Skip to main content Skip to search
15 Dec 2011
25 min 58 sec
Rating
0
No votes yet
Video Overview
Creators: 
Unknown

Tibet University Professor Pasang Wangdu provides an oral commentary on selections from the Ba Shé.

Show More

  • སྦ་བཞེད་ཟེར་ཡས་དེ་ང་ཚོ་བོད་ཀྱི་རྒྱལ་རབས་ཆོས་འབྱུང་ལ་བྱས་པ་ཡིན་ན།
  • དེ་དཔེ་ཆ་རྙིང་ཤོས་གཅིག་ལ་བརྩིས་ཀྱི་རེད་པཱ།
  • དེ་སྦ་བཞེད་ཟེར་དགོས་ཡས་ཀྱི་རྒྱུ་མཚན་ཁོ་ག་རེ་རེད་ཟེར་ན།
  • ཡི་གེ་དེ་ས་བ་བཏགས་སྦ། བ་ཞ་འགྲེང་བཞེད་ད་བཞེད་ཟེར་འདུག་བཟོ་བྲིས་ཡོའོ་རེད།
  • དེ་བཤད་ཡས་ལ་བྱས་པ་ཡིན་ན་དུས་རབས་བདུན་པའི་ནང་ལ་ད་གཅིག་གི་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུའི་དུས་ལ་བློན་པོ་སྦ་གསལ་སྣང་ཟེར་མཁན་གཅིག་གིས་བྲིས་པ་ལ་བརྟེན་ནས་སྦའི་བཞེད་པ་ཟེར་སྦ་བཞེད་ཟེར་མིང་བཏགས་པ་ཡིན་ཟེར་ལོ་རྒྱུས་སྒང་ལ་བཤད་སྲོལ་དེ་གྲས་ཡོའོ་རེད།
  • ད་ད་ལྟ་ང་ཚོས་བོད་རང་ལ་ཆ་བཞག་ན་སྦ་བཞེད་ཞེས་པ་དེ་དཔེ་ཆ་དེ་མཐོང་ཡས་དེ་དཔེ་ཆ་གཅིག་ལས་ཡོའོ་མ་རེད་གཅིག་ལས་ཡོའོ་མ་རེད་བོད་ཡོངས་ལ།
  • གཅིག་པོ་དེ་གང་རེད་ཟེར་ན།
  • ང་ཚོ་བོད་ཀྱི་ཡིག་ཚགས་ལས་ཁུངས་ནང་ཡོད་པའི་དཔར་མ་གཅིག་བྱས།
  • དེ་སྔོན་པེ་ཅིང་མི་རིགས་ཕོ་བྲང་ལ་ཉར་ཚགས་བྱས་པའི་དཔར་མ་གཅིག
  • དེ་སྔོན་སྤྱི་ཚོགས་ཚན་རིག་ཁང་གི་དབུ་འཛིན་ཟུར་པ་ཕུན་ཚོགས་ཚེ་རིང་ལགས་སྐུ་སྒེར་གྱི་ཕྱག་ལ་ཡོད་པའི་དཔར་མ་གཅིག་བྱས་དཔར་མ་མི་འདྲ་བ་གསུམ་དཔྱད་བསྡུར་བྱས་བྱས་དེབ་གཅིག་1980་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བརྒྱབ་པ་རེད་དཔར་བརྒྱབ་པ་རེད།
  • དེ་ད་ལྟ་ང་ཚོ་རྒྱལ་ཁབ་ཕྱི་ནང་བོད་ནང་ལ་མཐོང་ཡས་ཡོད་པའི་སྦ་བཞེད་དབེ་གཅིག་རང་ལས་ཡོའོ་མ་རེད་ཟེར་ཡས་དེ་དེབ་འདི་རེད།
  • དེ་ས་བ་བཏགས་སྦ། བ་ཞ་འགྲེ་ཞེད་ད་ཟེར་བྲིས་ཡོའོ་རེད་སྦ་བཞེད།
  • ད་ང་ཚོ་ཕྱི་རྒྱལ་ལུང་པ་ལ་ཆ་བཞག་ན་ཡོ་རོབ་ལུང་པ་ལ་ཆ་བཞག་ན་༡༩༦༠ལོར་ཕ་རན་སི་མཁས་པ་སི་ཏན་ལ་སྦ་བཞེད་ཞབས་བཏགས་མ་ཟེར་བྲིས་མ་གཞན་དག་་དེབ་ཅིག་རགས་པ་རེད།
  • དེ་ཡིན་ན་ཁོང་རང་གིས་ཕར་གྱིས་༡༩༦༡ལོར་ནུབ་ཕྱོགས་རྒྱལ་ཁབ་པཱ་ལི་ལ་དཔར་བཀྱོན་་བྱས་ཡིན་ན་ཕྱི་རྒྱལ་གྱི་མཁས་པ་མང་པོས་བོད་རིག་པ་ཞིབ་འཇུག་གནང་མཁན་གི་མཁས་པ་མང་པོས་སྦ་བཞེད་འདི་དང་སྦ་བཞེད་འདི་གཉིས་བརྩིས་པའི་ཡིན་ན་དཔྱད་བསྡུར་གནང་ཡས་ཀྱི་སྦ་བཞེད་གཉིས་ཙམ་ཡོའོ་རེད།
  • ད་སྦ་བཞེད་ཀྱི་དཔེ་བལྟ་རྐྱང་པ་མིན་པ་ང་ཚོ་སྦ་བཞེད་ཀྱིས་དཔེ་ཆ་ག་པར་མཐོང་ཡས་ཡོའོ་རེད་ཟེར་ན་ང་ཚོ་བོད་ཀྱི་རྒྱལ་རབས་ཆོས་འབྱུང་སྐད་གྲགས་ཡོད་པ་མཁས་པའི་དགའ་སྟོན་ཟེར་ཡས་གཅིག་ཡོའོ་རེད། མཁས་པའི་དགའ་སྟོན་དེ་ཡ་མཚན་པོ་ཞེ་པོ་གཅིག་ཡོའོ་རེད། དེའི་ནང་ལ་སངས་རྒྱས་བསྟན་པ་བོད་ལ་དར་པའི་སྐབས་ཀྱི་ལོ་རྒྱུས་རྒྱལ་པོ་ཁྲི་སྲོང་གི་སྐུའི་རིང་ལ་བསམ་ཡས་གཙུག་ལག་ཁང་བཞེངས་པའི་ལོ་རྒྱུས་དེ་བཤད་དུས་སྦ་བཞེད་ཆེ་འབྲིང་རྒྱས་གསུམ་ཟེར་སྦ་བཞེད་འབྲིང་བ།སྦ་བཞེད་རྒྱས་པ།སྦ་བཞེད་བསྡུས་པ་སྦ་བཞེད་ཀྱི་ནང་དོན་ཧ་ལམ་ཆ་ཚང་བ་འདྲ་གཅིག་་བགྲངས་ཡོའོ་རེད།
  • ད་ཡིན་ནའི་འདི་སྦ་བཞེད་ཟེར་བྱས་བྱས་དཔེ་ཆ་རྐྱང་པ་འདུག་བཟོ་བསྟན་ཡས་ཡོའོ་མ་རེད། འདུག་བཟོ་བྱས་ཙང་དེང་སང་ང་ཚོས་མཐོང་ཡས་ཧ་ལམ་སྦ་བཞེད་ཟེར་ཨེ་འདྲས་གསུངས་རེད། ད་ཡིན་ན་ཡང་ལོ་གཉིས་ཀྱི་གོང་ལ་ང་ཡར་གཅིག་གིས་སྟབས་ཡག་ག་གཅིག་གིས་ལྷ་ས་ནས་སྦ་བཞེད་བྲིས་མ་རྙིང་མ་གཅིག་རགས་པ་རེད། བྲིས་མ་རྙིང་མ་པ་དེའི་མིང་ལ་ས་བ་བཏགས་སྦ་བ་ཞ་འགྲེང་པོ་ཞེད་ཟེར་བྲིས་མེད་པ་བྱས་ག་རེ་བྲིས་ཡོའོ་རེད་ཟེར་ན་དབའ་བཞེད་ཟེར།
  • འདིར་ངས་ཡིག་གེ་ད་ཝའི་བ་འ་ཟེར་དེང་སང་གི་ཀློགས་སྟངས་བྱས་པ་ཡིན་ན་ད་ཝ་འ་བ་ཞ་འགྲེང་པོ་ཞེད་ད་ཟེར་བྱས་བྱས་དབའ་བཞེད་ཟེར་ཀློགས་ཀྱི་ཡོའོ་རེད།ད་བཙན་པོའི་དུས་ལ་ངས་ཚོད་དཔགས་བྱས་པ་ཡིན་ན་བཙན་པོའི་དུས་ལ་ཡིག་གེ་དེ་ཀློག་སྟངས་སྒྲ་བྱས་པ་ཡིན་ན་ད་ཝ་འ་བ་ཞ་འགྲེ་པོ་ཞེད་ཟེར་ཀློག་གི་མིན་འགྲོ་བསམས་པའི་དེ་འདྲས་ཀྱིས་ཚོད་དཔགས་གཅིག་རེད།
  • ད་དེ་ཡིན་དུས་ཙམ་པ་སྦ་བཞེད་ལ་བྲིས་མ་མི་འདྲ་བ་མང་པོ་ཡོང་ཡས་ཀྱི་རྒྱུ་མཚན་དེ་ག་རེ་རེད་ཟེར་ན།
  • ང་ཚོའི་ལོ་རྒྱུས་ཐོག་ལ་བཤད་སྲོལ་ཡོད་པའི་ཁྲི་སྲོང་ལྡེ་བཙན་གྱི་སྐུའི་དུས་ལ་བློན་པོ་སྦ་གསལ་སྣང་གིས་བརྩམས་པའི་སྦ་བཞེད་ཟེར་ཡས་དེ་དེབ་ངོ་མ་དེ་དེང་སང་མཐོང་ཡས་མི་འདུག་ང་ཚོས་མཐོང་ཡས་ཡོད་པའི་སྦ་བཞེད་ཡིན་ནའི་འདྲ་སྦ་བཞེད་ཞབསབཏགས་མ་ཡིན་ནའི་འདྲ་དབའ་བཞེད་ཡིན་ནའི་འདྲ་འདི་མང་ཆེ་བ་ངས་ཚོད་དཔགས་བྱས་པ་ཡིན་ན་དུས་རབས་བཅུ་པ་བཅུ་གཅིག་ནང་བརྩམས་བཞག
  • དཔར་མ་ཤ་སྟག་རེད་དེ་ཡིན་དུས་ཙམ་པ་དཔར་མ་དེ་གཉིས་གསུམ་ལས་སྔ་གཏིང་ཡོའོ་རེད་ད་ལོ་གཉིས་ཀྱི་སྔོན་ལ་ངའི་ལག་པར་འབྱོར་པའི་དབའ་བཞེད་ཡོད་པའི་སྦ་བཞེད་ད་ཝ་བ་འ་བ་ཝ་ཞ་འགྲེང་པོ་ཞེད་ཟེར་དེང་སང་གི་སྒྲ་བྱས་པ་ཡིན་ན་དབའ་བཞེད་ཟེར་ཡས་དེ་དཔར་མ་རྙིང་ཤོས་གཅིག་ལ་ཆ་བཞག་གི་ཡོད་དཔར་མ་རྙིང་ཤོས་གཅིག་ལ་ཆ་བཞག་གི་ཡོད་ད་ང་ཚོ་སྔོན་མ་བོད་ཀྱི་གཅིག་གི་མཁས་པའི་གསུངས་བརྩོམས་ལ་བྱས་པ་ཡིན་ན་དཔེ་ཆ་འདི་ལ་མིང་མི་འདྲ་བ་ཞེ་དྲགས་འདུག
  • སྦ་བཞེད་ས་བ་བཏགས་སྦ་བ་ཞ་འགྲེང་པོ་ཞེད་ད་སྦ་བཞེད་འདུག
  • རྦ་བཞེད་ར་བ་བཏག་བ་ཞ་འགྲེང་པོ་ཞེད་ད་རྦ་བཞེད་འདུག
  • སྦ་བཞེད་ཞབས་བཏགས་མ་ཡང་ན་བསམ་ཡས་བཀའ་ཐང་བསམ་ཡས་བཀའ་གཙིགས་ཆེན་མོ་ལྷ་སྲས་བཙན་པོའི་བཀའ་གཙིགས་སོགས་པ་མིང་ཡིན་ན་འདྲ་མིན་སྣ་ཚོགས་གཅིག་འདུག
  • ད་ལྟ་ང་ཚོས་ངོས་འཛིན་བྱེད་ཡས་ལ་ང་ཚོས་མཐོང་ཡས་ཡོད་པའི་སྦ་བཞེད་མིན་པ་དབའ་བཞེད་འདི་ཆེས་སྔ་ཤོས་གཅིག་ཡིན་པ་བཙན་པོའི་དུས་ལ་ཐག་ཉེ་ཙམ་གཅིག་ཡིན་དུས་ཙམ་པ་དེ་སྔོན་གྱི་དཔེ་བསྐྲུན་བྱས་པའི་སྦ་བཞེད་དེ་ས་བ་བཏག་བ་ཞ་འགྲེང་པོ་ཞེད་ད་སྦ་བཞེད་མི་རིགས་དཔེ་སྐྲུན་ཁང་གིས་༡༩༨༠ལོར་དཔེ་བསྐྲུན་བྱས་པ་འདི་དང་ཕྱི་རྒྱལ་ལ་དཔེ་བསྐྲུན་བྱས་པའི་སྦ་བཞེད་ཞབས་བཏགས་མ་ལས་འདི་ཁུངས་བཙན་པ་ནང་དོན་ཡིན་ན་གཅིག་གི་ཡིད་ཆེས་ཆོག་པའི་ཁྱད་ཆོས་ཡིན་ནའི་མང་པོ་ཞེ་པོ་གཅིག་ཡོའོ་རེད།
  • ད་འོ་ན་སྦ་བཞེད་ཟེར་ཡས་དེ་གཙོ་བོ་ནང་དོན་ག་རེ་བཤད་ཀྱི་ཡོའོ་རེད་ཟེར་ན།
  • སྦ་བཞེད་ཟེར་ཡས་དེ་སངས་རྒྱས་བསྟན་པ་ཐོག་མ་བོད་ལ་འདིར་གཅིག་གིས་གང་འདྲས་ཟེར་དར་པ་རེད་བསམ་ཡས་གཙུག་ལག་ཁང་ཨཱ་ལོ་རྒྱུས་ཀྱི་རྒྱུ་རྐྱེན་གང་འདྲ་གཅིག་གི་འོག་ལ་བཞེངས་ཡོའོ་རེད། བཞེངས་ཡོད་པའི་བརྒྱུད་རིམ་དེ་གང་འདྲས་ཡིན་མིན་དེ་འདྲས་ཀྱི་ངོ་སྤྲོད་བྱེད་ཡས་བོད་ཀྱི་རྒྱལ་རབས་ཆོས་འབྱུང་ནང་ནས་ཡིན་ན་དེབ་དེ་རྩ་ཆེན་པོ་གཅིག་ལ་བརྩིས་ཀྱི་ཡོའོ་རེད།
  • ཉུང་ན་ལོ་གཉིས་ཙམ་གཅིག་གོང་ལ་དབྱིན་ཇི་ནས་བསྟོན་པའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཆོས་འབྱུང་གི་དཀར་ཆག་གཅིག་དཀར་ཆག་དེའི་ནང་ལ་སྦ་བཞེད་འདི་བོད་ཀྱི་ད་ཡོད་རྒྱལ་རབས་ལོ་རྒྱུས་ཆོས་འབྱུང་ནང་ཨང་དང་པོར་བཞག་ཡོའོ་རེད་ལོ་རྒྱུས་དུས་ཚོད་རིང་ཤོས་དེ་ལ་བཞག་པ་ཡིན་ན་རྒྱུ་མཚན་ཆེན་པོ་ཞེ་དྲགས་ཡོའོ་རེད།
  • ཨཱ་ངས་ངོས་འཛིན་བྱེད་ཡས་ལ་སྦ་བཞེད་འདི་ད་ལྟ་མཐོང་ཡས་ཡོད་པའི་དབའ་བཞེད་འདི་དུས་རབས་བཅུ་པའི་གཡས་གཡོན་གྱི་དེབ་ཡིན་པ་ཨཱ་སྦ་བཞེད་འདི་དུས་རབས་བཅུ་གཅིག་གཡས་གཡོན་གྱི་དེབ་ཡིན་པ་སྦ་བཞེད་ཞབས་བཏགས་མ་འདི་དུས་རབས་བཅུ་བཞིའི་ནང་གི་དེབ་ཡིན་པ་ང་ཚོ་སྦ་བཞེད་ཀྱི་མཇུག་བྱང་གི་གཅིག་ཚིག་དོན་གྱི་ཤུགས་ཐོག་ནས་དེ་འདྲས་གཅིག་ཡིན་རྟོགས་ཐུབ་ཀྱི་རེད།
  • བྱས་ཙང་ཉེ་ཆར་དཔེ་བསྐྲུན་བྱས་པའི་སྦ་བཞེད་ཡིན་ན་ག་མིན་ཚད་ཀྱི་རྩ་ཆེན་པོ་རྩ་ཆེན་པོ་ཡོད་པ་དེ་ག་རེ་རེད་ཟེར་ན་དེའི་ནང་ལ་སྦ་བཞེད་འདི་ལས་དུས་ཚོད་་ཕྱི་བའི་སྦ་བཞེད་དཔར་མ་གཞན་དང་མི་འདྲ་བའི་ལོ་རྒྱུས་དངོས་དེ་ཙམ་གྱི་མང་ཙམ་ཡོད་པ་དེའི་ནང་ལ་གཅིག་གི་དམངས་ཁྲོད་ཀྱི་གཅིག་གི་བཤད་སྲོལ་ལ་སོགས་པ་དམངས་ཁྲོད་ཀྱི་བརྩམས་པའི་སྒྲུང་ལ་སོགས་པའི་མ་དག་རྒྱུན་འཁྱམས་ལ་ཕྱིན་པའི་བཤད་སྲོལ་དེ་ཡིན་ན་ཨཱ་དཔྱད་བསྡུར་བྱས་པ་ཡིན་ན་དབའ་བཞེད་ནང་ལ་ཡིན་ན་ཉུང་ཙམ་གཅིག་ཡོའོ་རེད།
  • བྱས་ཙང་དེང་སང་སྟབས་ལེགས་པ་གཅིག་ལ་ཡིན་ན་ད་ང་ཚོ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ལ་གང་དང་ཡོའོ་རོབ་ཀྱི་གཅིག་གི་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཀྱི་ཨཱ་བོད་རིག་པ་ཞིབ་འཇུག་ལས་ཁུངས་ཀྱི་མཉམ་འབྲེལ་བྱས་བྱས་ཡིན་ན་ད་ལྟ་སྦ་བཞེད་ཟེར་ནས་མི་འདུག་དབའ་བཞེད་འདི་ཡིན་ན་ཉེ་ཆར་ན་ནིང་ཟླ་བ་བཅུ་གཉིས་ནང་ལ་ཡིན་ན་དབྱིན་ཇེའི་ཡིག་གེ་ཡིན་ན་ཝུས་ཡས་ནཱ༼ཡོ་རོབ་རྒྱལ་ཁབ་ཨའོ་སི་ཕྲོ་ལི་ཡའི་རྒྱལ་སའོ་༽ལ་དཔེ་བསྐྲུན་བྱས་སོ།བྱས་ཙང་འདི་ཡིན་ན།
  • འདི་ཡིན་ན་ངའི་རེ་བ་ལ་ཡིན་ན་གཅིག་གི་བོད་ཀྱི་ལོ་རྒྱུས་ཆོས་འབྱུང་ལ་ཞིབ་འཇུག་བྱེད་མཁན་ལྷག་དོན་དུ་གཅིག་གི་དུས་རབས་བདུ་ན་པའི་ནང་ལ་སྤུར་རྒྱལ་བཙན་པོ་ཁྲི་སྲོང་སྡེ་བཙན་དུས་ལ་བོད་ཀྱི་སྲིད་རེད་ཆོས་ལུགས་ལ་ཞིབ་འཇུག་བྱེད་མཁན་གཅིག་ཡིན་པ་ཡིན་ན་ཕན་ཐོགས་ཆེན་པོ་གཅིག་ཐོགས་ཀྱི་རེད་བསམས་ཀྱིས།
  • སྦ་བཞེད་དེ་ཡིན་ན་ཨཱ་རང་གི་རྩ་བའི་ས་བཅད་བྱས་པ་ཡིན་ན་ས་བཅད་གསུམ་ལས་ཡོའོ་མ་རེད།
  • ཨ་ས་བཅད་དང་པོ་དེ་ཡིན་ན་གཅིག་གི་ཨེ་དུས་རབས་བརྒྱད་པའི་དབུས་ལ་ཡིན་ན་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུའི་དུས་ལ་ཡིན་ན་སངས་རྒྱས་བསྟན་པ་བོད་དུ་གདན་འདྲེན་ཞུ་ཡས་སངས་རྒྱས་བསྟན་པ་བོད་དུ་དར་མགོ་འཚུགས་ཡས་ཀྱི་སྐོར་ལོ་ལ་ཡིན་ན་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡིན་ན་རོབ་ཙམ་གཅིག་ངོ་སྤྲོད་བྱས་ཡོའོ་རེད།
  • དེའི་རྐྱེན་གཙོ་བོ་འདྲ་དེ་ད་ཡིན་ན་ག་རེ་རེད་ཟེར་ན་ཨ་ཁྲི་སྲོང་ལྡེ་བཙན་སྐུ་ཆུང་ངུའི་དུས་ནས་གཅིག་གི་ཕོ་ཉ་བཏང་བྱས་རྒྱ་ནག་ཡིན་ནའི་སངས་རྒྱས་བསྟན་པའི་གདན་འདྲེན་ཞུ་ཡས་ཡིན་ནའི་བལྟ་གོན་ཙམ་དང་ད་ག་ནང་བཞིན་པའི་རྒྱ་གར་བལ་ཡུལ་ངོས་ལ་སངས་རྒྱས་བསྟན་པ་བོད་ལ་དར་ཚུལ་ཙམ་གྱི་ལོ་རྒྱུས་རོབ་ཙམ་གཅིག་ཡོའོ་རེད།
  • ས་བཅད་དང་པོ་དེ་གཙོ་བོ་འདྲ་དེ་དེ་རེད།
  • ས་བཅད་གཉིས་པ་དེ་ག་རེ་རེད་ཟེར་ན་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་པོའི་དུས་ལ་སངས་རྒྱས་བསྟན་པ་དེ་དངོས་སུ་བོད་ལ་དར་པའི་བརྒྱུད་རིམ་དེ་ངོ་སྤྲོད་བྱས་ཡོའོ་རེད་།
  • བརྒྱུད་རིམ་འདིའི་ནང་ནང་དོན་གཉིས་ཚུད་ཡོའོ་རེད་ནང་དོན་དང་པོ་དེ་དང་ཐོག་བློན་པོ་སྦ་གསལ་སྣང་བརྒྱུད་བྱས་ཡིན་ན་རྒྱ་གར་དང་རྒྱ་གར་འཕགས་པའི་ཡུལ་ནས་མཁན་ཆེན་བྷོ་ཏི་ས་དོ་དང་སློབ་དཔོན་པདྨ་གཉིས་གདན་འདྲེན་ཞུས་བྱས་དངོས་སུ་ཡིན་ན་བསམ་ཡས་ལ་གདན་འདྲེན་ཞུས་བྱས་བསམ་ཡས་གཙུག་ལག་ཁང་བཞེངས་པའི་སྐོར་དེ་ངོ་སྤྲོད་བྱས་ཡོའོ་རེད།
  • ཨཱ་ས་བཅད་གཉིས་པ་དེའི་ནང་ལ་ནང་དོན་གཙོ་བོ་དེ་རེད།
  • དེའི་བརྒྱུད་རིམ་ནང་ལ་ཡིན་ན་སངས་རྒྱས་བསྟན་པ་ལ་གཙུག་ལག་ཁང་བཞེངས་པ་དང་དུས་མཚུངས་བོད་ཀྱི་མི་བོད་མི་ཁག་གཅིག་ལ་དགེ་སློང་གི་སྡོམ་པ་མནོན་བྱས་བོད་ཀྱི་རབ་བྱུང་ཐོག་མ་དེ་བྱུང་པའི་ལོ་རྒྱུས་ཡིན་དེ་བཀོད་ཡོའོ་རེད།
  • ས་བཅད་གཉིས་པ་དེ་རེད།
  • ད་ས་བཅད་གསུམ་པ་དེ་ཡིན་ན་འདི་ཡིན་ན་སྦ་བཞེད་དངོས་སུ་རྩ་བའི་སྦ་བཞེད་དངོས་སུ་ང་ཚོའི་ལག་པར་ད་སྦ་བཞེད་ཁུངས་གཙང་མ་འདྲ་བྱུང་པ་ཡིན་ན་ས་བཅད་འདི་ཕལ་ཆེར་ཡོད་མདོག་ཁ་པོ་མ་རེད།
  • འདི་ང་ས་བཅད་འདི་ཕྱིས་སུ་སྦ་བཞེད་ནང་ཕྱི་རབས་ཀྱི་མཁས་པ་ཚོས་བསྣོན་བརྒྱབ་བཞག་པ་ཞིག་རེད་འདི་བསྣོན་དེབ་ནང་ག་རེ་ཡོའོ་རེད་ཟེར་ན་ཁྲི་སྲོང་ལྡེ་བཙན་གཤགས་ཚར་པའི་རྗེས་ལ་མུ་ནེ་བཙན་པོ་ཡིན་ནའི་རེད་ཁྲི་རལ་པ་ཅན་གྱི་སྐུ་དུས་ལ་སངས་རྒྱས་བསྟན་པ་མུ་མཐུད་ནས་རྒྱལ་པོས་སྐྱོངས་བའི་ས་བཅད་ཀྱི་སྐོར་འཁོད་བསྡད་ཡོའོ་རེད།
  • ད་འདི་ནས་ང་ཚོ་འདི་དཔེར་ན་༡༩༨༠ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་བསྐྲུན་བྱས་པའི་སྦ་བཞེད་འདིའི་ནང་ནས་དུམ་བུ་གཅིག་ཀློགས་བྱས་ངས་འགྲེལ་བཤད་འདྲ་པོ་གཅིག་ཞུས་པ་ཡིན་ན་ཤོག་ལེ་འདིའི་ཤོག་ལེ་ལྔ་པ་དེ་ནས་མར་དུམ་བུ་གཅིག་སྒྲོགས་སྦྱངས་ཞུས་བྱས་ཨེ་ངོ་སྤྲོད་རོབ་ཙམ་ཞུ་གི་ཡིན།
  • དེ་ནས་བྱས་རྒྱལ་བུས་ལོ་བཞི་བཞེས་ནས་ཕོ་བྲང་འོམ་བུ་དུ་བཞུགས། རྒྱ་རྗེས་རྒྱལ་པོ་ལ་སྐྱེས་ཆེན་པོ་བསྐུར་ནས་ཕོ་ཉ་བ་འབའ་དེའུ་ལ་་བུ་རྒྱ་ཕྲུག་གར་མཁན་བྱ་བ་ཞིག་ཡོད་པ་དེ་རྒྱལ་པོའི་རྩེ་ཟླར་ཕུལ། ཡབ་རྒྱལ་པོ་དམ་པའི་ཆོས་མཛད་པར་བཞེད་ནས། ཆོས་རྒྱ་གར་ན་ཡོད་པས་རྒྱ་གར་རྒྱལ་པོའི་ཐུགས་བཟུངས་བའི་སླད་དུ་སྐྱེས་དང་ཕོ་ཉ་བ་ལྷོ་བལ་དུ་བརྫངས་པས། ཤུལ་དོང་ཕབས་ཀྱི་འཕྲང་དུ་ཁུ་འཕངས་དགུང་བདུན་བབ། འཚོ་བ་ཆད་ནས་གནམ་ལ་བལྟས་པས། བྱ་ཕུག་རོན་ལྔ་ཨུ་ཕུར་བ་ལ། མདའ་བཞི་དུས་གཅིག་ཏུ་འཕངས་ནས་དེ་བཞི་དུས་གཅིག་ལ་བཀུམ། དེ་སྡིག་ཆེ་བར་ཀུན་གྱི་གླེང་བ་དེ་རྒྱལ་བུ་བྲག་དམར་རྫིང་གོང་ན་རྩེ་བས་གསན།
  • འབའ་དེའུ་ལ་་བུ་རྒྱ་ཕྲུག་གར་མཁན་བྱ་བ་ཞིག་ཡོད་པ་དེ་རྒྱལ་པོའི་རྩེད་ཟླར་ཕུལ། ཡབ་རྒྱལ་པོ་དམ་པའི་ཆོས་མཛད་པར་བཞེད་ནས། ཆོས་རྒྱ་གར་ན་ཡོད་པས་རྒྱ་གར་རྒྱལ་པོའི་ཐུགས་བཟུངས་བའི་སླད་དུ་སྐྱེས་དང་ཕོ་ཉ་བ་ལྷོ་བལ་དུ་བརྫངས་པས། ཤུལ་དོང་ཕབས་ཀྱི་འཕྲང་དུ་ཁུ་འཕངས་དགུང་བདུན་བབ། འཚོ་བ་ཆད་ནས་གནམ་ལ་བལྟས་པས། བྱ་ཕུག་རོན་ལྔ་ཕུར་བ་ལ། མདའ་བཞི་དུས་གཅིག་ཏུ་འཕངས་ནས་དེ་བཞི་དུས་གཅིག་ལ་བཀུམ། དེ་སྡིག་ཆེ་བར་ཀུན་གྱི་གླེང་བ་དེ་རྒྱལ་བུ་བྲག་དམར་རྫིང་གོང་ན་རྩེ་བས་གསན། ད་དུམ་བུ་དེ་ག་རེ་ཟེར་གྱི་ཡོའོ་རེད་ཟེར་ན་དེ་ནས་རྒྱལ་བུ་དེ་ག་རེ་ཟེར་གྱི་ཡོའོ་ཟེར་ན་ལྷ་སྲས་རྒྱལ་པོའི་རྒྱལ་སྲས་ཁྲི་སྲོང་ལྡེ་བཙན་དགུང་ལོ་བཞི་བཞེས་པའི་རྒྱལ་སྲས་དེ་ཕོ་བྲང་འུམ་པོ་ཚལ་དུ་བཞུགས་ཡོའོ་རེད་ཟེར།
  • སྐབས་དེར་རྒྱའི་གོང་མས་རྒྱལ་པོ་ལ་སྐྱེས་ཆེན་པོ་བསྐུར་ནས་ཨཱ་སྐྱེས་ཆེན་པོ་བསྐུར་ནས་རྦད་དེ་འབུལ་སྐྱེས་ཆེན་པོ་བསྐུར་ནས་བློན་པོ་བ་དེའུ་ཟེར་མཁན་གཅིག་དང་དེ་ལ་བུ་རྒྱ་ཕྲུག་གར་མཁན་བྱ་བ་ཞིག་ད་རྦད་དེ་གཅིག་གི་གར་འཁྲབ་མཁན་མཁས་པོ་གཅིག་དེ་ནི་རྒྱལ་པོ་ཁྲི་སྲོང་སྡེ་བཙན་གྱི་རྩེད་མོའི་རྦད་དེ་བརྩེད་རོགས་ལ་ཕུལ་པ་རེད་ཟེར།
  • དེའི་སྐབས་དེར་ཡབ་རྒྱལ་པོ་དེ་རྒྱལ་པོ་མེ་ཨོག་ཚོམ་དམ་པའི་་ཆོས་མཛད་པར་ཤེས་ནས་ཟེར་དམ་པའི་ཆོས་རྦད་དེ་གཅིག་གི་ཆོས་ཟེར་ཡས་དེ་ནི་རྒྱ་གར་ལ་ཡོད་དུས་ཨ་ནི་རྦད་དེ་རྒྱ་གར་ལ་ཕར་རྒྱལ་པོར་ཕོ་ཉ་མངགས་ནས་སྐྱེས་དང་ཕོ་ཉ་རྒྱ་གར་ལ་མངགས་པ་རེད་ཟེར་དེའི་ནང་ལ་ལྷོ་བལ་ཟེར་ཡས་དེ་གཅིག་གི་རྒྱ་གར་དང་བལ་ཡུལ་ལ་གཅིག་གི་གོ་དགོས་མཁན་འདྲ་གཅིག་ཡོའོ་རེད།
  • དེ་བབས་དུས་ཙམ་པ་ལམ་ཤུལ་དོང་ཕབས་་ཀྱི་འཕྲང་ཟེར་ཡས་དེ་དེའི་ནང་ལ་རྦད་དེ་ཉིན་མ་བདུན་གངས་བབས་བྱས་དེའི་ཕོ་ཉ་བ་འཚོ་བ་ཆད་ནས་ཡིན་ན་གནམ་ལ་གཅིག་བལྟ་དུས་ཡིན་ན་གནམ་ལ་བྱ་འཕུར་བྱས་བྱ་ཕུག་རོན་ལྔ་འཕུར་འགྲོ་གི་ཡོའོ་རེད་ཟེར་བྱ་ཕུག་རོན་ལྔ་འཕུར་བྱས་ཨ་ནི་དེའི་ནང་གི་གཅིག་གི་མདའ་བཞི་གཅིག་དུས་གཅིག་གནམ་ལ་འཕངས་པའི་ཡིན་ན་མདའ་བཞི་གཅིག་ཨ་ནི་བྱ་བཞི་ཡིན་ན་དུས་གཅིག་ལ་བསད་རེད་ཟེར་ད་དེ་སྡིག་པ་ཆེན་པོ་ཡིན་པ་ཀུན་གྱི་ཕོ་ཉ་བས་ད་དེ་སྡིག་པ་ཆེན་པོ་ཞེ་པོ་རེད་ཟེར་དེ་ཀུན་གྱི་ཨ་ནི་གྲོས་གླེང་བྱེད་པའི་སྐབས་ལ་ཡིན་ན་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཡིན་ན་བྲག་དམར་རྫོང་ཁུལ་དུ་གསན་རྩ་བཞུ་བའི་སྐབས་ལ་ཡིན་ན་བློན་པོའི་གྲོས་གླེང་སྡིག་ཆེ་བ་ཟེར་ཡས་གླེང་མོ་དེ་ཐོས་པ་རེད་ཟེར།
  • རྩེ་ཟླ་ཁྱུང་པོ་དུམ་ཚུགས། ཅོག་ལ་སྨོན་ལམ་འབར། རྒྱ་ཕྲུག་གར་མཁན་དང་ལྔ་རྫིང་ན་རྩེ་བའི་འདམ་ཁྲོད་ནས་རྐང་པའི་འོག་ནས་སྲིན་བུ་དམར་ནར་བྱུང་བས། རྒྱལ་བུ་ན་རེ།
  • དེའི་སྐབས་དེར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་འདིའི་རྦད་དེ་རྒྱལ་པོའི་རྩེད་མོའི་རོགས་པ་ཁྱུང་པོ་དུམ་ཚུགས་ལ་སོགས་པ་ཅོགས་པ་སྨོན་ལམ་དང་རྒྱ་ཕྲུག་གར་མཁན་སོགས་པ་མི་ལྔ་གཅིག་གིས་རྩེད་དར་མཉམ་པོ་བཞུགས་པའི་སྐབས་ལ་ཡིན་ན་དེའི་སྐབས་ལ་ཡིན་ན་རྐང་པའི་འོག་ནས་ཡིན་ན་སྲིན་བུ་དམར་པོ་གཅིག་ཡིན་ན་འདོན་ཡོང་པ་རེད་ཟེར་དེ་ཡིན་དུས་ཙམ་པར་རྒྱལ་པོའི་ཞལ་ནས་ག་རེ་གསུངས་པ་རེད་ཟེར་ན།
  • ཤུལ་དོང་ཕབས་ཀྱི་འཕྲང་མོ་ཡིན་ན་ཕོ་ཉ་བ་འབའ་དིའུ་གྱིས་ཕུག་རོན་བཞི་བསད་སོང་ཟེར་བསད་པ་དེ་ཡིན་ན་སྡིག་པ་ཆེན་པོ་ཞེ་པོ་གཅིག་རེད་ཟེར་ཨོའོ་ད་དེ་རིང་ང་ཚོས་ཡིན་ན་འདིར་ས་འོག་ནས་ཐོན་པའི་སྲིན་བུ་དེ་ཀུན་བསད་ན་སྡིག་པ་དེ་ལས་ཆེ་གྱི་མ་རེད་པས
  • ཟེར་བཀའ་དྲི་གནང་དུས་ཙམ་པ་ཡིན་ན་ཨ་ནི་བློན་པོ་ཁྱུང་པོ་གདོང་དྲུག་གིས་ཕྱིན་ནས་ག་རེ་ཞུས་པ་རེད་ཟེར་ན།
  • ད་འདི་ལྟ་བུའི་ཉེས་པ་རྒྱུ་ནས་མེད་པའི་འབུ་བསད་པ་ཡིན་ན་སྡིག་པ་ཧ་ཅང་ཆེན་པོ་རེད་ཟེར་པོ་གཅིག་རེད་སུ་ལ་ཡིན་ནའི་གནོད་པ་ཆེན་པོ་ཡོའོ་རེད་ཟེར་ད་ཡིན་ན་འདིའི་སྐབས་ལ་རྒྱ་དྲུག་གར་མཁན་གྱི་སྐད་ནས་རྒྱའི་ཧུར་ཅེས་བྱ་བའི་གཙུག་ལག་ལས་ འདི་ལྟ་བུ་བཀུམ་ན་ཤིན་ཏུ་ཕུར་དུ་སྡིག་ཆེའོ་ཅེས་ཟེར་ནས ནས་རྒྱལ་བུ་ན་རེ།
  • འབྱུང་གསུངས་བས་ རྒྱ་ཕྲུག་ན་རེ་ ཧུར་ལས་དགེ་བ་བཅུའི་ཆོས་ཡོད་ཅེས་སྙན་དུ་གསོལ་བ་ལས་ རྒྱལ་བུས་དུས་རྟགས་ཏུ་དེ་གླེང་བ་ཞང་བློན་ཀུན་གྱིས་ཚོར་ཏེ་ རྒྱལ་བུ་དེ་ཆོས་ལ་དགའམ། 
  • ཞེས་དྲིས་ན་དགའ་ཟེར་ད་འདིར་རྒྱལ་བུ་ཁྲི་སྲོང་ལྡེ་བཙན་གྱིས་ག་རེ་གསུངས་པ་རེད་ཟེར་ན་ད་རྒྱ་ཕྲུག་རྒྱའི་ཧུར་བྱས་པའི་གཙུག་ལག་ཁང་ལ་ཡིན་ན་ཨོང་དེས་འབུ་འདི་འདྲས་གཅིག་བསད་པ་ཡིན་ན་དེ་ཧ་ཅང་གི་སྡིག་པ་ཆེན་པོ་ཟེར་པའི་རྒྱུ་མཚན་གྱི་སྐོར་རོབ་ཙམ་གཅིག་ཞུ་དུས་ཙམ་པར།
  • རྒྱལ་པོས་ག་རེ་གསུངས་པ་རེད་ཟེར་ན།
  • རྒྱའི་ཧུར་བྱ་བའི་གཙུག་ལག་ཁང་ཟེར་བའི་སྐད་ཆ་དེ་གང་འདྲས་ཟེར་བྱུང་པ་རེད་ཟེར་དུས་ཙམ་པར་རྒྱ་ཕྲུག་གིས་སྙན་གསེངས་ཞུ་ཡས་ལ་ཧུར་ལས་ཟེར་ཡས་ཀྱི་གཙུག་ལག་ཁང་དེ་ལ་དགེ་བ་བཅུའི་ཆོས་ཡོད་ཞུས་པ་རེད་ཟེར།
  • དེ་ཞུ་དུས་ཙམ་པར་རྒྱལ་པོས་དུས་གཏན་དུ་ད་དགེ་བ་བཅུ་དགེ་བ་བཅུ་ཟེར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བཀའ་མོལ་དེ་གསུངས་དུས་ཙམ་པ་དེ་བློན་པོ་ཀུན་གྱི་གོ་ནས་རྒྱལ་པོའི་འཁོར་ཀུན་གྱི་སྐད་ཆ་དེ་གོ་དུས་ཙམ་པ་ཨོའོ་རྒྱལ་པོ་འདི་ཆོས་ལ་དགའ་བ་གཅིག་ཡིན་པ་འདྲ་ཟེར་བློན་པོ་གང་ག་གྲོས་མོལ་ཟེར་དུས་ཙམ་པ་གང་གས་ཁ་མཐུན་བྱས་ཨོའོ་ད་རྒྱལ་པོ་དེ་ཆོས་ལ་དགའ་པོ་འདུག་ཟེར་ཨཱ་གྲོས་གླེང་བྱས་པ་རེད་ཟེར།
  • རྒྱལ་བུའི་ཕྱིར་ཡབ་ཀྱིས་སྒྲོམ་བུ་བསྐུར་ནས་སང་ཤི་དང་མི་བཞི་རྒྱའི་གཙུག་ལག་ལེན་དུ་ཕོ་ཉར་བཏང། བཀའ་བཞིན་དུ་སྒྲུབ་ན་བྱ་དགའ་བྱིན་ནོ། མ་གྲུབ་ན་གསོད་དོ་བྱས་ཏེ་བཏང་འོང་དེའི་རྗེས་ལ་ཡིན་ན་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ནས་ཨ་ནི་ཁོང་རང་གི་ཡབ་རྒྱལ་པོའི་གཅིག་གི་སྒྲོམ་བུ་བསྐུར་ནས་སྒྲོམ་བུ་ཡིན་ན་གཅིག་གི་ཡི་གེ་སྐབས་འདས་པའི་སྐབས་ལ་ཡིན་ན་ཡི་གེ་བླུགས་སའི་སྒམ་ཆུང་ཆུང་གཅིག་ཡིན་ན་སྒྲོམ་བུ་ཟེར་གྱི་ཡོའོ་རེད་སྒམ་བསྐུར་ནས་ཡིན་ན་སང་ཤི་ཟེར་མཁན་གཅིག་དང་དེ་མིན་གྱི་མི་བཞི་རྒྱའི་ཆོས་གཙུག་ལག་ཡིན་ན་ལེན་དུ་བཏང་ཟེར་ན་མངགས་པ་རེད་ཟེར་མངགས་དུས་ཙམ་པ་རྒྱལ་པོས་བཀའ་ག་རེ་ཕབ་པ་རེད་ཟེར་ན་ད་འོ་ན་ཕོ་ཉ་ཁྱེད་རང་རྒྱལ་པོའི་བཀའ་བཞིན་སྒྲུབ་ན་ཁྱེད་ཚོར་བྱ་དགའ་ཡོད་བཀའ་བཞིན་མ་གྲུབ་ཡིན་ན་གསོད་ཟེར་སྲོག་ལ་ཉེས་པ་ཡོད་ཟེར་རྒྱལ་པོའི་བཀའ་ཕབ་པ་རེད་ཟེར།
  • དེ་ནས་ཀེའུ་ལོའི་འཕྲང་ལ་ཕྱིན། དེའི་དུས་སུ་རྒྱ་རྗེའི་བུམ་སངས་དབང་པོའི་དྲུང་ན་ཇུ་ཞག་མཁས་པ་གཅིག་ན་རེ། ད་སྟེ་ཟླ་བ་གསུམ་ན་ནུབ་ཕྱོགས་བོད་ནས་འདིར་བྱང་ཆུབ་སེམས་དཔའ་གཅིག་ཕོ་ཉར་འོང་ཞེས་མཆིའོ་ཟེར། དེ་ཅི་འདྲ་བྱས་པས་དེའི་ཤ་ཚུགས་དང་རྟགས་འདི་འདྲའོ་ཟེར་ནས་འབག་བྲིས། དབང་པོས་དེ་རྒྱ་རྗེའི་སྙན་དུ་གསོལ་བས། རྒྱ་རྗེ་ཕོ་ཉ་བཏང་ནས་དེ་དེར་བསྡོད་དུ་མ་གཞུག་པར་དེ་ལ་རིམ་གྲོ་བསྐྱེད་ལ་མར་ངའི་དྲུང་དུ་ཐོངས་བྱ་བ་བྱུང་། ཕོ་ཉ་དེ་དུས་སུ་བྱུང་ནས་དེ་ལ་རྒྱའི་ཧ་ཞང་གིས་ཕྱག་བྱས་ཏེ་བསྒོ་བ་བཞིན་བྱས་མར་བཏང་བས། རྒྱ་རྗེ་ཀྱང་དེ་ལ་ཕྱག་བྱས་པ་དང་། ཕོ་ཉས་རྒྱ་རྗེ་ལ་བཙན་པོའི་སྒྲོམ་བུ་ཕུལ། རྒྱ་རྗེས་སྒྲོམ་བུ་དང་སྦྱར་ནས་རྫོང་བར་ཆད་བྱས་ཏེ། རྒྱ་རྗེ་ན་རེ། 
  • ཁྱེད་རྒྱའི་དེའུའི་བུ་ཡིན་ན་འདིར་ངའི་ནང་བློན་བགྱིར་མི་རུང་ངམ་གསུངས། དེ་ལ་བསམས་པས། ང་འདིར་འདུག་ན་ཚེ་འདི་ལ་སྐྱིད་ནའང་། བོད་ཡུལ་དུ་ཆོས་བཟང་པོའི་ཁུངས་དབྱུང་བའི་ཕྱིར། སངས་རྒྱས་ཀྱི་བསྟན་པའི་སྡེ་སྣོད་ཀྱི་དཔེ་ཙམ་ཞིག་བཙན་པོའི་ཕྱག་དུ་ཕུལ་ལ། སླད་ཀྱི་ཐབས་བྱ་བར་སྙན་དུ་གསོལ་སྙམ་་ཏེ། བདག་འདིར་བསྡོད་པར་གནང་བ་ནི་བཀའ་དྲིན་ཆེ་ན། བོད་ཀྱི་བཙན་པོའི་བཀའ་ནན་ཆེར་བསྩལ་བས། བདག་གི་ཕ་ལས་ཀྱིས་བཀུམ་ན་གློ་བ་ལ་བཅག སླད་བོད་དུ་མཆིས་ནས་ཕ་དང་གྲོས་བགྱིས་ཏེ་ཐབས་ཀྱིས་འབངས་སུ་མཆིའོ་། ཞེས་ཞུས་པས།
  • ད་དེ་ནས་སང་ཤི་དང་ཕོ་ཉ་མི་བཞི་ཀེའུ་ལོའི་འཕྲང་ལ་སླེབས་དུས་ཙམ་པ་སྐབས་དེར་ཡིན་ན་རྒྱ་ནག་གོང་མའི་མདུན་ལ་ཡིན་བུམ་སངས་དབང་པོ་ཟེར་ཟེར་མཁན་གཅིག་ཡོའོ་རེད་ཟེར་། བུམ་སངས་དབང་པོས་ལུང་བསྟན་གཅིག་ག་རེ་བཤད་པ་རེད་ཟེར་ན། ད་དེ་ནས་བརྩིས་པའི་ཟླ་བ་གསུམ་གྱི་རྗེས་ལ་བོད་ནས་འདིར་བྱང་ཆུབ་སེམས་དཔའ་གཅིག་འོང་གི་རེད། བྱང་ཆུབ་སེམས་དཔའ་གཅིག་ད་འདིའི་བཟོ་ལྟ་དེ་མིའི་དེའི་ཕོ་ཉ་དེའི་བཟོ་ལྟ་དེ་འདི་འདྲས་ཡོའོ་རེད་ཟེར་མིའི་དེའི་རྟགས་དང་ཤ་ཚུགས་དེ་འདྲ་པོ་འདྲ་གཅིག་བྲིས་ནས་འབག་ལ་བྲིས་ནས་ཨ་ནི་དེ་ནས་ཡིན་ན་དབང་པོ་དེ་ཡིན་ན་རྒྱ་གོང་མར་སྙན་གསེང་ཞུས་པ་རེད་ཟེར།
  • སྙན་གསེང་ཞུ་དུས་རྒྱའི་གོང་མས་ག་རེ་གསུངས་པ་རེད་ཟེར་ན་ད་རྦད་དེ་ཕོ་ཉ་དེ་ཡོང་པ་ཡིན་ན་དེར་ལམ་ལ་བསྡད་ག་མ་བཅུག་པར་བྱས་བྱས་ཡིན་ན་ཐད་ཀར་ངའི་ཁྲིས་ལ་ཡིན་ན་ཐོང་ཤོག་ཟེར་པ་རེད་དེ་ནས་ཕོ་ཉ་དེ་འདིར་སླེབས་དུས་ཙམ་པ་ཡིན་ན་ལམ་སང་འདིར་རྒྱས་ཕོ་ཉ་དེ་མཇལ་དུས་བོད་ཀྱི་ཕོ་ཉ་དེ་གས་དེ་ལ་རྒྱའི་ཧ་ཞང་ཕྱག་འབུལ་ནས་ཨ་ཕྱག་ཕུལ་པ་དང་རྒྱ་རྗེས་ཡིན་ན་ཕོ་ཉ་དེ་ལ་ཕྱག་བྱས་པ་རེད་ཟེར།
  • ཕྱག་ཕུལ་པ་རེད་ཟེར་ད་དེ་བྱེད་དུས་ཙམ་པ་ཕོ་ཉས་ཡིན་ན་རྒྱ་རྗེ་ལ་ཡིན་ན་བོད་ཀྱི་བཙན་པོའི་ཡི་གེ་ཡོད་པའི་སྒྲོམ་བུ་དེ་ཕུལ་འོང་རྒྱའི་གོང་མས་ཡིན་ན་ཡང་སྒྲོམ་བུ་དེ་དང་གཅིག་གི་སྒྲོམ་དུ་དེ་དང་མཉམ་དུ་ཡོད་པའི་བོད་ཀྱི་ཕོ་ཉ་ལ་ཡིན་ན་ཇ་དང་སྣེ་ལེན་གཟབ་རྒྱས་གནང་པ་རེད་ཟེར་།
  • ད་སྐབས་དེར་རྒྱའི་གོང་མས་ག་རེ་གསུངས་པ་རེད་ཟེར་ན་ཁྱོད་རྒྱ་ནག་གི་རྦད་དེ་འོ་རྒྱ་ཕྲུག་གི་བུ་ཡིན་ན་འདིར་བསྡད་བྱས་ངའི་ནང་བློན་བྱེད་ཀྱི་མིན་པས་ཟེར་དུས་ཙམ་པ་ཕོ་ཉ་དེས་ཡར་ག་རེ་ཞུས་པ་རེད་ཟེར་ན་དེ་ག་རེ་ཟེར་ང་འདིར་བསྡད་པ་ཡིན་ན་ཚེ་འདིར་སྐྱིད་པོ་རང་ད་ཡོང་ང་ཟེར་ད་ཡིན་ནའི་བོད་ལ་ཆོས་བཟང་པོ་གཅིག་ཡོང་བའི་ཆེད་དུ་ཡིན་ན་ང་བོད་ཀྱི་བཙན་པོས་ཕོ་ཉ་ཡིན་ན་འདིར་བཏང་པ་རེད་ཟེར།
  • སངས་རྒྱས་ཀྱི་བསྟན་པ་འོང་བོད་ལ་དར་པའི་ཆེད་དུ་རྒྱལ་པོ་ཁྱེད་རང་གིས་ནང་པ་སངས་རྒྱས་བསྟན་པའི་སྡེ་སྣོད་དཔེ་ཙམ་གཅིག་བོད་ཀྱི་བཙན་པོའི་ཕྱག་ལ་འཕུལ་ཡས་གཅིག་བསྐུར་རོགས་གནང་ཟེར་སླད་ཕྱིན་བྱུང་ཡིན་ན་གོ་སྐབས་བྱུང་པ་ཡིན་ན་ངས་ཡིན་ན་རྒྱལ་པོ་ཁྱེད་ཀྱི་ཡིན་ན་ད་གཅིག་གི་ཞབས་འདེགས་ཞུས་ཆོག རྩ་བའི་ཆ་ནས་རྒྱལ་པོ་ཁྱེད་ཀྱི་ང་འདིར་བསྡོད་གསུངས་པ་དེ་བཀའ་དྲིན་ཆེན་པོ་ཡིན་ཟེར་ད་ཡིན་ནའི་ང་ཚོ་བོད་ཀྱི་བཙན་པོའི་བཀའ་དེ་ཡིན་ན་ཧ་ཅང་གི་བཀའ་བཙན་པ་ལ་བརྟེན་ནས་འོང་སླར་ང་བོད་དུ་ལོག་ནས་ང་རང་གི་ཕ་དང་ཡིན་ན་གྲོས་བྱས་ནས་ཕྱིན་བྱུང་ཡིན་ན་འདིར་བློན་པོའི་བཀའ་ལ་ཡིན་ན་ཡོང་ཐབས་ཡིན་ན་ཞུ་གི་ཡིན་ཟེར།
  • རྒྱ་རྗེ་ན་རེ་ངའི་སྙིང་གི་མི་ཁྱོད་ལས་སྡུག་པ་ནི་མ་བྱུང་ན། ཁྱོད་བྱ་དགའ་ཅི་འདོད། ཕོ་ཉ་མཆིད་ན་བྱ་དགའ་གནང་ན་སངས་རྒྱས་ཀྱི་གསུང་རབ་བམ་པོ་སྟོང་ཞུའོ་ཞེས་ཞུས་པ་དང་། རྒྱ་རྗེ་ན་རེ། ཀེའུ་ལི་ཏེ་གཅན་གཟན་གྱི་འཕྲང་ལ་སོང་རྩ་ནའང་གནོད་པ་མ་བྱས་པར་རིམ་གྲོ་ཆེར་བྱས་བྱུང་། བུམ་སངས་དབང་པོའི་ཇུ་ཞག་མཁན་ན་རེའང་། ཁྱོད་བྱང་ཆུབ་སེམས་དཔའི་སྤྲུལ་པར་འོང་ཟེར། ཧ་ཞང་མངོན་ཤེས་ཅན་གྱིས་ཀྱང་ཁྱོད་ལ་ཕྱག་བྱས། ཁྱོད་ཀྱི་སྤྱོད་པ་དང་སྦྱར་ནའང་སངས་རྒྱས་ཀྱི་ལུང་ནས། ལྔ་བརྒྱའི་ཐ་མ་ལ་གདོང་དམར་གྱི་ཡུལ་དུ་དམ་པའི་ཆོས་ཀྱི་ཁུངས་བྱིན་པའི་དགེ་བའི་བཤེས་གཉེན་འོང་བར་ལུང་བསྟན་པ་དེའང་ཁྱོད་ཡིན་པར་གོར་མ་ཆག ངས་ཀྱང་གྲོགས་བྱས་ཟེར་ཏེ། མཐིང་ཤོག་ལ་གསེར་ཆུས་བྲིས་པའི་ཆོས་བམ་པོ་སྟོང་གནང་། བྱ་དགའ་གཞན་ཡང་ཆེ་ཐང་དུ་གནང་། ཕོ་ཉ་ལྔ་སླར་བོད་དུ་འགྲོ་བའི་ལམ་ན་ཕ་བོང་མགྲོན་པོ་རྒྱུད་མི་ཕོད་པ་སུས་མཐོང་བ་དེ་སྤུ་གྲིར་འཆི་བ་ཡོད་པ་དེ་གྲོང་ཁྱེར་ཨེག་ཆུའི་ཀིམ་ཧྭ་ཤང་ནུས་པ་ཅན་སྟག་ལ་ག་ཤ་འགེལ་ནུས་པས་བཀལ་བ། མངོན་ཤེས་ཡོད་པ་དེ་ཁོ་རང་གི་མཁན་པོས་བཀའ་བསྒོས་ནས་ཞག་གསུམ་བསྒོམས་པས་ཕ་བོང་གྲུམ་ནས་བཏུལ་ཤུལ་དུ་ལྷ་ཁང་བརྩིགས། ལུང་པ་དེ་ཡང་ཞིང་དུ་རྨོས། ལྷ་རིས་བཅད་དེ་ཨེག་ཆུར་འོངས་པ་ལ་བོད་ཀྱི་ཕོ་ཉ་བས་སྒོམ་ལུང་མནོས། ཟེར།
  • ད་དེ་ཡིན་དུས་ཙམ་པར་རྒྱལ་པོས་ག་རེ་གསུངས་པ་རེད་ཟེར་ན་ཨ་ཙི་མི་ཁྱོད་འདྲ་སྐད་ཆ་བཤད་སྟངས་བྱས་པའི་མི་ཁྱོད་འདྲ་ལས་ཤ་ཚ་བ་གཅིག་མི་འདུག་ཟེར། ད་ཁྱེད་རང་ལ་བྱ་དགའ་ག་རེ་དགོ བྱ་དགའ་ག་རེ་ཅི་འདོད་གཅིག་ངས་ཁྱེད་རང་ལ་གནང་དགོས་གསུངས་པ་རེད་ཟེར། དེའི་སྐབས་དེར་ཕོ་ཉ་དེས་ག་རེ་ཞུས་པ་རེད་ཟེར་ན། ད་ང་བྱ་དགའ་ག་རེ་ད་གཅིག་གི་རྒྱལ་པོས་གཞན་དག་བྱ་དགའ་གང་ཡང་གཅིག་གནང་དགོས་མི་འདུག ང་ལ་སངས་རྒྱས་ཀྱི་གསུང་རབ་བམ་པོ་སྟོང་གཅིག་འདི་ཞུ་གར་ཡོང་པ་ཡིན་འདི་ངར་བྱ་དགའ་ཡོད་པ་གཅིག་རྒྱལ་པོས་ག་རེ་གསུངས་པ་རེད་ཟེར་ན་རྒྱ་ནག་རྒྱལ་པོས་ད་ཁྱོད་རང་ཀེའུ་ལི་ཏེ་གཅན་གཟན་གྱི་གནོད་པ་ཧ་ཅང་ཆེ་བའི་འཕྲང་དེར་ཡོང་དུས་ཙམ་པ་ཡིན་ན་གནོད་པ་མ་བྱས་པ་དེ་ནི་ད་གཅིག་བསོད་ནམ་ཆེན་པོ་གཅིག་བྱུང་བཞག ཨ་ང་ཚོའི་རྒྱའི་ཇུ་ཞག་མཁས་པ་དེས་ཁྱོད་བྱང་ཆུབ་སེམས་དཔའི་སྤྲུལ་པ་རེད་ཟེར་གྱིས། རྒྱའི་ཧ་ཞང་མངོན་ཤེས་ཅན་གྱིས་ཁྱོད་ལ་ཕྱག་བྱས། ཁྱོད་རང་སྤྱོད་པ་དང་སྦྱར་ནའི་སངས་རྒྱས་ཀྱི་ལུང་ནང་ག་རེ་ཡོའོ་རེད་ཟེར་ན་ལྔ་བརྒྱའི་ཐ་མ་ལ་གདོང་དམར་བོད་ཀྱི་ཡུལ་ལ་ཡིན་ན་ཡང་དམ་པའི་ཆོས་ཀྱི་ཁུངས་བྱིན་པའི་དགེ་བའི་བཤེས་གཅིག་ཡོང་གི་རེད་ཟེར་ལུང་བསྟན་འདུག
  • ད་དེ་ཁྱོད་རང་ཡིན་པ་ལ་ཐེ་ཙོམ་ཡེ་ནས་མི་འདུག ངས་ཁྱེད་རའི་ཕ་གའི་གཅིག་གི་ཞུ་བ་ག་རེ་ཕུལ་བ་ལ་གཅིག་གི་འདོད་པ་སྨིན་པ་ཡོང་ཆེད་ཨང་འདོད་པ་སྨིན་པ་གཅིག་ཡོང་བ་བྱས་བྱས་ཨ་ནི་མཐིང་ཤོག་ལ་གསེར་ཆུས་བྲིས་པའི་ཆོས་བམ་པོ་སྟོང་གནང་། དེ་མིན་གྱི་བློན་པོ་དེ་ལ་ཡིན་ནའི་བྱ་དགའ་གཞང་ཡང་གང་མང་མང་གིས་ཡིན་ན། རྒྱལ་པོས་གནང་ཡོའོ་རེད་ཟེར། གང་མང་མང་ཡིན་ནའི་གནང་ཡོའོ་རེད་ཟེར།
  • དེར་ཧ་ཞང་མངོན་ཤེས་ཅན་གྱིས་བལྟས་པས།བཙན་པོ་སྐུ་གཤེགས། རྒྱལ་བུ་སྐུ་ནར་མ་སོན་པས། བློན་པོ་ནག་པོ་ལ་དགའ་བ་རྣམས་ཀྱིས་ཁྲིམས་སུ་བཅས་ནས་ཆོས་བཤིག བྲག་དམར་མགྲིན་བཟང་བྱ་བའི་ཐུགས་དམ་ཅིག་འདུག་པ་རྨང་ནས་བསྒྱེལ། ཆོས་དར་བར་བྱེད་ན་ཁྱོད་ཀྱིས་བཙན་པོའི་ཞབས་སྲིང་བར་མཛོད་ལ། སླད་ཀྱི་རྒྱལ་པོ་སྐུ་ནར་སོན་པ་དང་། དེའི་ཞལ་ནས་མུ་སྟེགས་རིག་བྱེད་ཀྱི་ཆོས་གཅིག་གླེང་དུ་འོང་གིས། དེའི་ཙ་ན་འདི་སྙན་དུ་གསོལ་ཅིག་དང་། དེ་ལ་རྒྱལ་པོ་དད་པ་སྐྱེས་ཤིང་། དེའི་རྗེས་ལ་འདི་སྙན་དུ་གསོལ་བས། རྒྱལ་བུ་ཆོས་བྱེད་པར་འགྱུར་རོ། ཆེས་གསུངས་སྟེ་ལུང་བསྟན་གླེགས་བམ་གསུམ་བསྐུར། བོད་ལ་ཆོས་ཀྱི་སྐལ་བ་ཡོད། མཐར་ཆོས་རྒྱས་པར་འོང་། དེའི་དགེ་བའི་བཤེས་གཉེན་ཟ་ཧོར་རྒྱལ་པོའི་བུ་དགེ་སློང་ཤཎྜྲ་ཀྴི་ཏ་ཞེས་བྱ་བའི་འདུལ་སྐལ་ཡིན་ནོ། གསུངས་ནས་ཟླ་བ་གཉིས་གདན་དྲངས། དེ་ནས་ཉིན་ལམ་གཉིས་སུ་བསྐྱལ་ནས་གཅིག་ལ་གཅིག་གིས་རྐང་པ་ལ་ཕྱག་བྱས་ཏེ་གྱེས།
  • དེ་ནས་སང་ཤི་མགྲིན་བཟང་བཤིག་པ་བློ་བཅངས་ནས། ཁོང་ཕོ་ཉ་མི་ལྔ་པོས་རྒྱའི་རི་མགོ་དེའུ་ཤན་གྱི་རྩེ་ན་མི་མ་ཡིན་གྱིས་ན་བུན་བཏིབས་པའི་ཁྲོད་དུ་ཞག་བདུན་གྱིས་ཚར་བར་བརྩིགས་པའི་ཨརྱ་མཉྫུའི་ཕོ་བྲང་ཡོད་པས་ལས། དཔེ་ལེན་དུ་མཆིས་པའི་ཚེ་མི་གཅིག་གིས་རི་ལ་འཛེག་མ་ཤེས། གཅིག་གིས་རྩེ་ལ་ཕྱིན་ཀྱང་ཅི་ཡང་མ་མཐོང་། མི་གཅིག་གིས་ལྷ་ཁང་མཐོང་སྟེ་སྒོ་མ་རྙེད། གཅིག་གིས་སྒོ་མཐོང་སྟེ་དྲ་བ་འདྲ་བ་ཞིག་གིས་བཀབ་ཏེ་འགྲོ་མ་ཤེས། སང་ཤིས་ནང་དུ་ཕྱིན་ནས་འཕགས་པ་འཇམ་དཔལ་ལ་སོགས་ཏེ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་བྱས། མཆོད་པ་ཕུལ།
  • དགྲ་བཅོམ་པ་ཀུན་ལ་ཡང་ཕྱག་བྱས་མཆོད་པ་ཕུལ། འཕགས་པ་ཀུན་དང་གཏམ་བྱས་ཏེ་དེའི་འདུག་ལུགས་དཔེར་བྱ་བའི་ཕྱིར་ཡིད་ལ་བཟུང་སྟེ་ཕྱིར་དོན་པ་དང་། རེ་དེའི་གཅན་གཟན་ཀུན་གྱིད་ཕྱག་བྱས་ནས་རིའི་སྒབ་དུ་བསྐྱལ་ནས་བོད་དུ་འོངས་སོ།
  • ་ད་སྐབས་དེར་ཡིན་ན་ལམ་ལ་ཡིན་ན་བོད་ཀྱི་ཕོ་ཉ་ལྔ་པོ་དེ་རྒྱའི་ཧ་ཞང་གཅིག་ཐུགས་དུས་རྒྱའི་ཧ་ཞང་དེས་ཡིན་ན་མངོན་ཤེས་དང་ལུང་བསྟན་ཡོད་པ་གཅིག་ཡིན་དུས་ད་དེས་མངོན་ཤེས་བལྟ་དུས་ཕོ་ཉ་ཚོ་ག་རེ་ལབ་པ་རེད་ཟེར་ན་ད་བཙན་པོ་ནི་སྐུ་གཤེགས་ཚར་བཞག ད་དེ་ཡབ་མེ་ཨག་ཚོམས་ཞུ་གྱི་ཡོའོ་རེད། རྗེ་སྐུ་ནར་སོན་མི་འདུག་ཟེར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཡིན་ན་སྐུ་སོན་མི་འདུག ད་བོད་ཀྱི་གཅིག་གི་བློན་པོ་ནག་པོ་ལ་དགའ་བ་ནག་པོ་ལ་དགའ་བ་ཟེར་མཁན་དེ་གཙོ་བོ་བོན་ཆོས་བྱེད་མཁན་ལ་ཟེར་གྱི་ཡོའོ་རེད། ཨ་བློན་རྣམས་ཀྱིས་དབང་ཟིན་ནས་ཁྲིམས་སུ་བཅད་ནས་ཆོས་བཤིག ཨ་བྲག་དམར་མགྲིན་བཟང་ལ་ཡོད་པའི་གཙུག་ལག་ཁང་ཡིན་ནའི་འདྲ་རྩ་བའི་ཆ་ནས་རྨང་ནས་བསྒྱེལ་བཞག འོང་ཆོས་དར་འདྲ་གཅིག་བྱེད་དགོས་ཀྱི་ཡོད་ན།
  • ཁྱེད་རང་ཚོས་ཡིན་གཅིག་བོད་ལ་ལོག་ཚར་ནས་ཡིན་ན་། རྒྱལ་པོའི་ཞབས་ཕྱི་ཞུ་དགོས་ཀྱི་འདུག་ཟེར་དེ་ཡིན་དུས་ཙམ་ནས་སླད་ད་ལྟའི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐུ་ན་སོན་པའི་སྐབས་ལ་ཡིན་ན། དང་ཐོག་ཡིན་ན་ཞལ་ནས་མུ་སྟེགས་པའི་ཆོས་གཅིག་གནང་མདོག་ཁ་པོ་རེད་དེ་ཞུ་དུས་ཙམ་པར་དེའི་སྐབས་ཁྱོད་རང་ཚོས་བཀའ་མོལ་འདི་འདྲས་གཅིག་ཞུས་ཤིག  དེ་ནས་རྒྱལ་པོ་དད་པ་སྐྱེས་ཀྱི་རེད།  
  • དེའི་རྗེས་ལ་ཡིན་ན་ཡང་བསྐྱར་རྒྱལ་པོ་ལ་བཀའ་མོལ་འདི་འདྲས་གཅིག་ཞུས་པ་ཡིན་ན། རྒྱལ་པོས་ཆོས་བྱེད་ཀྱི་རེད་ཟེར། ལུང་བསྟན་གྱི་གླེག་བམ་ཡིན་ན་ཧ་ཞང་གིས་བོད་ཀྱི་བློན་པོ་ལ་ཡིན་ན་གསུང་འབུམ་གསུམ་བསྐུར་པ་རེད་ཟེར། དེ་བསྐུར་དུས་ཡིན་ན། ད་གཅིག་གི་རྩ་བ་འདྲ་དེ་ལུང་བསྟན་འདིའི་མངོན་རྟགས་འདྲ་དེ་ག་རེ་རེད་ཟེར་ན། བོད་ལ་རྦད་དེ་ཆོས་ཀྱི་སྐལ་བ་ཡོད་པ། ཨཱ་ཐ་མ་ཡིན་ན་བོད་ལ་ཆོས་དེ་རྒྱས་པོ་ཡོང་གི་ཡོད་པ། ཨ་དེ་ཡིན་དུས་ཙམ་པ་དེའི་ལུང་བསྟན་ནང་ལ་ཆོས་རྒྱས་པ་ཡོང་པའི་སྐབས་ལ་ཡིན་ན། དེ་ཟ་ཧོར་གྱི་གཅིག་ཟ་ཧོར་གྱི་རྒྱལ་ཁབ་ཡིན་ན་བུ་ཤཎཏར་ཀྴི་ཏ་གཅིག་དག་ད་ང་རང་ཚོས་ཡིན་ན་དུས་རྒྱུན་དུ་ཞུ་ཡས་ཀྱི་མཁན་ཆེན་བྷོ་ཏི་ས་ཏོ་ཞུ་ཡས་ཀྱི་དེ་བོད་ཀྱི་སངས་རྒྱས་བསྟན་པའི་རྦད་དེ་ཡིན་ན་དར་བའི་དུས་ལ་ཡིན་ན་གདུལ་སྐལ་ཡིན་པ། ད་ཡིན་ན་དེ་གདན་དྲངས་དགོས་རེད་ཟེར།
  • ཨོའོ་དེ་གདན་དྲངས་པ་ཡིན་ན་འོང་གཅིག་གི་བོད་ཀྱི་སངས་རྒྱས་བསྟན་པ་དར། དེ་གདན་དྲངས་དགོས་རེད་ཟེར་བསྟན་པ་དར་ཡོང་གི་རེད་ཟེར། དེ་འདྲས་ལུང་བསྟན་བྱས་པ་རེད་ཟེར།དེ་ནས་ཕོ་ཉ་སང་ཤིས་ད་གཅིག་གི་བོད་ལ་སླེབས་ནས་བྲག་དམར་མགྲིན་བཟང་གི་དེ་གས་བཤིག་པ་དེ་གས་མཐོང་དུས་ཙམ་སེམས་ལ་གཅིག་གི་རྦད་དེ་གཅིག་གི་མི་འཁོར་བ་ཨོའོ་མི་འཁོར་གཅིག་གི་ཞེ་པོ་གཅིག་བྱུང་པ་རེད། ཟེར་ད་དེ་འདྲས་འདྲ་གཅིག་རེད་བཞག