དེ་ལ་༾རྒྱལ་ཁ་འདི་འདྲས་མ་ཐོབ་པ་བྱས།འོ་་་།ཕམ་པ་ཡིན་པ་ཡིན་ན་ཤོར་པ་ཡིན་པ་ཡིན་ན་སོ་སོས་ཡིན་ན་འདི་ང་ཕམ་དགོས་ཡག་༿ཡས་༾ཀྱི་རྒྱུམ་༿རྒྱུ་༾མཚན་ག་རེ་རེད།ངས་ལས་དེའི་ཡ་༿དེ་ལ་༾བརྟག་དཔྱད་ཁྱོ་ནས་༿རྩ་བ་ནས་༾མ་བྱས་པ་བྱས། དང་ཐོག་མར་ག་རེ་བྱེད་གོ་༿དགོས་༾རེད་ཟེར་ན་རང་གི་སྙིང་ལ་ཡ་ཁོང་ཁྲོ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེ།འཁང་གི་ཡོའོ་༿ཡོད་༾རེད་ཟེ་ག་རེ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན།
- དགབློ་ཆུང་ཆུང་དེ་ཚོས་བྱ་བ་གཅིག་བསྒྲུབ་བྱས་བྱ་བ་དེ་ཕམ་པ་ཡིན་ན་ཨོ་་་།རང་གི་ལས་༿བཟོས་༾པ་རེད།རང་གི་བྱས་ཙང་འདི་འདྲས་ཟེ་ང་ཕམ་སོང་ང་། ཨོ་་་།རང་གི་མ་བྱས་པ་ཡིན་ན་ང་ཕམ་གྱི་མ་རེད།འདི་འདྲས་ཟེ་བྱས་བྱས་གཉེན་ལ་ཡ་འཁང་ར་དང་ཁོང་ཁྲོ།གཉེན་གྱི་སྟེང་ལ་ཡ་རང་གི་ཕམ་པའི་རྒྱུ་དེ་གཉེན་གྱི་སྟེང་ལ་ཡ་ཕར་ཡིན་ན་བསྐྱལ་བཞག་གི་ཡོའོ་༿ཡོད་༾རེད་ཟེར། འོ་་་།གལ་ཏེ་ཕམ་པ་ཡིན་ན་གཉེན་ལ་ཡ་འདི་འདྲས་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར། གལ་སྲིད་ཅུང་ཟད་ཀྱི་རྒྱལ་ཁ་ཞིག་ཐོབ་པ་ཡིན་ན་རྦད་དེ་འདོད་པ་ཁངས་༿ཁེངས་༾བྱས་བསྡད་ཀྱི་ཡོའོ་༿ཡོད་༾རེད་ཟེར།
- དགདཱ་སྐྱེས་བུ་དེ་ཚོ།བློ་རྒྱ་ཆུང་ཆུང་ཡོད་པའི་སྐྱེས་བུ་དེ་ཚོ་ལ་ཡ། འོ་་་།སྐྱེས་བུ་དེ་ཚོ་ལ་ཡ་རྟགས་མཚན་དེ་ཡིན་ན་ཕམ་པ་ཡིན་ན་གཉེན་ལ་འཁང་ར་བྱེད་ཡག་༿ཡས་༾གཞན་ཡང་ཡིན་ན་དཔེར་ན་ཆ་བཞག་ན་སྐྱེས་བུ་ཆུང་ཆུང་དེ་ཚོ་དོན་དག་ཞིག་གི་ཆེད་དུ་ང་ཚོ་མི་གཞན་གྱི་ཁོང་ཚོ་དང་མཉམ་དུ་ཡིན་ན་གྲོས་བསྡུར་བྱས།རེད་པཱ།གྲོས་ལ་ཡ་ཚོགས་པ་ཡིན་པ་ཡིན་ན་ཁོ་ཡིན་ན་བློ་རྒྱ་ཆུང་ཆུང་རེད་པཱ།བློ་རྒྱ་ཆུང་ཆུང་ཡིན་དུས་ཙ་ནས་མང་པོ་ཚོགས་ཚོགས་པའི་སྐབས་ལ་ཡ་སྙིང་པོ་ཆེ་བའི་དོན་དག་དང་འདི་འདྲས་ལ་བསམ་བློ་ཁྱོན་ནས་༿རྩ་བ་ནས་༾བཏང་གི་མ་རེད་པཱ། གཞན་པའི།
- དགབྱས་ཙང་མང་པོ་ཚགས་༿ཚོགས་༾བྱས་གྲོས་བྱེད་པའི་སྐབས་ལ་ཡ། མང་པོ་ཚོགས་བྱས་གྲོས་བསྡུར་བྱེད་པའི་སྐབས་ལ་ཡ། བློ་རྒྱ་ཆུང་ཆུང་དེས།འ་་་།རང་གི་ཡིན་ན།འ་་་།སྙིང་ཆེན་པོ་དང་སྙིང་དོན་ཆེན་པོ་དང་དོན་ཆེན་བསྒྲུབ་པའི་བློ་དེ་མེད་ཙང་གྲོས་ཚོགས་པའི་སྐབས་ལ་ཡ་དོན་ཆུང་ཆུང་འདི་འདྲས་ཆེན་པོ་ལ་ཡ་བརྩིས་བྱས་མི་གཞན་དང་ཡིན་ན་འཐབ་རྩོད་བསླང་གི་ཡོའོ་༿ཡོད་༾རེད་ཟེ།རྩོད་པ་བསླང་གི་ཡོའོ་༿ཡོད་༾རེད་ཟེར། གྲོས་ཚོགས་པའི་སྐབས་ལ་ཡ་རྩོད་པ་བསླང་གི་ཡོའོ་༿ཡོད་༾རེད་ཟེར།
- དགའ་མདོའོ་༿ད་དུང་༾བློ་ཆུང་དེ་ཚོས་ག་རེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན།སྐབས་རེ་ཡིན་ན་ཡིན་ན་ག་རེ་ཟེར་ན་དགོས་པའི་དབང་གིས་འདི་ཚོ་དང་ཡིན་ན་གསང་གྲོས་བྱས་གསང་བའི་སྐད་ཆ།ཨོ།གསང་གྲོས་ཟེར་ན་གསང་བའི་གྲོས་བསྡུར།རེད་པཱ།ཨོ་་་་།གསང་བའི་སྐད་ཆ།བཤད་པ་ཡིན་ན་གསང་ཐབས་ཀྱི་གྲོས་བྱས་པ་ཡིན་ན་འདིས་ག་རེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན།
- དགརང་གི་ཁེ་ཕན་གྱི་ཆེད་དུ་རང་ལ་ཡིན་ན་ཅུང་ཟད་ཡིན་ན་ཕན་པ་ཡོང་ཡག་༿ཡས་༾ཀྱི་ཆེད་དུ་ཡིན་ན་གསང་གྲོས་བྱས་པའི་ནང་དོན་དེ།འོ་་་། གཞན་ལ་ཡིན་ན་ག་རེ་རེད་ཟེར་ན་བཤད་ཀྱི་ཡོའོ་རེད་ཟེར། ཁ་ཁར་ལ་ཡ་ལྐོག་ཏུ་སྨྲ་གི་ཡོའོ་༿ཡོད་༾རེད་ཟེར།
- དགའོ་ཡ་་་།མདོར་བསྡུས་བྱས་བཤད་པ་ཡིན་ན། བློ་རྒྱ་ཆུང་ཆུང་།སྐྱེས་བུ་བློ་ཆུང་། བསམ་རྒྱ་ཆུང་ཆུང་། སྙིང་སྟོབས་ཞེན་པ།གཞན་ཕན་མི་བསྒྲུབ་པ། འ་་་།བླང་དོར་ལེགས་ཉེས་ལ་ཡ་འཇུག་ལྡོག་གི་མིག་ལོང་པའི་བློ་རྒྱ་ཆུང་ཆུང་གི་སྐྱེས་བུ་དེ་ཚོ་ལ་ཡ་ཁྱད་ཆོས་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན།
- དགགཅིག།རྒྱལ་ཁ་ཆུང་ཆུང་གཅིག་ཐོབ་པ་ཡིན་ན།ཆུང་ཆུང་གི་འབྲས་བུ་བཟང་པོ་ཞིག་ཐོབ་པ་ཡིན་ན་འདིས་རྦད་དེ་ཚིམས་བྱས་བསྡད་སླད་ཕྱིན་བྱས་འབད་པ་དང་བརྩོན་འགྲུས་བྱེད་ཡག་༿ཡས་༾དེ་བས་ཀྱང་རྒྱལ་ཁ་ཆེན་པོ་གཅིག་ཐོབ་ཡས་ལ་ཡ་མུ་མཐུད་ཀྱི་འབད་པ་དེ་ཕར་དོར།གལ་སྲིད་ཁྱེད་རང་གི་རྒྱལ་ཕམ་གཉིས་ཀྱི་གནད་དོན་སྒང་ནས་ཕམ་པ་ཡིན་ན་རང་གི་ཕམ་དགོས་ཡག་༿ཡས་༾ཀྱི་རྒྱུ་དང་རྐྱེན་དེ་མ་འཚལ་བར་སོ་སོའི་གཉེན་ཉེ་དུའི་སྒང་ལ་ཡ་འདི་ཕར་གཡོགས་བྱས་བྱས་ཁ་འདྲི་རྟགས་བྱས་བྱས་ཁོང་ཁྲོ་ཟ་བར་བྱས།
- དགད་སྐབས་རེ་ཡིན་ན་མི་མང་པོ་ཚོགས་བྱས་གྲོས་བྱེད་དུས་ཙམ་པ་ག་རེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན་རང་ཡིན་ན་ག་རེ་རེད་ཟེར་ན། དོན་སྙིང་ཆེན་པོའི་བྱ་བ་དང་གཞན་ཕན་གྱི་བྱ་བ་ལ་ཡ་བློ་མེད་ཙང་མི་གཞན་གྱི་བྱ་བ་དེ་ཚོ་གླེང་པའི་སྐབས་ལ་ཡ་དོན་ཆུང་ཆུང་ཆེན་པོར་བརྩིགས་༿རྩིས་༾བྱས་བྱས་གཞན་ལ་འཐབ་རྩོད་བསླང་གསང་བའི་༿བ་༾གི་༿ཡི་༾གྲོས་བསྡུར་བྱས་པའི་སྐད་ཆ་དེ་ཚོ་ཁེ་ཕན་གྱི་ཆེད་དུ་མི་གཞན་དག་ལ་བཤད་འདི་ལྟ་བུའི་བྱ་བ་ངན་པ་འདི་རྣམས་སུའི་ཁྱད་ཆོས་རེད་ཟེར་ན་བློ་རྒྱ་ཆུང་ཆུང་བསམ་རྒྱ་ཆུང་ཆུང་གི་མི་འདི་ཚོའི་ཁྱད་ཆོས་རེད་ཟེར་བྱས་བྱས་བླུན་པོ་བརྟག་པའི་ནང་ལོགས་ལ་ཡ་འདི་འདྲས་ཟེར་གསུངས་པ་རེད།
- དགདཱ།གཤམ་འདི་ཡིན་ན་ག་རེ་རེད་ཟེར་ན་སྤེལ་མ་བརྟག་པ་རེད། སྤེལ་མ་ཡིན་ན་སྐྱོན་ཡོན་གཉིས་མཉམ་དུ་ཡིན་ན་བརྟག་པ། ག་༿གང་༾འདྲས་ཟེ་རེད་ཟེར་ན། ཡོན་ཏན་ཆུང་རྣམས་ང་རྒྱལ་ཆེ། མཁས་པར་འགྱུར་ན་དུལ་བར་གནས། ཆུ་ཕྲན་རྟག་ཏུ་ཀུ་ཅོ་ཆེ། རྒྱ་མཚོ་ཅ་ཅོ་ག་ལ་སྒྲོགས།
- དགའདིའི་ནང་ལོག་ནས་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན།མིང་ཚིག་གཅིག་ཡིན་ན་དུལ་བ་ཟེར་ཡག་༿ཡས་༾འདི་རེད། གཅིག་ཡིན་ན་ཀུ་ཅོ།གཅིག་ཡིན་ན་དུལ་བ། དུལ་བ་ཟེར་ཡག་༿ཡས་༾འདི་རེད།གཅིག་ཡིན་ན་ཀུ་ཅོ། གཅིག་ཡིན་ན་ཅ་ཅོ།ཅ་ཅོ།
- དགདཱ།འདི་གྱད་ཀྱི་མིང་ཚིག་འདི་གྱད་ཀྱི་དོན་དག་ག་རེ་རེད་ཟེར་ན། དུལ་བ།དུལ་བ་ཟེ་ལབ་དུས་ཙམ་པ།དུལ་བ།དུལ་བ་ཟེར་ཡག་༿ཡས་༾འདི་ཡིན་ན་འདི་འདྲས་ཟེ་ཧོབ་ཏེ་མཐོང་པ་ཡིན་ན་དུལ་བ་ཟེར་ན་ག་༿གང་༾འདྲས་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན་འཇམ་པོ།ཞི་བ།འོ་་་། དྲག་པོ་དང་ཁྲོ་བོ་དང་འདི་འདྲས་མ་ཡིན་པའི་འཇམ་པོ་དང་ཞི་བ་འདི་འདྲས་ལ་ཡ།
- དགམདོར་བསྡུས་བཤད་ན་ང་ཚོས་ཡིན་ན་ནམ་རྒྱུན་ནས་འདི་འདྲས་བཤད་ཀྱི་རེད།ཡོན་ཏན་ཡོད་པའི་མི་དངོས་གནས་ཀྱི་ཡོན་ཏན་ཡོད་པའི་སྐྱེས་བུ་དེ་ག་༿གང་༾འདྲས་ཅིག་དགོས་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན་ཕྱི་ཡོན་ཏན་སྦྱངས་པས་ནང་གི་སེམས་རྒྱུད་དུལ་པོའམ་འཇམ་པོ་ཆགས་དགོས་ཡག་༿ཡས་༾དེ་ལ་ཡ་དུལ་ཟ།༿ཟེར་༾དུལ་བ་ཟ་༿ཟེར་༾རྟུལ་ནས་འཇམ་པོའམ།འ་་་།ཞི་བ་ཆགས་པ།འདི་འདྲས་གཅིག་རེད།
- དགདཱ།ཀུ་ཅོ།ཀུ་ཅོ་ཟེར་གྱི་འདུག་ན། ཀུ་ཅོ། འདི་གཉིས་གཉིས་སྤྱིར་བཏང་དོན་དག་གཅིག་པ་རེད།ཀུ་ཅོ་དང་ཅ་ཅོ།ཀུ་ཅོ་དང་ཅ་ཅོ་ཟེར་ན་ག་༿གང་༾འདྲས་ལ་ཡ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན། དོན་མེད་ཀྱི་སྐད་ཆེན་པོ་འདི་འདྲས་ལ་ཡ་ཟེར་གྱི་ཡོའོ་༿ཡོད་༾རེད། དོན་མེད་ཀྱི་སྐད་ཆེན་པོ། དོན་མེད་དུ་སྒྲོགས་པའི་སྐད་སྒྲ་ཆེན་པོ་ལ་ཡ་ཟེར་གྱི་ཡོའོ་༿ཡོད་༾རེད།
- དགཀུ་ཅོ།ཀུ་ཅོ་ཟེར་ན་ཆུའི་སྐད་ལས་ཀུ་ཅོ་སྒྲོགས་པའི་ཟེར་གྱི་རེད། ཡང་ཅ་ཅོ་ཟེར་ན་ག་རེ་རེད་ཟེར་ན་མི་ལས་ཟེར་གྱི་རེད།མི་མང་པོ་ཚོགས་བྱས་རྦད་དེ་འུར་སྒྲ་ཞེ་དྲག་འུར་འུར་འུར་ཟེ་འདི་འདྲས་ཀྱི་སྐད་མང་པོ་ལས་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན་ཅ་ཅོ་ཟེར་གྱི་ཡོའོ་༿ཡོད་༾རེད་འདི་ཡིན་ན་ཚིགས་བཅད་ཤོ་ལོ་ཀ་འདིའི་དཔེ་དང་དོན་གཉིས་ཀྱི་ནང་ལོགས་ལ་ཡོད་པའི་མིང་ཚིག་གསུམ་རེད།
- དགདཱ་མིང་ཚིག་འདི་གས་དང་བཅས་པའི་ཤོ་ལ་ཀ་འདིའི་ནང་དོན་ག་རེ་རེད་ཟེར་ན། འདི་འདྲས་ཟེ་རེད། ཡོན་ཏན་ཆུང་རྣམས་ང་རྒྱལ་ཆེ། མཁས་པར་འགྱུར་ན་དུལ་བར་གནས། ཡོན་ཏན་ཆུང་རྣམས།ཡོན་ཏན་ཆུང་རྣམས་ཟེར་ན་ག་རེ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན། སྐྱེ་བོ། མི། ཡོན་ཏན་ཅུང་ཟད་ཙམ་ལས་མེད་པ།ཡོན་ཏན་ཆུང་ཆུང་ལས་མེད་པ་དེ་ཚོ་ཡོན་ཏན་ཆུང་ངུ་ལས་མེད་ཙང་ནང་གི་རྒྱུད་དེ་ད་ལྟ་མར་ཞིབ་༿ཞི་༾མེད་པ་འདུལ་མེད་པ་འ་མདོའོ་༿ད་དུང་༾མུ་མཐུད་ཁེངས་པ་དང་དྲེགས་པ་ཡོད་ཙང་ཡོན་ཏན་ཆུང་ངུ་ཡོད་པའི་མི་དེ་ཚོ་ཡིན་ན་ང་རྒྱལ་ཆེན་པོ་ཡོའོ་༿ཡོད་༾རེད་ཟེར།
- དགང་རྒྱལ།ང་རྒྱལ་ཟེར་ཡག་གི་ང་རྒྱལ་དེ་ཡིན་ན་ག་རེ་རེད་ཟེར་ན། ང་ཡིན།ང་ཨང་དང་པོ།ང་ཡག་ཤོས།ང་མཁས་པ།འོ་་་།འདི་འདྲས་ཀྱི་ང་རྒྱལ།འ་་་།ཆེ་འདོད་ཀྱི་བློ།འོ་་་།འདི་ཡིན་ན་སུ་ལ་ཡོའོ་༿ཡོད་༾རེད་ཟེར་ན་ཡོན་ཏན་ཆུང་བའི་མི་ལ་ཡོའོ་༿ཡོད་༾རེད་ཟེར། ཁོ་ལ་ཡ་འདི་ཡོང་ཡག་༿ཡས་༾ཀྱི་རྒྱུམ་༿རྒྱུ་༾མཚན་ག་རེ་རེད་ཟེར་ན།
- དགཡོན་ཏན་ཆུང་ཆུང་སོང་ཙང་།ཨ་ནི་་་་ག་རེ་རེད་རྒྱུད་དེ་དུལ་ཡོའོ་༿ཡོད་༾མ་རེད། དུལ་མེད་ཙང་འ་མདོའི་གྱི་༿ད་དུང་ཡང་༾ཁེངས་པ་དང་དྲེགས་པ་བསྡད་ཡོའོ་༿ཡོད་༾རེད། ཁེངས་དྲེགས་ཡོད་ཙང་རྟག་ཏུ་ཡིན་ན་ག་རེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན་ང་རྒྱལ་ཆེན་པོ་ཡོའོ་༿ཡོད་༾རེད་ཟེར།
- དགདཱ་འོ་ན་་་་འདིའི་ལྡོག་ཕྱོགས་མཁས་པ་ཡིན་ན།མཁས་པ་དེ་ཡིན་ན་རིག་པའི་གནས་ལྔ་ལ་མཁས་པ། ཤེས་བྱའི་ཡོན་ཏན་མི་ལ་ཡ་ཡིན་ན་ག་རེ་རེད་ཟེར་ན། བསྟུན་སྟངས་ཡིན་ན་བླང་དོར་གྱི་ལེགས་ཉེས་འདི་ཚོ་འགང་ག་༿ཚང་མ་༾ལོགས་ག་༿ཚང་མ་༾ཤེས་པའི་མཁས་པ་དེ་ཡིན་ན་ཡོན་ཏན་ཆེན་པོ་དང་འདི་འདྲས་ཡོད་པའི་རྐྱེན་གྱིས་ནང་རྒྱུད་འདི་སེམས་འདི་དུལ་ཡོད་ཙང་ག་རེ་རེད་ཟེར་ན་གཤིས་ཀ་དེའི་ཡིན་ནའི་འཇམ་པོ།འོ་་་།དུལ་བ་འདི་འདྲས་གཅིག་གི་སྒང་ལ་ཡ་གནས་ཀྱི་ཡོའོ་༿ཡོད་༾རེད་ཟེར།
- དགདཱ་གལ་སྲིད་ཡོན་ཏན་ཆུང་ཆུང་གི་ང་རྒྱལ་ཆེ་བའི་མི་དེ་རྣམས་མཁས་པ་ཆེན་པོ།ཡོན་ཏན་རྦད་དེ་རྒྱུས་ལ་ལོངས་པའི་མཁས་པ་ཆེན་པོ་གཅིག་ཆགས་པ་ཡིན་ན་གཞི་ནས་ག་རེ་ཆགས་འགྲོ་ཀྱི་༿ཡི་༾ཡོའོ་༿ཡོད་༾རེད་ཟེར་ན། ཨ་ནི་་་་དུལ་བའམ་གཤིས་ཀ་དེ་འགྱུར་བྱས་དུལ་པོ་འདི་འདྲས་ལ་ཡ་ཆགས་འགྲོ་གི་༿ཡི་༾ཡོའོ་༿ཡོད་༾རེད་ཟེར། མཁས་པ་ཆགས་པ་ཡིན་ན་རང་ཉིད་ཀྱི་རྒྱུད་དེའི་ཡ་༿དེ་ལ་༾དྲེགས་པའི་དྲི་མ་ཙམ་ཡང་མེད་ཙང་།ཨ་ནི།གཤིས་ཀ་དེ་དུལ་པོར་གནས་ཀྱི་ཡོའོ་༿ཡོད་༾རེད་ཟེར།
- དགདཔེར་ན་ཆ་བཞག། ཆུ་ཆུང་ཆུང་གཅིག་གི་ཡིན་ན་ཆུ་ཕྲན་ཟེར་ན་ཆུ་ཆུང་ཆུང་འདི་རེད།འདི་ཚོ་ཡིན་ན་རྟག་ཏུ་ཡིན་ན་ག་རེ་རེད་ཟེར་ན། ཤང་ཤང་ཤང་ཆ་ལང་ཆ་ལང་ཆ་ལང་ཟེ་སྐད་ཆེན་པོ་འདི་འདྲས་རྒྱག་གི་ཡོའོ་༿ཡོད་༾རེད་ཟེ།ཆུ་ཆུང་ཆུང་འདི།དཱ་རྒྱ་མཚོ་གཅིག་གི་འཁྲིས་ལ་སླེབས་པ་ཡིན་ན་འདི་འདྲས་ཤང་ཤང་ཤང་འདི་འདྲས་ཀྱི་སྐད་འདི་འདྲས་ཁྱོ་ནས་༿རྩ་བ་ནས་༾ཡོའོ་༿ཡོད་༾མ་རེད་ཟེར།
- དགབྱས་ཙང་ཆུ་ཕྲན་དེ་ཡིན་ན་ག་རེ་དང་གཅིག་པ་རེད་ཟེར་ན་ཡོན་ཏན་ཆུང་ཆུང་།ཆུང་ཆུང་ཡོད་པའི་མི་འདི་དང་གཅིག་པ་རེད། རྒྱ་མཚོ་དེ་ཡིན་ན་ཆུ་རེད་ཟེར་ན་༿སུ་དང་གཅིག་པ་རེད་ཟེར་ན་༾མཁས་པ་དང་གཅིག་པ་རེད་ཟེར། ཡོན་ཏན་ཆུང་ཆུང་ཡོད་པའི་མི་འདི་དག།རྟག་པར།འོ་་་།ང་ཡིན་ང་ཡིན་ཟེ་སྐད་བརྒྱབ་ཀྱི་ཡོའོ་༿ཡོད་༾རེད་ཟེར། ཨ་ནི་་་་མཁས་པ་དེ་ཚོ་ཡིན་ན་ག་རེ་རེད་ཟེར་ན་རྟག་ཏུ་ཡིན་ན་སྐད་མེད་པར་སྐད་ཆ། འུར་སྒྲ།འོ་ན།ཆེ་འདོད།ཁེངས་དྲེགས།སྤོབས་པ།འདི་འདྲས་ཀྱི་སྐད་མེད་པར།ཨ་ནི་་་།ཁ་ཁུ་སིམ་མེར་ལ་ཡ་གནས་ཀྱི་ཡོའོ་༿ཡོད་༾རེད་ཟེར།
- དགའདི་ཡིན་ན་ག་རེ་རེད་ཟེར་ན།འོ་་་།ཡོན་ཏན་ཡོད་པའི་སྐྱེས་བུ་དང་།ཡོན་ཏན།འོ་་་།མེད་པའི་སྐྱེས་བུ་གཉིས་ཀྱི་ཡིན་ན་ཁྱད་ཆོས་དེ་ཡིན་ན་སྤེལ་མར་ལ་ཡ་བརྟག་དཔྱད་བྱེད་ཡག་༿ཡས་༾མཉམ་དུ་ཡིན་ན་འདྲེས་པའི་ཐོག་ནས་ཡ་བརྟག་དཔྱད་བྱེད་ཡག།༿ཡས་༾ འདི་རེད།
- དགགཤམ་གྱི་ཚིགས་བཅད་ཤོ་ལོ་ཀ་འདིའི་ནང་ལོག་ལ་ཡ།འོ་་་།མིང་ཚིག་མ་ཤེན་༿ཤེས་༾པ་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན། དམ་པ་ཁྲོས་ཀྱང་བརྟུལ་ན་ཞི། དམན་རྣམས་བརྟུལ་ན་ལྷག་པར་རེངས། གསེར་དངུལ་སྲ་ཡང་བཞུར་ནུས་ཀྱི། ཁྱི་ལུད་བཞུར་ན་དྲི་ངན་འབྱུང་། འདིའི་ནང་ལོགས་ལ་ཡ་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན།
- དགཚིག་གསར་ཡིན་ན་ཅུང་ཟད་ཁག་པ་ཡིན་ན་གཉིས་ཡོའོ་༿ཡོད་༾རེད།གཅིག་ཡིན་ན་རེངས་རེད།གཅིག་ཡིན་ན་ག་རེ་རེད་ཟེར་ན་སྲ།སྲ།འོ་་་།འདི་གཉིས་རེད།དཱ་འདི་གཉིས་ཡིན་ན་ཅུང་ཟད་ཁག་པ་ཡོའོ་༿ཡོད་༾རེད་ཡིན་ནའི་ལའི་ཁག་པོ་ཞེ་དྲག་ཡོའོ་༿ཡོད་༾མ་རེད། རེངས་ཟེར་ན་ག་རེའི་དོན་དག་རེད་ཟེར་ན། གྱོང་པོ་ལས་ཟེར་གྱི་ཡོའོ་༿ཡོད་༾རེད།
- དགདཔེར་ན་མི་འདི་གཤིས་ཀ་རྦད་རེངས་བཞག་ཟེར་ན་གཤིས་ཀ་གྱོང་པོ་ཆགས་པའི་དོན་དག་རེད།གཞན་ཡང་ཡིན་ན་རེངས་ཟེར་ན་མཁྲགས་༿མཁྲེགས་༾པོ་ལས་ཟེར་གྱི་ཡོའོ་༿ཡོད་༾རེད། ཡིན་ནའི་ད་རེན་༿རེས་༾དེའི་ཡ་༿འདི་ལ་༾རེངས་ཟེར་ན་གྱོང་པོ་ལ་ཡ་ཟེར་གྱི་ཡོའོ་༿ཡོད་༾རེད། དཱ་གསེར་དངུལ་སྲ།ས་ར་བཏགས་སྲ་ཟེར་ན་ག་རེའི་དོན་དག་རེད་ཟེར་ན།མཁྲགས་༿མཁྲེགས་༾པོ་ཡོད་པའོ་དོན་དག།མཁྲགས་༿མཁྲེགས་༾པོ་ཡོད་པ་ལ་གོ་ཀྱི་༿ཡི་༾ཡོའོ་༿ཡོད་༾རེད།མཁྲགས་༿མཁྲེགས་༾པོ་ཡོད་པ། འོ་་་།འདི་རེད།
- དགདཱ་འདིའི་མིང་ཚིག་འདི་གཉིས་ཡོད་པའི་དཔེ་དོན་འདི་གཉིས་ཀྱི་ཚིགས་བཅད་ཤོ་ལོ་ཀ་འདིའི་ནང་དོན་ག་རེ་རེད་ཟེར་ན།སྤྱིར་བཏང་བྱས་པ་ཡིན་ན།དམ་པ་ཁྲོས་ཀྱང་བརྟུལ་ན་ཞི།སྤྱིར་ཡིན་ན་སྐྱེས་བུ་དམ་པ་ཟེར་ན་ང་ཚོས་ད་གིན་ལབ་ཚར་པ་རེད།ག་༿གང་༾འདྲས་གཅིག་ལ་ཡ་སྐྱེས་བུ་དམ་པ་སྐྱེས་བུ་དམ་པ་ཟེར་གྱི་ཡོའོ་༿ཡོད་༾རེད་ཟེར་ན།
- དགའོ་་་་།རང་རྒྱུད་ལ་ཡ་ཡོན་ཏན་ཡོད་པ་དང་རང་རྒྱུད་ཡིན་ན་ག་རེ་རེད་ཟེར་ན་དུལ་བའི་དབང་གིས་རང་བཞིན་བཟང་པོ་ཞི་ཞིང་དུལ་བ་ཡིན་ཙང་ག་རེ་རེད་ཟེར་ན་དུས་རྟག་ཏུ་ཡིན་ན་གཤིས་ཀ་དེ་ཧ་ཅང་གི་འཇམ་པོ་ཡོའོ་༿ཡོད་༾རེད། ཡིན་ནའི་མཚམས་མཚམས་ལ་ཡ་སྐྱེས་བུ་དམ་པ་དང་མཁས་པ་ཡིན་པ་ཡིན་ནའི་ལའི་བཟོད་མི་ཐུབ་པའི་བྱ་བ་འགའ་ཤས་ལ་ཡ་ག་རེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན་ ཁྲོས་པའམ་ཁོང་ཁྲོ་ཟ་བ་འདི་འདྲས་ཡོང་གི་ཡོའོ་༿ཡོད་༾རེད།
- དགའདི་ཡིན་ན་ང་ཚོས་མིས་ཟེར་གྱི་རེད་པཱ། ད་འོ་ན་་་་མཁས་པ་དང་འདི་འདྲས་སྐྱེས་བུ་དམ་པ་ཡིན་ན།ཁྱོན་ནས་རང་༿རྩ་བ་ནས་རང་༾རླུང་ལངས་ཡག་༿ཡས་༾ཡོའོ་༿ཡོད་༾མ་རེད་པས། ཁོང་ཁྲོ་ཡག་༿ཡས་༾དང་ཁྲོས་པ་ཡོའོ་༿ཡོད་༾མ་རེད་པས་ཟེར་ན། སྐབས་སྐབས་ལ་ཡ་བཟོད་མ་ཐུབ་པའི་བྱ་བའི་གནས་ལ་ཡ།འོ་་་།སྟེ་ནི་ཡིན་ན་ག་རེ་ཡོའོ་༿ཡོད་༾རེད་ཟེར་ན་སེམས་འཁྲུགས་བྱས་བྱས། དགོངས་པ་འཁྲུགས་བྱས་བྱས་ཁྲོས་པ་འདི་འདྲའི་ཡོའོ་༿ཡོད་༾རེད། འོ་་་།དམ་པ་ཡིན་ན་ཁྲོས་པ་འདི་འདྲའི་ཡོའོ་༿ཡོད་༾རེད།
- དགཡིན་ནའི་དམ་པ་ཁྲོས་པ། སྐྱེས་བུ་དམ་པ་ཁྲོས་པ་དང་སྐྱེས་བུ་ཡིན་ན་ག་རེ་རེད་ཟེར་ན་དམན་པའམ།ཡོན་ཏན་མེད་པ་བློ་རྒྱ་ཆུང་བའི་སྐྱེས་བུ་ཁྲོས་པ་གཉིས།གཅིག་པ་མ་རེད། མ་གཅིག་པ་དེ་ག་རེ་རེད་ཟེར་ན་གལ་སྲིད་སྐྱེས་བུ་དམ་པ་དེའི་ཡ།འ་་་།སྐབས་སྐབས་ལ་ཡིན་ན་བཟོད་དཀའ་བའི་དབང་གིས་རེ་ཞིག་ཁོང་ཁྲོ་ཟ་བྱས་ཁྲོས་པ་ཡིན་ནའི་ཁོང་ལ་ཡ་ང་ཚོས་ལྷག་བསམ་རྣམ་དག་གི་གུས་པར།ཨ་ནི་་་།དགོངས་དག་ཞུས་བྱས། དགོངས་ཚོམ་ཞུས་བྱས་བྱས།ཁོང་ལ་ཡ་གུས་ཤིང་བཏུད་པ་ཡིན་ན་ཁོང་གིས་ལམ་སང་ཁོང་ཁྲོ་བའི་སེམས་དེ་ཡིན་ན་ཞི་འགྲོ་གི་༿ཡི་༾ཡོའོ་༿ཡོད་༾རེད་ཟེར། འོ་་་།གུས་པས་བཏུད་པ་ཡིན་པ་ཡིན་ན།
- དགདཔེར་ན་ཆ་བཞག།འོ་་་།མཁས་པ་ཆེན་པོ་གཅིག་ལ་ཡིན་ན།ཨ་ནི།ཁོང་ལ་ཡ་བཟོད་མ་ཐུབ་པའི་གནད་ཚུལ་ཐོས་བྱས་ད་ལྟ་ཡིན་ན་ཁྲོས་བྱས་ཁོང་ཁྲོ་བྱས་བཞུགས་ཡོའོ་༿ཡོད་༾རེད་ཟེར། ཡིན་ནའི་ང་ཚོས་ལྷག་བསམ་རྣམ་དག་གི་ཁོང་ལ་ཡ།ཨོ་་་།འདི་ཡིན་ན་ང་ཚོས་ཡིན་ན་ནོར་པ་རེད་ཁྱེད་རང་ཡིན་ན་དགོངས་ཚོམ་མེད་པ་གཅིག། ད་འདི་ཡིན་ན་རྦད་དེ་ནོར་བཞག།བྱ་བ་འདི་ཡིན་ན་འཆུག་བཞག། ཁྱེད་རང་དགོངས་ཚོམ་མེད་པ་གཅིག།ད་ལྟ་ང་ཚོས་ཡིན་ན་མུ་མཐུད་ཁྱེད་རང་ལ་ཡིན་ན་འདི་འདྲས་བྱེད་ཀྱི་མིན། རྗེས་སུ་ཡིན་ན་འདི་འདྲས་ཁྱོ་ནས་༿རྩ་བ་ནས་༾བྱེད་ཀྱི་མིན།ད་དགོངས་པ་དྭངས་བར་གཅིག་ལབ་པ་ཡིན་ན། མཁས་པ་དེ་ཡིན་ན་ཁོང་ཡོན་ཏན་ཀུན་ལ་ཡ་མཁྱེན་ཁོང་གི་འདི་འདྲས་ཤེན་༿ཤེས་༾ཀྱི་ཡོད་ཙང་། ལེགས་ཉེས་ཀྱི་འདི་འདྲས་ཤེན་༿ཤེས་༾ཀྱི་ཡོད་ཙང་ལམ་སང་༿སེང་༾ཁོང་ཁྲོ་དེ་ཞི་འགྲོ་གི་༿ཡི་༾ཡོའོ་༿ཡོད་༾རེད་ཟེ།གུས་པར་བཏུད་པ་ཡིན་ན་ཁོང་ཁྲོ་དེ་ཞི་འགྲོ་གི་༿ཡི་༾ཡོའོ་༿ཡོད་༾རེད་ཟེར།
- དགདེ་ལས་ལྡོག་ཏེ་བློ་ཆུང་བ་དང་སྐྱེས་བུ་དམན་པ་འདི་གྱད་ཡིན་ན་འདི་འདྲས་ཟེ་རེད་ཟེར། སྐྱེས་བུ་དམན་པ་འདི་གས་ཡིན་ན་ག་རེ་རེད་ཟེར་ན་བློ་རྒྱ་ཆུང་ཆུང་སོང་ཙང་ཁོང་ཁྲོ་ཡག་༿ཡས་༾ཀྱི་གོ་སྐབས་དེ་ཧ་ཅང་གི་མང་པོ་ཡོའོ་༿ཡོད་༾རེད་ཟེར། ཅུང་ཟད་གཅིག་གི་ཐོག་ལ་ལམ་སང་ཁོང་ཁྲོ་ཟ་༿ཡི་༾གི་ཡོའོ་༿ཡོད་༾རེད་ཟེར།དཱ་ཡིན་ནའི་ལའི་ཁོང་ཚོ་ཁོང་ཁྲོ་ཟ་པའི་ཞུགས་༿རྗེས་སུ་༾གོ་ལ་ཡ་མི་གཞན་གྱི་ཡིན་ན་ཁོང་ཚོ་ལ་ཡིན་ན་ངོ་མཚུངས་ཞུས་པ་དང་གུས་པས་བཏུད་པ་ཡིན་ནའི་ལའི་འདི་རླུང་ཞི་རྒྱུ་དེ་ཡིན་ན་ཕར་བཞག། འ་མདོའོ་༿ད་དུང་༾དེ་བས་ཀྱང་ག་རེ་བྱེད་བར་༿པར་༾འགྲོ་གི་༿ཡི་༾ཡོའོ་༿ཡོད་༾རེད་ཟེར་ན།
- དགགྱོང་པོ།མི་གཞན་གྱི་སོ་སོ་ལ་ཨ་ནི་་་་དགོངས་པ་མ་ཚོམ་ད་རྗེས་མ་འདི་འདྲས་བྱེད་ཀྱི་མིན།ཨ་ནི་་་་སེ་འདྲས་བྱས།གུས་ཞབས་བྱས།འདི་འདྲས་ཀྱི་བཏུད་པ་ཡིན་པ་ཡིན་ན་ལྷག་པར་ག་རེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། འ་མདོའོ་༿ད་དུང་༾དེ་བས་ཀྱང་གྱོང་པོ།གཤིས་ཀ་ངན་པ།རེངས་བྱས། འོ་་་།འདི་འདྲས་ཆགས་འགྲོ་ཀྱི་༿ཡི་༾ཡོའོ་༿ཡོད་༾རེད་ཟེར། འདི་ཡིན་ན་དམ་པ་དང་སྐྱེས་བུ་དམན་པ་གཉིས་ཁོང་ཁྲོ་པའི་གནས་སྐབས་སུ་འབྲས་བུ་འདི་གཉིས།འོ་་་།གཅིག་པ་མ་རེད་ཟེར།
- དགདཔེར་ན་ཆ་བཞག་གསེར་དང་དངུལ་ཟེར་ངན་༿བ་༾འདི་ག་ཚད་ཀྱི་མཁྲགས་པ་༿མཁྲེགས་པོ་༾ཡོད་ནའི།གསེར་དང་དངུལ་དེ་ག་ཚད་ཀྱི་མཁྲགས་པ་༿མཁྲེགས་པོ་༾ཡོད་པ་ཡིན་ནའི་ལའི་འདི་འདྲས་ཀྱི་མེ་དང་འདི་འདྲས་ལ་བཀབ་བྱས་བཞུར་པ་ཡིན་ན་བཞུར་ཐུབ་ཀྱི་ཡོའོ་༿ཡོད་༾རེད། མར་ནང་བཞིན་བཞུར་ཐུབ་ཀྱི་ཡོའོ་༿ཡོད་༾རེད། ག་ཚད་ཀྱི་མཁྲེགས་པོ་ཡོད་ནའི་བཞུར་ཐུབ་ཀྱི་ཡོའོ་༿ཡོད་༾རེད།
- དགཡིན་ནའི་ཁྱི་དང་དེ་ཚོ་མཁྲགས་༿མཁྲེགས་༾པོ་ག་ཚོད་ཡོད་ནའི་ད་ཁྱི་དང་ལུད་དེ་ཡིན་འགྲོ་པ་ད་ཁྱི་དེ་ཡོའོ་༿ཡོད་༾རེད་པཱ་ཁྱི་ལུད།ཁྱིའི་བརྩོག་པ།འ་་་་།མི་གཙང་བ།འདི་ཡིན་ན་ག་རེ་རེད་ཟེར་ན་བཞུ་བྱས་དྲི་མ་ཁ་རོག་རང་རེད།ཕན་ཐོགས་ཡོའོ་༿ཡོད་༾མ་རེད།བྱས་ཙང་འདི་ག་རེ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན།གསེར་དངུལ་སྲ་ཡང་བཞུ་ནུས་ཟེར་ན་གསེར་དངུལ་དེ་ཡིན་ན་དམ་པ་ལ་ཆ་བཞག།དམ་པ་ལ་ཆ་བཞག། དཱ་དམ་པ་དེ་ག་ཚད་ཀྱི་ཁྲོས་པ་དང་ག་ཚད་བྱས་པ་ཡིན་པ་ཡིན་ནའི་གསེར་དངུལ་བཞུ་ཐུབ་པ་ནང་བཞིན་ཁོང་ཁྲོ་ཟས་ཚར་པའི་གཞུག་གུ་༿རྗེས་སུ་༾ལ་ཡ་ལམ་སང་༿སེང་༾ཞི་བདེ་པོ་ཡོའོ་༿ཡོད་༾རེད།
- དགད་ཡིན་ནའི་ཁྱི་ལུད་དེ་ཡིན་ན་ག་༿གང་༾ལ་ཆ་བཞག་པ་རེད་ཟེར་ན།སྐྱེ་བོ།སྐྱེས་བུ་དམན་པའམ་བློ་རྒྱ་ཆུང་བ་འདི་འདྲས་གཅིག་ལ་ཆ་བཞག།འདི་ཡིན་ན་ག་རེ་རེད་ཟེར་ན་ཧ་ཅང་བཞུ་སླ་བ་རེད། རེད་པཱ།ཁོང་ཁྲོ་ཟ་སླ་བ་རེད། དཱ་དེ་སླ་བ་རེད་དེའི་མཐའ་མ་དེའི་ཡ་༿དེ་ལ་༾འབྲས་བུ་དེ་ལ་ག་རེ་ཡོང་གི་ཡོའོ་༿ཡོད་༾རེད་ཟེར་ན།དྲི་ངན། སྐྱེ་བོའི་སྣ་ལ་ཡིན་ན་དྲི་ངན་པ།འ། འདི་འདྲས་གཅིག་ཡོང་གི་ཡོའོ་༿ཡོད་༾རེད་ཟེར།
- དགབྱས་ཙང་འོ་ན་་་་འདི་ཡིན་ན།འོ་་་།སྐྱེས་བུ་ཡིན་ན་མཁས་པ་དང་དམན་པ་ཡིན་ན་སྤེལ་མར་ལ་ཡ་བརྟག་པའི་ནང་ལོག་གི་ཤོ་ལོ་ཀ་གཅིག་རེད། མཐའ་མ་དེའི་ཡ་༿འདི་ལ་༾ག་རེ་རེད་ཟེར་ན།འདི་འདྲས་གཅིག་ཡོའོ་༿ཡོད་༾རེད་ཤོ་ལོ་ཀ།འདི་ག་རེ་རེད་ཟེར་ན། སྐྱེས་མཆོག་རང་གི་སྐྱོན་ལ་བལྟ། སྐྱེ་བོ་ངན་པ་གཞན་སྐྱོན་འཚོལ། རྨ་བྱ་རང་གི་ལུས་ལ་རྟོགས། སྲིན་བྱ་གཞན་ལ་ལྟས་ངན་གཏོང་།
- དགའདིའི་ནང་ལོག་ལ་ཡ་ང་ཚོ་རང་གི་མིང་ཚིག་འདི་མ་ཤེས་འདིའི་སྤྱིར་བཏང་བྱས་པ་ཡིན་པ་ཡིན་ན་སྲིན་བྱ་ཟེར་ཡག་༿ཡས་༾ད་ག་རང་རེད་བཞག། སྲིན་བྱ།འོ་་་།འདི་རེད་བཞག།སྲིན་བྱ།སྲིན་བྱ་ཟེར་ན་བྱ་གཅིག་གི་མིང་རེད། ང་ཚོ་བོད་རིགས་ཀྱི་དམངས་སྲོལ་ལ་ཡ་བཤད་སྟངས་ག་༿གང་༾འདྲས་གཅིག་ཡོའོ་༿ཡོད་༾རེད་ཟེར་ན།
- དགདམངས་ཁྲོད་ལ་ཡ་བཤད་སྟངས་འདི་འདྲས་གཅིག་ཡོའོ་༿ཡོད་༾རེད། སྲིན་བྱ་ཟེར་ཡག་༿ཡས་༾དེ་གལ་སྲིད་རང་གི་ཐོག་ཁར་ལ་ཡ་བབ་པ་བྱས།སྲིན་བྱས་སྐད་བརྒྱབ་པ་ཡིན་ན་ཨ་ནི་་་་དཱ་དེ་རྟགས་མཚན་ངན་པ་ལྟས་ངན་པ་རེད། སྲིན་བྱས་སྐད་དེས་མི་ལ་ཡ་ལྟས་ངན་གཏང་གི་ཡོའོ་༿ཡོད་༾རེད། རྟགས་མཚན་ངན་པ་བསྟན་གྱི་ཡོའོ་༿ཡོད་༾རེད།འོ་་་།འདི་བཤད་སྲོལ་ཡོའོ་༿ཡོད་༾རེད།
- དགདཔེར་ན།ཨོའོ་་་།སྲིན་བྱ་ཐོག། དཔེར་ན་གཙང་ངོས་ལ་ཡིན་ན་སྲིན་བྱ་ཐོག་ཁར་འབབ་པ་དང་དཔོན་པོ་སྒྲ་ཆེན་སྒོ་ཁར་སླེབས་པ་གཅིག་པ་ཡིན།དཱ་གང་ལྟར་ཟེར་ན་བཀྲ་མ་ཤིས་པའི་བྱ་བ་གཅིག་ཡོའོ་༿ཡོད་༾རེད། ཡག་ག་༿ཡག་པ་༾གཅིག་ཡོའོ་༿ཡོད་༾མ་རེད།འོ། འདི་འདྲས་ཟེ་བཤད་སྲོལ་ཡོའོ་༿ཡོད་༾རེད། འདི་བྱ་གཅིག་གི་མིང་རེད།སྲིན་བྱ།
- དགདཱ་དེའི་ཡ་༿འདི་ལ་༾ག་རེ་བཤད་པ་རེད་ཟེར་ན། སྐྱེས་མཆོག་ཟེར་དུས་ཙ་ནས།སྐྱེས་བུ་མཆོག་ཏུ་འགྱུར་བ།སྐྱེས་བུ་དམ་པ།མཁས་པ། སྐྱེས་བུ་དམ་པ།མཁས་པ།མཆོག་ཏུ་གྱུར་པ་དེ་ཚོས་ག་རེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན། དུས་རྟག་ཏུ་རང་ཉིད་ཀྱི་ཡིན་ན་བྱ་བ།རང་ཉིད་ལ་ཡ་སྐྱོན་ག་རེ་ཡོད་པ་དེ་རང་གིས་རང་ལ་ཡ་བརྟག་པ་བྱེད་ཀྱི་ཡོའོ་༿ཡོད་༾རེད། ཨོ་་་།ངས་བྱས་པའི་བྱ་བ་འདི་གས་ཀྱི་ནང་ལོགས་ལ། ཨོ་་་།སྐྱོན་འདི་འདྲས་གཅིག་འདུག་རྗེས་མ་ཡིན་ན་འདི་བྱེད་ཀྱི་མིན་དཱ། དཱ་ང་རྗེས་མ་བྱ་བ་འདི་འདྲས་ཀྱི་ཐོག་ལ་ཡ་ངས་འདི་འདྲས་བྱས་ན་སྐྱོན་རེད་ང་འདི་བྱེད་ཀྱི་མིན་དཱ། དུས་རྟག་ཏུ་རང་གི་སྐྱོན་འཚལ་གྱི་ཡོའོ་༿ཡོད་༾རེད་ཟེར། རང་སྐྱོན་འཚལ་གྱི་ཡོའོ་༿ཡོད་༾རེད་ཟེར།
- དགསྐྱེ་བོ་ངན་པ་དེ་ཚོ་དེ་ལས་ལྡོག་སྟེ།སོ་སོའོ་སྐྱོན་དེ་ཁྱོན་ནས་༿རྩ་བ་ནས་༾མ་འཚལ་པར་མི་གཞན་གྱི་སྐྱོན་དེ་བཙལ་བྱས་འཚལ་གྱི་ཡོའོ་༿ཡོད་༾རེད་ཟེར། བྱས་ཙང་སྤྱིར་ང་ཚོས་ཡིན་ན་ནམ་རྒྱུན་ནས་བཤད་ཀྱི་རེད། ག་རེ་བཤད་ཀྱི་རེད་ཟེར་ན། རང་ལ་བལྟ། མི་ལ་བལྟ་བའི་མིག་ཡོད་ཀྱང་།རང་ལ་བལྟ་ན་མེ་ལོང་དགོས། ང་ཚོས་ཆ་བཞག་ན་མི་གཅིག་ལ་ཡ། ཨོའོ་་་།སོ་སོའི་གདོང་ལ་ཡ་ནག་པོ་འདི་འདྲས་འགོས་ཡོའོ་༿ཡོད་༾རེད་དེ་གཅིག་ཡའི་༿གང་ཡང་༾ཧ་མ་གོ་པ་བྱས།མི་གཞན་ལ་ཡ།ཨོའོ།ཁོའི་༿ཁོང་གི་༾གདོང་ནག་པོ་འགོས་བཞག།ཁོའི་༿ཁོང་གི་༾གདོང་མདོག་ཉེས་པ་ལ་ཨ་་་།འདི་འདྲས་ཟེར་བཤད་ཀྱི་ཡོའོ་༿ཡོད་༾རེད།
- དགམི་ལ་བལྟ་བའི་མིག་འདི་ལྟ་ཡོའོ་༿ཡོད་༾རེད་ཡིན་ནའི་དུས་རྟག་ཏུ་རང་ལ་བལྟ་པ་༿བ་༾ཡིན་ན་མེ་ལོང་གཅིག་དགོས་ཀྱི་ཡོད་པ་ནང་བཞིན།སྐྱེས་བུ་དམ་པ་འདི་ཚོས།འོ་་་།འདི་འདྲས་ཟེ་བྱེད་ཀྱི་ཡོའོ་༿ཡོད་༾རེད།དུས་རྟག་ཏུ་རང་ལ་བལྟ་ཡག་༿ཡས་༾ཀྱི་མེ་ལོང་བསྟན་བྱས་རང་གི་སྐྱོན་འཚལ་གྱི་ཡོའོ་༿ཡོད་༾རེད། ཨོ་་་།དཔེར་ན་བྱ་བ་གཅིག་བྱས་། མི་མང་པོ་དང་མཉམ་དུ་བྱ་བ་གཅིག་བྱས།མི་གཉིས་ལྷན་དུ་བྱ་བ་གཅིག་བྱས་པ་ཡིན་ན།སྐྱེས་བུ་དམ་པ་དེས་ག་རེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན་བྱ་བ་དེ་མ་བསྒྲུབ་པ་ཡིན་པ་ཡིན་ན། ཨོ་་་།འདི་ངའི་སྐྱོན་རེད།ངའི་སྒང་ལ་ག་རེ་སྐྱོན་ལྷག་འདུག་གས༿གམ༾། སྐྱོན་འདི་སོ་སོའོ་སྟེང་ལ་འཚལ་གྱི་ཡོའོ་༿ཡོད་༾རེད།
- དགསྐྱེ་བོ་ངན་པའམ་བློ་རྒྱ་ཆུང་བའམ།སྐྱེ་བ། སྐྱེ་བོ་དམན་པ་དེ་ཚོས་ག་རེ་བསམ་བློ་གཏང་གི་ཡོའོ་༿ཡོད་༾རེད་ཟེར་ན།ཨོ་་་།སྐྱོན་འདི་ཁོའི་སྒང་ལ་ཡོའོ་༿ཡོད་༾རེད།ཁོས་ག་རེ་བྱས་པ་རེད།ངས་ལྟ་འདི་འདྲས་བྱས་པ་ཡིན།ཁོས་ག་༿གང་༾འདྲས་བྱས་འདུག་གས། འོ་་་།འདི་འདྲས་ཟེ་བྱས་བྱས་སྐྱོན་ཐམས་ཅད་མིའི་སྟེང་ལ་ཡ་ཕར་འཚལ་ཀར་༿བར་༾འགྲོ་གི་༿ཡི་༾ཡོའོ་༿ཡོད་༾རེད་ཟེར།
- དགདཔེར་ན་ཆ་བཞག། བྱ་རྨ་བྱ་ཟེར་ཡན་༿མཁན་༾འདི་དུས་རྟག་ཏུ་ཡིན་ན་མཛེས་པ་ལ་ཡ་དགའ་པོ་རེད། ཁྲ་ཁྲ་ལ་ཡིན་ན།ཧར་པོ་ལ་ཡ་དགའ་པོ་རེད། བྱས་ཙང་རྨ་བྱས་ཡིན་ན་དུས་རྟག་ཏུ་རང་ལུས་ལ་ཡིན་ན་མཛེས་པོ་ཡོང་ཡག་༿ཡས་༾ཆེད་དུ་རང་གི་ཡིན་ན་རྨ་བྱའི།འོ་་་།སྒྲོ་མདོངས་དང་དེ་ཚོ་ལ་ཡིན་ན་དུས་རྟག་ཏུ་བརྟག་གི་ཡོའོ་༿ཡོད་༾རེད་བྱས་པ་རེད། རྟོག་པ་འམ་དཔྱད་པ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར། འོ།རྨ་བྱ་ཡིན་པ་ཡིན་ན།
- དགསྲིན་བྱ་དེ་ཡིན་ན་རྟག་པར་ག་རེ་བྱེད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན་མི་གཞན་ལ་ཡ་ལྟས་ངན་པ་འམ་རྟགས་མཚན་ངན་པ་དེ་སྟོན་གྱི་ཡོའོ་༿ཡོད་༾རེད་ཟེར། མདོར་བསྡུས་བཤད་ན།རྨ་བྱ་དེ་ད་རེ་༿རེས་༾དེའི་ཡ་༿འདི་ལ་༾ག་རེ་ནང་བཞིན་ལ་བཞག་པ་རེད་ཟེར་ན།སྐྱེས་མཆོག་ནང་བཞིན།དུས་རྟག་ཏུ་རང་སྐྱོན་འཚོལ་བ།སྲིན་བྱ་དེ་ཡིན་ན་སྐྱེ་བོ་ངན་པ་ནང་བཞིན་དུས་རྟག་ཏུ་གཞན་གྱི་སྟེང་ལ་ཡ་ཕར་སྐྱོན་འཚོལ་བའམ་གཞན་ལ་ཡ་མི་ཕན་པ་བྱེད་པ།འོ་་་།འདི་འདྲས་ཟེར་བྱེད་ཀྱི་ཡོད་པ་འདི་ཚིགས་བཅད་ཤོ་ལོ་ཀ་འདིའི་དོན་དག་རེད།
- དགམདོར་བསྡུས་བྱས་བཤད་པ་ཡིན་པ་ཡིན་ན་ང་ཚོས་དེའི་ཡ་༿འདི་ལ་༾བཤད་ཡག་༿ཡས་༾འདི་ས་སྐྱ་ལེགས་བཤད་ཀྱི་ནང་ལོགས་ནས་ཚིགས་བཅད་ཤོ་ལོ་ཀ་འགའ་ཤས་གཅིག་རེད་དེ་ལེ་༿ཡིན་ནའང་༾ས་སྐྱ་ལེགས་བཤད་ཁོ་རང་རང་གི་ནང་དོན་དེ་གཙོ་བོ་དེའི་ག་རེ་བཤད་ཀྱི་ཡོའོ་༿ཡོད་༾རེད་ཟེར་ན།
- དགས་སྐྱ་མཛད། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ཁོང་གི་དུས་ཚོད་རིང་པོ།དུས་ཡུན་རིང་པོ།ཤེས་བྱའི་གནས་ལ་ཡ་སྦྱངས་པ་མཐར་ཕྱིན་པ་བྱས་པའི་མཐའ་མ་དེའི་ཡ་མི་ཀུན་ལ་ཡ་བརྟག་པ་བྱས་པའི་འབྲས་བུ་དེ་ཁོང་གི་དེའི་ཡ་གསུངས་པ་རེད། ཡང་སྙིང་ག་༿གང་༾འདྲས་གཅིག་བྱས་པ་ཡིན་ན་མཁས་པ་རེད།ག་༿གང༾འདྲས་གཅིག་བྱས་པ་ཡིན་ན་བླུན་པོ་རེད། ང་ཚོས་ཡིན་ན་ཡང་སྙིང་མཁས་པ་དེའི་གནས་འདི་གས་ག་༿གང་༾འདྲས་ཟེར་ལེན་དགོས་རེད།བླུན་པོ་དེའི་སྐྱོན་འདི་གས་ག་༿གང་༾འདྲས་ཟེར་དོར་དགོས་རེད། འདི་འདྲས་ཀྱི་བླང་དོར་སྤངས་བླངས་ཀྱི་གནས་ལ་ཡ།འ་་་།བསླབ་བྱ་དང་གདམས་ངག་གནང་པ་འདི་ས་སྐྱ་ལེགས་བཤད་ཀྱི་ནང་དོན་གཙོ་བོ་རེད། ཨ་ནི་་་་དེ་རིང་གི་འཁྲིད་མཚམས་དེའི་༿འདི་ལ་༾བཞག།